མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཆིག་འབུམ་གྱིས་བཀའ་ཁྲིའི་ཚོད་ལྟའི་འོས་ལྡུག་གི་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

ངྷ་ས་དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་བཙན་བྱོལ་གྱི་ས་གནས་ཁག་ཏུ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་སྐོར་ལ་ཚོད་ལྟའི་འོས་བསྡུ་བྱ་རྒྱུ་རེད་ལ། མི་ཆིག་འབུམ་གྱིས་ཚོད་ལྟའི་འོས་བསྡུ་འདིར་ཆ་ཤས་ལེན་རྒྱུར་རེ་བ་རྒྱག་གིན་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༣༠ སྟེང་ངྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་གླེང་མོལ་ཁང་དུ། བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བསྡུ་བྱེད་ཕྱོགས་སྐོར་ལ་ཉིན་གཉིས་རིང་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་པའི་དངོས་གཞིའི་མཛད་སྒོ་འཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་དུ་ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་དང་ངྷ་ས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་བཅས་ཕེབས་ཡོད།

ཐེངས་འདིར་དབུས་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཉིན་གཉིས་རིང་གི་ཟབ་སྦྱོང་སྟེང་དུ། རྒྱ་གར་དང་བལ་ཡུལ་ཚུད་པའི་ས་གནས་ཁག་ ༣༠ ཙམ་གྱི་ཚོགས་བཅར་བ་ ༦༥ མཉམ་བཞུགས་གནང་ཡོད་པ་དང་། ཉིན་གཉིས་ཀྱི་སྦྱོང་བརྡར་ལས་གཞིའི་ནང་དོན་གཙོ་བོ་ས་གནས་ཁག་ནས་ཕེབས་པའི་རྒྱུན་ལས་འདི་དག ཕྱིར་རང་རང་གི་ས་གནས་ཁག་ཏུ་སོང་ནས་ཚོད་ལྟའི་འོས་བསྡུ་དེར་ལམ་སྟོན་ཇི་ལྟར་བྱེད་དགོས་མིན་གྱི་ཆེད་དུ་ཡིན་འདུག

ཟླ་རྗེས་མའི་ཕྱི་ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་དགུང་ལོ་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་དབུས་ས་གཉིས་ཀྱི་བུད་མེད་ཚོགས་པའི་ཡན་ལག་ ༤༠ ནང་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུའི་ལས་གཞི་དངོས་སུ་མགོ་འཛུགས་རྒྱུ་ཡིན་པ་དང་། བུད་མེད་ཚོགས་པས་སྔོན་དཔག་ལྟར་ན། མི་ཆིག་འབུམ་ལྷག་གིས་འོས་བསྡུའི་ཚོད་ལྟ་འདིར་མཉམ་ཞུགས་བྱ་རྒྱུར་རེ་བ་རྒྱག་གིན་ཡོད་འདུག
བུད་མེད་ལྷན་ཚོགས་ཀྱིས་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་འདེམས་ཀྱི་བརྒྱུད་རིམ་དེ་དག་ཕྱོགས་ལྷུང་དུ་མི་འགྲོ་བའི་ཆེད་དུ། འོས་མི་དམིགས་འཛུགས་བྱེད་ཀྱི་མིན་ལ་ཟུར་འདོན་ཡང་བྱ་རྒྱུ་མིན། གཙོ་བོ་འོས་འཕེན་པས་རང་མོས་ལྟར་འོས་ཤོག་ལྡུག་གི་རེད་ཅེས་དང་། བུད་མེད་ཀྱི་འགན་ལྷན་ཐེངས་ ༡༠ ༼ ཟླ་ ༧ ཚེས་ ༡༦ ནས་ ༢༢ བར་ ༽ སྐབས་ས་གནས་སོ་སོར་འོས་ཤོག་ཕྱི་གསལ་ནང་གསལ་ཐོག་གྲངས་བཤེར་བྱ་རྒྱུ་ཡིན་ཟེར།

ཉིན་དེར་ངྷ་ས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས། མ་འོངས་པར་བཀའ་བློན་ཁྲི་པར་སུ་ཕེབས་ཀྱིན་ཡོད་ནའང་། མཁྱེན་ཡོན་གྱི་ཐད་ནས་མཁས་དབང་ཟམ་གདོང་རིན་པོ་ཆེ་ཁོང་ལས་འགྲན་ཟླ་བྲལ་བ་ཧ་ལམ་མེད། བཀའ་ཁྲི་སྐབས་གཉིས་ལ་གནང་མྱོང་བའི་མཁས་དབང་ཟམ་གདོང་རིན་པོ་ཆེར་མཚོན་ན་ནང་ཆོས་དང་དེང་དུས་ཀྱི་འགྲོ་སྟངས། རྒྱ་གར་སྐད་དང་ལེགས་སྦྱར་སྐད། དབྱིན་སྐད་སོགས་མཁྱེན་གི་ཡོད་པས་མང་གཙོའི་འགྲོ་སྟངས་ལྟར། མི་མང་ནང་བཀའ་བློན་ཁྲི་པ་སྐབས་གསུམ་རིང་བཞུགས་རྒྱུར་བཅའ་ཁྲིམས་དང་སྒྲིག་གཞིར་བསྒྱུར་བ་གཏོང་དགོས་ཀྱི་འདུག་ཟེར་མཁན་ཡོད།

འོན་ཀྱང་། བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་ཙམ་མིན་པར་རྒྱ་ཆེ་སར་བསམ་བློ་བཏང་སྟེ་དམིགས་རྒྱང་རིང་དུ་གཏོང་དགོས་པ་གལ་ཆེན་པོ་རེད། འཛམ་གླིང་གི་མང་གཙོའི་འགྲོ་སྟངས་ལ་བལྟས་ན་ཨ་རི་དཔེ་འཇོག་ས་ཆགས་ཡོད་མོད། ཨ་རིས་ཀྱང་ཨ་རིའི་སྲིད་འཛིན་ལ་བསྟུད་མར་ཐེངས་གཉིས་ལྷག་འདེམས་ཆོག་གི་མེད། དེ་ནི་རྩ་ཁྲིམས་དང་སྒྲིག་གཞི་ལས་བརྒལ་གྱིན་ཡོད་སྟབས་ཡིན། རྒྱུ་མཚན་ནི་མི་གཅིག་གིས་རང་གི་ནུས་པ་དང་ཤེས་འཇོན་དེ་ལོ་བཅུའི་ནང་དུ་འདོན་མ་ཐུབ་པ་མེད་པས་རེད་ཅེས་གསུངས།

ཁོང་གིས་བཀའ་བློན་ཁྲི་པ་ལས་ཀྱང་གལ་ཆེ་ཤོས་ནི་བོད་མི་མང་སྤྱི་འཐུས་རེད་ལ། བཀའ་བློན་ཁྲི་པ་དང་༧གོང་ས་མཆོག་རྣམ་གཉིས་ཀྱིས་གསང་རྒྱ་དམ་པོ་མཛད་དགོས་རིགས་ཡིན་ཚེ་གནས་ཚུལ་ཐ་དད་ཡིན་པ་མ་གཏོགས། བཀའ་བློན་ཁྲི་པར་སུ་ཕེབས་པ་དང་། ཁོས་བོད་གཞིས་བྱེས་གཉིས་ཀྱི་ཆེད་དུ་བཏོན་པའི་སྲིད་ཇུས་གང་འདྲ་ཞིག་ཡིན་རུང་། བོད་མི་མང་སྤྱི་འཐུས་བརྒྱུད་ནས་འགྲོ་དགོས། དེར་བརྟེན་བོད་མི་མང་སྤྱི་འཐུས་ནང་ཤེས་འཇོན་ཅན་དང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་མཁན། ངེས་པ་དོན་གྱིས་བོད་སྤྱིའི་དོན་དུ་དགོངས་པ་བཞེས་ཐུབ་མཁན་ཞིག་དགོས་པ་གལ་ཆེན་པོ་རེད་ཅེས། སྐབས་གསུམ་པའི་བཀའ་བློན་ཁྲི་པ་གལ་ཆེར་བརྩི་བ་ལྟར་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱང་དེ་མཚུངས་ཀྱིས་གལ་ཆེན་དུ་གྱུར་ཡོད་སྐོར་གསུངས་ཡོད།

ཉིན་དེར་འདི་གའི་གསར་འགོད་པས་ས་གནས་ཁག་ནས་ཕེབས་པའི་བུད་མེད་གསུམ་ལ། ཁོང་ཚོ་རང་སྟེང་ནས་མ་འོངས་པའི་བཀའ་བློན་ཁྲི་པའི་འོས་ལྡུག་རྒྱུར་གལ་གནད་ཇི་མཐོང་གི་སྐོར་དྲིས་པར། བལ་ཡུལ་ནས་ཕེབས་པའི་བསོད་ནམས་མཚོ་མོ་ལགས་ཀྱིས། མ་འོངས་པའི་བཀའ་བློན་ཁྲི་པ་ནི་ད་ལྟའི་བོད་ཛ་དྲག་གི་གནས་སྐབས་འདིར། ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཀྱི་ལས་འགན་བསྒྲུབ་མཁན་ཞིག་སླེབས་དགོས་དུས། འོས་ལྡུག་སྐབས་འོས་མི་མ་ནོར་བ་ཞིག་གདམ་རྒྱུ་གལ་ཆེན་དུ་མཐོང་གི་ཡོད་ཅེས་དང་། བྷན་ཏ་ར་གཞིས་ཆགས་ནས་ཕེབས་པའི་ལྷ་མོ་ནོར་འཛོམས་ལགས་ཀྱིས། མ་འོངས་པའི་བཀའ་བློན་ཁྲི་པ་གདམ་ཕྱོགས་སྐོར་ལ་སྒེར་ངོས་ནས་སེམས་ཁྲལ་ཆེན་པོ་འདུག ནམ་རྒྱུན་ང་ཚོ་ནང་ཁུལ་འཛོམས་སྐབས་ཀྱང་མ་འོངས་པའི་བཀའ་བློན་ཁྲི་པར་སུ་འོས་མིན་གྱི་སྐད་ཆ་བཤད་རེས་བྱེད་ཀྱིན་ཡོད། སྤྱིར་དེ་རིང་འོས་བསྡུའི་འགན་འཛིན་གྱིས་གསུངས་པ་ལྟར། མཁྱེན་ཡོན་གྱི་ཐད་ནས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་ཡོང་མི་སྲིད་ཀྱང་། གཙོ་བོ་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་རྩ་དོན་ཆེད་དུ་ཕྱག་ལས་གནང་མཁན་ཞིག་དང་། ༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབས་མཁན་ཞིག་དགོས་ཀྱི་འདུག་ཅེས་གསུངས།

སྒང་ཏོག་ནས་ཕེབས་པའི་ཨམ་ལྕི་གཡང་སྒྲོན་ལགས་ཀྱིས་ང་རང་སྒེར་ནས་མ་འོངས་པའི་བཀའ་བློན་ཁྲི་པའི་འོས་ལྡུག་རྒྱུར་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག ༢༠༠༠ ལོ་ནས་བཀའ་བློན་ཁྲི་པ་མི་མང་རང་གིས་ཐད་ཀར་འོས་འདེམས་བྱེད་དགོས་དུས། མི་མང་ཁག་ཅིག་གིས་མི་སུ་འདེམས་དགོས་ཤེས་རྟོགས་ཐུབ་ཀྱི་མེད། ཡང་ཁག་ཅིག་གིས་དེའི་གལ་གནད་ཤེས་ནའང་དོ་སྣང་མ་བྱེད་པ་དང་། རེ་ཟུང་གིས་གནས་ལུགས་རྒྱུ་མཚན་ཤེས་བཞིན་དུ་ཕྱོགས་ཞེན་གྱི་དབང་དུ་སོང་བ་ལྟ་བུ་ཡོང་གི་འདུག དེར་བརྟེན་ཐེངས་འདིའི་ཟབ་སྦྱོང་གི་དགོངས་དོན་རྣམས་ཕར་ས་གནས་སུ་འབྱོར་མཚམས། མི་མང་ལ་གསལ་འགྲེལ་བྱས་ཚེ་ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམ་གྱིན་འདུག་ཅེས་གསུངས།

ཁོང་ཚོ་གསུམ་པོས་མ་འོངས་པའི་བཀའ་ཁྲིར་མི་སུ་འདྲ་ཞིག་སླེབས་རུང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཁོང་ལ་དབུ་འོག་དཔུང་འདེགས་བྱེད་ཐུབ་མཁན་ཞིག་ལ་རེ་བ་བརྒྱབ་འདུག

དབུས་བུད་མེད་ཀྱིས་ཟླ་ ༧ ཚེས་ ༦ ཉིན་གྱི་ཚོད་ལྟའི་འོས་བསྡུ་བྱས་རྗེས། དེའི་ནང་མི་མང་ཅི་ཙམ་གྱིས་མཉམ་ཞུགས་བྱས་མིན་ཐད་སྙན་ཐོ་འདོན་རྒྱུ་དང་། སྙན་ཐོའི་ནང་གཙོ་བོ་ཚོད་ལྟའི་འོས་བསྡུའི་སྐབས་བཀའ་བློན་ཁྲི་པའི་འོས་མི་སུ་སུ་ཡིན་མིན་གྱི་མིང་གཞུང་ཡང་གསལ་འདོན་བྱ་རྒྱུ་ཡིན་ཞེས་དང་། གསར་དུ་བདམས་པའི་འོས་མི་རྣམས་ལ་བགྲོ་གླེང་གཏམ་བཤད་ཀྱི་གོ་སྐབས་ཤིག་ཀྱང་བསྐྲུན་རྒྱུ་ཡིན་ཟེར།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 15

  1. gyaltsen says:
    ལོ་ 15 སྔོན།

    very good idea, but i think Dr Lobsang palden Tawo is one of the most powerful among tibetans as he has very good heart and very famouse and a edcadect person

    Reply
  2. lhamodondub says:
    ལོ་ 15 སྔོན།

    བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལས་ལྷག་པ་ཞིག་མ་རག་ན་ཡང་དེ་དང་འདྲ་བའམ། ཡང་ན་འགྲན་ཡ་ཐུབ་ཙམ་རེ་ཡོད་དམ། གལ་ཏེ་དེ་འདྲ་ཞིག་མེད་པར་འདོད་ན། ཁོང་ཉིད་བསྐྱར་དུ་གདམ་ན་ཡག་ཤོས་རེད། གང་ཞེན་ཞེ་ན་ཡག་པོ་ཞིག་ཡོད་བཞིན་དེའི་ཚབ་ལ་གཞན་ཕལ་བ་ཞིག་བཞག་ན་གནོད་ལས་ཕན་ཐོགས་མེད་པ་རེད། གལ་ཏེ་མི་མང་བརྒྱ་ཆའི་དྲུག་ཅུ་ལྷག་གི་འདོད་མོས་ཡོད་ན། གྲོས་ཚོགས་ཀྱིས་བཅའ་ཁྲིམས་བཟོ་བཅོས་གནང་དགོས་ངེས་རེད། མང་གཙོ་ཡིན་པས་སོ།

    Reply
  3. གླག་སྨྱོན། says:
    ལོ་ 15 སྔོན།

    འདི་ལས་རིམ་ཡག་པོ་ཞིག་ཚོར་སོང་།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་རྣམས་ཀྱི་གོམ་པ་མདུན་སྤོས་ཀྱི་ཕྱག་ལས་ལ་རྗེས་སུ་ཡི་ཡང་ཞུ།

    Reply
  5. ཐིག says:
    ལོ་ 15 སྔོན།

    ངས་བསམ་པར་ཚོད་ལྟ་འདིས་དགེ་མཚན་མེད་པར་མི་དམངས་ཀྱི་རང་དབང་དང་མདང་ཀ་སོགས་ལ་ཅིས་ཀྱང་དཀའ་ངལ་ཞིག་གཏན་གཏན་འཁུར་ཡོང་རྒྱི་རེད།་དེ་ལས་ཚོད་ལྟ་སོགས་མ་བྱེད་པར་ཐད་ཀར་དངོས་གཞི་ལག་སྟེར་བྱེད་ན་བཟང་སྙམ།

    Reply
  6. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    ༄༅ ། ། ལས་འགུལ་ཡག་པོ་སྤེལ་འདུག འདི་ལྟར་སྦྱོང་སྡར་སྤྲད་ན་ཕན་རླབས་ངེས་ཅན་ཡོང་ངེས། བུ་མེད་ཚོས་རང་གི་ཐོབ་ཐང་ངོ་མ་རྩོད་ཚུལ་འདི་འདྲ་རེད། ལས་ཁྱད་པར་ཅན་མང་དག་བསྒྲུབ་ན་ཐོབ་ཐང་མི་དགོས་ཟེར་ཡང་ཡོང་བ་སྨོས་མེད། བོད་ཀྱི་བུ་མེད་རྒྱལ་ལོ།

    Reply
  7. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ཚོད་བལྟ་འདི་འདྲ་ཞིག་བྱེད་ཐུབ་ན་ཡག་པོ་ཡོངས་ས་རེད་
    དེ་རེག་བུད་མེད་ཚོགས་ཤུགས་རྒྱབ་རོགས་གནང་།

    Reply
  8. འབྲོང་བུ་ཟླ་བ། says:
    ལོ་ 15 སྔོན།

    གུས་པས་འདི་ནི་ཡག་པོ་ཡིན་པར་བསམ་བཞིན་ཡོད། ལས་འགུལ་འདིས་ཕྱོགས་ཡོངས་ལ་ཕན་ཐོགས་ཐུབ་ཀྱི་རེད།

    Reply
  9. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    དེང་སང་སྲིད་དོན་ཆབ་སྲིད་པ་ཚོས་བོད་དོན་ཆེད་ལས་ཀ་བྱེད་རྒྱུ་རྫོགས་པ་འདྲ་པོ་མཐོང་གི་འདུག དེ་ཡག་རྟགས་ཀྱི་ཁྱོན་ནས་མ་རེད་དྲན།

    བོད་བསྟན་པ་ཆབ་སྲིད་དང་བོད་མི་རིགས། ཡང་སྒོས་འཕྲལ་ཕུགས་གཉིས་ལས་ཕུགས་ལ་ཕན་ཐོགས་ཡོད་མེད་མ་བལྟ་བར་མི་དམངས་ཀྱིས་སོ་སོ་ལ་དོ་སྣང་དང་ཆ་འཇོག་ཡོང་ཐབས་གཙིགས་སུ་འཛིན་སྟེ་འོར་ལངས་བྱེད་པ་འདྲ་པོ་མཐོང་གིན་འདུག

    མི་འབུམ་གཅིག་བཀའ་ཁྲིའི་ཚོད་བལྟའི་འོས་བསྡུའི་ནང་ཆ་ཤས་ལེན་གྱི་རེད་ཟེར་བ་ལྟ་བུ་ཇི་ཙམ་འོར་སྒྲ་སྒྲོག་ན་དེ་ཙམ་མི་དམངས་ཀྱི་དོ་སྣང་བསླེབས་ཀྱི་རེད་དྲན་ཡོད། དེ་ལྟར་མིན་ན་དྲ་གྲོགས་སྔ་མ་དག་གིས་བཤད་པ་ལྟར་རང་གཞུང་གིས་རེ་བ་མ་བརྒྱབ་པ་ཞིག་དབུས་བུད་མེད་ཀྱིས་རེ་བ་བརྒྱབ་འདུག་ཅེས་ལབ་པར་ཅི་མི་བདེན།

    Reply
  10. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    ཚོད་ལྟའི་འོས་བསྡུ་འདི་དགོས་དམིགས་གང་ཡིན་མི་ཤེས་ཀྱང༌། ལྷག་པར་བཙན་བྱོལ་བོད་མིའི་མི་འབོར་གཞིགས་ན་མི་འབུམ་གཅིག་གི་ཚོད་ལྟའི་འོས་བསྡུ་ཆ་ཤས་ལེན་རྒྱུ་ཡིན་པ་དེ་ཚོད་དཔག་ཆེས་མཐོ་དྲགས་མིན་འགྲོ། གལ་སྲིད་ཚོད་ལྟའི་འོས་བསྡུ་ལ་མི་གྲངས་འབུམ་གཅིག་གི་ཆ་ཤས་ལེན་རྒྱུའི་ཚོད་དཔག་བྱས་ན།
    འོས་བསྡུ་དངོས་གཞིའི་སྐབས་མི་གྲངས་དེ་ལས་མང་བ་ཡོང་རྒྱུ་ཡིན་ནམ། བཀའ་བློན་ཁྲི་པ་ཙམ་མ་ཡིན་པར་སྤྱི་འཐུས་ཀྱི་སྤུས་ཚད་དེ་ཡག་ཏུ་གཏོང་རྒྱུ་དེ་ཡང་གནད་འགག་ཆེན་པོ་རེད་འདུག
    གལ་གནད་ཆེ་བའི་གནད་དོན་འདི་རིགས་ཐག་གཅོད་དང་ཕྱིར་བསྒྲགས་མ་བྱས་གོང་དགོངས་པ་རྒྱ་ཆེ་ཙམ་བཞེས་ཏེ་ཡོང་ལ་ཉེ་བའི་འོས་བསྡུ་ཆེན་པོ་འདི་གཉིས་མ་འོངས་བོད་མའི་ལས་དབང་གི་ཐག་གཅོད་ལ་འབྲེལ་བ་དམ་ཟབ་ཡོད་དུས་བག་ལྷིང་བརྟན་གསུམ་གྱི་སྒོས་ལས་འགུལ་སྤེལ་དགོས་པ་ཡིན། གཞན་རྒྱ་ནག་གཞུང་གི་གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་ཀྱི་ལག་ཆ་ལྟ་བུ་ཆགས་མི་སྲིད་མ་རེད། དཔེར་ན་ཉེ་དུས་ཐོན་པའི་བཙན་བྱོལ་བོད་མིའི་མང་གཙོ་སྐོར་གྱི་གནས་ཚུལ་ལྟར་རོ།

    Reply
  11. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨོ་ཡ་་་་་་་་ད་ཡང་ཚོད་ལྟ་ཞེས་བ་ཞིག་བྱེད་གི་འདུག་ག
    ཚོད་ལྟ་དེ་ཡང་དུས་ཚོད་ཁྱད་མཚར་ཞིག་གཏན་ཁེལ་འདུག་ ཕར་ཆེར་ཉིན་དེར་བྱ་ཐབས་ཁྱད་མཚྱར་ཞིག་བྱེད་རྒྱུ་རེད་ཡ་རྒྱན་ཤོག་བཙོང་བ་ལྟར་མི་མང་གང་ཞིག་ལ་ཚོགས་སའི་སྒོ་འགྲམ་དུ་ལང་དེ་སྐད་རྒྱག་རྒྱུ་རེད་ཡ

    Reply
  12. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འཇམ་དཔལ་ཆོས་བཟང་ལགས་ཀྱིས་:”བོད་མི་མང་སྤྱི་འཐུས་ནང་ཤེས་འཇོན་ཅན་དང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་མཁན། ངེས་པ་དོན་གྱིས་བོད་སྤྱིའི་དོན་དུ་དགོངས་པ་བཞེས་ཐུབ་མཁན་ཞིག་དགོས་པ་གལ་ཆེན་པོ་རེད།” ཅེས་གསུང་པ་འདི་ལ་འགྱུར་བ་ཅུང་ཙམ་གཏོང་དགོས་འདུག ཆོལ་ཁའི་སྤྱི་འཐུས་ཡིན་ན་ཆོལ་ཁའི་ཞེན་ཁོག་དགོས་ལ་ཆོས་ལུགས་ཀྱི་སྤྱི་འཐུས་ཡིན་ན་ཆོས་ལུགས་ཀྱི་ཞེན་ཁོག་དགོས་པ་རེད། དེར་བརྟེན་འདིར་ “ཕྱོགས་ཞེན” དུ་བཅོས་ན་ལེགས། ཁོང་གི་ཞེ་འདོད་ཀྱང་དེ་ཡིན་ངེས། བུད་མེད་ཚོགས་པས་གོ་སྐབས་ཡག་པོ་ཞིག་བཙལ་འདུག འཁྲུངས་སྐར་དང་བསྟུན་ནས་འོས་བསྡུ་བྱས་ན་འོས་བླུགས་མཁན་ཤིན་ཏུ་མང་པོ་ཡོད་པ་སྨྲོས་མི་དགོས། མ་འོངས་པར་སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་བླུགས་སྐབས་འདི་འདྲའི་མང་པོ་ཞིག་གིས་ཆ་ཤེས་ལེན་ཐུབ་རྒྱུ་མིན་ན་ཡང་། འདེམས་བྱའི་གང་ཟག་དངོས་འཛིན་པ་ལ་ཕན་ཐོགས་ངེས་ཅན་ཡོད། བུད་མེད་ཚོགས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

    Reply
  13. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་ལགས་སུ་ཐུགས་ཁག་མི་འདུག སྤྱིར་བཏང་ནས་བོད་པའི་སྤྱི་ཚོགས་འདིའི་ནང་མི་མང་དཀྱུས་མའི་ནང་མགོ་བོ་འཐུམ་བཞིན་ཡོད་དུས། ད་རུང་འོས་བསྡུ་འདྲ་འདྲ་མི་འདྲ་བྱས་ནས་ཕྱོགས་གཅིག་ནས་སྔོན་འགྲོའི་འོས་བསྡུ་དང་དངོས་གཞིའི་འོས་བསྡུ། དེབ་སྐྱེལ་བྱེད་རྒྱུ་བཅས་ཁག་གསུམ་པོར་མགོ་འཁོར་ནས་ཡོད། ཡང་མི་ཤེས་མཁན་རེ་ཟུང་གིས་ད་རེས་བུད་མེད་ཀྱི་འོས་བསྡུ་དེར་འོས་བསྡུ་སྔོན་འགྲོར་ནོར་ཉེན་ཆེ། འདི་འདྲའི་བརྒྱུད་རིམ་ནང་དབུས་འོས་བསྡུའི་འགན་འཛིན་གྱིས་གསུངས་པ་ལྟར་མི་མང་ལ་དཀའ་ཁག་གིས་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་དུས་གཅིག་ཏུ་གཏན་འཁེལ་གནང་བ་རེད། གཏོགས་ཙམ་གུད་ཡངས་བྱས་ཁུལ་རེད་དེ། ཡང་བུད་མེད་ཀྱིས་མགོ་རྙོག་དེ་བསླངས་སོང་། བཅའ་ཁྲིམས་ནང་སླར་ཡང་བཀའ་བློན་ཁྲི་པར་ཟམ་གདོང་རིན་པོ་ཆེ་ཕེབས་ས་ཡོད་པ་ཞིག་བཟོ་རྒྱུའི་ཆེད་དུ་རེད། མི་མང་འབུམ་གཅིག་ལྷག་གིས་བསམ་ཚུལ་སླེབས་སོང་། ཞེས་སྤྱི་ཟླ་དགུ་པའི་གྲོས་ཚོགས་སུ་ཞུ་སྙན་འབུལ་འཆར་ཡོད་པ་རེད་ཟེར། གང་ལྟར་འདི་སུའི་ཆེད་དུ་ཡིན་མིན་དོགས་གནས་ཤིག་རེད། སྡུག་ས་ཞིག་ནས་རྒྱ་ལ་དགོས་པ་ཞིག་ཆགས་སྲིད་ཀྱི་རེད་ལ་བུད་མེད་ལ་དགོས་པ་ཞིག་ཀྱང་ཆགས་སྲིད་ཀྱི་རེད། ཚོད་དཔག་བྱས་པ་ལྟར་ན་མི་འདྲ་ཞིག་སླེབས་ས་རེད་དེས་ཡོང་གི་མ་རེད། ཅེས་རྙོག་གླེང་ཞིག་ཀྱང་བཟོ་མི་སྲིད་པའི་ངེས་པ་མེད།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཚོད་ལྟའི་སྐབས་སུ་མི་འབུམ་གཅིག་ཞུགས་རྒྱུའི་གདེང་ཚོད་ཡོད་ན། སྔོན་འགྲོ་དང་དངོས་གཞིའི་སྐབས་ལ་མི་འབུམ་དེ་སླར་ཡང་འོས་འཕེན་པར་ཡོང་རྒྱུའི་གདེང་ཚོད་ཅན་རེ་ཡོད་དམ།

    ད་ཕན་གྱི་ལོ་རྒྱུས་ལ་བལྟས་ན་ཅུང་ཁག་སེ་འདྲ་བོ་རེད།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཚོད་ལྟ་འདིའི་དགེ་བ་རྒྱུ་མཚན་གཙོ་བོ་ཅི་ཞིག་ཡིན་མིན་དང་། ཚོད་ལྟ་འདིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ལ་ཤུགས་རྐྱེན་ལེགས་ཉེས་ཅི་ཞིག་སྤྲོད་མིན་དེ་བས་ཀྱང་བཤད་ཁག་པོར་གྱུར་ཐལ།

    མི་དམངས་ལ་ཕན་ཐོགས་གི་རེད་དམ། གཞུང་ལ་ཕན་ཐོགས་གི་རེད་དམ། འོས་ཁོངས་ལ་ཞུགས་མཁན་ཚོར་ཕན་ཐོགས་གི་རེད་དམ། ཚང་མར་ཕན་གི་རེད་དམ། ཡང་ན། ཤུགས་རྐྱེན་ངན་པ་རེ་འཇོག་གི་རེད་དམ།

    ལས་འགུལ་འདི་རྒྱུན་ལྡན་དང་ལས་སླ་བོ་ཞིག་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese