མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པའི་ངོ་རྒོལ་གྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བ་དང་བོད་པའི་མི་ཚང་མང་པོས་བྱིས་པ་གཡོག་པོར་ཉར་ཏེ་བྱིས་པར་རང་དབང་དང་ཐོབ་ཐང་སྤྲོད་ཀྱིན་མེད་པའི་རིགས་དེ་ངེས་པར་དུ་མཚམས་འཇོག་བྱས་ཏེ། དེའི་རིགས་ལ་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་དགོས་ཟེར།  

དེ་རིང་ཞོགས་པར་འགྲོ་བ་མིའི་གོམ་སྟབས་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་མེག་ལོར་རླངས་འཁོར་ས་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་ངྷ་སའི་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་གྱི་སློབ་གྲྭ་ཁག་གསུམ་གྱི་སློབ་འབྲིང་དང་སློབ་ཆུང་གི་དགེ་སློབ་དང་། བོད་ཁྱིམ་ཉིན་མོ་སློབ་གྲྭའི་དགེ་སློབ་བཅས་མི་གྲངས་ ༤༠༠ ལྷག་འདུ་འཛོམས་བྱས་ཏེ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ལ། ཐེངས་འདིའི་ལས་འགུལ་འདི་ནི་སང་ཉིན་རྒྱལ་སྤྱིའི་བྱིས་པའི་ངལ་རྩོལ་ངོ་རྒོལ་གྱི་ཉིན་མོ་དང་སྟབས་བསྟུན་ཏེ་སྤེལ་བ་ཞིག་ཡིན་འདུག  ལས་འགུལ་གྱི་དམིགས་ཡུལ་ཐད་འདི་གའི་གསར་འགོད་པས་ཚོགས་པ་འདིའི་འབྲེལ་མཐུད་པ་དང་ལས་འགུལ་གྱི་སྣེ་ཁྲིད་པ་འཕྲིན་ལས་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ང་ཚོས་ད་ལྟའི་བར་བྱིས་པའི་ངལ་རྩོལ་དང་འབྲེལ་བའི་སྦྱར་ཡིག་དང་འཕྲེད་དར་སོགས་གང་སར་བཀྲམས་ཏེ་ལས་འགུལ་ཐེངས་མང་སྤེལ་བ་ཡིན་མོད། དམིགས་བསལ་གྱི་གྲུབ་འབྲས་མ་བྱུང་སྟབས།  ཐེངས་འདིར་ང་ཚོས་ལས་འགུལ་གྱི་གཞི་རྒྱ་སྔོན་མ་ལས་ཆེ་རུ་བཏང་སྟེ། རྒྱ་གར་དང་བོད་པའི་སློབ་གྲྭ་ཁག་ཅིག་གི་དགེ་སློབ་རྣམ་མཉམ་རུབ་ཀྱིས་ངལ་རྩོལ་ལ་བཀོད་བཞིན་པའི་ལོ་ཆུང་བྱིས་པ་རང་ལ་ཡོད་བསྡད་པའི་འགྲོ་བ་མིའི་ཐོབ་ཐང་ལོངས་སྦྱོད་བྱ་རུ་འཇུག་རྒྱུ་དང་། བྱིས་པ་དེའི་རིགས་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་པའི་འབོད་སྐུལ་གནང་བ་དང་འབྲེལ། སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ལ། དེ་བཞིན། རྒྱ་གར་དང་བོད་པའི་མི་ཚང་མང་པོ་ཞིག་གིས་བྱིས་པ་གཡོག་པོར་ཉར་ཏེ་བྱིས་པར་རང་དབང་དང་ཐོབ་ཐང་སྤྲོད་ཀྱིན་མེད་པའི་རིགས་དེ་ངེས་པར་དུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་དང་མི་མང་ནང་ཁུལ་ཏུ་དེའི་སྐོར་གྱི་གོ་རྟོགས་སྤེལ་ཆེད་ཡིན་ཞེས་བརྗོད་བྱུང་། 

འགྲོ་བ་མིའི་གོམ་སྟབས་ཚོགས་པ་འདི་ནི། ༢༠༠༥ ལོར་སུད་སིར་རྒྱལ་ཁབ་ནང་གསར་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་འདུག་ལ། མི་ལོ་ ༦ རིང་གི་ནང་ཚོགས་པ་འདིས་མི་ཚང་སྐྱོ་བོའི་རིགས་དང་ངལ་རྩོལ་ལས་གྲོལ་བའི་བྱིས་པའི་ཆེད་ཕྱི་གླིང་ཡུལ་གྲུ་ཁག་ཏུ་སློབ་གྲྭ་གསར་འཛུགས་གནང་ཡོད་པར་མ་ཟད། རྒྱ་གར་ཝ་རཱ་ན་སི་དང་རྡོར་གདན་ཁུལ་ཏུ་ཡན་ལག་སློབ་གྲྭ་གསར་འཛུགས་ཀྱིས་ངལ་རྩོལ་ལས་གྲོལ་བའི་བྱིས་པ་དག་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་གྱིན་ཡོད་འདུག   ཐེངས་འདི་ནི་ཚོགས་པ་འདིས་བཞུགས་སྒར་དུ་སྤེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་མ་དེ་ཡིན་འདུག་ལ། སང་ཉིན་ཚོགས་པ་འདིས་གོ་སྒྲིག་འོག་ངྷ་ས་ཉིན་མོའི་སློབ་གྲྭའི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག   བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་དང་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་བཅས་གདན་ཞུའི་ཐོག་བཙན་བྱོལ་བོད་ཀྱི་ངལ་རྩོལ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག
གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༦ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 9

  1. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    ན་ཆུང་བྱིས་པའི་བདེ་སྡུག་ལ་བསམ་གཞིགས་ངེས་པར་དུ་བྱེད་དགོས་མ་ཟད་བརྩོད་ལན་ཡང་མཐའ་གཅིག་ཏུ་བྱེད་དགོས་་་་གང་ཡིན་ཟེར་ན་་་ན་ཆུང་བྱེས་པའི་སེམས་ཁུངས་སུ་ཞི་བདེ་དང་རང་དབང་མ་སྤྲད་ན་བྲན་གཡོག་ལམ་ལུགས་འཇུག་མ་སྒྲིལ་བའི་རྟགས་སུ་མངོན་པ་རེད།གལ་སྟེ་དེ་དག་ཡོང་བ་ལ་རང་རང་གི་མི་ཐེག་པའི་ངལ་གཙོ་བྱེད་དུ་མ་གཅུག་པར་གུ་ཡང་ངང་མ་འོང་པའི་མདུན་ལམ་ཆེད་སློ་སྦྱངས་བྱེད་དུ་གཅུག་དགོས་་་་་དེ་ནི་བ་ཆུང་རང་ལ་དབང་བའི་བྱ་བཞག་རེད།

    Reply
  2. kelsangrabga says:
    ལོ་ 16 སྔོན།

    དེ་རིང་གི་ལས་འགུལ་དངོས་གནས་ཡགས་པོ་རེད་འདུག་མི་མང་པོ་ཞིག་གི་སོ་སོར་གཅིག་པུས་ཆད་དུ་བྱེས་པ་མང་པོ་ཞིག་མ་འོངས་སོ་སོས་མི་ཚེ་སོ་སོས་སྐྱོང་དབང་མེད་པའི་མིས་ལག་འོག་དུ་སྡུད་དགོས་བྱུང་བ་ཆགས་ཡོང་གི་འདུག་་

    Reply
  3. ལུང་རྟོགས། says:
    ལོ་ 16 སྔོན།

    ལས་འགུལ་འདི་ལ་རྒྱབས་སྐྱོར་ཡོད།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    བོད་པ་རྣམས་ནས་བོད་རིགས་ན་གཞོན་ལས་མེད་དག་ལ་ལས་ཀ་སྤྲོད་པ་ལས་རྒྱ་གར་བར་ལས་ཀ་སྤྲོད་བཟང་བར་ཤོག་དག་གི་རྣ་རྩེར་རྡོ་ཆུང་ཆུང་ཞིག་བཞུས་པ་རེད་དངོས་གནས་ཡག་པོ་རེད་གོ་ཤེས་ཡོད་ན་གོ་ཐོབ་ངེས།

    Reply
  5. འཕྲིན་ལས says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    སང་ཉིན་གྱི་བགྲོ་གླེང་གི་ས་གནས་ནོར་འདུག་ལགས། དེ་ནི་མེག་གྷན་ཉིན་སློབ་ཀྱི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་རེད།

    Reply
  6. རྐང་གསུམ། says:
    ལོ་ 16 སྔོན།

    འདི་ནི་དུས་ཀུན་དགོས་ངེས་ཀྱི་བྱ་འགུལ་ཞིག་རེད་ལབ་ན་མ་འགྲིག་པ་གང་ཡང་མེད་ནའང། བྱ་འགུལ་འདིའི་ཁྲོད་རང་ཉིད་ཐེ་ཡོད་ན་ངོ་གནོང་དགོས་པ་ཞིག་མ་རེད་དམ།

    Reply
  7. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    ང་ལྷོ་ཕྱོགས་སུ་ཡོད་སྐབས་དོ་སྣང་ཆེན་པོ་གཅིག་བྱུང་།
    དེ་ནི་བོད་མིའི་ལག་འོག་ནས་ལག་ཆགས་པ་དང་བོད་སྐད་འཐོག་རྒྱུ་མེད་པའི་རྒྱ་གར་བ་རེ་འགའ་བོད་ལ་ཁྱོན་ནས་མི་དགའ་བ་དེ་ཡིན། ཡིན་ནའང་། མཇུག་ཏུ་ངས་རྒྱ་གར་བ་དེ་ཚོ་ཆུང་བྱིས་དུས་ནས་བོད་མི་ཚོས་སྡུག་ལས་སྣ་དགུ་མྱངས་སུ་བཅུག་ཐོག ཁོང་ཚོར་མི་ཞིག་གི་འདུ་ཤེས་ཀྱང་མ་བཞག་པར་གསོ་སྐྱོང་གནང་བས་ཡིན་འདུག

    Reply
  8. རང་རྟོན། says:
    ལོ་ 16 སྔོན།

    ངོ་མ་ཐུགས་རྗེ་ཆེ་ཞུ།ཡིན་ནའང་།འུ་ཚང་གིས་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་དང་ཁེ་དབང་འཕྲོག་པའི་གནས་ཚུལ་ཚད་རྒལ་འདི།ངོ་མ་དེ་རིང་གི་ངོ་རྒོལ་འདིའི་ཁ་གཏད་ས་གཙོ་བོ་རེད་བསམ་གི།འུ་ཚང་གིས་དུས་རྒྱུན་ཁ་ལག་ངོ་མི་འཕྲོད་པའི་བྱ་འགུལ་སྤེལ་བར་ཧ་ཅང་འཚང་ཁ་རེད།དེའི་ཕྱིར་ཁ་ཕྱིར་ལ་འཁོར་ནས་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཕྱིར་རྟོག་རེ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་འདོད་གི།དེ་ལྟ་བུའི་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་བྱེད་དགོས།།

    Reply
  9. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་ནི་དངོས་གནས་བྱེད་དགོས་པ་ཞིག་བྱས་འདུག དེ་ནི་མཐར་གཏུགས་ན་ང་ཚོ་རང་གི་དོན་དག་རེད། རྒྱ་གར་གཡོག་ཕྲུག་བཀོལ་རྒྱུ་མང་མེད་ན་ཉུང་མེད། ད་རྒྱ་གར་བ་རྣམས་ཀྱིས་མིག་ཕྱེ་ཡི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese