བོད་པའི་ཕྲུ་གུ་གཅིག་གི་ཤེས་ཡོན་གྱི་འགན་བཙན་བྱོལ་བོད་གཞུང་ནང་འཛིན་སྐྱོང་བཀའ་ཤག་ལས་ལྷག་པ་ཞིག་གཞན་སུ་ལའང་ཡོད་པ་མ་རེད་ཅེས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་གསུངས་ཡོད།
ཐེངས་འདིའི་མཱ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་ ༡༠ ལུས་འབྲེལ་གྱི་རྐྱེན་པས་ཕྱིར་ཕུད་བཏང་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞུང་བཀའ་ཤག་ལ་ཕྲུ་གུ་དེ་དག་ཕྱིར་བོད་ནང་མི་གཏོང་བའི་ཐད་ཛ་དྲག་ཐོག་སྙན་ཞུ་ཕུལ་ཡོད་ལ། བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་པ་དང་ཀློག་པ་པོ། དེ་བཞིན་སྤྱི་ཚོགས་ཁྲོད་གནས་ཚུལ་དེའི་ཐད་རེ་བ་དང་འབོད་སྐུལ་གང་མང་ཞུས་དང་ཞུ་བཞིན་ཡོད་སྟབས། འདི་གའི་གསར་འགོད་པ་ཕྱིཚེས་ ༢༤ ཉིན་གུང་བོད་གཞུང་བཀའ་ཤག་ལས་ཁུངས་སུ་བཅར་ཏེ་བཀའ་དྲུང་སྐུ་ངོ་མི་འགྱུར་རྡོ་རྗེ་ལགས་སུ་ཐེངས་འདིའི་སློབ་མ་ཕྱིར་ཕུད་བཏང་བའི་ཐག་གཅོད་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་། བཀའ་ཤག་གི་ངོས་ནས་མ་འོངས་པར་སློབ་མ་དེ་དག་ཕྱིར་བོད་ནང་མི་གཏོང་བའི་ཐད་རོགས་རམ་དང་མཐུན་རྐྱེན་གང་འདྲ་ཞིག་གནང་འཆར་ཡོད་མེད་ཀྱི་ཐད་བཀའ་འདྲི་ཞུས་པར་ཁོང་གིས། མཱ་སུ་རི་བོད་ཁྱིམ་ནས་སློབ་མ་ཕྱིར་ཕུད་བཏང་བ་དེ་བརྒྱུད་ལམ་ཁག་ཏུ་ཐོན་ཚར་བ་ཞིག་དང་མཁྱེན་བསྡད་པ་ཞིག་ཡིན་སྟབས་དམིགས་བསལ་འགྲེལ་བཤད་བྱེད་དགོས་པ་ཞིག་མ་རེད། ཡིན་ཡང་། མང་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ལ། སློབ་གྲྭ་དང་དགོན་སྡེ་སོགས་ཚོགས་པ་སྐྱིད་སྡུག་གང་འདྲ་ཞིག་ཡིན་ཡང་། ལས་ཀ་དང་སྒྲིལ་སྲོལ་ལ་དམིགས་བསལ་གྱི་ཁྲིམས་དང་སྒྲིག་གཞི་ཞིག་ཡོད་པ་ལྟར། ཁྲིམས་དང་སྒྲིག་གཞི་ལ་འགལ་བ་ཡིན་ན། འགལ་བ་བཞིན་ཐག་གཅོད་དང་ལག་ལེན་བསྟར་དགོས་སྟབས། ཐེངས་འདིའི་སློབ་གྲྭས་ཐག་གཅོད་དེ་འགྲིག་བསྡད་པ་ཞིག་རེད། ཡིན་ནའང་། སྤྱི་ཚོགས་ནང་གནས་ཚུལ་འདིའི་རྐྱེན་པས་རྒྱ་མིར་རྩིས་སྤྲོད་བྱས་པ་སོགས་སྐད་ཆ་འདྲ་མིན་ཐོན་ཡོང་གི་ཡོད་འདུག དེའི་གྲས་ཀྱི་ཀུན་སློང་དང་དགོངས་འཆར་ལ་སྐྱོན་མཐོང་གི་མེད། དེ་བསམ་ཚུལ་ཙམ་རེད། ཡིན་ཡང་། གནས་ཚུལ་མང་པོ་ཞིག་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་གཟིགས་དགོས་པ་རེད། བོད་པའི་ཕྲུ་གུ་གཅིག་གི་ཤེས་ཡོན་གྱི་ཆེད་དུ་འཛིན་སྐྱོང་བཀའ་ཤག་ལ་གཞན་ལས་ལྷག་པའི་ཐུགས་འཚབ་དང་འགན་ཡོད་པ་རེད། འཛིན་སྐྱོང་ཞེས་པ་འདི་མིང་ཐོགས་པ་ནས་གནས་ཚུལ་མང་པོ་ཞིག་ལ་གཟིགས་དགོས་སྟབས། ད་ལྟའི་ཆར་གཅིག་གཉིས་བྱས་ཏེ་བཤད་མི་ཐུབ་རུང་བཀའ་ཤག་ནས་འདིའི་ཐད་གཞན་ལས་ལྷག་པ་ཞིག་གནང་གི་རེད། ཅེས་གསུངས་སོང་ལ། མ་འོངས་པར་ཕྲུ་གུ་དེ་དག་གི་ཤེས་ཡོན་དང་མདུན་ལམ་སོགས་ཀྱི་ཐད་ཐུགས་འཚབ་ཆེ་ཤོས་བཀའ་ཤག་ལ་ཡོད་ཀྱང་། འཛིན་སྐྱོང་གིས་གནས་ཚུལ་དེ་དག་ཚོར་བའི་ཐོག་ནས་བཟོས་པ་ཞིག་མ་ཡིན་པར། རྒྱུ་མཚན་ལ་གཞིགས་ཏེ་འགྲོ་དགོས་སྟབས། ད་ལྟའི་ཆར་སློབ་མ་དེ་དག་མཱ་སུ་རི་སློབ་གྲྭ་ནས་ཕྱིར་ཕུད་བཏང་བ་ནས་ད་ལྟའི་བར་འབྲེལ་ཡོད་ཚང་མས་གམ་ནས་གནས་ཚུལ་གྱི་བྱུང་རིམ་དང་གནས་ལུགས་མཐའ་དག་བཀའ་ཤག་ལ་རག་དགོས་པ་དང་། དེ་དག་བཀའ་ཤག་ལ་རག་པ་དང་གནས་ལུགས་མཐའ་དག་མཁྱེན་རྗེས་བཀའ་ཤག་གི་ངོས་ནས་གོམ་པ་གསར་པ་གང་འདྲ་ཞིག་ལ་སྤོ་དགོས་མིན་དང་གཟིགས་སྐྱོང་གང་འདྲ་གནང་དགོས་མིན་ཐད་དགོངས་པ་བཞེས་ངེས་རེད་ཅེས་གསུངས་སོང་། ཡང་བཀའ་ཤག་གིས་ད་ལྟ་གཞི་ནས་ཐག་གཅོད་བྱ་ཕྱོགས་ཤིག་འཚོལ་བཞིན་ཡོད་ཀྱང་། བཀའ་ཁྲི་དང་ཤེས་རིག་བཀའ་བློན། མ་སུ་རི་སློབ་གྲྭ་བཅས་ཀྱི་ཐག་གཅོད་ལྟར་བྱིས་པ་དེ་དག་བལ་ཡུལ་བར་དུ་བསྐྱལ་ཚར་ཡོད་སྟབས། ཐག་གཅོད་གསར་པ་དེ་མ་བསླེབས་བར་དུ་བྱིས་པ་དེ་དག་ལ་བོད་གཞུང་གིས་བདག་པོ་རྒྱག་གི་རེད་དམ་ཅེས་དྲིས་པའི་ལན་དུ་ཁོང་གིས། བྱིས་པ་དེ་དག་ད་ཆ་བལ་ཡུལ་དུ་ཡོད་པའི་བོད་གཞུང་སྣེ་ལེན་ཁང་དུ་ཡོད་པ་རེད། རྗེས་ཕྱོགས་ཀྱང་བོད་གཞུང་གིས་བདག་པོ་རྒྱག་གི་རེད་ཅེས་གསུངས་བྱུང་།
མཐའ་མར་ཁོང་གིས་ད་ལྟའི་སྤྱི་ཚོགས་ནང་ཐེངས་འདིའི་ཐག་གཅོད་ཐད་བསམ་ཚུལ་འདྲ་མིན་ཡོང་བཞིན་པའི་ཐད་གསུངས་དོན། ང་རང་སྒེར་གྱི་ཉམས་མྱོང་ལྟར་ན། གནས་ཚུལ་མང་པོ་ཞིག་ཐག་ཆོད་པོ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ། ཐག་གཅོད་བྱེད་སྟངས་ཐད་བསམ་ཚུལ་འདྲ་མིན་ཡོང་བཞིན་པ་དེ་མི་སོ་སོའི་ལྟ་སྟངས་ཀྱི་ཐོག་ནས་སླེབས་པ་ཞིག་རེད། ང་ཚོས་ཕྲུ་གུ་ཁག་ཅིག་ལ་གུ་ཡངས་བཏང་སྟེ་ཕྲུ་གུ་སྟོང་ཕྲག་མང་པོའི་མདུན་ལམ་ལ་དཔེ་སྟོན་ངན་པ་འཇོག་མིན་དེ་བསམ་བློ་གཏོང་དགོས་པ་ཞིག་དང་འགྲོ་སྟངས་ཤིག་ཆགས་ཡོད་སྟབས། ཐེངས་འདིའི་ཐག་གཅོད་ཐལ་དྲག་མིན་གྱི་ཐད་ཚང་མས་དགོངས་པ་བཞེས་དགོས་པའི་གནད་དོན་ཞིག་རེད་ལ། བཀའ་ཤག་གི་ངོས་ནས་ཕྲུ་གུ་དེ་དག་གི་གནས་སྟངས་ལ་གཞིགས་ཏེ་མཐུན་འགྱུར་རོགས་རམ་གནང་འཆར་ཡོད་པའི་སྐོར་གསུངས་བྱུང་།
གསར་འགོད་པ་དོན་གོ།
བུ་དེ་ཚོ་ལ་ཁྲིམས་ཐག་འདི་འདྲ་བཅད་དུས་ཧ་ཅང་བློ་ཕམ་ཅང་རྒྱུ་མཚན་གང་ཡིན་ཟེར་ན་ཁོང་རྣམ་པ་ཚོ་སྤྲིན་དཀར་པོ་ཐོག་ལ་བཟུང་ནས་ས་ནག་པོ་འདོན་ལ་འཇལ་ཏེ་ཕ་ཡུལ་གངས་ཅན་ནས་སློབ་སྦྱོང་ཁོ་ན་དམིགས་ཏེ་རྒྱ་གར་ལ་ཕེབས་པ་རེད་ཉེ་ཆར་ནོར་འཁྲུལ་ཅུང་ཟད་ཞིག་ལ་གཟིགས་ནས་ཐག་བཅད་འདི་འདྲ་བྱེད་དགོས་ནམ། ལོ་སྔོན་མ་བོད་མི་མང་སྤྱི་འཐུས་ཚོ་གང་ཟག་གཅིག་ལ་དམིགས་ནས་སྨྱོན་གྲ་ག་ཚད་སླེབས་པ་རེད་དེ་ལ་ཐག་བཅད་བྱེད་ཐུག་མཁན་སུ་ཡོད། སྤྱི་མི་ལ་ནོར་འཁྲུལ་མེད་མཁན་ཞིག་དང་ཤིང་ལ་མཛེར་པ་མེད་མཁན་ཞིག་ཁ་པོ་རེད།
ཉེ་ཆར་གནས་ཚུལ་འདི་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
བྱིས་པ་དེ་དག་ཆོས་ཅན། བོད་གཞུང་གི་བདག་པོ་བརྒྱབ་གི་ཡོད་ཏེ། ནོར་འཁྲུལ་ཅུང་ཟད་བྱུང་མ་ཐག་སློབ་གྲ་ནས་ཕྱིར་ཕུད་དེ་རྒྱ་མའི་སར་བསྐྱལ་ཡོད་པའི་ཕྱིར། ཟེར་བ་ལ། ཁྱབ་ལོགས་འདོམ་པ་བཅོ་བརྒྱད་བསྒྲལ་ཟེར་རྒྱུ་ཡིན།
སྤོབས་པ་མཐའ་ཡས་ཤེས་པའི་མིང་འཛིན་པ་ལ་ལན། ཁོག་ཏུ་དྲན་རྒྱུ་དང་ཁ་རུ་ལབ་རྒྱུ་གཉིས་ཡོད་པ་ལ་གཡོ་སྒྱུ་ཟེར་གྱི་ཡོད། དུས་བབ་དྲྭ་ཐོག་ཏུ་ཕེབས་མཁན་གྱི་བརྒྱ་ཆ་དགུ་བཅུ་ལྷག་དེ་འདྲ་རེད་སྨྲ་བར་ཕོད་པ་ལ་བལྟས་ན་ཉིད་མིང་དོན་མཚུངས་པ་ཞིག་རེད་ཤག
སྨྲ་བར་ཕོད་པས་ཕན་གྱི་མེད། སྨྲས་པས་ཕན་པ་ཞིག་སྨྲ་དགོས་ཀྱི་ཡོད། བོད་དོན་ཁར་ཁྱེར་ཀྱང་། བོད་ཀྱིས་སྲོག་ལྟར་བརྩིས་པའི་རིགས་གཞུང་དང་ལུགས་སྲོལ་དང་རོ་རྒྱབ་ཁུར་དུ་སོངས་བའི་བྱ་སྤྱོད། སངས་རྒྱས་ཀྱི་སྐུ་གཟུགས་ལྷམ་ལ་་རིས་སུ་བྲིས་ནས་ཚོང་རྫས་སུ་བྱས་པ་ལང་ཡང་ལེགས་པོར་སྣང་བའི་དག་སྣང་ཅན་ཉིད་ནི། བོང་བུའི་རྣ་བར་གསེར་དང་བྱེ་མ་གང་རླུགས་ཀྱང་ཁྲོབ་ཁྲོབ་ཟེར་བ་ལས་ཁྱད་པར་མེད་པའི་དཔེ་རུ་གྱུར།
ད་ལམ་བོད་མི་སྟོངས་ཕྲག་ལས་བརྒལ་བས་ཧ་ཀྱང་ཐལ་དྲག་པར་བརྩིས་པའི་མ་སོར་རིའི་སྒྲིགས་གཞི་དེ་བོད་ཀྱི་ལུགས་སྲོལ་ལ་མེད་པ། ཁ་ཆེ་དྲག་སྤྱོད་པའི་ལུགས་ཕུད་རང་དབང་ཅན་གྱི་རྒྱལ་ཁབ་སུ་ལ་ཡང་མེད་པའི་ལྐུག་པའི་སྒྲིགས་གཞི་དེ་ལ། ངོ་རྒོལ་བྱེད་པ་དང་། དྲངས་པོ་མ་བྱུང་པའི་ཉེས་ཆད་དེ་ལ་རྐྱོན་བརྗོད་བྱེད་པའི་རང་དབང་དང་གོ་སྐབས་ཡོད་པ་འདི་ནི། གོང་ས་སྐྱབས་མགོན་ཆེན་པོས་མང་གཙོ་སྤྲད་པའི་དན་རྟགས་རེད། མང་ཚོགས་ཀྱི་བསམ་ཆར་དང་བསྟན་ནས་འགན་ཁུར་བྱེད་པའི་གཞུང་སྒེར་སུ་ཡིན་ནའང་རུང་མང་ཚོགས་ལ་དགོངས་སེལ་ངེས་པར་ཞུ་དགོས་པའི་ཐོག སློབ་ཕྲུག་དེ་དག་ལ་མདུན་ལམ་ཞིག་ངེས་པར་ཅན་དུ་བསྟན་ཐུབ་པ་ཞིག་དགོས།
གལ་སྲིད་དེ་ལྟར་མ་བྱུང་ན། རྒྱ་མིས་དུས་དང་རྣམ་པ་ཀུན་ཏུ་བཙན་བྱོལ་བོད་གཞུང་གི་སྒྲིགས་འཛུགས་དེ་མང་གཙོ་མིང་ཙམ་རེད་ཟེར་བའི་རྐྱོན་བརྗོད་བྱེད་དང་བྱེད་བཞིན་པ་དེ་ལ་དག་པ་སྟེར་བའི་ངོས་འཛིན་ཞུ་རྒྱུ་ཡིན།
བོད་གཞུང་དེ་ལྟར་བདག་པོ་བརྒྱབ་པར་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། ལོ་སྔོན་མའི་ནང་ཡང་མ་སུ་རུའི་སློབ་གྲྭའི་ནང་གི་དགེ་རྒན་ཞིག་གིས་སློབ་ཕྲུག་བུ་མོ་ཞིག་ལ་བཙན་གཡེམ་བྱས་རྗེས་སློབ་གྲྭའི་འབྲེལ་ཡོད་དབུ་ཁྲིད་ཚོས་བུ་མོ་དེ་ཕྱིར་འབུད་བཏང་བ་མ་གཏོགས་དགེ་རྒན་དེ་ལ་ཉེས་ཆད་ཅི་ཡང་བཅད་ཡོད་པ་མ་རེད་ཟེར། དེ་བདེན་པ་ཡིན་ནམ། ངས་བོད་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་མ་སུ་རུའི་སློབ་སྤྱི་སོགས་འབྲེལ་ཡོད་རྣམས་ལ་བཀའ་འདྲི་ཞུ་ཡི་ཡོད།
ལས་ཀ་བྱེད་སྟངས་དེ་ཚོ་ལ་ངོས་རྒོར་ཡོད།
ལོ་༡༣་ཅན་གྱི་བུ་ལ་བཀའ་ཤག་གིས་ཁྲིམས་བཅད་པ་དང་
བོད་ལ་ཕྱི་ལོག་གཏོང་རྒྱུའི་ཆེད་བལ་ཡུལ་དུ་བཏང་གཟིན་པ་དང་
བཀའ་དྲུང་གིས་ཁྲིམས་བཅད་དེ་དག་འགྲིག་ཚུལ་བཤད་པ་ཚང་མ་ལ་ངོས་རྒོལ་ཡོད།
ང་ལ་དོགས་པ་ཞིག་ཡོད། འདི་ན་མི་གཡོ་སྒྱུ་ཅན་ཁ་ཤས་ཤིག་གིས་གླེང་གཞི་བཟོས་ནས་ཅིག་འཁྲབས་བཞིན་ཡོད་པ་འདྲ། ད་ཐེངས་མ་སུའུ་རིའི་སློབ་ཕྲུག་ཕྱིར་འབུད་བཏང་བ་དེར་རྒྱབ་རྩ་བྱེད་མཁན་འདི་འདྲ་མང་པོ་ཞིག་འདུག ཚོགས་པ་སྒྲིག་འཛུགས་གང་ཡིན་ན་ཡང་ཕྱིར་འབུད་བྱེད་འོས་པའི་སྒྲིགས་གཞི་ཞིག་དང་འགལ་ན་ཕྱིར་འབུད་བྱེད་པ་དེ་རྒྱུན་ལྡན་རེད། བཙན་བྱོལ་ནང་ནས་ཚོགས་པ་སྒྲིག་འཛུགས་གང་རུང་ནས་ཕྱིར་ཐོན་ཚེ་བོད་དུ་འགྲོ་མཁན་ཚོར་ལམ་གྲོན་ཁ་གསབ་ཞིག་ཀྱང་སྣེ་ལེན་ཁང་བརྒྱུད་ནས་ཐོབ་ཀྱིན་ཡོད་པ་རེད། བོད་དུ་འགྲོ་མཁན་ཡིན་རུང་མིན་རུང་ཁེ་བཟང་ལ་བསམ་ནས་ལམ་གྲོན་དེ་ལེན་མཁན་མང་པོ་རེད། འདི་ནས་སློབ་ཕྲུག་རྒྱ་མིའི་ལག་ལ་རྩིས་སྤྲོད་བྱས་ཟེར་བ་དེ་དེ་ག་ཙམ་དུ་གཞི་མེད་ཉེས་འཛུགས་རེད། ཐོག་མར་རྒྱ་མིའི་ལག་ལ་རྩིས་སྤྲོད་བྱས་སོང་ཟེར་མཁན་དེས་ཧ་མ་གོ་བར་དེ་ལྟར་ལབ་པ་ཞིག་མ་རེད། མི་དེ་ལ་དམིགས་ཡུལ་གཞན་ཞིག་འདུག དམིགས་ཡུལ་དེ་ཡག་པོ་ཞིག་མ་རེད། མི་དེས་མ་སུའུ་རི་སློབ་གྲྭའམ་ཡང་ན་བཙན་བྱོལ་བོད་གཞུང་ལ་ནག་ཐིག་ཅིག་བགོ་བསམ་ནས་དེ་ལྟར་ལབ་པ་རེད། དེའི་རྗེས་སུ་རི་བོང་ཅལ་འགྲོགས་ལྟ་བུའི་མི་མང་པོ་ཞིག་ཧ་ལས་མདོག་གིས་གཏམ་དེ་གཅིག་རྗེས་གཉིས་ཟློས་བྱས་སོང་། ངས་བསམ་ན་གླེང་གཞི་འདི་རྒྱ་ཆེན་པོ་བཟོ་མཁན་དེ་སློབ་ཕྲུག་དེ་ཚོའི་སྤུན་ཉེ་གྲོགས་པོ་ལྟ་བུའམ་ས་ཕྱོགས་གཅིག་པ་སོགས་གང་ལྟར་འབྲེལ་བ་ཞིག་ཏན་ཏན་ཡོད་ངེས་རེད། དཔེར་ན་དུས་བབ་དྲ་རྒྱའི་བསམ་ཚུལ་འདེམས་ས་དེར་གཅིག་ལྟོས་དང་། ཐལ་དྲགས་འདུག་ཟེར་ས་དེ་འདེམས་མཁན་སྟོང་ཕྲག་ལས་བརྒལ་བ་རེད། ནམ་རྒྱུན་བོད་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་ན་ཡང་བསམ་ཚུལ་འདེམས་མཁན་དེ་འདྲ་མང་པོ་མི་འདུག ད་ཐེངས་མི་ཁ་ཤས་ཤིག་གིས་ཅིག་འཁྲབས་བཞིན་ཡོད་པ་སེམས་ཐག་ཆོད་བྱུང་། ངས་བསམ་ན་ད་ཐེངས་སྐད་ཆེན་པོ་རྒྱག་མཁན་དེའི་གྲས་ཁག་གཅིག་སློབ་ཕྲུག་དེ་ཚོའི་འབྲེལ་ཡོད་རེ་རེད་སྙམ །ཕོ་གཡོ་ཅན་ཉིམ་ནུབ་ནས་ཤར༎དེ་སྨིན་དྲུག་མེད་ན་ཤར་ནུབ་ནོར༎ཟེརབ་བ་བཞིན་མང་པོ་ཞིག་ལ་རང་སྟོབས་ཀྱིས་བསམ་བློ་གཏོང་བའི་ནུས་པ་མེད་སྟབས་མི་གཞན་གྱིས་གང་བཤད་ལ་རྗེས་ཟློས་བྱས་ནས་འུར་ཆེན་པོ་རྒྱག་ཁུལ་བྱེད་པ་མཐོང་དུས་དགོད་བྲོ་བ་ཞིག་ཀྱང་བྱུང་། ངས་འདི་ནས་རེ་སྐུལ་ཞུ་བཞིན་པ་ནི་རང་རང་གིས་བསམ་གཞིག་བྱེད་རོགས། མི་གཡོ་སྒྱུ་ཅན་གྱིས་གང་བཤད་ལ་རྗེས་ཟློས་ཀྱིས་གང་བྱུང་འུར་སྒྲོགས་མ་བྱེད་རོགས་ཞུ།
མ་སུ་རི་ནས་འཁྲིག་སྤྱོད་ལ་བརྟེན་པའི་དབང་གིས་་སློབ་ཕྲུག་ ༡༠ ཕྱིར་འབུད་བྱས་པའི་ཐག་གཅོད་དེར་བསམ་ཚུལ་ཅི་ཡོད།
འགྲིག་འདུག (༥༨)
འོས་འཚམ་རེད། (༢༤)
ཅུང་ནོར་འདུག (༦༧)
ཐལ་དྲག་འདུག (༡༥༣༧)
དཔྱོད་ལྡན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་བསམ་ཚུལ་རྒྱབ་སྐྱོར་ཆེན་པོ་ཡོད།
ཆེས་མཆོག་ཏུ་བཀུར་བར་འོས་པའི་རྒྱལ་གཅེས་པ་དང་། དྲང་བདེན་ལ་དགའ་བའི་དྲ་གྲོགས་ཚོས་དྲང་བདེན་དང་། ལྷག་བསམ་གྱི་ཐོག་ནས་ནུས་་མེད་བོད་ཕྲུག་ཚོའི་མི་ཚེའི་མདུན་ལམ་ལ་རང་གི་ནུས་པ་གང་ཡོད་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འབད་བརྩོན་བྱེད་བཞིན་པར་སྙིང་ནས་དགའབསུ་ཞུས་རྒྱུ་མ་ཟད།
ཁྱེད་རྣམ་པས་དངོས་ཡོད་རྒྱུ་མཚན་ལྡན་པའི་དགོངས་ཚུལ་གསུང་པ་དག་བདེན་པ་བདེན་ཐོག་ཏུ་འགྲོ་ཐུབ་པར་དུས་ནམ་ཡང་སྒུག་ནས་ཡོད།
ཐེངས་འདིའི་གནས་ཚུལ་ལ་འགན་ཁུར་རྐང་བཞེས་ཀྱིས་རྒྱུས་ལོན་གནང་མཁན་བཀུར་འོས་གསར་འགོད་པ་དང།
དོ་ཁུར་ཆེན་པོ་གནང་མཁན་གྱི་ལྷག་བསམ་ཅན་གྱི་དྲ་གྲོགས་ཡོངས་དང།
ཉམ་ཆུང་བུ་ཕྲུག་འདི་དག་གི་མ་འོངས་མདུན་ལམ་སོགས་ལ་ཐུགས་ཁུར་ཆེར་བསྐྱེད་གནང་བཞིན་པའི་ཚོགས་སྒེར་སུ་ཡོད་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ང་ཚོས་དེ་ལྟར་བྱེད་དགོས་པ་དེ་རང་ཅག་ཉམ་ཐག་གྲངས་ཉུང་བོད་མི་རིགས་ཡོངས་ཀྱི་བཟུར་ཐབས་བྲལ་བའི་འགན་འཁྲི་ཆགས་ཡོད།
དྲང་པོ་བཤད་ན་ཐེངས་འདིའི་མ་སུ་རིའི་སློབ་ཕྲུག་ཚོར་ཐག་གཅོད་བྱེད་སྟངས་དེ་ནི་ཧང་སང་དགོས་པའི་གནད་དོན་ཞིག་ཆགས་ཡོད།
མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་ནང་དོན་རྐྱེན་དེ་བྱུང་འཕྲལ་དངོས་གནས་བྱས་ན་སློབ་གྲྭ་རང་ཁོངས་ནས་རང་གཞན་ཀུན་ཕན་དང། འཕྲལ་ཕུག་ཀུན་དགེའི་ཐག་གཅོད་དགོས་པ་དང་། དེ་ཡང་ཕྲུ་གུའི་ཕ་ཚབ་མ་ཚབ་སོགས་དགེ་ལས་སུས་འགན་ཁུར་ཐུབ་མེད་ཀྱང་དེ་གཞིར་བཟུང་གིས་ཉེས་པ་ལྕི་ཡང་ལ་དཔག་པའི་ཉེས་ཆད་གཅོད་དགོས་པ་དེ་ནི་འཛམ་གླིང་སྤྱིའི་འགྲོ་སྟངས་ཤིག་ཡིན་ལ་ དེ་ལྟར་བྱེད་རྒྱུའི་འགན་དབང་ཆ་ཚང་དེ་གའི་ལས་བྱེད་ཚོར་ཡོད།
འོན་ཀྱང་དེ་ལྟར་མ་བྱས་པར་རང་གཞུང་གི་ཆེས་མཐོའི་དབུ་ཁྲིད་བཀའ་བློན་ཁྲི་བ་དང། ཤེས་རིག་བཀའ་བློན་སོགས་ཀྱི་མདུན་དུ་གནས་ཚུལ་དེ་དག་ཡར་སྤྲུངས་པ་དེ་སློབ་གྲྭའི་འབྲེལ་ཡོད་ལས་བྱེད་པས་ཞབས་འདྲེན་ཆེ་ཤོས་ཤིག་ཆགས་ཡོད།
དེ་ནི་ཁོང་ཚོས་ཆེད་དུ་དོན་རྐྱེན་དེ་དག་བཀའ་ཤག་གི་མགོར་གཡོགས་ཐབས་སུ་བརྩོན་པ་ཙམ་ལས་སློབ་གྲྭ་རང་ཁོངས་ཀྱི་ལས་བྱེད་པས་འགན་མ་ཁྱེར་བ་རེད།
དེ་ནི་ཁོང་ཚོ་རང་ངོས་ནས་འགན་འཁུར་མི་ནུས་པའི་རང་ངོས་ཀྱི་སྐྱུག་བྲོ་བའི་གནས་ཚུལ་རྫབ་དོང་གང་མང་ཞིག་ཡོད་པའི་རྟགས་བསྟན་པ་རེད།
དེ་ནི་ཨ་རིའི་རྒྱལ་ཁབ་ལྟ་བུར་མཚོན་ན་སློབ་གྲྭའི་ནང་བུ་དང། བུ་མོའི་བར་ལུས་འབྲེལ་བྱས་པའི་གནས་ཚུལ་ཞིག་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སར་བསྐྱར་བ་དང་གཅིག་མཚུངས་ཆགས་ཡོད།
བྱེད་སྟངས་དེ་བཀའ་ཤག་ལ་མཐོང་ཆུང་ཡང་ཆགས་ཡོད།
ཁོང་ཚོས་བཀའ་བློན་ཁྲི་བ་དང། ཤེས་རིག་བཀའ་བློན་སོགས་བཀའ་ཤག་གིས་ཐག་གཅོད་བྱས་པ་རེད། ཟེར་བའི་སྐད་ཆ་རྫིག་པོ་འདིས་མ་སུ་རི་སློབ་གྲྭ་དེའི་ནང་གི་མཐོ་རིམ་དབང་འཛིན་པའི་ནང་ཁུལ་གྱི་ཕྱི་ལ་ཁྱབ་འདོད་དང། སྟོན་འདོད་མེད་པའི་མི་སྙན་ཞིང། ཡིད་དུ་མི་འོང་པའི་གནས་ཚུལ་དྲང་བདེན་མེད་པ་ཁྲིམས་འགལ་གྱི་རིགས་གང་མང་ཞིག་དྲི་ངན་ས་གཡོགས་བྱས་ཡོད་ཐག་ཆོད་ཡིན།
དེ་ནི་ཁོང་ཚོས་གོ་སྐབས་ཤིག་བཟུང་སྟེ། བོད་གཞུང་བཀའ་ཤག་བེད་སྤྱོད་བཏང་བ་ཙམ་རེད་ལ་བཀའ་ཤག་ཀྱང་དབུ་སྐོར་འོག་ཚུད་ཡོད་པ་ཞིག་རེད།
འོན་ཀྱང་གནས་ཚུལ་འདིའི་རིགས་ནི་མ་སུ་རིའི་སློབ་གྲྭ་ཙམ་མིན་པར་དམའ་རིམ་གྱིས་གོང་རིམ་དབུ་སྐོར་ཞུ་རྒྱུ་དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་ད་དུང་མང་པོ་ཡོད་ལ། དེ་བཞིན་གནས་ཚུལ་འདིས་རིགས་ཀྱིས་འཛམ་གླིང་གང་སར་ཁྱབ་ཡོད།
དངོས་གནས་བྱས་ན་དེ་འཕྲལ་བོད་གཞུང་བཀའ་ཤག་གིས་གནས་ཚུལ་དེ་དག་ཚབས་ཆེན་ཞིག་ཏུ་གཟིགས་ཡོད་ན་བཀའ་ཤག་གིས་འགན་ཁུར་ནས་སློབ་གྲྭ་དེའི་མགོ་ནས་མཇུག་བར་ཞིབ་འཇུག་གཙང་བཤེར་མཐར་ཕྱིན་པ་ཞིག་གནང་སྟེ། ཉེས་པ་ཆེ་ཆུང་ལ་དཔག་པའི་ཉེས་ཆད་གཅོད་དགོས་པ་རང་བཞིན་གྱིས་ཆགས་ཡོད། ཉེས་པ་ཆེ་ཆུང་ཡོད་པ་ནི་སློབ་གྲྭའི་ལས་བྱེད་པས་གསར་འགོད་པར་ཁས་བླངས་ཟིན་པ་ཞིག་རེད། དེ་ཡང་ཕ་ཚབ་མ་ཚབ་ཀྱིས་འགན་ཁུར་ཐུབ་མེད་སྐོར་དང། བུ་ཕྲུག་ལ་ལྟ་རྟོག་གིས་མ་འདང་བས་ཡིན་སྐོར་ཉེ་སྔོན་ནས་བཤད་ཟིན་པ་ཞིག་རེད། དེ་ལྟར་ཡིན་ན་ལྟ་རྟོག་མི་བྱེད་མཁན་དང། འགན་མི་ཁུར་བའི་ལས་བྱེད་ལ་ཉེས་ཆད་གཙོ་བོ་གཅོད་དགོས་པ་དང། དེ་རྗེས་ཉེས་ཅན་པར་ནག་ཉེས་ཆེ་ཆུང་ལ་དཔག་པའི་ཉེས་ཆད་གཅོད་རྒྱུ་དེ་འཛམ་གླིང་སྤྱིའི་ཁྲིམས་ཀྱི་འགྲོ་སྟངས་ཤིག་རེད།
འོན་ཀྱང་ཐེངས་འདིར་ནག་ཉེས་ཆེ་ཆུང་ལ་མི་ལྟ་བར་ཉེས་ཅན་པ་ཚང་མར་རྒྱུག་པས་ལེབ་རྡུང་བྱེད་རྒྱུ་དེ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང། རྒྱལ་སྤྱིའི་ཁྲིམས་འགལ་ཆགས་ཡོད།
དེ་ལས་ཀྱང་ལོ་ཚད་མ་ལོན་པའི་བུ་ཕྲུག་ལ་ཁྲིམས་ཆད་གཅོད་རྒྱུ་དེ་དེང་དུས་ཀྱི་འཛམ་གླིང་ཡོངས་ཀྱི་རྒྱལ་སྤྱིའི་ཁྲིམས་འགལ་ཆགས་ཡོད།
འོན་ཀྱང་དེ་དག་ནི་སློབ་གྲྭའི་ལས་བྱེད་ཚོར་རྒྱལ་སྤྱིའི་ཁྲིམས་ལ་ཉམས་མྱོང་མེད་རྐྱེན་མི་ལ་ཁྲིམས་ཆད་གཅོད་སྐབས་མ་ཤེས་ནས་འགལ་འཛོར་ཤོར་ཡོད་ཀྱང་སྲིད་པ་ཞིག་ཡིན།
ཆེས་ཐབས་སྐྱོ་ཤོས་ཤིག་ནི་སློབ་སྤྱི་དང། དྲུང་ཆེ། བཀའ་བློན་ཁྲི་བ་དང། ཤེས་རིག་བཀའ་བློན་བཅས་ཀྱིས་གྲོས་བསྡུར་བྱས་ཏེ། བུ་ཕྲུག་ཚོ་བོད་ལ་ཕྱིར་སློག་བྱེད་རྒྱུར་ཐག་བཅད་པ་ཟེར་བ་དེ་ནི་ང་ཚོ་ཚང་མ་ངུ་ཤོར་དགོས་པའི་ཧ་ཅང་གི་གནས་ཚུལ་ཐབས་རྡུགས་ཤིག་ཡིན།
འོན་ཀྱང་དེ་རིང་སྐུ་ངོས་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་གིས་གསར་འགོད་པར།<<ཐེངས་འདིའི་སློབ་གྲྭས་ཐག་གཅོད་དེ་འགྲིག་བསྡད་པ་ཞིག་རེད།>> གསུངས་པ་དེར་སྐུ་ངོས་མཆོག་གིས་བསྐྱར་དུ་དགོངས་པ་ཤིག་བཞེས་དང་། ཐག་གཅོད་དེ་འགྲིག་བསྡད་པ་ཞིག་རེད་དམ། མ་སུ་རི་བོད་ཁྱིམ་སྒྲིག་གཞིའི་ནང་སློབ་ཕྲུག་བུ་དང་བུ་མོའི་བར་ལུས་འབྲེལ་བྱུང་ན་བཀའ་བློན་ཁྲི་བ་དང། ཤེས་རིག་བཀའ་བློན་ལ་གཏུག་ནས་ཐག་གཅོད་དགོས། ཞེས་གསལ་འདུག་གམ། དེ་ལྟར་གསལ་མེད་ན་ཐེངས་འདིའི་ཐག་གཅོད་དེ་ཁྲིམས་ཀྱིས་ཐག་བཅད་པ་ཞིག་མིན་པར། གང་ཟག་གིས་དབང་བསྒྱུར་འོག་གང་བྱུང་ཐག་བཅད་པ་ཞིག་རེད་མི་འདུག་གམ། གལ་སྲིད་དེ་ལྟར་བྱུང་ཡོད་ན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་གང་ཟག་གི་དབང་བསྒྲུར་འོག་ནས་ཁྲིམས་ཀྱི་དབང་དབང་བསྒྱུར་འོག་ཤར་བསྐྱོད་བྱེད་དགོས་གསུང་བཞིན་པ་དེ་དག་གང་འདྲ་ཞིག་ཆགས་སོང་ངམ།
ཕྲན་གྱིས་བསམ་ན་བཀའ་ཤག་སྐབས་བཅུ་གསུམ་པས་རྟག་ཏུ་གསུངས་བཞིན་པ། ༡ བདེན་པ། ༢ འཚོ་བ་མེད་པ། ༣ ཡང་དག་པའི་མང་གཙོ། ཞེས་གསུངས་བསྡད་པ་ཚང་མར་ད་ཐེངས་འགལ་སོང་སྙམ། དེ་ཡང་ནག་ཉེས་ཆེ་ཆུང་ལ་དཔག་པའི་ཉེས་ཆད་མ་བཅད་པར་ཚང་མར་རྒྱུག་པ་ལེབ་རྡུང་བྱས་པ་དེ་དྲང་པོ་བྱུང་མེད་པས་དེ་ནི་བདེན་པ་དང་རང་བཞིན་གྱིས་འགལ་བ་ཡིན། མ་དྲང་བ་བྱས་པ་དེས་གཞན་ལ་གནོད་འཚེ་བྱས་པ་ཡིན། གོང་གསལ་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་དང་འགལ་བར་མ་ཟད། ཐག་གཅོད་འདིར་བསམ་ཚུལ་གསུང་མཁན་དང། འོས་ཤོག་བླུག་མཁན་སོགས་མི་མང་བརྒྱ་ཆ་༩༩ཙམ་གྱིས་ངོ་རྒོལ་བྱེད་བཞིན་པ་དེས་མང་གཙོ་དང་འགལ་བ་མཚོན་ཡོད།
དེར་བརྟེན་ཉེ་སྔོན་སློབ་གྲྭའི་ལས་བྱེད་པས་དཔལ་ལྡན་རང་གཞུང་བཀའ་ཤག་དབུ་སྐོར་བཏང་ཡོད་པ་སོགས་གོང་གསལ་གནས་ཚུལ་ཁག་ད་ཚོད་དཔལ་ལྡན་རང་གཞུང་བཀའ་ཤག་གིས་སྔ་ཕྱིའི་གནས་ཚུལ་ཆ་ཚང་ཇི་བཞིན་མཁྱེན་ཆུབ་ཡོང་ཐུབ་པ་དང། དེ་འབྲེལ་གྱིས་ད་ལྟའི་བུ་ཕྲུག་དེ་དག་གི་མི་ཚེའི་མདུན་ལམ་འཕྲོ་བརླགས་མི་འགྲོ་བ་ཞིག་དང། གཞེས་ལུས་རྒྱ་ཆེའི་མང་ཚོགས་ཚད་ལས་འདས་པའི་བློ་ཕམ་གནང་མི་དགོས་པ་སོགས་ཀྱི་རླབས་ཆེན་ཐག་གཅོད་གསར་བ་ཞིག་ཏུ་དགོངས་པ་མ་བཞེས་ཐབས་མེད་ཆགས་ཡོད། དེར་ང་ཚོ་ཚང་མས་ལྟ་དགོས་པ་ཞིག་ཡིན་ཞིང།
མི་རིང་བར་གནས་ཚུལ་འདི་༧གོང་ས་སྐྱབས་མགོན་ཆེན་པོའི་སྙན་ལམ་དུ་སླེབས་རྒྱུ་ཉག་གཅིག་ཡིན་ཕྱིར་༧གོང་ས་སྐྱབས་མགོན་ཆེན་པོས་དཀའ་བ་ཁྱད་བསད་ཀྱིས་བོད་མིའི་རྩ་དོན་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འགན་ཁུར་རྐང་བཞེས་གནང་བཞིན་པའི་སྐབས་འདིར་བཀའ་ཤག་གིས་གཙོས་གཤམ་འོག་ལས་བྱེད་པས་༧གོང་ས་མཆོག་ཐུགས་ཕམ་དགོས་པ་ཞིག་དང། ཁོང་འཛམ་གླིང་གསར་འགོད་པ་སོགས་ཀྱི་སར་ངོ་ཚ་དགོས་པ་ཞིག་མི་གནང་བའི་རེ་བསྐུལ་ང་ཚོས་ཞུ་བཞིན་ཡོད།
གནས་ཚུལ་ཁ་གསལ་བྱུང་མི་འདུག གང་ཡིན་ཟེར་ན་སློབ་གྲྭའི་ནང་འཁྲིད་སྤྱོད་ཀྱི་གནས་ཚུལ་བྱུང་བ་སྒྲིག་གཞི་དང་འགལ་བ་རེད་ཅེས་དང༌། དེ་ལྟར་ཐག་གཅོད་བྱས་པ་ནོར་མེད་པ་འདྲ་པོ་གསལ་བཤད་བྱས་འདུག ད་དུང་ང་ལ་དོགས་པ་བསླེབས་འོང་བ་ནི། སྒྲིག་གཞི་དང་འགལ་བ་ཟེར་བ་དེ་མ་སུ་རི་སློབ་གྲྭའི་སྒྲིག་གཞི་ལ་གོ་དགོས་པ་ཡིན་ནམ། ཡང་མིན་ན་བཙན་བྱོལ་བོད་མིའི་སྒྲིག་གཞི་ལ་གོ་དགོས་པ་ཡིན། དེ་གསལ་པོ་ཞིག་བཟོ་རོགས་ཞུ་རྒྱུ་ཡིན།
གཉིས་ནི་སྒྲིག་གཞི་དང་འགལ་བ་ཡིན་ན་སྒྲིག་གཞི་གང་དང་གང་ལ་འགལ་བ་ཡིན་མིན་སྒྲིག་གཞི་ལུང་འདྲེན་བྱེད་དགོས་པ་གནད་འགག་ཐུག་འདུག ལར་ནི་སློབ་ཕྲུག་ཕན་ཚུན་འདོད་མོས་བྱས་ནས་འཁྲིད་སྤྱོད་བྱེད་པ་ཞིག་ཡིན་སྟབས་སློབ་གྲྭ་ནས་ཕྱིར་ཕུད་བཏང་བ་དང༌། སྐྱབས་བཅོལ་བོད་མིའི་ཐོབ་སྐལ་བཅད་པའི་ཉེས་ཆད་འདི་འདྲ་བཏང་བ་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དགྲ་བོ་རྒྱ་དམར་ཚང་ལའང་ཡོད་རྒྱུ་མ་རེད་སྙམ། ད་དུང་ལུས་འབྲེལ་བྱེད་མཁན་ཁྲོད་ནས་སློབ་ཕྲུག་བུ་ལོ་བཅུ་གསུམ་ཅན་ཞིག་ཀྱང་ཡོད་སྐད་འདུག་པས་ཁོང་ལ་ཉེས་ཆད་དེ་འདྲ་བཅད་པ་འོས་འཚམ་ཡིན་མིན་ཁ་གསལ་ཆགས་མི་འདུག་ཞུ་རྒྱུ་ཡིན།
ངས་ད་བར་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་འདིའི་ནང་སློབ་གྲྭའི་གནས་སྟངས་ཁག་ལ་རྒྱུས་ལོན་མི་དམན་ཙམ་བྱས་ཡོད་ཀྱང་སློབ་ཕྲུག་རང་ངོས་ནས་འདོད་མོས་ཐོག་སློབ་གྲྭའི་ནང་འཁྲིད་སྤྱོད་ཀྱི་བྱ་བར་བསྟེན་པར་གོང་མིང་ནས་ཉེས་ཆད་བཅད་པ་ཞིག་གོ་མྱོང་དང་མཐོང་མྱོང་གཏན་ནས་མེད། བོད་པའི་སློབ་གྲྭ་ཞིག་ནང་གནས་ཚུལ་འདི་འདྲ་ཐོན་པ་ཧ་ཅང་མ་རུང་བཞིག་ཡིན་པ་ངས་ཀྱང་འདོད་ཀྱི་ཡོད། དེ་མཚུངས་ཀྱི་ཉེས་ཆད་གཅོད་དགོས་པ་ཡང་འདོད་ཀྱི་ཡོད། འོན་ཀྱང་དགག་རྩ་ཐུག་ས་དེ་ཉེས་པ་དང་མཚུངས་པའི་ཐག་གཅོད་མ་བྱེད་སྟབས་སྤྱི་ཚོགས་ནང་ལབ་གླེང་སྣ་ཚོགས་བསླེབས་པ་རེད། ཕྱིན་ཆད་ཀྱང་མུ་མཐུད་རྙོག་གླེང་སྣ་ཚོགས་འོང་སྲིད། ད་དུང་སློབ་ཕྲུག་ཕོ་མོ་དེ་གཉིས་ཁྱིམ་ཚང་ནང་སྤྱོད་པ་གང་བྱུང་བྱེད་མ་ཕོད་པར་འཛིན་ཁང་ནང་བྱས་པ་ཞིག་ཡིན་སྟབས་སྒྲིག་འཛུགས་དགེ་རྒན་དང༌། དབུ་འཛིན། སློབ་སྤྱི་སོགས་འབྲེལ་ཡོད་རྣམས་ལ་ཆད་པ་གང་ཡང་མ་གཅོད་པར་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ལ་དེ་ཙམ་མནར་གཅོད་བཏང་དགོས་ཨེ་ཡོད་སྙམ་པའི་བསམ་ཚུལ་དང་དོགས་སློང་ཡོང་བཞིན་པ་རེད། དོན་གནད་འདིའི་ཐོག་ནས་ཀྱང་གསལ་པོ་བཟོ་དགོས་ཀྱི་འདུག
མ་གཞི་གསར་འགོད་པས་དྲི་བ་གནད་ལ་འཁེལ་བ་དྲིས་མི་འདུག་ལ། བཀའ་དྲུང་ནས་དེ་མཚུངས་ལན་འདེབས་གསལ་པོ་མ་སྐྱོན་པའི་མྱོང་ཚོར་བྱུང༌། ད་དུང་གནས་ཚུལ་གཏིང་རིང་པོ་དང་ཞིབ་ཚགས་པོ་བསྔོག་ཐུབ་པ་བྱེད་དགོས་ཀྱི་འདུག
ཡ་དྲྭ་གྲོགས་ཚོ། སྐུ་ཁམས་བཟང་། ད་་་་མགྱོགས་པོར་རྒྱུ་མ་ཕུ་འདེད་མ་བྱས་ན་གནས་སྟངས་འདི་རྒྱུ་མ་བརློན་པ་གྱིས་མ་ཆོད་པར་བཞག་པ་དང་འདྲ་བས། ང་སེར་སྨད་བློ་དགས་སྒུལ་སྐྱོད་ཅིག་མ་བྱས་ན་ཡོང་ས་མ་རེད། གཟུར་གནས་དྲྭ་གྲོགས་དང་བློ་མཐུན་ཚང་མས་རྒྱབ་སྐྱོར་མི་ཆུང་བ་ཞིག་གནང་རོགས། གང་ལྟར་ངའི་དམིགས་ཡུལ་གཙོ་བོ་ཕྲུ་གུ་ཚོ་རྒྱ་ལག་ཏུ་མ་ཤོར་བ་ཞིག་བྱེད་ཀྱི་ཡིན་དཱ་་་་་་་་་་་་་་་་་་་་་་་་་་་་་་ཡིན་དཱ་་་་་་
བཀུར་འོས་དྲ་གྲོགས་སྨར་དྷཱིཿཟེར་ལགས་ཁྱེད་ཀྱིས་བོད་མི་ཉམ་ཆུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ལ་དབྱུག་པས་བཙན་གནོན་བྱས་ཀྱི་ཡིན་གསུངས་ཀྱི་ཡོད་དམ།་
བསམ་བློ་ཡག་པོ་ཐོངས།
དབྱུག་པས་སྐད་ཆ་བཤད་དགོས་སར་ང་ཚོང་མ་རེད། བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་བཙན་ཁྲིམས་བཅད་མཁན་ཚོ་ལ་རེད།
དཔལ་ལྡན་བཀའ་དྲུང་སྐུ་ངོ་རིན་པོ་ཆེན་མཆོག་གིས་གསུངས་དོན་དུ།
《མཱ་སུ་རི་བོད་ཁྱིམ་ནས་སློབ་མ་ཕྱིར་ཕུད་བཏང་བ་དེ་བརྒྱུད་ལམ་ཁག་ཏུ་ཐོན་ཚར་བ་ཞིག་དང་མཁྱེན་བསྡད་པ་ཞིག་ཡིན་སྟབས་དམིགས་བསལ་འགྲེལ་བཤད་བྱེད་དགོས་པ་ཞིག་མ་རེད། ཡིན་ཡང་། མང་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ལ། སློབ་གྲྭ་དང་དགོན་སྡེ་སོགས་ཚོགས་པ་སྐྱིད་སྡུག་གང་འདྲ་ཞིག་ཡིན་ཡང་། ལས་ཀ་དང་སྒྲིལ་སྲོལ་ལ་དམིགས་བསལ་གྱི་ཁྲིམས་དང་སྒྲིག་གཞི་ཞིག་ཡོད་པ་ལྟར། ཁྲིམས་དང་སྒྲིག་གཞི་ལ་འགལ་བ་ཡིན་ན། འགལ་བ་བཞིན་ཐག་གཅོད་དང་ལག་ལེན་བསྟར་དགོས་སྟབས། ཐེངས་འདིའི་སློབ་གྲྭས་ཐག་གཅོད་དེ་འགྲིག་བསྡད་པ་ཞིག་རེད།》
ཞེས་ལུགས་ལ་ལྟས་ན་མ་སུ་རིའི་སློབ་གྲྭའི་ཕྲུ་གུ་རྣམས་ཕྱིར་ཕུད་བྱས་པར་སྒྲིག་འཛུགས་ཀྱི་ངོས་ནས་འགྲིག་བསྡད་ཡོད་པར་འདྲ། སྤྱིའི་ཆ་ནས་སྒྲིག་གཞི་དང་འགལ་ན་ཉེས་ཆད་གཅད་དགོས་པ་ཞིག་ཡིན་པར་བདེན་པ་རེད།
ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་གི་སྒྲིག་གཞི་ཟེར་བ་འདི་ཚོ་བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་ཡོད་པ་ཞིག་དང་བཀའ་བློན་སྐུ་ངོ་རྣམས་ཀྱི་ཐོག་ཏུ་མེད་དེ་འདྲ་ཞིག་རེད་དམ།
བཙན་བྱོལ་སྤྱི་ཚོགས་ནང་དུ་གཞུང་རྒྱུ་ལྐོག་ཟ་བྱས་པའི་སྐུ་ངོ་ཕྱུག་པོ་དེ་ཚོ་ལ་སྒྲུག་གཞིའི་ཐོག་ནས་ཆད་པ་ག་རེ་བཅད་ཡོད་དམ། སྐུ་ངོ་དྲུང་ཆེ་ལགས། གཞུང་རྒྱུ་ལྐོག་ཟ་བྱས་མཁན་ཡོད་པར་ཁས་མི་ལེན་པ་ནི་ཡིན་གྱིས་མ་རེད།
ཁྲིམས་དང་སྒྲིག་གཞི་ཟེར་བ་འདི་མི་ཚང་མའི་ཐོག་ཏུ་ལག་ལེན་སྟར་ཡ་གཅིག་རེད་དམ། གསར་འབྱོར་བ་ཉམ་ཆུང་ཚོའི་ཐོག་ཏུ་ལག་ལེན་བསྟར་ཡ་གཅིག་པོ་རེད།
ཚང་མའི་ཐོག་ཏུ་ལག་ལེན་བསྟར་དགོས་པ་ཞིག་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་དགེ་རྒན་གྱིས་སློབ་ཕྲུག་ལ་བཙན་གཡམ་བྱས་ཀྱི་འདུག་ཞེས་དུས་བབ་དྲ་ཐོག་ཏུ་ཁྱབ་འདུག་པས་དེ་འདྲ་བའི་བཙན་གཡམ་བྱེད་མཁན་ལ་སྒྲིག་གཞིའི་ཐོག་ནས་ཆད་པ་ག་རེ་གཅོད་ཡོད་དམ།
གསར་འབྱོར་བ་ཉམ་ཐག་ཚོའི་འདོད་མོས་ཐོག་ནས་འདོད་ཆགས་སྤྱོད་ཀྱང་ཁྲིམས་ལུགས་ཤིག་དང་ཁྲིམས་ཆད་ཤིག་ཡོད་པ་རེད། སྐུ་ངོ་ཚོས་གཞུང་དངུལ་ལྐོག་ཟ་བྱས་ཀྱང་ཁྲིམས་ལུགས་ཤིག་དང་ཁྲིམས་ཆད་བཏང་བ་མཐོང་ཡ་མེད།
དཔོན་བཙན་པོ་བཀའ་བློན་ཁྲི་བ་རེད།
ཁྲིམས་བཙན་པོ་བཙན་བྱོལ་བཅའ་ཁྲིམས་རེད།
མི་ཉམ་ཆུང་ས་མཐའི་གསར་འབྱོར་རེད།
སྡུག་ཨ་ཐང་ཡིད་ནས་ཆད་རན་རེད།
སྙིང་རྗེ་མི་མང་པོ་ཞིག་ལ་གནད་དོན་འདིའི་ཐད་གོང་རིམ་ནས་བཀའ་གསལ་པོ་ཇི་ལྟར་
ཕེབས་རུམ་དོྭགས་པ་གཏན་ནས་ཆོད་རྒྱུ་མེད་པའི་མཁས་དབང་འདི་ཚོར་ད་ནི་དཔོན་པོ་
བཀའ་ལས་དབྱུག་པ་བཙན་ཟེར་བ་བཞིན་བྱ་རྒྱུ་ལས་རྐྱང་ལྷག་མེད་ཀི།
བཀའ་དྲུང་ལགས་ཀྱིས་གཤམ་གྱི་སྐད་ཆ་འདི་ལ་ལྗགས་ལན་ཇི་ལྟར་གནང་ངམ།
སྤྱི་ཚོགས་ནང་སློབ་ཕྲུག་འདི་ཚོ་ཕྱིར་བོད་ནང་གཏོང་རྒྱུའི་སྒྲིག་གཞི་འདི་མ་སུ་རི་བོད་ཁྱིམ་རང་གིས་ཐག་གཅོད་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་། ཁ་སང་འདི་གའི་གསར་འགོད་པས་ངྷ་ས་དབུས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་སུ་བཀའ་འདྲི་ཞིག་གི་སྐབས་སུ། ཁོང་གིས། སློབ་གྲྭའི་ནང་དོན་རྐྱེན་དེ་བྱུང་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤེས་རིག་བཀའ་བློན། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་དང་དྲུང་ཆེ་བཅས་གྲོས་བསྡུར་བྱས་འདུག་ལ། ཕྱིས་སུ་སློབ་མ་དེ་དག་བོད་ནང་འགྲོ་བའི་ལམ་གྲོན་ཚང་མ་བོད་ཁྱིམ་གྱིས་གཏོང་རྒྱུ་གཏན་འཁེལ་བྱུང་རྗེས། འབྲེལ་ཡོད་ལས་བྱེད་མངགས་གཏོང་གིས་བལ་ཡུལ་སྣེ་ལེན་ཁང་ལ་རྩིས་སྤྲོད་དང་ཕྱིར་བོད་ནང་གཏོང་དགོས་པའི་སྐོར་གཏན་འཁེལ་བྱུང་འདུག
ཅེས་པར་གསེད་དཀྲོལ་གནང་རོགས།
སེམས་ཁུལ་ཆེ་ཤོས་བྱ་ས་དེ་སློབ་ཕྲུག་དགུ་པོ་འདི་མ་རེད། སེམས་ཁུལ་ཆེ་ཤོས་འབྱུངས་ས་དེ། ཕ་མ་རྒྱ་མའི་གཙན་གནོན་འོག་ཏུ་ཤོར་ནས་རྒྱ་བལ་དུ་གསོན་དྭ་རུ་ཡོད་པའི་སློབ་ཕྲུག་ཁྲི་ཕྲག་ལས་བརྒལ་བ་དེ་དག་ལ་རེད།
བརྡུང་རྡེག་བཏང་བ་དང་གནས་དབྱུངས་གཏང་བ་ནི། སློབ་ཕྲུག་བཅོས་པའི་ཐབས་ཤེས་ལོད་ཤོས་རེད། དེང་སང་བརྡུང་རྡེག་གཏང་བའི་ལུགས་རྙིང་དེ་ཡུལ་དུས་ཀྱིས་ཕ་ཆེར་ཡལ་དུ་ཉེ་ཡང་། གནས་དབྱུངས་གཏང་བའི་སློབ་གྲྭའི་སྒྲིགས་གཞི་ལུགས་སྲོལ་དེ་གསར་རྙིང་གང་ལ་ཡང་ཡོད། འོན་ཀྱང་ལོ་བཅོ་བརྒྱད་མན་ལ་གཞོམ་སྒོ་མེད་བཞིན་ཉེས་འགལ་ཅུང་ཟད་བྱས་པས་ཚོགས་སྡེ་ལས་གནས་དབྱུངས་གཏང་སྲོལ་དེ་འདུལ་བའི་གཞུང་ལུགས་སུ་ཡང་མེད།
ལྷག་པར་དུ་སློབས་ཕྲུག་ཁྲི་ཚོ་མང་པོར་སྒྲིགས་གཞི་ཚག་ཚུད་ཡོང་བའི་ཐབས་ཤེས་བཟང་ཤོས་དེ་གནས་དབྱུངས་གཏང་བ་དེ་མ་ཡིན་པ། དགེ་རྒན་གྱིས་སོ་སོར་ལས་འགན་རེག་པ་ཙམ་གྱིས་མ་ཆོག་པར་སློབ་ཕྲུག་རེ་རེ་ནས་གནས་ཚུལ་ལ་གཟིགས་སྐྱོངས་གནང་ནས་བསླབ་བྱ་ཚུལ་མཐུན་གནང་བ་དང་། སློབ་ཕྲུག་རྣམས་ལ་སེམས་སྤོབས་ཆེན་པོར་བསྐྱེད་བའི་ཐབས་ཤེས་བྱེད་པ་དེ་རེད།
སྤྱིར་བོད་ནས་ཕེབས་པའི་སློབ་ཕྲུག་དེ་རྣམས་སེམས་སྤོབས་ཆགས་ནས་སྡད་ཡོད། དེ་དག་གི་ཕ་མ་ནི་ལེ་དབར་སྟོང་ཕྲག་ལས་བརྒལ་བའི་སར་རང་དབང་མེད་བཞིན་ལུས་ཡོད་ལ། སློབ་ཕྲུག་དེ་དག་ལ་གཉེན་ཉེ་ཟེར་བའི་དྲི་ཙམ་མི་བྲོ་བའི་མི་ཡུལ་ས་མཐར་སླེབས་ཡོད། དེ་དག་ལ་མགོ་འཕངས་མཐོ་བྱེད་ཀྱི་རྒྱབ་སྐྱོར་མེད་ལ། དེ་དག་ལ་འགྲོ་སོང་གཏང་བྱེད་ཀྱི་ཕྱག་དངུལ་མེད།
ལྷག་པར་སློབ་གྲྭའི་འགན་ཁུར་བ་རྣམས་ཀྱིས་སྤྱན་གྱི་གཟིགས་ཕྱོགས་དེ། བོད་ནས་ཕེབས་པའི་ཐོག་ཏུ་བཙན་བྱོལ་དུ་སྐྱེས་པ་རྣམས་ཀྱི་ཐོག་ནང་བཞིན་ཞིག་གཏན་ནས་ཡོང་གིན་མེད། སྔོན་མ་དང་བསྡུར་ན་དེང་སང་ཡར་རྒྱས་གང་མཚམས་ཕྱིན་ཡོད་ནའང་། གནས་ཚུལ་ཡར་རྒྱས་ཕྱིན་པ་འདི་སློབ་གྲྭའི་འགན་ཁུར་བ་དང་དགེ་རྒན་ཡན་གྱི་ཀུན་སློང་ཀུན་སྤྱོད་ཡར་རྒྱས་ཕྱིན་པ་ཙམ་མིན་པར་མི་ཡུལ་ས་མཐར་འཁྱམས་པའི་གསོན་དྭ་རྣམས་གཅིག་གྲོགས་གཅིག་གིས་བྱེད་ཅིང་སོ་སོའི་འཇོན་ཐང་གིས་འབུར་གྱིས་ཐོན་གྱི་ཡོད་པའི་རྒྱུ་མཚན་དང་།
གོང་ས་སྐྱབས་མགོན་ཆེན་པོས་གཟིགས་སྐྱོངས་ཧ་ཀྱང་ལེགས་པོ་གནང་གི་ཡོད་པའི་རྒྱུ་མཚན་གྱིས་ངོས་འཛིན་ཞུ་བཞིན་ཡོད། ང་རང་ཚོའི་བཙན་བྱོལ་གྱི་སློབ་གྲྭ་འདི་དག་ལ་ཕྱི་ལོག་ནས་བལྟས་ན། སློབ་སྦྱོང་ལེགས་པོར་རེད་པའི་རྒྱུ་ཚོགས་ཚང་ཡོད་ནའང་འགལ་རྐྱེན་ཆེན་པོ་ཞིག་ཀྱང་ཡོད།
ད་དུང་སློབ་གྲྭ་ཁག་ཏུ་སོངས་ནས་སློབ་ཕྲུག་རྣམས་དང་བཀའ་མོལ་ཞིབ་ཏུ་གྱིས་དང་། སློབ་ཕྲུག་དེ་དག་ལ་དགེ་རྒན་དང་འགན་ཁུར་བ་རྣམས་ཀྱིས་ཡར་སྙིང་སྟོབས་བསྐྱེད་པའི་ཚབ་ཏུ་མར་གཉའ་གནོན་བཤུ་གཞོག་གིས་བཙན་གནོན་བྱེད་ཅིང་ཡོད་པའི་ཚོར་བ་ཞིག་སླེབས་ཀྱི་འདུག
ཕྲུག་གུ་ལ་སྙིང་སྟོབས་མ་བསྐྱེད་ན། སློབ་སྦྱོང་ལ་ཡར་རྒྱས་ཡོངས་བའི་ཐབས་ཤེས་མེད། དེ་སྔོན་ཕན་ཆོད་དུ་བཙན་བྱོལ་སློབ་གྲྭ་ལ་སློབ་སྦྱོང་འཐུས་ཤོར་སོང་བའི་རྒྱུ་རྐྱེན་གཙོ་བོ་དེ་སློབ་ཕྲུག་ལ་སྙིང་སྟོབ་གཅོག་གིན་ཡོད་པའི་རྒྱུ་མཚན་གྱིས་རེད་འདུག་། དཔེར་ན་ཁོང་རྣམས་པས་དུས་རྒྱུན་དུ་སློབ་ཕྲུག་རྣམས་ལ། ཕ་ཡུལ་དུ་བཙན་འབུད་བྱེད་ཀྱི་ཡིན་ཟེར་བ་དང་། རྒྱ་གར་གྱི་སྐོར་སྲུངས་བ་ལ་བརྩིས་སྤྲད་ཀྱིན་ཟེར་བའི་སྡིག་ར་བྱེད་པའི་ཚིག་འདི་དང་འདི་བཞིན་བེད་སྤྱད་གཏོང་གིན་ཡོད་པས། སློབ་ཕྲུག་རྣམས་མགོ་འཕངས་འདེགས་པའི་སྤོབས་པ་ཁྱོན་ནས་མེད།
འདི་དག་སློབ་གྲྭ་སོ་སོས་བཀའ་སྤྱི་ལ་འདི་ལྟར་བྱེད་ཀྱི་ཡོད་ཅེས་པའི་སྙན་ཞུས་ཙམ་ལ་ཡིད་མ་བརྟོན་ནས། བཀའ་སྤྱིའི་ངོས་ནས་ཀྱང་ཞིག་འཇུག་ནན་པོ་བྱེད་ནས། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་སློབ་གྲྭའི་སྒྲིགས་གཞི་མཐོང་ཐོས་བྱུང་སྐབས་ངོ་ཚ་བ་དང་ཁ་སྐྱེངས་མ་དགོས་པའི་སྒྲིགས་གཞི་དེ་བཀའ་ཤག་ངོས་ནས་བཞག་དགོས་ཀྱི་ཡོད་ན་འདྲ་སློབ་གྲྭ་ངོས་ནས་བཞག་དགོས་ཀྱི་ཡོད་ན་འདྲ་བཞག་ནས་། ཕ་མས་སྲོག་ལ་ཡང་མ་འཛེམས་ནས་རྒྱལ་བ་རིན་པོའི་ཆེའི་དབུ་ཁྲིད་པའི་བཙན་བྱོལ་གྱི་སྤྱི་ཚོགས་སུ་གཏང་ནས་བཅོལ་བ་རྣམས་དོན་དང་མཐུན་པའི་བདག་པོ་རྒྱག་ནས། སློབ་སྦྱོང་སོགས་གང་ཐད་ནས་འཐུས་ཤོར་མེད་པར་། མ་འོང་བའི་བོད་ཀྱི་བདག་པོ་ཡིན་པ་བཞིན་བདག་པོ་རྒྱག་ཐུབ་ངེས་གཅིག་བཟོ་དགོས་ཀྱི་འདུག
བཀུར་འོས་དཔལ་ལྡན་བཀའ་དྲུང་མཆོག
སྐུ་ཉིད་ལ་གནད་དོན་གསུམ་ཞུ་ཆོག་པར་ཞུ། དེ་ཡང་ལྷག་བསམ་རྣམ་དག་ཡིན། གུས་མེད་ལུགས་མེད་བྱས་པ་མིན། དགོངས་པ་དྭངས་པ་ཞུ།
གཅིག དང་ཐོག བཀའ་དྲུང་མཆོག་ནས་མང་ཚོགས་ཀྱིས་ཅང་མཁྱེན་གི་མེད་ཚུལ་གསུངས་སོང་། མང་ཚོགས་ལ་ཁག་ཡོད་པ་མ་རེད། བཀའ་ཤག་གཙོས་ཤེས་ལྷན་དང་མ་སུ་རི་བོད་ཁྱིམ་གྱིས་མགོ་རྨོངས་པར་བཟོས་སྟབས། མཁྱེན་ཚུལ་ཞིག་ཡོད་པ་མ་རེད། དེའི་སྐོར་བསམ་ཚུལ་གཞན་དུའང་མང་ཐག་ཆོད་ཞུས་ཡོད། གཙོ་བོ་བཀའ་ཤག་གིས་འགན་ལེན་འོག་ཕྲུ་གུ་དེ་ཚོ་ཕྱིར་རང་གི་ཕ་མའི་སར་རྩིས་འཕྲོད་ན་གནས་ཚུལ་གཞན་རེད། དེ་མིན་འགན་ལེན་མི་ཐུབ་བཞིན་ཏུ་ཕ་ཡུལ་གྱི་ཕ་མའི་སར་གཏོང་གི་ཡོད་ཟེར་ན་ཏག་ཏག་ཅིག་བསྡད་ཨེ་ཡོད་ན་ཞུ་གི་ཡོད། ལྷག་པར་དུ་ཕྲུ་གུ་རང་ཉིད་ཚོ་དང་ཕྲུ་གུའི་ཕ་མ་ཚོར་ཕྲུ་གུ་དེ་ཚོ་ཕྱིར་ཕ་ཡུལ་དུ་ལོག་རྒྱུའི་འདོད་མོས་ཡོད་མེད་ཐད། བཀའ་དྲུང་གིས་ཚིག་འགའ་གསུངས་དགོས་ཀྱི་འདུག
གཉིས། བཀའ་ཤག་གིས་ཐག་གཅོད་གནང་ཟིན་པའི་མི་ཚད་ཕྲུ་གུ་ཚོ་བལ་ཡུལ་བར་དུ་བསྐྱལ་རྗེས། གཞི་ནས་ ༼ མ་འོངས་པར་ཕྲུ་གུ་དེ་དག་གི་ཤེས་ཡོན་དང་མདུན་ལམ་སོགས་ཀྱི་ཐད་ཐུགས་འཚབ་ཆེ་ཤོས་བཀའ་ཤག་ལ་ཡོད་ཀྱང་། འཛིན་སྐྱོང་གིས་གནས་ཚུལ་དེ་དག་ཚོར་བའི་ཐོག་ནས་བཟོས་པ་ཞིག་མ་ཡིན་པར། རྒྱུ་མཚན་ལ་གཞིགས་ཏེ་འགྲོ་དགོས་སྟབས། ད་ལྟའི་ཆར་སློབ་མ་དེ་དག་མཱ་སུ་རི་སློབ་གྲྭ་ནས་ཕྱིར་ཕུད་བཏང་བ་ནས་ད་ལྟའི་བར་འབྲེལ་ཡོད་ཚང་མས་གམ་ནས་གནས་ཚུལ་གྱི་བྱུང་རིམ་དང་གནས་ལུགས་མཐའ་དག་བཀའ་ཤག་ལ་རག་དགོས་པ་དང་། དེ་དག་བཀའ་ཤག་ལ་རག་པ་དང་གནས་ལུགས་མཐའ་དག་མཁྱེན་རྗེས་བཀའ་ཤག་གི་ངོས་ནས་གོམ་པ་གསར་པ་གང་འདྲ་ཞིག་ལ་སྤོ་དགོས་མིན་དང་གཟིགས་སྐྱོང་གང་འདྲ་གནང་དགོས་མིན་ཐད་དགོངས་པ་བཞེས་ངེས་རེད། ༽ ཅེས་པ་བཀའ་དྲུང་ཁྱེད་རང་བློ་གཟི་བོར་གནས་ཐུབ་མཁན་ཞིག་དང་དྲང་མོ་དྲང་བཞག་གི་གསུང་མོལ་གནང་མཁན་ཞིག་ཡིན་ན། འདིའི་ཚབ་ཏུ་བཀའ་ཤག་གིས་ཐེངས་འདིར་བྱས་ཐལ་ཤོར་བ་རེད། དེ་ལ་ཕྲུ་གུ་ཚོ་དང་ལྷག་པར་ཕྲུ་གུ་ཚོའི་ཕ་མ་ཉེ་འབྲེལ་གཙོས་རྒྱ་ཆེའི་མང་ཚོགས་ལ་དགོངས་དག་ཞུ་གི་ཡིན། ཡིན་ནའང་། ད་ལྟ་ང་ཚོ་འཛིན་སྐྱོང་བཀའ་ཤག་གིས་རང་གི་བྱས་ཐལ་ཤོར་བ་ངོས་ཟིན་ཐོག གོམ་པ་གསར་པ་གང་འདྲ་ཞིག་སྤོ་དགོས་མིན་དང་གཟིགས་སྐྱོང་གང་འདྲ་གནང་དགོས་མིན་ཐད་དགོངས་པ་བཞེས་ཀི་ཡིན་ལབ་ན་འདྲ་བོ་འདུག ཡིན་ནའང་། བློ་ཕམ་པ་ཞིག་ལ་མི་འདི་འདྲའི་མང་བོ་ཞིག་གི་བསམ་ཚུལ་ལ་ཆེ་མཐོང་དང་བརྩི་བཀུར་ཅུང་ཙམ་ཡང་མི་བྱེད་པར། མི་མང་གི་སྐད་ཆ་ནི་བསམ་ཚུལ་ཙམ་རེད་ཟེར།
༼ མི་མང་གི་སྐད་ཆ་ནི་བསམ་ཚུལ་ཙམ་ ༽ ཡིན་ན། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡང་བཀའ་བློན་ཙམ་རེད་དམ། རྒྱུ་མཚན་མི་མང་གིས་འོས་བླུགས་ནང་བཀའ་བློན་ཁྲི་པར་བསྐོས་པ་ཙམ་ཡིན་པས་ཕྱིར།
གསུམ། ཕྲུ་གུ་དེ་ཚོ་ཕྱིར་ཕ་ཡུལ་དུ་སྐྱེལ་རྩིས་བྱས་པ་དང་ད་ལྟ་ཕྲུ་གུ་ཚོའི་ཤེས་ཡོན་དང་མདུན་ལམ་སོགས་ཀྱི་ཐད་ཐུགས་ཚབ་ཆེ་ཤོས་བཀའ་ཤག་ཡིན་ཟེར་ན། ངས་བལྟས་ན་མང་ཚོགས་ལས་ཀྱང་སྐུ་ཉིད་ཀྱིས་ཅང་མཁྱེན་གི་མི་འདུག ལྷག་པར་དུ་བཀའ་ཤག་གི་དྲུང་ཆེ་ཞིག་གི་ངོས་ནས་དེ་ཙམ་མཁྱེན་ཐུབ་མི་འདུག སྤྱིར་བཏང་མང་ཚོགས་ལས་ཀྱང་སྐུ་ཉིད་ཀྱིས་སྤྱི་ཡོངས་ཀྱི་གནས་ཚུལ་མཁྱེན་དགོས་པ་གལ་ཆེན་པོ་རེད་ལ། ད་ལྟའི་བར་དུ་དེ་ལྟར་མཁྱེན་གི་ཡོད་ཤག་བྱས་པ་ཡིན། ཡིན་ནའང་། ད་ནི་བློ་ཕམ་ཡིད་ཆད་ཡོང་གི་འདུག མང་ཚོགས་ཀྱིས་དུས་ནམ་ཞིག་ལ་ས་གནས་གང་ཞིག་ནས་འཛིན་སྐྱོང་བཀའ་ཤག་ལ་ཁྱེད་ཚོས་ཐུགས་འཚབ་ཆེ་ཤོས་མ་རེད་ཟེར་གྱིན་འདུག ཡང་གཅིག་བཤད་ན་འཛིན་སྐྱོང་བཀའ་ཤག་གིས་ཀྱང་རང་ཉིད་མང་ཚོགས་ལས་ཀྱང་ཐུགས་འཚབ་ཆེ་ཤོས་ཡིན་མདོག་མདོག་སྟོན་དགོས་པ་མ་རེད། ལག་ལེན་དངོས་ལ་བསྟར་རོགས་གནོངས།
རང་གིས་མི་མཁྱེན་ན་སྐྱོན་མི་འདུག་ཀྱང་། མང་ཚོགས་དྲུད་ཡོང་ནས་ཁྱེད་ཚོས་ཅང་ཤེས་ཀི་མི་འདུག་གསུངས་པ་འདི་ཡང་ཡ་མཚན་རེད། ངས་མང་ཚོགས་ཀྱིས་གནད་དོན་འགའ་མཁྱེན་གི་ཡོད་པ་རྟོགས་ཐུབ་ཀྱིན་འདུག དཔེར་ན། མང་ཚོགས་ཀྱིས་འཛིན་སྐྱོང་བཀའ་ཤག་གཙོས་བོད་གཞུང་ཤེས་རིག་ལས་ཁུངས་དང་མ་སུ་རི་བོད་ཁྱིམ་གསུམ་གྱིས་སློབ་ཕྲུག་འདི་ཚོའི་མ་འོངས་པར་ཐུགས་འགན་ཁྱོན་ནས་མ་བཞེས་པར་ཕྱིར་གང་ནས་ཡོང་ས་དེར་བསྐྱལ་རྩིས་གནང་བ་རེད། ཡིན་ནའང་། མང་ཚོགས་ཀྱིས་ ༼བསམ་ཚུལ་ཙམ་ ༽ མིན་པའི་སྡུག་སྐད་ལུང་པ་གང་བརྒྱབས་སྟབས། བཀའ་ཤག་གིས་ད་གཟོད་རང་གི་བྱས་ཐལ་ཤོར་བ་ངོས་ཟིན་པ་རེད། དེའི་སྟབས་ཀྱིས་ ༼ ད་གཞི་ནས་ཐབས་འཚོལ་བྱེད་ཀྱིན་ ༽ ཡོད་ཟེར། འདི་མང་ཚོགས་ཀྱིས་ས་ར་དགའ་ར་མཁྱེན་གི་ཡོད།
མཇུག་མཐར། ཁྱེད་རང་ང་ཚོའི་སྤྱི་ཚོགས་འདིའི་ཆེས་མཐོ་རིམ་མགོ་ཁྲིད་ཀྱི་གྲས་རེད། ཁྱེད་ཀྱི་གསུང་མོལ་འདི་མང་ཚོགས་ཀྱི་ ༼ བསམ་ཚུལ་ཙམ་ ༽ ལས་འཛིན་སྐྱོང་བཀའ་ཤག་གི་ ༼ དགོངས་ཚུལ་དངོས་ ༽ དེ་རེད། དེའི་སྟབས་ཀྱིས་སྔ་འདང་ཕྱི་འདང་ཕོག་དགོས་ཀྱི་འདུག ཐེངས་འདིའི་གནད་དོན་ཐག་གཅོད་བྱས་ཐལ་ཤོར་བ་བཞིན། དེའི་རྗེས་ཀྱི་ར་མདའི་གསུང་མོལ་དེ་ཚོ་ཡང་གསུང་ཐལ་མ་འཆོར་བ་གནང་རོགས།
སེམས་ཀྱིས་བཟོད་ཀྱིན་མི་འདུག
ད་དུང་ཁ་གསལ་པོ་མི་འདུག
སློབ་གྲ་ནས་ཕྱིར་ཕུད་བཏང་པ་བཤད་རྒྱུ་མེད་
དེའི་མ་ཚད་བལ་ཡུལ་བར་དུ་བཏང་བ་མ་ཟད་པ་ལའོ
ད་དུང་བདག་བློ་ཁེངས་མ་སོང། སྐད་ཆ་གསལ་པོ་ཞིག་བཤད་མི་འདུག ང་ཚོའི་གོ་དགོས་ཡ་དེ་གང་རེད་ཟེར་ན་སློན་ཕྲུག་དེ་ཚོ་བོད་ལ་ཕྱིར་གཏང་ཡ་ཡིན་མིན་དེ་རེད། བོད་ལ་ཕྱིར་གཏང་ཡ་མིན་ཚེ་ཁོང་ཚོའི་མདུན་ལམ་གང་འདྲ་ཞིག་ཏུ་འཇོག་གི་ཡོད། རྒྱུན་རིང་མི་འགོར་བ་ཐག་བཅོད་གནང་རོགས། དཔལ་ལྡ་བཀའ་ཁྲི་མཆོག་དང་ཤེས་རིག་བཀའ་བློན་སོགས་ཀྱི་སྔོན་མ་ནས་ཐག་བཅད་བྱེད་ཚར་དུས་ད་འགྱུར་བ་གཏང་མི་ཕོད་པ་འདྲ། མི་ལ་ནོར་འཁྲུལ་ཡོད་སྲིད་ཀྱི་རེད། དེ་མ་ཚད་མ་སུ་རིའི་སློབ་གྲྭ་ནས་གོང་རིམ་ལ་ཞུ་དུས་འུར་ཞེད་པོ་ཞིག་རྒྱོབ་ཡོད་པ་ཐག་ཆོད། སློབ་གྲྭ་ནས་གནས་ཚུལ་དེའི་རིགས་བྱུང་དུས་ཐག་བཅོད་དེ་འདྲ་ཞིག་དགོས་ཟེར་ནས་སྒྲིགས་གཞི་ནང་གསལ་ཡོད་ན་བཀའ་ཁྲི་མཆོག་དང་ཤེས་རིག་བཀའ་བློན་སོགས་ལ་སྐད་ཆ་འདྲི་དགོས་ཡ་ག་རེ་འདུག ད་དུང་སྐད་ཆ་གསལ་པོ་ཞིག་གོ་ཡ་ལ་རེ་སྒུག་ཞུས་ཡོད།
བཀའ་དྲུང་ལགས་ཀྱིས་”མང་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ལ། སློབ་གྲྭ་དང་དགོན་སྡེ་སོགས་ཚོགས་པ་སྐྱིད་སྡུག་གང་འདྲ་ཞིག་ཡིན་ཡང་། ལས་ཀ་དང་སྒྲིལ་སྲོལ་ལ་དམིགས་བསལ་གྱི་ཁྲིམས་དང་སྒྲིག་གཞི་ཞིག་ཡོད་པ་ལྟར། ཁྲིམས་དང་སྒྲིག་གཞི་ལ་འགལ་བ་ཡིན་ན། འགལ་བ་བཞིན་ཐག་གཅོད་དང་ལག་ལེན་བསྟར་དགོས་སྟབས། ཐེངས་འདིའི་སློབ་གྲྭས་ཐག་གཅོད་དེ་འགྲིག་བསྡད་པ་ཞིག་རེད།” སྐུ་ངོ་ལགས་ལ་ཞུ་རྒྱུར། འདི་ལྟར་ལག་ལེན་ཚུལ་བཞིན་བསྟར་དགོས་པ་ངོས་ལེན་ངེས་པར་ཅན་དུ་ཡོད། འོན་ཀྱང་སྒྲིག་གཞི་འདི་རྒྱ་བལ་དུ་གསོན་དྭ་ཡིན་པ་དེ་དག་ལ་འོས་མཚམ་གྱི་སྒྲིགས་གཞི་དང་། འཛམ་གླིང་སྤྱི་འགྲོས་ཀྱི་མང་གཙོའི་སྒྲིགས་གཞི་དང་མཐུན་འདུག་གམ།
བོད་གཞུང་གི་སློབ་གྲྭ་ཁག་ལ་ལུས་འབྲེལ་བྱུང་ནས་སློབ་གྲྭ་ལས་ཕྱི་འབུད་བྱེད་པའི་སྒྲིགས་གཞི་དེ། གནས་ཚུལ་འདི་བྱུང་དུས་གསར་དུ་བཞག་པ་ཞིག་རེད་དམ། སྔོན་མ་ནས་བཞག་ཟིན་པ་ཞིག་རེད།
གལ་སྲིད་སྔོན་མ་ནས་བཞག་ཟིན་པ་ཞིག་ཡིན། སློབ་གྲྭའི་ངོས་ནས་བཀའ་ཤག་དང་ཆོས་ཤེས་རིག་བཅས་ལ་སྙན་ཞུས་ཕུལ་ནས། བཀའ་ཤག་གིས་གཞི་ནས་ཐག་བཅད་པའི་རྒྱུ་མཚན་གང་ཡིན་ནམ།
གནས་ཚུལ་འདི་རིགས་དེ་སྔོན་ཐེང་གཅིག་མིན་པ་མང་པོ་ཞིག་སློབ་གྲྭར་དོན་ཟིན་པ་ཉི་ཤར་སྦར་མོས་ཁེབ་ཀྱིས་མེད་པས། སློབ་ཕྲུག་དེ་དག་ཚང་མར་གཅིག་མཚུང་གིས་ཉེས་ཆད་བཅད་ཡོད་དམ།