མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ལ་ཕེབས་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

 
སྐབས་བཞི་པའི་ནོར་གླིང་མཐོ་སློབ་ཀྱི་མཐར་ཕྱིན་མཛད་སྒོ་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཚོགས་ཡོད་འདུག
 
 ཚེས་ ༡༨ ཉིན་ནོར་གླིང་མཐོ་སློབ་ཀྱི་སྐབས་བཞི་པའི་ལེགས་བྱང་མཐོ་རམས་པའི་སློབ་ཐོན་མཛད་སྒོ་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་ཚོགས་ཁང་དུ་འཚོགས་ཡོད་ལ། མཛད་སྒོའི་སྐུ་མགྲོན་དུ་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་ཆེད་ཕེབས་ཀྱིས་འཛིན་རིམ་བཅོ་ལྔའི་སློབ་ཐོན་པ་ཚོར་ལག་འཁྱེར་གནང་ཡོད་པ་རེད། མཛད་སྒོའི་ཐོག་བཀའ་ཟུར་མཆོག་གིས་གསུངས་དོན། འདས་པའི་ཟླ་ངོ་ ༨  ནང་མཐོ་སློབ་འདིའི་སློབ་ཕྲུག་  ༨ ཙམ་ལ་དྭགས་དང་སྤི་ཏི བཅས་སུ་ཕྱིན་ཏེ་ཡུལ་དེའི་བཙུན་དགོན་ཁག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་་ཡོད་ལ། གནང་བ་བཞིན་གྲུབ་འབྲས་ཀྱང་གང་འཚམ་ཞིག་བྱུང་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལ་དྭགས་སུ་དགེ་རྒན་གཏོང་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་སྟབས། ཁ་སྔོན་ཁྱེད་ཚོ་འགྲོ་ཁར་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུ་ཐུབ་ཡོད། ནང་པའི་རིག་གཞུང་གི་ཐོག་ནས་བཤད་ན་ཧི་མ་ལ་ཡའི་རི་རྒྱུད་དེ་ང་ཚོ་བོད་པའི་བུ་ཕྲུག་ལྟ་བུར་ཆགས་ཡོད་དུས་ངེས་པར་དུ་གསོ་སྐྱོང་ལེགས་པོ་བྱ་དགོས་ཀྱི་རེད། གལཏེ་རྒྱ་དམར་གྱི་གཏོར་བཤིག་གི་རྐྱེན་པས་བོད་ཀྱི་རིག་གཞུང་རྦད་དེ་ཉམས་ཆག་ཏུ་ཕྱིན་པ་ཡིན་ན་ས་ཁུལ་དེ་དག་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱ་དགོས། དེ་ཡིན་དུས་ས་ཁུལ་དེར་ས་བབ་དང་མཐུན་རྐྱེན་སོགས་ཕྱོགས་གང་ཐད་ནས་ཧ་ཅང་སྐྱོ་བོ་ཡིན་ནའང་ཁྱེད་རང་ཚོས་མུ་མཐུད་ཤུགས་རྒྱག་རོགས་གནང་ཞེས་གསུངས་སོང་ལ། ཡང་ཁོང་གིས་ང་ཚོར་དེང་སྐབས་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་རིག་གཞུང་ཐོག་ནས་ཧི་མ་ལ་ཡའི་རི་རྒྱུད་དང་སོག་པོ་ཚོར་རིན་མེད་དུ་མཐུན་འགྱུར་རོགས་རམ་གནང་གིན་ཡོད་ལ། ལྷག་པར་དུ་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས་འཛམ་གླིང་ཐོག་བོད་ཀྱི་རིག་གཞུང་གི་རིན་ཐང་མངོན་པར་བྱས་ཡོད། དེ་ནི་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་རེད་ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་ཀུན་སྤྱོད་སྐོར་ལ་གསུངས་དོན། ཁྱེད་རང་ཚོ་ཕར་འགྲོ་དུས་བོད་པའི་ཚབ་བྱེད་དགོས་དུས་ཕྱོགས་གང་ས་ནས་་སྤྱོད་པ་ཡག་པོ་བྱ་དགོས་རྒྱུ་ལས། དེ་གར་བཙུན་མའི་གྲོད་ཁོག་ནང་ཕྲུ་གུ་བཟོས་འདུག་ལབ་ན་ཡག་པོ་ཁྱོན་ནས་ཡོད་མ་རེད། དེ་ཡིན་དུས་དེའི་ཕྱོགས་ལ་གཟབ་གཟབ་བྱ་དགོས་ཞེས་དང་། ཡང་སློབ་མའི་མདུན་ལམ་ཐད་གསུངས་དོན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་མཐོ་སློབ་སྡེ་ཚན་ཞིག་གསར་དུ་བཙུགས་པ་ནས། ད་རག་བར་སློབ་ཐོན་པ་ཚོས་བོད་ཀྱི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་བཞིན་པ་ཤ་སྟག་ལས་དོན་མེད་འཁྱམ་ཉུལ་བྱེད་མཁན་ཧ་ལམ་མེད་ལ། ཁྱེད་ཚོ་ཡིན་ནའང་ཕྱི་རབས་པར་མིག་དཔེ་བཟང་པོ་ཞིག་སྟོན་དགོས་པ་རེད་ཅེས་གསུངས།

གསར་འགོད་པས་མཐོ་སློབ་ཀྱི་ལས་འཆར་འགན་འཛིན་རྒན་ལྷ་མོ་སྐྱིད་པ་ལགས་སུ་ད་ལོའི་མཛད་སྒོ་སྔོན་དང་མི་འདྲ་བར་སྟབས་བདེ་བཟོ་དགོས་དོན་ཅི་ཡིན་དྲིས་པར་ཁོང་གིས།  ནམ་རྒྱུན་མཐོ་སློབ་ལག་འཁྱེར་དེ་ནོར་གླིང་མཛད་སྒོ་དང་སྟབས་བསྟུན་ནས་སྤྲོད་ཀྱི་ཡོད་མོད། ད་ལོར་བོད་དུ་ས་ཡོམ་བརྒྱབ་སྟེ་མི་མང་པོ་ཞིག་འདས་གྲོངས་སུ་སོང་ཡོད་དུས་མཛད་སྒོར་དེ་གྲ་རྒྱས་པོ་ཞིག་མི་བྱེད་རྒྱུར་ཐག་གཅོད་བྱས་པ་ཡིན་ཞེས་བརྗོད་སོང་།
གསར་འགོད་པས་སློབ་མ་བསྟན་འཛིན་རབ་བསྟན་ལགས་སུ་ལ་དྭགས་ཟངས་དཀར་དུ་འགྲོ་དོན་སྐོར་ཅི་ཡིན་དྲིས་སྐབས་ཁོང་གིས། ང་ཚོར་ཆབ་སྲིད་ཀྱི་དཀའ་ངལ་ཡོད་པ་རེད་དེ། རང་ཉིད་བོད་ཀྱི་རིག་གཞུང་སྦྱང་མཁན་ཞིག་ཡིན་པའི་ཆ་ནས་༧གོང་ས་མཆོག་གི་དགོངས་དོན་བཞིན་དེ་གར་བོད་ཀྱི་སྐད་ཡིག་བསླབ་ཐུབ་ན་བསྐལ་བ་བཟང་པོ་རེད་བསམ་གྱི་ཡོད། ལྷག་པར་དུ་དེ་གའི་དགོན་པ་ཁག་དང་ཡུལ་མིས་བོད་ཡིག་འབྲི་ཀློག་ཐུབ་སོང་ན་༧གོང་ས་མཆོག་གི་བཀའ་སློབ་གསན་རྒྱུར་ཡང་དཀའ་ངལ་ཡོད་མ་རེད་ཟེར། དེང་ཕྱིན་ཡུལ་དེར་དུས་ཡུན་ཅི་ཙམ་རིང་ཞབས་ཞུ་རྒྱུ་ཡིན་མིན་སྐོར་དྲིས་སྐབས་ཁོང་གིས། རང་གི་འཇོན་ཚོད་དཔག་ཚོད་ཀྱིས་ད་དུང་ལོ་དུ་མ་ཞིག་ལ་དགེ་རྒན་བྱ་འདོད་ཡོད་ཅེས་བརྗོད་སོང་།

ནོར་གླིང་མཐོ་སློབ་ནི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་གི་ཡན་ལག་སྡེ་ཚན་ཞིག་ཡིན་ལ། དེ་ནི་ཕྱི་ལོ་ ༡༩༩༧ ལོར་༧གོང་ས་མཆོག་གི་ལམ་སྟོན་འོག་གསར་འཛུགས་གནང་བ་ཞིག་ཡིན། མཐོ་སློབ་འདིར་ད་ལྟའི་བར་སློབ་མ་གྲངས་ ༢༠༠ ཙམ་སློབ་མཐར་ཕྱིན་ཡོད་ལ། སློབ་ཕྲུག་དེ་དག་གིས་ད་ལྟ་བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་ཏུ་ཕྱག་ལས་གནང་བཞིན་ཡོད།

ད་ལོར་མཐོ་སློབ་འདིར་སློབ་མ་གྲངས་ ༡༤ སློབ་མཐར་ཕྱིན་ཡོད་འདུག
 
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. བདེ་སྐྱིད། says:
    ལོ་ 16 སྔོན།

    སྐུ་ངོ་ཁྱེད་ཀྱི་རེ་བ་ལྷུན་གྲུབ་དང་ཨ་ཅག་ལགས་བདག་པོ་ཡག་པོ་རྒྱག་ཐུབ་པའི་རེ་བ་ཡོད།

    Reply
  2. བདེ་སྐྱིད། says:
    ལོ་ 16 སྔོན།

    བཀའ་ཟུར་སྐུ་ངོ་མཆོག་གིས་ཤུགས་རྒྱག་གི་ཡོད་པ་ལྷུན་གྲུབ་ཡོང་རྒྱུ་དང། ཁྱེད་ཀྱི་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ།

    Reply
  3. སྐྱ་ཀ says:
    ལོ་ 16 སྔོན།

    སློབ་མ་བསྟན་འཛིན་རབ་བསྟན་ལགས་མདུན་གྱི་ཁ་ཕོར་ནང་དུ་མགོ་བོ་མ་འཁོར་ནས་དམིགས་ཡུལ་དང་རེ་བ་དེ་གུད་ཡངས་ཀྱི་ལམ་བུ་སྟེགས་འཇོག་ཐུབ་པ་དེ་ངས་སྙིང་ཐག་པ་ནས་དགའ་བསུ་ཞུ།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ནོར་གླིང་མཐོ་སློབ་སྡེ་ཚན་དང་སྐུ་ངོ་ལགས་སུ་འཚམས་འདྲ་ཡོད། འུ་ཚང་གི་རིག་གཞུང་འདི་སློབ་སྲུང་སྤེལ་གསུམ་གྱི་ཕྱོགས་སུ་དེ་ནས་མཛད་རྗེས་ཆེས་ངོ་མཚར་ཅན་མང་པོ་བསྐྲུན་པར་གུས་པས་སྙིང་ནས་ཡི་རངས་དང་རྗེས་དྲན་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་ཡེ་ནས་བྲལ་བའི་མི་རྗེ་སྐུ་ངོ་སྐལ་བཟང་ཡེ་ཤེས་ལགས་ནི་རང་རེའི་བོད་མི་རྣམས་ཀྱིས་མིག་དཔེར་བལྟ་ས་དེ་ཡིན། ཁོང་གི་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་འདེབས།

    གཞན་ནོར་གླིང་ནི་རང་རེའི་རིག་གཞུང་རྒྱུད་འཛིན་གྱི་ལྟེ་བ་ཞིག་ཆགས་ཡོད། འདིའི་ནང་ནས་མཐར་ཕྱིན་པའི་སློབ་བུ་རྣམས་ལའང་རང་བཞིན་གྱིས་བཙན་བྱོལ་གྱི་ཚོགས་སྡེ་གཞན་དང་མ་འདྲ་བའི་བོད་རང་གི་རིག་གཞུང་གི་ཞགས་རྩི་ཞིག་འབྱར་ཡོད། སྐབས་བཞི་བའི་མཐར་ཕྱིན་སློབ་མ་རྣམས་དངོས་གནས་སེམས་ཤུགས་དང་སློབ་སྦྱོང་གི་ཆུ་ཚད་ངེས་ཅན་ལྡན་པ་ཞེ་གཅིག་ཡིན་པ་བདག་གིས་ཀྱང་ཏོག་ཙམ་ཤེས་ཡོད། ཁྱེད་ཅག་ལ་ཐུགས་རྗེ་ཆེ་ཞུ། མུ་མཐུད་དུ་རང་རེའི་རིག་གཞུང་གི་ཐད་ལ་ཧུར་ཐག་བྱེད་རོགས།

    Reply
  6. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    བཀྲིན་བླ་ན་མེད་པའི་སྐོུ་སྐལ་བཟང་ཡེ་ཤེས་མཆོག་ལ་འཚམས་འདྲི་དང༌། ཁྱེད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ།

    Reply
  7. ཤི་མེད་ཚོར་མེད་། says:
    ལོ་ 16 སྔོན།

    རེད་། བོད་ཡིག་གི་དབུགས་རྒྱུན་ཆད་ལ་ཉེ་བའི་དུས་སྐབས་འདིར་ཁྱེད་ཚོས་གང་འཇོན་ཅི་འཇོན་གྱིས་རང་མི་རིགས་ཀྱི་སྐད་དང་རིགས་གཞུང་གི་ཞབས་འདེགས་སྒྲུབ་རྒྱུར་ཆོད་སེམས་བརྟན་པར་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese