བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༨༧ སྟེང་གི་རྩོམ་སྒྲིག་པའི་གཏམ།
སྔར་ལོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མཇུག་སྡོམ་རྒྱག་མ་ཐུབ་པའི་སྐབས་དེར་བཙན་བྱོལ་བོད་མི་ཁ་ཐོགས་ཚད་ཀྱིས་ཚིག་སྦོམ་ཕྲ་སྣ་ཚོགས་འཕྱར་དེ་སྤྱི་འཐུས་ཚོའི་སྟེང་ལ་རྒྱུགས་སོང་། ང་ཚོའི་སྐོར་ཞིག་གིས་སྐབས་དེར་རྦད་དེ་བརྗེད་སོང་བ་ཞིག་ནི། ཕྱིར་མང་ཚོགས་ལ་རང་རང་གི་མདོག་ངན་པ་དེ་གྲོས་ཚོགས་ནས་མངོན་བཞིན་པར་ལྟ་རོགས་ཞེས་མི་མང་དང་འཐུས་མི་ལ་ཉེ་རིང་མེད་པའི་གཤེ་གཤེ་གཏོང་མ་ཐུབ་པ་དེ་རེད།
བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཉེ་བར་བཅར་ཡོང་བའི་སྐབས་འདིར་ང་ཚོའི་དྲན་པ་བརྟན་པོར་གནས་པར་བྱོས། དེ་མ་གཏོགས་གྲོས་ཚོགས་རྙིང་བ་ཞིག་བསྐྱར་དུ་རོ་ལངས་རྒྱག་གིན་ཡོད་ལ། མང་ཚོགས་ཀྱིས་རོ་ལངས་དེ་རང་རང་གི་བཀྲུས་ན་མི་དག་པའི་ཁེ་དབང་དང་ཐོབ་ཐང་ལ་འབྲེལ་བའི་གྲིབ་གཟུགས་གཞན་ཞིག་ཡིན་པ་ཡང་བརྗེད་ཀྱིན་འདུག
འོས་འཕེན་ལ་ཉིན་དགུ་བཅུ་ལས་མེད་པའི་སྐབས་འདིར། ཆོལ་ཁ་སོ་སོ་དང་ཚོགས་སྡེ་རེ་རེ་བརྒྱུད་ནས་མང་ཚོགས་ཀྱི་མདོག་དེ་སླར་ཡང་མངོན་ཡོང་གི་འདུག རང་རང་གི་སྐུ་ཚབ་ཚོའི་མཚན་གཞུང་སྒྲིག་བཞིན་སྐུ་པར་བཤམས་མགོ་བརྩམས། ཡིན་ཡང་། ཕལ་ཆེ་བ་ཞིག་སྔར་གྱི་གྲོས་ཚོགས་དེའི་ནང་གི་ཆ་ཡོད་རྒྱུས་ཡོད་རྐྱང་ཡིན་པར་བལྟས་ན། ང་ཚོའི་མང་ཚོགས་འདི་ལ་གནས་སྐབས་རིང་མདོག་གསར་པ་ཞིག་འབུད་རྒྱུ་མེད་པ་ཚོར་ཡོང་གི་འདུག་ལ། ཇི་སྲིད་རང་རང་གི་སྤུས་ཀ་ལ་ཡར་རྒྱས་ཞིག་མ་ཕྱིན་བར་དུ་རང་གི་སྐུ་ཚབ་མཚོན་པའི་མི་དེ་ལ་ཡང་འགྱུར་བ་འགྲོ་རྒྱུ་མེད་པ་མངོན་གསལ་རེད།
ལོ་དུ་མའི་རིང་གི་སྣང་ཚུལ་རྙིང་བ་ལྟར། ང་ཚོའི་གྲོས་ཚོགས་ཀྱི་གྲུབ་ཆའི་རྣམ་པ་དེ་ནི་མང་ཚོགས་ཀྱིས་རང་དབང་གི་སྒོ་ནས་སོ་སོའི་སྐུ་ཚབ་འཐུས་མི་བདམས་པ་མིན་པར། འཐུས་མི་ཚོས་རང་རང་གི་མང་ཚོགས་བདམས་པ་དང་། མིང་འདོགས་སྣ་ཚོགས་ཀྱི་འོག་ནས་རང་རང་ལ་དབང་བའི་མང་ཚོགས་དེར་ལོ་ངོ་མང་པོའི་རིང་དབང་སྒྱུར་བྱས་དང་བྱེད་བཞིན་ཡོད་ལ། འདི་ནི་རྣམ་པ་འགྱུར་བའི་སྲིད་དབང་སྒེར་གཅོད་ཀྱི་རིགས་ཤིག་ཡིན་སྲིད།
གྲོས་ཚོགས་འཐུས་མི་རྣམས་ནི་རང་གི་མང་ཚོགས་ཀྱིས་དྲག་འདེམ་བྱས་པའི་སྐུ་ཚབ་ཚད་མཐོ་ཤོས་དེ་ཆགས་དགོས་ལ། གྲོས་ཚོགས་ཤིག་ནང་གི་སྐུ་ཚབ་འཐུས་མི་ཚོའི་ཚད་གཞི་ཅི་ཙམ་སྐྱོ་བ་དེས་གཙོ་བོ་ཁོང་ཚོ་འདེམ་མཁན་མང་ཚོགས་ཀྱི་ཚད་གཞི་མཚོན་གི་རེད། རྒྱུ་མཚན་འདིའི་དབང་གིས་ད་ནི་བཙན་བྱོལ་བོད་རིགས་མི་མང་གིས་རང་གི་སྤུས་ཀ་མཐོར་འདེགས་བྱ་དགོས་པ་དང་། དོན་དངོས་ཐོག་རང་རང་གི་སྐུ་ཚབ་མཚོན་པའི་འཐུས་མི་དྲག་འདེམས་བྱ་ཐུབ་རྒྱུ་གལ་ཆེ་ལ། བཀའ་ཁྲི་ཡང་མི་མང་གིས་ཐད་ཀར་འདེམས་གི་ཡོད་སྟབས་རང་བཞིན་འདི་ལས་མ་འདས་སོ།།
སྔ་ལོའི་གྲོས་ཚོགས་ནང་བྱུང་བའི་ཟློས་གར་ནི་སྔ་ཕྱི་མ་གཏོགས་དམངས་གཙོ་ཡི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བྱུང་ངེས་པ་ཞིག་ཡིན་པས་དེ་ཙམ་གྱི་ཧ་ལས་ཧོན་འཐོར་དགོས་པ་ཞིག་མིན། ཡིན་ནའང་རྩོམ་སྒྲིག་པ་མཆོག་གི་མང་ཚོགས་ཀྱི་སྤྱི་འཐུས་འདམས་པ་མིན་པར་སྤྱི་འཐུས་ཀྱི་མང་ཚོགས་འདམས་པ་ཞེས་བཀོད་པའི་བསྒྲགས་གཏམ་དེར་གོ་བ་དེ་ཙམ་ལོན་མི་ཐུབ་པས་གསལ་འགྲེལ་ཙམ་ཡོང་བའི་རེ་བ་དང་། དེ་མིན་འཆར་ལ་ཉེ་བའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་འཕེན་དེར་འཐུས་སྒོ་ཚང་ཀྱང་ཆ་ཤས་མི་ལེན་པའི་བོད་པ་འགའ་ཡོད་ན་ཁོང་ཚོ་ནི་ངེས་པར་དུ་༸སྤྱི་ནོར་གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་ཁོང་གི་བཀའ་དྲིན་འོག་དུ་འཚོ་བཞིན་པའི་བོད་གཞུང་ལ་ལན་ཞིག་ངེས་པར་འདེབས་དགོས་པར་སེམས། ཨེ་རེད།
ལྷ་མོ་དོན་འགྲུབ་ལགས། རང་བཙན་ལག་དེབ་ཟེར་བ་དེ་བཙན་བྱོལ་བོད་མིའི་དཔྱ་དངུལ་ལག་དེབ་ལ་ཟེར་བ་རེད། སྤྱི་ཚོགས་ཁྲོད་རང་བཙན་ལག་དེབ་ཅེས་རྒྱ་ཁྱབ་ཏུ་འབོད་པ་རེད།
ཨ་རོགས་ཚོ། ད་ང་ལ་ཁོམ་ལོང་མི་འདུག ཡང་ལས་ཀའི་དུས་ཚོད་ལ་སླེབས་སོང་། དྲ་གྲོགས་སུ་ཞིག་ཁོམ་ན་ཁོང་ལ་ངོ་སྤྲོད་ཡག་པ་ཞིག་གནང་རོགས།
རང་བཙན་ལག་དེབ་ཟེར་བ་དེ་ཅི། དེ་རག་མི་རག་གི་རྒྱུ་མཚན་ཅི། གསལ་བཤད་ཅིག་བྱེད་ཆོག་གམ།
རེད་རེད། ཡག་པོ་ཞེ་དྲག་གསུངས་འདུག རྒྱབ་སྐྱོར་ཡོད། སྤྱིར་བཏང་མང་གཙོ་གཞུང་ནི་༼མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་༽ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པས། མི་མང་གིས་ཐོབ་ཐང་དང་ལས་འགན་གཉིས་མཉམ་འཁུར་བྱེད་རྒྱུ་གལ་ཆེན་པོ་རེད། ཨོ། ད་དུང་ཞབས་འདྲེན་ཞུ་མཁན་གྱི་མི་དག་དྲན་འཛིན་ན་མི་འདུག་ན་བརྙན་འཕྲིན་དེ་ལ་བསྐྱར་བལྟ་ཞིག་བྱོས་དང་ཕན་ཐོགས་ཡོང་གི་རེད། འོས་བསྡུའི་ཆ་ཤས་ལེན་དུས་མ་ནོར་བ་གནང་རྒྱུ་གལ་ཆེན་པོ་རེད།
ང་ལ་འོས་འཕེན་དབང་མེད། རྒྱུ་མཚན་རང་བཙན་ལག་དེབ་མ་རག་ཐལ།
བདེན་གི དེ་བས་མི་དམངས་ཀྱི་ནང་ལ་གནད་དོན་འདི་རིགས་གསལ་བཤད་དང་བགྲོ་གླེང་གི་ཚོགས་འདུ་གང་མང་བསྡུ་རྒྱུ་ཧ་ཅང་གལ་ཆེ། ཐབས་ལམ་གཞན་ཞིག་ནི་སྤྱི་འཐུས་རྣམ་པས་༸གོང་ས་མཆོག་གི་མདུན་དུ་ནམ་ཡང་ཆོལ་ཁའི་ཕྱོགས་ལྷུང་མི་བྱེད་པའི་དམ་བཅའ་འཇོག་དགོས། ཡང་ན་བཅའ་ཁྲིམས་ནང་ལ་མངོན་གསལ་དོད་པོས་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཀྱི་ཕྱོགས་འཐེན་བྱས་ན་རང་བཞིན་གྱིས་སྤྱི་འཐུས་ནས་ཕྱིར་འབུད་བྱེད་དགོས་པའི་ཆད་ཁྲིམས་གཏན་འབེབས་བྱ་འོས།
དྲ་གྲོགས་མང་པོ་ཞིག་བསླེབས་འདུག་པར་འཚམས་འདྲི་ཡོད།
མང་ཚོགས་ཀྱི་བསམ་བློ་མ་བརྗེ་བར་དུ་ཐབས་ཤེས་ཡོད་པ་མ་རེད། འཐུས་མི་བརྗེ་རུང་ཕྱི་ཚུལ་གྱི་ངོ་གདོང་ཙམ་ལས། ནང་སྙིང་བརྗེ་གི་མ་རེད། དཔེར་ན། མི་ཚང་ཅིག་གི་ཕ་རྒན་གྱི་ཚབ་ལ་བུ་དང་བུ་མོ་གང་རུང་ཡོང་གི་རེད། དེ་ཡོང་ནས་ལས་རྒྱུའི་དོན་དག་གཅིག་པ་ཡིན་གི་རེད། ད་འགྲིག་སོང་ངམ།
དམངས་གཙོ་ཞེས་པ་དེ་ཚད་མཐོན་པོ་ཞིག་ལ་འགྲོ་རྒྱུ་ཁག་པོ་ཡིན་རུང་། ཚད་དམའ་ས་ནས་འགུལ་སྐྱོད་མེད་པར་བསྡད་ན་ཉེན་ཁ་ཆེན་པོ་རེད།
གྲོས་ཚོགས་ཁང་གི་ཟློས་གར་དེས་མང་པོ་ཞིག་བཟི་བར་བྱས་འདུག་ཅིང་། མང་པོ་ཞིག་གི་དངས་པ་གཏིང་ནས་འཕྲོག་འདུག དེར་བརྟེན་ཟློས་གར་དེས་བཟི་བར་གྱུར་པ་རྣམས་དང་། གཡོ་གར་དེས་བསླུས་པར་གྱུར་པ་ཚོས་སླར་ཡང་གར་མ་དེ་དག་གར་སྟེགས་སུ་བསྐྱོན་ངེས་རེད། བློ་རྣལ་དུ་གནས་པ་རྣམས་དང་དཔྱོད་ཤེས་ཀྱི་རྩལ་དང་ལྡན་པ་རྣམས་ཕྱོགས་གཅིག་ཏུ་འདུས་ཏེ་གཡོ་ཐབས་དང་བསླུ་བྲིད་ཀྱི་ཟློས་གར་འདི་རྨང་ནས་བསྒྱེལ་རྒྱུར་འབད་པར་འཚལ་ལོ།
མི་མང་ལ་རང་དབང་གང་ཡོང་མི་མང་ལ་སྣ་ཐག་རྒྱབ་ནས་ག་བར་ཁྲིད་ཁྲིད་རེད། དེང་སང་མི་མང་གི་སྣ་ལ་ཐག་པ་རྒྱག་མཁན་མང་དུ་མང་དུ་ཕྱིན་ནས་མི་མང་རྣམས་གོམས་པ་སྤོ་མི་ཤེས་པའི་ཚད་ལ་སླེབ་ཡོད། ནམ་ཀུན་ནས་མི་མང་ལ་མང་གཙོའི་བལྟ་བ་སོགས་བགྲོ་གླེང་སྤྲོད་མཁན་ཟེར་བ་ཞིག་གོ་མ་མྱོང་ཡང་དེང་ཚོགས་པ་ཁག་དང་སྐྱིད་སྡུག་ཁག་གི་གོ་སྒྲིགས་འོག་མང་གཙོའི་བལྟ་བ་དང་དབུ་མའི་ལམ་དེ་བཞིན་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ཤོག་སྐོར་གྱི་ཟབ་སྦྱོང་དང་བགྲོ་གླེང་མི་ཁོབ་ཤིག་ཤིག་རེད། དེ་དག་ནམ་ཀུན་ནས་གནང་ཡོད་ན་ཡག་པོ་ག་ཚོད་མ་རེད་དམ། རང་གི་འདོད་མོས་ཡོད་པའི་མི་ཞིག་བཀའ་ཁྲི་འམ་སྤྱི་འཐུས་སུ་སླེབ་པ་ལ་དང་པོ་རང་ཉིད་སྐྱིད་སྡུག་གམ་ཚོགས་པ་ཞིག་གི་འགོ་ཁྲིད་དུ་སླེབ་དགོས་པ་ནི་ཆ་རྐྱེན་དང་པོ་ཡིན་པ་མཐོང་། དེ་ནི་མང་གཙོའི་བལྟ་གྲུབ་ཞིག་ག་ལ་ཡིན་འོན་ཀྱང་དེ་ནི་དངོས་ཡོད་ཀྱི་སྤྱི་ཚོགས་ཀྱི་ལུགས་སྲོལ་ཞིག་རེད་ཟེར་ན་མ་གཏོགས་འགྲེལ་བཤད་གཞན་མེད་སྙམ་མོ།
‘‘ ’’
འབྲེལ་མེད་ཅིག་ལ་གོང་གི་རྟགས་འདི་ཧིན་གཟུགས་ཐོག་ནས་ཇི་ལྟར་གཏགས་དགོས་མིན་ལན་ཞིག་གནང་རོགས། སྐུ་མཁྱེེེན།
གོང་གི་དེ་ངས་གཏགས་པ་མ་ཡིན་པར་པར་བཤུས་བརྒྱབས་པ་ཡིན།
ཁྱེད་རྣམ་པས་བཤད་པ་བདེན་ང་ལ་ཡང་ཚོར་སྣང་དེ་ལྟ་ཡོང་བཞིན་འདུག།
ཡིན་ན་ཡང་ཁག་གཅིག་གིས་བསམ་བཞིན་དུ་ཡང་སྐྱར་མི་ངན་དེ་དག་གི་མིང་གཞུང་སྟོན་ནས་སྤྱི་མཐུན་བླུག་དགོས་ཟེར་ནས་སྐད་རྒྱབ་ཀྱི་འདུག།
སྔོན་ཆད་གྲོས་ཚོགས་སུ་སྙོག་གྲ་བྱུང་རྗེས་སུ་ང་རང་འབྲེལ་ཡོད་ཀྱི་མི་དག་གིས་ད་ནི་རང་ཁོང་གི་སྤྱི་མཐུན་ཞེན་ཁོག་ཅན་དག་སྐབས་རྗེས་མ་འོས་བླུག་རྒྱུ་མིན་ཚུལ་བཤད་ཀྱི་འདུག་ཀྱང་དེང་སང་ཆོལ་ཁ་ཚང་མས་བསམ་བློ་ཡག་པོ་མ་གཏང་ན་ཁག་གཅིག་གིས་སྒྱུར་བཅོས་གཏང་བ་ཙམ་གྱིས་མི་ཕན་པས་ཡང་སྐྱར་བསམ་བློ་གཞན་ཞིག་གཏང་དགོས་པའི་ཚོད་དུ་བཟོས་སོང་ཟེར་ནས་བཤད་བཞིན་འདུག། བདག་ལ་མཚོན་ན་སྐད་དེ་དག་ཐོས་པ་ཙམ་གྱིས་སྙིང་ལ་ན་ཟུག་རྒྱབ་བཞིན་འདུག། རང་ཡུལ་དགྲ་ལག་ཤོར་ནས་མི་ལོ་དྲུག་བཅུ་ཙམ་འགྲོ་བའི་དུས་འདིར་རང་གི་དགྲ་བོ་ཡང་ངོས་ཟིན་མི་འདུག་སྙམ་པའི་སྐྱོ་སྣང་ཞིང་ངང་གིས་ཡོང་བཞིན་འདུག།
སྲིད་དོན་གྱི་གོ་རྟོགས་ཞན་པའི་མི་སེར་ཚོ་ནི། བ་ཚྭ་དྲི་མ་བྲོ་བའི་ལུག་ཁྱུ་དང་ཁྱད་ཅི་ཡོད། བཤད་ཤེས་ན་ཁོང་ཚོས་སྒྲུབ་ཤེས་མིན་ལ་བལྟ་བའི་མིག་ལོང་ཚར་ནི་རེད།
དྲ་གྲོགས་ཚོ་། ང་ལ་ད་ལྟ་ནས་ཡིད་ཐང་ཆད་པའི་ཚོལ་བ་ཞིག་བྱུང་གིན་འདུག
རས་ཆེན་པོ་ཞིག་གི་ཐོག་ལ་གང་ཞིག་གིས་འོས་གཞིར་གྱུར་པའི་ཕྱེད་པར་༢༣་འདུག་ དེའི་ནང་མདོ་གབུས་ཁམས་སུམ་ཀྱི་འོས་མི་འདུག་ཡ དེམཐོང་བ་དང་ང་ནི་ཐང་ཆད་དེ་དབུགས་རིང་ཞིག་འཏེན་བཞིན་ནང་དུ་ལོག་སོང་བ་ཡིན།
མགོ་འཐོམ་ཚོ་ཡ་ མགོ་འཐོམ་ཚོ།་ ཁ་བདེ་ལྕེ་བདེ་ཙམ་གྱི་རང་དོན་མི་འགྲུབ་པ་མི་ཤེས་པའི་མགོ་འཐོམ། ཡང་མཐར་བཏུག་ན་མ་འོང་བའི་སྤྱི་མཐུས་ཀྱི་སྤུས་ཁ་ང་རང་ཚོའི་བླག་རྒྱུ་རེད་
་་་་འདི་ནི་རྣམ་པ་འགྱུར་བའི་སྲིད་དབང་སྒེར་གཅོད་ཀྱི་རིགས་ཤིག་ཡིན་སྲིད། །་་་་ ཟེར།
རྩོམ་སྒྲིག་པས་གསུང་བ་བཞིན་གྲོས་ཚོགས་ཀྱིས་མདོག་ངན་བསྟན་པ་རེད། དེ་དང་སྦྲེལ་ནས་མང་ཚོགས་ཀྱིས་ཀྱང་མདོག་ངན་བསྟན་སོང་མོད། དེར་ཅང་བཤད་མཁན་མི་འདུག འཐུས་མི་གཅིག་བུའི་སྐྱོན་མ་རེད། དེ་འདེམས་མཁན་གྱི་མང་ཚོགས་ལ་དེ་བས་ཀྱང་སྐྱོན་ཆེན་པོ་ཡོད་རྟགས་རེད།
ད་ང་ཚོ་སད་པ་བྱས་ནས། བོད་རྒྱལ་ཁབ་དང་མི་རིགས་ལ་གནོད་གཞིར་གྱུར་བའི་ན་ཚ་ཅན་གྱི་འཐུས་མི་དེ་དག་རྒྱང་ཕུད་གཏོང་ཐུབ་རྒྱུ་དེ་རེད། དེ་མ་བཏང་ན་རང་འཇགས་གྲོགས་ཚོགས་ལ་ན་ཚས་བཟུང་ཡོད། དྲ་གྲོགས་ཚོས། རང་རང་གི་འཐུས་མི་བདམས་སྐབས་ངེས་པར་དུ་ལྷག་བསམ་དཔང་བཞག་གི་འོས་ཤོག་འཕེན་རྒྱུ་གལ་ཆེའོ།།
ངོས་ནས་དྲང་ནས་བཤད་ན། མི་མང་ནང་ཁོང་ཚོར་ལྟ་ཚུལ་གཉིས་བྱུང་ཡོད་པ་རེད། ༡ ཞབས་འདྲེན་དུ་ལྟ་མཁན་སྐོར་གཅིག་རེད། ༢ མང་གཙོའི་ཁེ་དབང་རྩོད་ཤེས་མཁན་ལ་ལྟ་མཁན་སྐོར་གཞན་ཞིག་རེད།
དེའི་སྟབས་ཀྱིས་ཚང་མ་ལོས་ཁ་གྲགས་མ་ཐག་མི་མང་ཞེས་པ་འདི་བེད་སྤྱོད་གཏོང་རྐྱང་མི་བྱེད་རྒྱུ་གལ་ཆེན་ཡིན་པའང་གོང་དུ་བཀོད་པའི་གདོང་པ་རྙིང་བ་ལས་གསར་བ་ཐོན་གྱི་མེད་པས་སྟོན་བཞིན་པ་མིན་ནམ།
ལུང་རིགས་ཀྱིས་བཤད་པ་བཞིན་རེད། མི་དམངས་ཀྱིས་ཀྱང་བསམ་གཟས་ནས་དམངས་ཁྲོད་ཀྱི་མི་རྙོག་དྲ་སློང་མཁན་དང་རྩད་ཚ་བོ་དེ་ཚོ་བདྱས་ཡོང་གི་འདུག་ག དེ་ལྟར་བྱས་བས་གྲོས་ཚོགས་ནང་དུ་ཡང་རྙོག་དྲ་དང་རྩོད་པ་རྐྱང་བྱས་བསྡད་པ་རེད། དེ་དང་འབྲེལ་ནས་རྒན་ལྷ་མོ་སྐྱབས་ཀྱིས་བཤད་པ་བཞིན་པ། ཆོས་རྒྱུད་སྤྱི་འཐུས་ལ་བསམ་བློ་ཞིག་ངེས་པར་དུ་གཏོང་དགོས་སྙམ། ཁ་སྔོན་དེ་ཚོ་དགོས་དང་མི་དགོས་ཟེར་མཁན་མང་པོ་བྱུང་སོང་ང་། ད་གླེང་རན་རེད་མི་འདུག་གམ།
དངོས་གནས་རེད་་་་་་་་་་ལོ་སྔོན་མའི་ནང་ཁོང་ཚོས་ཞབས་འདྲེན་དེ་རྒྱས་ཞུས་ནས་མི་དམངས་ནང་བག་ཆགས་ངན་པ་དེ་འདྲ་བཞག་སོང་
ད་ལོ་ཡང་ཞབས་འདྲེན་ཅི་ཞིག་ཞུ་རྒྱ་ལྷག་ཡོད་ནམ?