མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་རིག་དྲ་བ། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྐད་རིགས་ཆེས་མང་ཤོས་ཀྱི་བོད་ཀྱི་གསོ་རིག་དྲ་བ་ཞིག

སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

དུས་རབས་ཉེར་གཅིག་པའི་ནང་འདིར་བོད་ཀྱི་སྐད་ཡིག་གི་དྲ་བ་གསར་བ་གསར་བ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བཞིན་པ་འདི་དག་ནི་བོད་མི་དང་སྐད་ཡིག་གི་ཚེ་སྲོག་ལྷན་དུ་སྦྱར་བ་ཞིག་ཏུ་མ་ཟད། བོད་ཡིག་གི་རིན་ཐང་ཡང་སྔོན་ཐོན་གྱི་སྐད་ཡིག་གཞན་དག་དང་འགྲན་ཟླར་ཆས་ནུས་པའི་བདེན་དཔང་ངོ་མར་འགྱུར་གྱིན་ཡོད། འདིའི་ཁྲོད་དུ་གང་ཟག་སྒེར་བ་ཞིག་གི་ངོས་ནས་ནུས་པ་ཆེས་ཆེར་ཐོན་བཞིན་པ་ནི་བློ་བཟང་སྨོན་ལམ་ལགས་ཡིན་པར་འདོད། གློག་ཀླད་རིག་པ་ཆེད་སྦྱོང་གི་མི་སྣ་གང་མང་དགོས་རྒྱུ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་དར་ཁྱབ་འགྲོ་མིན་གྱི་རྩ་དོན་ཞིག་རེད།

དེའི་མཚུངས་སྐད་ཡིག་གཞན་དག་གི་ལམ་ནས་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་ཁྱབ་སྤེལ་གཏོང་རྒྱུ་འདི་ཡང་ཆེས་གལ་འགངས་ཆེ་བ་ཞིག་རེད། བོད་ཅེས་པ་ཇི་ལྟར་འཚོ་གནས་དང་ཡར་རྒྱས་སུ་འགྲོ་མིན་ནི་བོད་ཀྱི་རིག་གཞུང་འདི་ཉིད་ཅི་ཙམ་གྱིས་ཁྱབ་རྒྱ་ཆེ་རུ་གཏོང་ཐུབ་མིན་ལ་རག་ལས་ཡོད། གལ་ཏེ་དེང་གི་གློག་འཕྲུལ་རིག་པ་སྣ་ཚོགས་དང་ལྷན་དུ་བོད་ཀྱི་རིག་གཞུང་དར་སྤེལ་གཏོང་ཐུབ་ན། རིག་གནས་གཞན་གྱི་བཙན་འཛུལ་དང་ཤན་ཤུགས་ཟེར་བ་དག་ལ་སེམས་ཁྲལ་བྱེད་དགོས་དོན་མེད་ལ། བོད་ཀྱི་རིག་གཞུང་མ་ཉམས་བདག་སྐྱོང་ཟེར་བའང་ཆེས་མིང་དོན་དང་ལྡན་པར་འགྱུར། དེ་བས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཅེས་པ་འདི་བོད་ཡིག་ཁོ་ནར་བརྟེན་དགོས་པའི་བསམ་ཚུལ་གྱི་ས་མཚམས་ལས་བརྒལ་དགོས། ཁོ་བོས་ནི་བོད་ཡིག་དང་བོད་སྐད་མ་ཤེས་ཀྱང་སྐད་ཡིག་གཞན་གྱི་ཐོག་ནས་བོད་ཀྱི་རིག་གཞུང་བདག་སྐྱོང་ཐུབ་ཚེ་དེ་ནི་དེང་རབས་ཀྱི་བོད་མི་ཚད་ལྡན་ཅིག་ཏུ་ཁས་ལེན་ན་འདོད།

    ཉེ་ཆར”རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང”ཞེས་པའི་དྲ་གསར་ཞིག་སླེབས་འདུག་པ་འདི་སྐད་རིགས་བརྒྱད་ཀྱི་ནང་ལ་བསྒྱུར་ཚར་འདུག་ལ་ད་དུང་རིང་མིན་སྐད་རིགས་བདུན་གྱི་ནང་ལ་ཐོན་གྱིན་འདུག་པས་འདི་ནི་ཚོགས་སྡེ་གཅིག་གི་ངོས་ནས་བཟོས་པའི་སྐད་རིགས་ཆེས་མང་ཤོས་ཀྱི་བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་དྲ་བ་དང་པོ་དེ་ཡིན་པར་འདོད། དྲ་བའི་ཁ་བྱང་ནི། ( www.sorig.net  དང་ www.iattm.net )

    བོད་གཞུང་གི་དྲ་བ་དེ་སྐད་རིགས་བརྒྱད་ལྡན་ཞིག་ཡིན་མོད། ད་དུང་སྐད་རིགས་གང་མང་མང་གི་ནང་དུ་སྒྱུར་གལ་ཆེ། དེ་མིན་ཕ་ཡུལ་དང་བོད་གནས་བསྐྱར་ཞིབ། རང་བཙན་སོགས་ཀྱང་སྐད་རིགས་གང་མང་ནང་སྒྱུར་གལ་ཆེའོ། བོད་ཡིག་ཁོ་ནའི་དྲ་བ་བོད་ཕྱི་ནང་གཉི་གར་མང་ཙམ་ཡོད་པའི་ནང་བོད་ཀྱི་དུས་བབ་དང་ཁ་བརྡ་གཉིས་ནི་ཁྱབ་ཆེ་ཤོས་ཀུན་གྱིས་དགའ་མོས་བྱེད་ས་ཞིག་ཆགས་ཡོད། ༸རྒྱལ་བ་རིན་པོ་ཆེའི་བོད་དྲ་འདི་ཡང་ཤིན་ཏུ་ལེགས་ལ་དགོས་ཕན་གཞན་ལས་ཆེ། གཞན་ཡང་གངས་ལྗོངས་ཕོ་ཉ་དང། ལྷག་དཀར་དམ་བཅའ། སྐྱ་རེངས། མདོ་སྨད་དྲ་བ། དགེ་སློབ་གླེང་སྟེགས་སོགས་ཀྱི་དྲ་གསར་འདི་རིགས་གང་མང་དགོས་གལ་ཆེ། ལྷག་པར་དགེ་སློབ་གླེང་སྟེགས་ནི་བོད་ཀྱི་སློབ་གསོའི་སྐོར་གྱི་དྲ་བ་ལེགས་ཤོས་ཤིག་ཏུ་འགྱུར་རྒྱུར་རེ་བ་ཆེ། སྤྱིར་ཡིན་ན་ཤེས་རིག་ལས་ཁུངས་ངོས་ནས་འདི་འདྲ་ཞིག་གནང་དགོས་པ་ཆགས་ཡོད། གང་ལྟར་འདི་དག་ལ་རོགས་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེའོ།། ༢༠༡༠།༦།༢༦།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    སྨན་རྩིས་ཁང་ནས། རབ་གནས་ལྕགས་སྟག་ལོའི་་ལོ་ཐོ་བསྡུས་པ། བོད་རྒྱལ་ལོ་ ༢༡༣༧
    ནང་ལ་ཉིན་པ་ཡིན་ཚད་ལ་བྱེད་མི་རུང་བ་རེར་བཀོད་པ་འདི་དེང་དུང་བོད་མིར་མཁོ་གནད་ཅན་ཞིག་ཡིན་ནམ། དཔྱད་འཇོག་དགོས་ངེས་འདུག

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    སྨན་པ་ཉི་ཟླ་ལྕེ་ནག་ཚང་གི་གསོ་རིག་ཚོགས་པ་འདི་ཡུ་རོབ་ནང་ལ་རླུང་རྟ་དར་གྱིན་འདུག ཁོང་གི་ཤེས་འཇོན་དག་ལ་དཔེ་ལྟ་འོས། ངོ་མ་བོད་ཀྱི་རིག་གཞུང་འདི་ལྟར་རྒྱུན་འཛིན་དང་ཁྱབ་སྤེལ་བྱ་རྒྱུ་ནི་དེང་རབས་བོད་ཀྱི་རིག་གནས་དར་སྥེལ་དང་མི་རིགས་ཀྱི་རིག་གནས་ཀྱིས་མིའི་རིགས་ལ་ཞབས་འདེགས་ཞུ་ཚུལ་བཟང་པོ་ཞིག་རེད་ཨང། ང་ཚོས་འདི་ལྟར་སྐད་རིགས་དུ་མའི་ནང་དུ་བོད་གསོན་ཐབས་ལ་འབད་དགོས། འདི་ནི་བོད་ཀྱི་ཚེ་སྲོག་ཇི་སྲིད་གནས་ཐབས་ཤིག་ཀྱང་རེད།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རྒན་ལྷ་མོ་ལགས།
    དྲ་ཐོག་ཏུ་དགོངས་ཚུལ་དང་ལམ་སྟོན་རྒྱུན་མར་གནང་བཞིན་འདུག
    ཐུགས་རྗེ་ཆེ་ལགས།

    གོ་ཚོད་ཞིག་ལ་རྒན་ལགས་ཕྱིར་གང་མགྱོགས་ཕེབས་རྒྱུ་རེད་ཟེར།
    དངོས་འབྲེལ་ཡིན་ནམ།

    རྒན་ལགས་ག་དུས་རྒྱ་གར་ཏུ་ཕེབས་རྒྱུ་ཡིན་ནམ།

    རྒན་ལགས་ཀྱི་རླབས་ཆེན་ལས་དོན་འགྲུབ་པར་སྨོན།

    Reply
  4. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    རེ་རྒན་ལགས། ད་དུང་ཚང་མས་ཡག་ཐོག་ཡག་བརྩེགས་ཀྱིས་ཕུན་སུམ་ཇེ་ཚོགས་དང་། བཀོད་སྤྱོད་སྟབས་བདེ། དཔུང་མཉམ་གཤིབ་ཀྱིས་འཛམ་གླིང་འདི་མགོ་ནས་ལངས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese