མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་སྒེའུ་ཁུང་།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

དྲག་རྡུང་ལས་འགུལ།

རྒྱ་ནག་ཉེན་རྟོག་སྡེ་ཁག་གིས་ཕྱི་ཚེས་ ༡༣ ཉིན་ཁ་པར་བརྙན་འཕྲིན་ཚོགས་འདུ་བསྡུས་ཏེ། ཕྱི་ལོ་ ༢༠༡༠ ལོའི་དྲག་རྡུང་སྒྲིག་བཅོས་བྱ་འགུལ་གོ་སྒྲིག་བྱས་ཡོད་པ་རེད།

རྒྱ་ནག་སྤྱི་བདེ་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་ཀྲང་ཞིན་ཧྥུན་གྱིས་ཚོགས་འདུའི་སྟེང་བརྗོད་དོན། དྲག་རྡུང་ལས་འགུལ་དེ་ནི་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་མཛུབ་སྟོན་ལྟར་ཟླ་བདུན་རིང་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་སྤེལ་རྒྱུ་ཡིན་པ་དང་། ལས་འགུལ་འདིའི་དམིགས་ཡུལ་ནི་ཧྲང་ཧེ་འཛམ་གླིང་ཚོང་འགྲེམས་དང་ཀུང་ཀྲུག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བཅས་རྒྱལ་སྤྱིའི་བྱ་འགུལ་གྱི་བདེ་འཇགས་ཀྱི་ཆེད་ཡིན་ཚུལ་བརྗོད་ཡོད།

ཨ་རིའི་ཨོ་ཁི་ཧི་མ་དབུས་ཁུལ་གྱི་སློབ་གྲྭ་ཆེན་མོའི་ (University of Central Oklahoma) ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་ཆེད་ལས་ཞིབ་འཇུག་སྡེ་ཁག་གི་མགོ་གཙོ་ལིས་ཞོ་པེན་གྱིས་བརྗོད་རྒྱུར། རྒྱ་ནག་གི་ད་ལོའི་སྤྱི་བདེ་ལས་དོན་གྱི་གྲོན་དངུལ་འཕར་སྣོན་ཆེན་པོ་བྱུང་ཡོད།  རྒྱལ་ནང་གི་བདེ་འཇགས་གྲོན་དངུལ་ནི་རྒྱལ་སྲུང་གྲོན་དངུལ་ལས་མང་བ་བཏང་འདུག ད་ལྟ་རྒྱ་ནག་གིས་དྲག་ཆས་ཉེན་རྟོག་རྩ་འཛུགས་བྱས་ཡོད་པར་མ་ཟད། ཆེད་དམིགས་དྲག་དཔུང་ཡང་རྩ་འཛུགས་བྱས་ཏེ་སྔོན་ཐོན་གྱི་སྒྲིག་འཛུགས་དང་ལག་རྩལ། དྲག་ཆས་སོགས་སྤྱད་དེ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་འདུག་ཅེས་བརྗོད་ཡོད་ལ། པེ་ཅིན་ཨན་ཧེ་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཐཱང་ཅེ་ཐེན་གྱིས་ཀྱང་། དྲག་རྡུང་འདིའི་དམིགས་ཡུལ་གཙོ་བོ་ནི་ཧྲང་ཧེ་འཛམ་གླིང་ཚོང་འགྲེམས་དང་ཀུང་ཀྲུག་ཨེ་ཤ་ཡའི་རྩེད་འགྲན་སོགས་ལ་ཁ་གཡར་བ་ཙམ་ལས། དོན་གྱིས་ཁྲིམས་ལུགས་གཞིར་བཟུང་གི་ཉེས་དོན་གཙང་བཤེར་གྱི་བྱ་འགུལ་ཞིག་མ་ཡིན་པར། སྤྱི་ཚོགས་རང་བཞིན་ཀྱི་ཆབ་སྲིད་ལས་འགུལ་ཞིག་སྟེ། ཚད་ངེས་ཅན་ཞིག་གི་ཐོག་ནས་དམར་པོའི་གཞུང་གི་སྒྲིག་འཛུགས་བརྟན་སྲུང་བྱ་ཆེད་ཁོ་ན་ཙམ་རེད། འདི་ནི་འདས་པའི་དུས་ཡུན་རིང་པོར་རྒྱ་ནག་གཞུང་གིས་བརྗོད་ཀྱིན་པའི་རྒྱལ་ཁབ་རིང་ལུགས་ཀྱི་སློབ་གསོ་རེད་ལ། དོན་གྱིས་མང་ཚོགས་ལ་མགོ་སྐོར་བཏང་སྟེ་མགོ་རྨོངས་བར་བྱས་ནས་རྒྱལ་ཁབ་ཀྱི་གལ་ཆེའི་ལས་དོན་ལ་ཁ་གཡར་ཏེ་མི་མང་གི་ཐོབ་ཐང་འཕྲོག་ཐབས་ཤིག་རེད། དུས་ཐུང་རིང་ཕྱིའི་རྣམ་པ་ཙམ་གྱི་ཐོག་ནས་ནུས་པ་འདྲ་ཐོན་སྲིད་མོད། དོན་གྱིས་དེ་ལས་ལྡོག་སྟེ་སྤྱི་ཚོགས་ཁྲོད་དེ་སྔ་ལས་ལྷག་པའི་རྒོལ་སེམས་སློང་ངེས་རེད། ངས་བསམ་ན་མི་མང་གི་ཐོབ་ཐང་སྲུང་སྐྱོབ་ནི་དོན་དངོས་ཀྱི་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་རེད་ཅེས་བརྗོད་འདུག 
ལས་འགུལ་བའི་བུ་ཕྲུག་ལ་རོགས་སྐྱོར།

དྲུག་བཞི་དམར་གསོད་དོན་རྐྱེན་བྱུང་ནས་ལོ་ ༢༡ འཁོར་བའི་དུས་དྲན་གྱི་སྐབས་དང་བསྟུན་ནས། རྒྱ་ནག་ནང་ལོག་ཏུ་སྔར་ལས་མང་བའི་སློབ་མ་དང་མང་ཚོགས་ཀྱིས་དྲུག་བཞིའི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་སོང་བའི་མི་གྲངས་སྔོག་བཤེར་དང་དེ་དང་འབྲེལ་བའི་ལས་འགུལ་རིགས་ལ་དོ་སྣང་ཆེན་པོ་འབྱུང་བཞིན་ཡོད་པ་རེད། ཆབ་སྲིད་དང་ཆོས་ལུགས་ཉེས་དོན་འོག་གནོད་ཐེབས་ཀྱི་རོགས་སྐྱོར་ཚོགས་པས་ཕྱི་ཚེས་ ༡༦ ཉིན། དྲུག་བཞིའི་ལས་འགུལ་བའི་བུ་ཕྲུག་འཚར་ལོངས་ཐེབས་རྩ་ཚོགས་པ་ཞེས་པ་དངོས་སུ་གསར་འཛུགས་བྱུང་བ་བསྒྲགས་འདུག ཚོགས་པ་འདིས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞི་སློབ་མའི་ལས་འགུལ་བྱུང་བ་ནས་བཟུང་ད་ལྟའི་བར་དུ་བཙོན་འཇུག་ནར་གཅོད་འོག་ཚུད་མཁན་དག་བཙོན་གྲོལ་ཐོབ་རྗེས་ཀྱི་འཚོ་བའི་དཀའ་ངལ་དང་། ལྷག་པར་དུ་ཁོང་ཚོའི་བུ་ཕྲུག་རྣམས་ལའང་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་རྙོག་འདྲ་མིན་འོག་སྤྱི་མཚུངས་ཀྱི་སློབ་གསོ་མ་ཐོབ་པའི་རིགས་ཀྱི་དཀའ་ངལ་སེལ་བའི་ཆེད་དུ་ཡིན་འདུག 
ཚོགས་པ་འདི་རྩ་འཛུགས་གནང་མཁན་གྱི་མི་སྣ་གཙོ་གྲས་སུང་ལིས་ཡུང་གིས། ད་ལོ་ནས་བཟུང་དྲུག་བཞི་ལས་འགུལ་བའི་བུ་ཕྲུག་འཚར་ལོངས་ཐེབས་རྩ་ཚོགས་པ་འདི་དངོས་སུ་ཚུགས་པ་ཡིན་ལ། ཐེབས་རྩ་ཚོགས་པ་འདིས་ཐེངས་འདིར་དྲུག་བཞི་ལས་འགུལ་བའི་བུ་ཕྲུག་ཁྲོད་དཀའ་ངལ་ཅན་གྱི་སློབ་མ་ ༧ ལ་སློབ་ཡོན་རོགས་སྐྱོར་ཌོ་ལོར་ ༡༠༠༠ རེ་དང་། སློབ་ཕྲུག་ ༢ ལ་བྱ་དགའི་མ་དངུལ་ཌོ་ལོར་ ༡༥༠༠ རེ་སྤྲད་ཡོད། བྱ་དགའི་མ་དངུལ་དེ་ནི་དྲུག་བཞི་ལས་འགུལ་བའི་བུ་ཕྲུག་ཁྲོད་རྒྱ་ནག་རྒྱལ་ཡོངས་ཀྱི་སྙན་གྲགས་ཅན་གྱི་སློབ་གྲྭ་ཁག་ཏུ་རྒྱུགས་འཕྲོད་མཁན་དག་ལ་སྤྲད་ཡོད་ཅེས་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་འདུག
སློབ་མ་དམར་གསོད་ཀྱི་དོན་རྐྱེན།

ཕྱི་ཚེས་ ༡༥ ཉིན་ཅིས་ནན་མེན་ཧའོ་སློབ་འབྲིང་གི་སྒོ་ཁར་སློབ་མ་དམར་གསོད་ཀྱི་བྱ་སྤྱོད་སྤེལ་དེ་སློབ་མ་ ༡༡ ལ་ཚད་མི་འདྲ་བའི་རྨས་སྐྱོན་ཕོགས་འདུག  དེའི་ཁྲོད་མིང་ལ་མཱ་ཆང་ཟེར་བའི་ལོ་ ༡༥ ཅན་གྱི་འཛིན་གྲྭ་བརྒྱད་པའི་སློབ་མ་ཞིག་ལ་རྨས་ལྕི་མོ་ཕོགས་ཡོད་པ་དང་། ད་ལྟ་ཁོ་ཧྲན་ཏ་སྨན་ཁང་གཉིས་པ་ནས་ཅི་ནན་དམག་ཁུལ་གྱི་མཁའ་དམག་ཨང་ ༤༥༦ པའི་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་བྱུང་ཡོད་ནའང་། ད་དུང་ཁོའི་རྐང་ལག་ཞ་འཁུམ་དུ་འགྲོ་རྒྱུའི་ཉེན་ཁ་ལྷག་ཡོད་འདུག  སློབ་གྲྭ་དེ་གའི་སློབ་མ་ཞིག་གིས་དོན་རྐྱེན་དེའི་སྐོར་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱས་དོན། ཉིན་གུང་གི་སློབ་ཐུན་བར་གསེང་ངལ་གསོའི་སྐབས་སུ་འཛིན་རིམ་བརྒྱད་པའི་སློབ་མ་ ༡༡ ལ་འཛིན་རིམ་གཅིག་པ་ཡིན་པའི་ཞའོ་ཝེ་ཟེར་བའི་སློབ་མ་ཞིག་གིས་བརྡ་བཏང་བ་ལྟར་ཁོ་ཚོ་སློབ་གྲྭའི་སྒོ་ཁར་བུད་དེ་གོམ་པ་ཉི་ཤུ་ཙམ་བརྒལ་མ་ཐག  གློ་བུར་དུ་ཆ་རྒྱུས་མེད་པའི་མི་དར་མ་ ༢༠ ཙམ་གྱིས་སློབ་མ་རྣམས་བསྐོར་ཏེ་གྲི་དང་རྒྱུགས་པ་སོགས་ཀྱིས་གང་བྱུང་རུབ་རྡུང་བྱས་ཡོད་པ་རེད།

ད་ལྟ་མྱུར་སྐྱོབ་བྱ་བཞིན་པའི་མཱ་ཆང་གི་ཨ་མས་གསར་འགོད་པར་བཤད་རྒྱུར།  བྱིས་པའི་གཟུགས་གཞི་བདེ་ཐང་འབྱུང་མིན་དང་། མ་འོངས་པར་ཁོའི་སེམས་ཁམས་ལ་ཤུགས་རྐྱེན་འབྱུང་མིན་ཐད་སེམས་ཁུར་ཆེན་པོ་འདུག  ངའི་རེ་བར་རང་ཉིད་ཀྱི་ཕྲུ་གུའི་སྟེང་བྱུང་བའི་ཡིད་སྐྱོ་བའི་གནས་ཚུལ་འདིའི་རིགས། རྗེས་ཕྱོགས་ཡང་བསྐྱར་ཕྲུ་གུ་གཞན་པའི་སྟེང་མི་འབྱུང་བའི་རེ་སྐུལ་ཞུ་གི་ཡོད་ཞེས་བརྗོད་ཡོད་པ་རེད། 

ལྷོ་ཆུ་བྱང་འདྲེན།

རྒྱ་ནག་གཞུང་གིས་ལྷོ་ཆུ་བྱང་འདྲེན་གྱི་ལས་འཆར་འདྲ་མིན་མང་པོ་ཞིག་གཏོང་བཞིན་ཡོད་པའི་ཁྲོད་ནས། ཧི་ནན་ཞིང་ཁུལ་གྱི་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གཞི་ད་ལྟ་སྒྲུབ་མགོ་བརྩམས་ཡོད་འདུག

ལས་གཞི་དེའི་ཆུའི་མགོ་ཁུངས་གཙོ་བོ་ནི་ཧི་ནན་ཞིང་ཆེན་ཞི་ཁྲོན་རྫོང་ཡིན་པ་དང་། ལས་འཆར་ཁྲོད་ཁུལ་དེའི་མི་གྲངས་ ༡༦༢༠༠༠ ལྷག་གནས་སྤོར་བྱ་འཆར་ཡོད་འདུག ཁུལ་དེའི་ཞིང་གྲོང་ ༡༠ ལྷག་གི་མི་གྲངས་ ༦༤༩༠༠ ལྷག་གནས་སྤོར་གྱི་ལས་གཞི་ཐེངས་དང་པོ་དེ་ཕྱི་ཚེས་ ༡༧ ཉིན་ནས་མགོ་བཙུགས་ཡོད་པ་དང་། མི་འགྱངས་པའི་ཟླ་གསུམ་གྱི་རིང་གནས་སྤོ་མཇུག་སྒྲིལ་རྒྱུ་ཡིན་འདུག རྫོང་འདིར་ས་ཁྱོན་མུའུ་ཁྲི་ ༢༣ དང་།  ས་གནས་གྲོང་རྡལ་ ༣ ། བཟོ་གྲྭ་ ༣༦ ལྷག་ཡོད། ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གཞི་དེ་ནི་ཏཱན་གཙང་པོའི་ཆུ་མཛོད་ཀྱི་ཁ་བསྒྱུར་ཏེ་པེ་ཅིན་དང་ཐེན་ཅིན་བཅས་སུ་འབབ་རྒྱུན་སྤྱི་ལེ་ ༡༢༧༧ རིང་ཚད་དུ་འདྲེན་རྒྱུ་ཡིན་པ་དང་། ལས་གཞི་དེའི་རྐྱེན་པས་ཧི་ནན་དང་ཧུ་པེ་ཞིང་ཆེན་གཉིས་ནས་བསྡོམས་པའི་མི་གྲངས་ ༣༣༠༠༠༠ ལྷག་གནས་སྤོ་བྱ་དགོས་བྱུང་ཡོད།

ཆུ་བེད་ཆེད་མཁས་པ་ཝང་ཝེ་ལོའུ་ཡིས་བརྗོད་རྒྱུར། ལྷོ་ཆུ་བྱང་འདྲེན་དང་ལྷག་པར་དུ་དབུས་ཐིག་ལས་གཞི་དེ་ནི་ལྷོ་ཆུ་བྱང་དུ་འདྲེན་པའི་ལམ་ཐིག་གཙོ་བོ་ཞིག་རེད། རྒྱ་ནག་གི་རང་བྱུང་ཆུ་བོ་ཕལ་ཆེ་བ་ཤར་ནས་ནུབ་ཏུ་འབབ་ཀྱིན་ཡོད། ཆུ་འདྲེན་ལམ་ཐིག་འདིས་ཆུ་ཕྲན་ ༧༠༠ ལྷག་འཕྲེད་གཅོད་བྱ་རྒྱུ་ཡིན་པ་དང་། རང་བྱུང་ཁོར་ཡུག་གི་གནས་བབས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། རང་བྱུང་ཆོས་ཉིད་དང་འགལ་བའི་བསྒྱུར་བཀོལ་འདིས་རིགས་ཀྱིས་མ་འོངས་པར་བྱེ་འགྱུར་ཐན་སྐྱོན་སོགས་བློ་ཡིད་ལ་མི་ཤོངས་པའི་གནོད་འཚེ་བྱུང་སྲིད་པ་རེད་ཟེར།  

༧་༥ དུས་དྲན་ལ་བཀག་སྡོམ།

ཤིན་ཅང་དུ་ ༧་༥ ངོ་རྒོལ་ཡར་ལངས་ཀྱི་དུས་དྲན་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་དམ་དྲག་བྱེད་མགོ་ཚུགས་ཡོད་འདུག ཉེ་བའི་གཟའ་འཁོར་ནས་བཟུང་ཝུ་རུ་མུའུ་ཆི་གཙོས་པའི་ཤིན་ཅང་གི་ས་ཁུལ་སོ་སོར་ཆུ་ཚོད་ ༢༤ རིང་དམ་དྲག་ལྟ་རྟོག་གི་ལས་འགུལ་མགོ་ཚུགས་ཡོད་པ་དང་།  དམ་དྲག་ལས་གཞི་དེ་ཕྱི་ཟླ་ ༧ པའི་ཚེས་ ༢༠ བར་སྤེལ་རྒྱུ་ཡིན་པར་མ་ཟད། ཟླ་འདིའི་ཚེས་ ༢༥ ཉིན་ནས་བཟུང་ཝུ་རུ་མུའུ་ཆི་གྲོར་ཁྱེར་དུ་དྲག་ཆས་ཉེན་རྟོག་པ་ ༡༠༠༠ ལྷག་ཁ་སྣོན་བྱེད་རྒྱུ་ཡིན་འདུག ད་ལྟ་ཤིན་ཅང་ས་ཁུལ་གྱི་གྲོང་ཁྱེར་སོ་སོའི་མི་མང་འདུ་འཛོམས་བྱ་སའི་གནད་ཡོད་ས་ཚུགས་ཁག་ཏུ་སྐོར་གཡེང་བྱེད་མཁན་གྱི་དྲག་ཆས་ཉེན་རྟོག་པས་ཁེངས་ཡོད་པར་མ་ཟད།  གཞུང་འབྲེལ་ལས་ཁུངས་སོ་སོའི་ལས་བྱེད་རྣམས་ཀྱང་རྩ་འཛུགས་བྱས་ཏེ་སྲང་གྲོང་ཁག་ཏུ་མཚན་སྲུང་གི་ལས་རེས་སྒྲུབ་བཞིན་ཡོད་པ་རེད། ལྷག་པར་དུ་ཝུ་རུ་མུའུ་ཆི་མཐོ་རིམ་སློབ་གྲྭ་ཁག་ཏུ་དམ་སྲུང་ནན་མོ་བྱས་ཏེ། ཤིན་ཅང་མི་རིགས་ཡིན་པའི་སློབ་ཕྲུག་དག་མཉམ་དུ་འདུ་འཛོམས་བྱེད་པར་ལྟ་རྟོག་བྱེད་བཞིན་ཡོད་པ་རེད།  ཤིན་ཅང་མི་རིགས་ཡིན་པའི་པེ་ཅིན་དབུས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིས་ལིས་ཧ་མུའུ་ཐུའུ་ཧི་ཡིས་བརྗོད་པ་ལྟར་ན། པེ་ཅིན་གྱི་སློབ་གྲྭ་ཁག་ཏུའང་ཤིན་ཅང་མི་རིགས་ཀྱི་སློབ་མ་རྣམས་ལ་ལྟ་རྟོག་བྱེད་བཞིན་འདུག་ཟེར།   ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་ཧའོ་ཅོན་གྱིས་བརྗོད་རྒྱུར། སྒྲིག་གཞི་ལམ་ལུགས་གང་རུང་ཞིག་ལ་འགྱུར་བཅོས་གཏོང་ཆེད་མང་ཚོགས་ཕན་ཚུན་བར་གདོང་ཐུག་གི་འཐབ་རྩོད་སྤེལ་རྒྱུ་དེ་ནི་རྒྱ་ནག་དཔོན་རིགས་ཚོའི་བྱེད་ཐབས་ཉག་གཅིག་སྟེ་རིག་གནས་གསར་བརྗེ་ནང་བཞིན་རེད། དོན་གྱིས་ ༧་༥ དོན་རྐྱེན་དེ་ནི་རྒྱ་དང་ཤིན་ཅང་མི་རིགས་བར་གྱི་འགལ་བ་ཞིག་དང་། ཡང་ན་རྒྱ་ཤིན་མི་རིགས་གཉིས་དང་དྲག་ཆས་ཉེན་རྟོག་པའི་བར་གྱི་འཁྲུག་འཛིངས་ཤིག་ཡིན་མིན་བསྐྱར་ཞིབ་དང་མནོ་བསམ་གཏོང་དགོས་པ་ཞིག་རེད་ཅེས་བརྗོད་ཡོད་འདུག

གསར་འགྱུར་བསྡུ་སྒྲིག་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༨ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    གསར་འགྱུར་བསྡུ་སྒྲིག་པ་ཚེ་རིང་རྒྱལ་ལགས་ལ་ཐུགས་རྗེ་ཆེ་ཞེས་ཞུ།

    Reply
  2. བློ་བཟང་། says:
    ལོ་ 16 སྔོན།

    རྒྱ་ནག་གིས་ཉེས་པ་གཡོག་ཏེ་བཙོན་འཇུག་བྱེད་བཞིན་ཡོད་འདུག ཉེ་འཆར་དབྱིན་ཇི་བུ་མོ་ཞིག་རྒྱ་ནག་ཏུ་སྡོད་སྐབས། རྒྱ་ནག་གི་ཉེན་རྟོག་པས་ཁོ་མོར་ཞིབ་གཤེར་བྱས་ཡོད་འདུག དེ་དུས་ཁོ་མོར་བོད་ཀྱི་རྒྱལ་དར་དང་། རྒྱལ་བ་རིན་པོ་ཆེའི་སྐུ་པར་བཅས་ཅི་ཡང་མེད་ཟེར། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱ་ནག་གི་ཉེན་རྟོག་པས་བོད་ཀྱི་རྒྱལ་དར་དང་། སྐུ་པར་ཁོ་མོར་ཅ་ལག་ཏུ་བཞག་སྟེ་སྐྱོན་འཛུགས་བྱས་ཏེ་སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ཕུད་བཏང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese