མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་མར་གཡོག་པོ་བཞག་སྟེ་གཞན་གྱི་བུ་རྫིར་རྒྱུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕ་མས་ཕྲུ་གུར་ལྟ་སྐྱོང་བྱེད་པ་དང་། ཕྲུ་གུས་ཕ་མར་གཉོར་སྐྱོང་བྱེད་པའི་དུས་ཚོད་ཅིག སྤོ་པོ་རྨོ་མོས་ཚ་བོ་ཚ་མོ་སྐྱོང་བ་དང་། ཚ་བོ་ཚ་མོས་སྤོ་པོ་རྨོ་མོ་གཉོར་པའི་དུས་ཚོད་ཅིག་ཡོད། སྲོལ་བཟང་རྩ་ཆེན་འདི་དག་གི་དབང་གིས་གནའ་ནས་ད་བར་བོད་པའི་སྤྱི་ཚོགས་ནང་ལས་མེད་ཟེར་བ་དང་། རྒན་གསོ་ཁང་ཟེར་བ། བུ་བཅོལ་ཁང་ཟེར་བ་སོགས་བྱུང་མྱོང་མེད་ཟེར།

ད་ལོའི་རྒྱལ་སྤྱིའི་བྱིས་པའི་ངལ་རྩོལ་ངོ་རྒོལ་ཉིན་མོ་དང་འབྲེལ་ཏེ། ངྷ་རམ་ས་ལའི་འགྲོ་བ་མིའི་གོམ་སྟབས་ཚོགས་པའི་གོ་སྒྲིག་འོག ངྷ་ས་ཉིན་མོའི་སློབ་གྲྭ་རུ་བྱིས་པའི་ངལ་རྩོལ་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད། གཏམ་བཤད་གནང་མཁན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལས་རོགས་བྱམས་པ་སྨོན་ལམ་ལགས་བཅས་ཕེབས་འདུག བགྲོ་གླེང་གི་ཐོག་མར་བྱམས་པ་སྨོན་ལམ་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཐོག་གི་བྱིས་པའི་ཐོབ་ཐང་སྐོར་གསུངས་དོན། ཐོག་མར་རྒྱལ་ཚོགས་མ་བཙུགས་སྔོན་ལ། ༡༩༡༢ ལོར་མནའ་འབྲེལ་མཐུན་ཚོགས་ཀྱིས་བྱིས་པའི་ཐོབ་ཐང་གི་བསྒྲགས་ཡིག་ཅིག་བཀྲམས་ཡོད། ༡༩༥༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིས་པའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བ་རེད། འོན་ཀྱང་ཡོངས་ཁྱབ་གསལ་བསྒྲགས་དེ་འབོད་སྐུལ་ཙམ་ལས་ཁྲིམས་ཆགས་མེད་སྟབས། ཕྱི་ལོ་ ༡༩༧༩ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་བྱིས་པའི་ཐོབ་ཐང་སྐོར་ལ་ཁྲིམས་འཆར་བཟོས་ཤིང་། ༡༩༨༩ ལོར་ཁྲིམས་འཆར་དེ་མང་མོས་གཏན་འབེབས་བྱུང་ཡོད། ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྲིམས་ཡིག་མང་པོ་བཟོས་པ་ལས་རྒྱབ་སྐྱོར་གནང་མཁན་མང་ཤོས་དེ་བྱིས་པའི་ཐོབ་ཐང་སྐོར་གྱི་ཁྲིམས་ཡིག་དེ་ཆགས་ཡོད་པ་མ་ཟད། ༡༩༩༠ ལོ་ནས་རྒྱལ་ཁབ་ཉེར་གཉིས་ཙམ་གྱིས་དངོས་སུ་ལག་བསྟར་བྱ་རྒྱུ་ཁས་ལེན་བྱས་འདུག ཅེས་གསུངས་བྱུང་།

 

དེའི་རྗེས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་བྱིས་པའི་ངལ་རྩོལ་སྐོར་ལ་བཙན་བྱོལ་བོད་གཞུང་ལ་སྲིད་བྱུས་གང་ཡོད་སྐོར་གསུངས་དོན། རྒྱལ་སྤྱིའི་ཐོག་བྱིས་པའི་ངལ་རྩོལ་སྐོར་ལ་ཁྲིམས་སྒྲིག་གང་ཡོད་པ་དེ་ལ་བཙན་བྱོལ་བོད་གཞུང་གིས་ཀྱང་བརྩི་བཀུར་བྱ་དགོས་པ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༩༤ ཙམ་ནས་བཀའ་ཤག་གིས་བྱིས་པའི་ངལ་རྩོལ་བཀག་འགོག་སྐོར་གྱི་གསལ་བསྒྲགས་ཤིག་བཏང་འདུག གསལ་བསྒྲགས་དེའི་ནང་། ཡུལ་ཁྲིམས་དང་མི་མཐུན་པའི་ལས་ཀ་བྱེད་པ་དང་། རྐྱེན་ཆུང་ཆུང་གིས་བོད་མི་རིགས་ལ་གནོད་པའི་གནས་ཚུལ་ཡོང་གིན་ཡོད་སྟབས། རྒྱལ་སྤྱིའི་སྟེང་བོད་པར་ཤ་ཞེན་ཡོད་པ་ཚོས་ཀྱང་༧གོང་ས་མཆོག་ལ་མཇལ་ཁའི་སྐབས། བོད་པ་ཚོས་ཕྲུ་གུ་ཆུང་ཆུང་ལས་ཀར་བཀོལ་ཏེ། རྒྱལ་སྤྱི་དང་རྒྱ་གར་གྱི་ཁྲིམས་དང་འགལ་བའི་ལས་ཀ་བྱེད་ཀྱིན་འདུག་ཅེས་སྙན་གསེང་ཞུས་འདུག མུ་མཐུད་འདི་ལྟར་ཕྱིན་པ་ཡིན་ན་བོད་པའི་ཐོག་ལ་ལྟ་སྟངས་ངན་པ་ཡོང་བ་དང་། བོད་པར་རྒྱབ་སྐྱོར་བྱེད་མཁན་ལ་ཤུགས་རྐྱེན་ཐེབས་གི་རེད། ལས་ཀ་འདི་རིགས་རྒྱལ་སྤྱིའི་ཁྲིམས་དང་། ས་གནས་ཡུལ་ཁྲིམས་སོགས་ལ་འགལ་གྱི་ཡོད་པ་མ་ཟད། མིའི་བཟང་སྤྱོད་ལའང་འགལ་གྱི་ཡོད། ཅེས་བཀོད་འདུག

 

བཀའ་བློན་མཆོག་གིས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གལ་ཆེན་ཡིན་ཡང་། བོད་པའི་སྲོལ་རྒྱུན་ཕ་མ་བུ་ཕྲུག་གི་མཛའ་བརྩེ་དེ་བས་གལ་ཆེན་ཡིན་སྐོར་གསུངས་དོན། ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་སྟབས། སྐྱབས་བཅོལ་བའི་འདུག་སྟངས་ཤེས་དགོས། རང་དབང་ཡོད་པ་དང་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ལྟར། སོ་སོའི་གནས་ཚང་གི་བྱིས་པ་གཡོག་པོར་ཉར་ཏེ་ཉེས་རྡུང་བཏང་ན། གནས་ཚང་རྒྱ་གར་བར་བསམ་ཚུལ་ག་འདྲ་ཡོང་གི་རེད། བྱིས་པ་དེ་དག་ཚར་ལོངས་བྱུང་ཡོང་སྐབས། སྡུག་པོ་བཏང་ཚད་སེམས་ནས་འདུག་གི་རེད། སྐབས་དེར་གནས་སྟངས་ག་འདྲ་ཆགས་གི་རེད། དེ་བསམ་བློ་གཏོང་ས་གཅིག་རེད། སྤྱིར་བྱིས་པའི་ཐོབ་ཐང་དང་ངལ་རྩོལ་ཐད། ཕྱི་རྒྱལ་ཁག་ཏུ་ཕ་མས་སོ་སོའི་བྱིས་པར་བཀའ་སྐྱོན་གཏོང་ཆོག་གི་མེད། ལོ་བཅོ་བརྒྱད་ནས་བྱིས་པ་ཕ་མའི་ས་ནས་འཐོན་དགོས་པ་རེད། དེ་དག་ཅུང་ཚད་ལས་བརྒལ་སོང་བ་རེད། ང་ཚོ་ཚད་རན་པོ་ཞིག་ཏུ་འདུག་དགོས། བོད་པ་ཚོར་འཛམ་གླིང་རྒྱལ་ཁབ་གཞན་ན་མེད་པའི་སྲོལ་བཟང་ཞིག་ཡོད། ཕ་མས་ཕྲུ་གུར་ལྟ་སྐྱོང་བྱེད་པ་དང་ཕྲུ་གུས་ཕ་མར་གཉོར་སྐྱོང་བྱེད་པའི་དུས་ཚོད་ཅིག་དང་། སྤོ་པོ་རྨོ་མོས་ཚ་བོ་ཚ་མོ་སྐྱོང་བ་དང་། ཚ་བོ་ཚ་མོས་སྤོ་པོ་རྨོ་མོ་གཉོར་པའི་དུས་ཚོད་ཅིག་བཅས་ཡོད། སྲོལ་བཟང་རྩ་ཆེན་འདི་དག་འོག གནའ་ནས་ད་བར་བོད་པའི་སྤྱི་ཚོགས་ནང་ལས་མེད་ཟེར་བ་དང་རྒན་གསོ་ཁང་ཟེར་བ། བུ་བཅོལ་ཁང་ཟེར་བ་སོགས་བྱུང་མྱོང་མེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། བོད་པ་ཚོས་ཕྱི་རྒྱལ་ལ་བལྟ་རྒྱུར་དགའ་དྲགས་པའི་དབང་གིས་ད་ཆར་ཕ་མས་ལས་ཀ་བྱེད་ཐུབ་ཀྱི་མེད་སྐབས། རྒན་གསོ་ཁང་ལ་འཕུད་རྒྱག་གཏོང་བ་དང་། ཕྲུ་གུ་ནར་མ་སོན་གོང་ནས་བུ་བཅོལ་ཁང་ལ་བསྐྱལ་བའི་དུས་ཚོད་ཅིག་ཤར་ཡོད། ཕྲུ་གུར་ལྟ་མཁན་རྒྱ་གར་བ་དེ་དག་གྲོང་གསེབ་སྐྱོ་བོ་ནས་ཡིན་སྟབས། སྐད་ཆ་བཤད་སྟངས་དང་སྤྱོད་ལམ་འཁྱེར་སྟངས་ག་འདྲ་ཡོད་པ་རེད། དེ་འདྲ་ཞིག་གི་ལག་ནས་སོ་སོའི་ཕྲུ་གུ་འཚར་ལོངས་བྱུང་ན་རྗེས་མ་ག་འདྲ་ཆགས་གི་རེད། འདི་ལ་བསམ་བློ་ཡག་པོ་གཏོང་དགོས། ཕ་མ་གཉོར་མཁན་ལ་རྒྱ་གར་ཡུལ་མིའི་གཡོག་པོ་བཞག་སྟེ། སོ་སོ་ཕྱི་རྒྱལ་གྱི་ཕྲུ་གུར་གཡོག་བྱེད་དུ་འགྲོ་བཞིན་ཡོད། སྤྱིར་མི་གཞན་ལ་གཡོག་བྱེད་པ་དེ་འགྲོ་བ་མིའི་བཟང་སྤྱོད་ཅིག་ཡིན་ཡང་། སྔོན་ལ་སོ་སོའི་ལས་འགན་འགྲུབ་དགོས་པ་རེད། སོ་སོ་ཕྲུ་གུ་ཡིན་པས་ཕ་མར་ཞབས་ཞུའི་ལས་འགན་དང་། སོ་སོ་ཕ་མ་ཡིན་པས་ཕྲུ་གུར་གཉོར་སྐྱོང་གི་ལས་འགན་འགྲུབ་དགོས། ཡང་རེ་ཟུང་གིས་ཕྱི་རྒྱལ་དུ་ཕྱིན་པ་བུ་ཕྲུག་ཚོའི་ཆེད་ཡིན་ཟེར། ཐོག་མར་དེ་འདྲའི་བསམ་ཚུལ་ཡོད་སྲིད་ཀྱང་། ཕྱི་རྒྱལ་དུ་ཕྱིན་རྗེས་འདོད་པ་བཞིན་མ་འགྲུབ་པའི་མི་ཚད། ཉི་མ་བར་ནས་སོ་སོའི་ཕྲུ་གུ་འཕྲོ་བརླག་ཏུ་གཏོང་གིན་ཡོད། ཞེས་གསུངས་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱལ་སྤྱིའི་སྟེང་དུ་བྱིས་པའི་ངལ་རྩོལ་ངོས་འཛིན་གནང་ཕྱོགས་སྐོར་འགྲེལ་བཤད་གནང་དོན། ང་ཚོ་སོ་སོའི་ཐོབ་ཐང་རྩོད་མཁན་ཞིག་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། རྒྱལ་སྤྱི་དང་ས་གནས་ཡུལ་ཁྲིམས་ལ་བརྩི་བཀུར་བྱ་རྒྱུ་གལ་ཆེན་པོ་རེད། བྱིས་པའི་ངལ་རྩོལ་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་གནང་དགོས་པ་རེད་ཟེར་ན། ལོ་ཚད་ཀྱི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ ༡༨ ཚད་འཛིན་བྱས་ཡོད་ཀྱང་། རྒྱལ་ཁབ་སོ་སོར་ཚད་འཛིན་མི་འདྲ་བ་བྱུང་ཡོད། རྒྱ་གར་ལ་མཚོན་ན། ལོ་ ༤ ནས་ ༡༦ བར་བྱིས་པར་ངོས་འཛིན་བྱས་ཡོད། ལོ་ཚད་འདིའི་ནང་དུ་བྱིས་པ་དེའི་སྲོག་ལ་ཉེན་ཁ་ཡོད་པ་དང་། འཕྲོད་བསྟེན་ལ་ཉེན་ཁ་ཡོད་པ། ཤེས་ཡོན་སློབ་སྦྱོང་ལ་བར་ཆད་ཡོད་པའི་ལས་ཀའི་རིགས་བྱིས་པའི་ངལ་རྩོལ་ལ་ངོས་འཛིན་བྱེད་ཀྱི་ཡོད། ༧གོང་ས་མཆོག་གི་ཐུགས་རྗེ་དང་རྒྱ་གར་གཞུང་གི་རྒྱབ་སྐྱོར། རྒྱལ་སྤྱིའི་རོགས་རམ་བཅས་ལ་བརྟེན་ཏེ། ང་ཚོ་སྐྱབས་བཅོལ་ལ་ཐོག་མར་འབྱོར་བ་ནས་བྱིས་པར་སློབ་སྦྱོང་སྤྲོད་རྒྱུ་ཨང་དང་པོར་བཞག་ཡོད། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་བརྩི་དགོས་ཞེས་གསུངས་རྗེས། དྲི་བ་དྲིས་ལེན་དང་ཟུར་ཞུགས་པ་དག་གིས་སོ་སོའི་བསམ་ཚུལ་བཤད་པ་དང་། བགྲོ་གླེང་གོ་སྒྲིག་པ་འཕྲིན་ལས་ལགས་ཀྱིས་རྒྱལ་སྤྱི་དང་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་དང་ངལ་རྩོལ་བཀག་སྡོམ་སྐོར་གྱི་ཁྲིམས་གཞི་འགའ་ངོ་སྤྲོད་དང་། བྱེ་བྲག་གིས་སྐྱབས་བཅོལ་བོད་མིའི་ངལ་རྩོལ་གྱི་ཐོང་ཐང་ཁྲིམས་སྒྲིག་སྐོར་ཞིག་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 11

  1. བསྟན་འཛིན་ནམ་མཁའ། says:
    ལོ་ 16 སྔོན།

    གནམ་ལྕགས་ཀྱིས་ཟེར་བ་དེ་བདེན་པོ་འདུག

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དེའི་ཐད་ཁྱེད་རྣམས་པས་ཐུགས་ཁུར་ཆེར་བཞེས་གནང་བར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བྱིས་པ་དང་བྱིས་པའི་ནང་མིར་ཟས་གོས་འཁྱགས་ལྟོག་སྐྱོབ་ནུས་མེད་པའི་ནང་མིའི་བྱིས་པས་སློབ་སྦྱོང་བྱེད་རྒྱུ་ཕར་ཞོགས། ངལ་རྩོལ་ཙམ་ཡང་བྱེད་མ་བཅུག་ན་དེ་དག་ལྟོག་ཤིར་ཐེབས་རྒྱུ་མ་ཡིན་ནམ། འོན་ཀྱང་ངས་བྱིས་པའི་ངལ་རྩོལ་ལ་ངོ་རྒོལ་བྱས་པ་མ་ཡིན་ན་ཡང་། ལས་འགུལ་འདིའི་གཞི་རྩའི་དཀའ་ངལ་དེ་ལས་ཐར་ཐབས་འཛམ་གླིང་མི་རིགས་ཚང་མས་གཅིག་འབུངས་བྱེད་དགོས་པ་ནི། ༸གོང་ས་མཆོག་གིས་ང་ཕྱེད་དམར་པོ་ཡིན་གསུངས་དགོས་དོན་ཡང་དེ་འདྲ་ཞིག་ལ་ཐུག་པ་མིན་ནམ།

    Reply
  4. ཤི་མེད་ཚོར་མེད་། says:
    ལོ་ 16 སྔོན།

    སྤྱིར་བོད་པའི་མི་རིགས་འདི་སྒོར་མོ་མེད་ན་སྡོད་ཐུབ་མཁན་གྱི་མི་རིགས་ཤིག་རྩ་ནས་མིན་དུས། ཤུལ་དུ་ལུས་པའི་ཡུལ་འདུག་རྒན་ཁོག་དེ་ཚོར་རོགས་སྐྱོར་བྱེད་མཁན་གྱི་རྒྱ་གར་གཡོག་པོ་འགའ་རེ་མ་ཉར་རང་ཉར་རེད་། སྤྱིར་བཤད་བཤད་ཐམས་ཅད་བདེན་བདེན་འདྲ་ཞིག་འདུག་ཏེ་། དོན་དངོས་སུ་དེ་འདྲ་ཞིག་ཡོང་རྒྱུ་དཀའ་མོ་འདུག

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    ཁོ་ཚོས་སྐད་ཆ་བཤད་སྐབས་སྙན་སྙན་འདྲ་ཞིག་འདུག་སྟེ། ཁོང་ཚོའི་ནང་ལ་སོང་ནས་ཅིག་བལྟ་རྒྱུ་ན། ཕལ་ཆེར་གཡོག་ཕྲུག་རེ་རེ་ཡོད་པ་ཐག་གིས་ཆོད།

    Reply
  6. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    ཆོས་རིག་བཀའ་ལ་གོ་བ་ཆེན་པོ་འདུག

    Reply
  7. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    ཆུས་རིག་བཀའ་བློན་མཆོག་གིས་གསུངས་པ་བཞིན་སྤྱིར་བོད་མི་ཚོར་ཕ་མ་བུ་ཕྲུག་ཕན་ཚུལ་སྐྱོང་རེས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད་གསུངས་པའི་བཀའ་དེ་ཤིན་ཏུ་མད། འོན་ཀྱང་སྔོན་མ་བོད་ནང་ཁྱིམ་གཅིག་ཏུ་དུས་གཅིག་ལ་མི་རབས་གསུམ་ལྷན་འཛོམས་བྱེད་པའི་གོ་སྐབས་བཟང་པོ་ཡོད། འོན་ཀྱང་དེང་དུས་བོད་པའི་གཞི་རྩའི་བཟང་སྤྱོད་ཉམས་པའི་དབང་གིས་མིན་པར་སྤྱི་ཚོགས་ཀྱི་གནས་སྟངས་ལ་འཕོ་འགྱུར་ཆེན་པོ་ཕྱིན་པའི་དབང་གིས་གཞན་ལྟ་ཅི་བཟའ་ཚང་གཉིས་ཀྱང་གུང་སེང་ཙམ་མ་གཏོགས་གཅིག་གདོང་གཅིག་གིས་མཐོང་དཀའ་བ་ཆེས་མང་པོ་ཡོད་པ་དང༌། བརྒྱ་ལ་ཕ་མ་བུ་ཕྲུག་གཅིག་ཏུ་འཛོམས་དུས་ཡོད་ཀྱང་བརྙན་འཕྲིན་དང་ལག་ཐོགས་ཁ་པར་སོགས་ཀྱིས་བར་དུ་བཅད་ནས་ཕན་ཚུན་གྱི་འགྲོགས་འདྲིས་དང་དེ་ལས་བྱུང་བའི་མཛའ་བརྩེ་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་པའི་དུས་སྐབས་ཀྱི་གནས་སྟངས་འདི་དང་མཐུན་པའི་བསླབ་བྱ་ཞིག་གནང་ཐུབ་ཚེ་དངོས་སུ་བོད་རིགས་རྣམས་དང་བརྒྱུད་ནས་ཡར་ཐོན་ཅན་དུ་རློམས་པ་རྣམས་ལ་ཡང་ཕན་ངེས་སོ་སྙམས།

    Reply
  8. བཀྲ་ཤིས། says:
    ལོ་ 16 སྔོན།

    ཨོ་ཡ་ཐུགས་རྗེ་ཆེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  9. བཀྲ་ཤིས། says:
    ལོ་ 16 སྔོན།

    བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་རྒྱུ་མཚན་ལྡན་པའི་སྐད་ཆ་དེ་དགབཤད་་ལ་རྒྱབ་སྐྱོར་དང་། དགའ་བསུ་ཞུ། རྒྱ་རི་སྒྲོལ་མའི་་སྐད་ཆ་ཚིག་འགའ་ཤས་དེ་ག་དུས་ཡི་ནའང་བེད་སྤྱོད་ཆེན་པོ་འདུག

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    རེད་ཡ། བོད་པའི་སྲོལ་རྒྱུན་ནང་རྒན་གསོ་ཁང་དང་བུ་བཅོལ་ཁང་ཟེར་བ་ཞིག་ཏན་ནས་མེད། དངུལ་ཟེར་བ་དེ་ལ་ཀུན་དགའ་དོན་གྲུབ་ཞེས་པའི་མིང་ཞིག་བཏགས་པ་ནས་བཟུང་བཙན་བྱོལ་བོད་མི་མང་པོ་ཞིག་གིས་དེ་ནི་བསླུ་བ་མེད་པའི་སྐྱབས་གནས་དམ་པ་རང་རེད་སེམས་བཞིན་དེའི་ཆེད་ཡོད་ཚད་བློས་བཏང་ནས་བཙན་བྱོལ་ནང་རྒན་གསོ་ཁང་དང་བུ་བཅོལ་ཁང་ཟེར་བ་ཞིག་འཁྲུངས་པ་རེད།

    Reply
  11. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཆོས་རིག་བཀའ་སློན་ཐུབ་བསྟན་ལུང་རིགས་ཀྱི་གསུངས་བཤད་ལ་བྲོ་བ་ཆེན་པོ་འདུག་་་་
    ལན་འདེབས་པ་རྣམས་ཀྱང་ཐད་གར་གནད་དུ་འཁེལ་བ་དེ་འདྲ་དང་་
    བཀའ་སློབ་ཀྱང་གོ་རྒྱུ་ཡོད་པ་གནས་ལུགས་ཡོད་པ་འདྲ་གསུངས་བྱུང་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese