མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡ་རམ་ས་ལའི་གསར་བུ་ཚོར་སྤྲིངས་པ། མཁའ་དབུགས་གསར་པ་ནས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

ཉི་ཧོང་། མཁའ་དབུགས་གསར་བ་ནས།

  
ཨ་མས་རྡ་རམ་ས་ལ་ནི་རྒྱ་གར་གྱི་ལྷ་ས་ཡིན་པར་བཤད།  ཨ་ཕས་རྡ་རམ་ས་ལ་ནི་བོད་ཀྱི་མ་འོངས་པའི་རེ་ལྟོས་ཉག་ཅིག་ཡིན་པར་བཤད།  ཕུ་བོས་རྡ་རམ་ས་ལ་ནི་གངས་ལྗོངས་ཀྱི་རྣམ་ཤེས་གསོན་པོ་བཞུགས་སའི་ གནས་སྐབས་ཀྱི་ཕ་ཡུལ་ཡིན་པར་བཤད།  ཨ་ཅེ་ཡིས་རྡ་རམ་ས་ལ་ན་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་སྙོམས་པའི་གྲུ་ཁ་ཞིག་ཡོད་པར་བཤད། 
 
ངས་ཡང་ནས་ཡང་དུ་གསན་ཞིང་ཡང་ནས་ཡང་དུ་བསམས་གཞིགས་བཏང་རུང་། ཁོ་ཚོས་བཤད་པ་ལ་གནས་ལུགས་ཆེན་པོ་ཞིག་འདུག་སྟེ། རྡ་རམ་ས་ལ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཞུགས་ཡུལ་ཡིན་ལ། དྲོད་འཇམ་གྱི་ལག་ཟུང་གིས་བླངས་ཏེ་ཨ་མ་རྗེ་བཙུན་པདྨས་ཞིམ་མངར་གྱི་ནུ་ཞོ་བསྣུན་ས་ཡིན་པ་མ་ཟད།  གནས་དེ་ན་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་ཡོད་ལ།  སྨིན་ལ་ཉེ་བའི་དམངས་གཙོ་དང་འདྲ་མཉམ་གྱི་ཁོར་ཡུག་ཡངས་མོ་ཞིག་ཀྱང་ཡོད།  འདི་ནི་མི་ལོ་དྲུག་ཅུ་ལྷག་གི་རིང་ལ་ཕ་ས་ཕ་ཡུལ་ཤོར་བའི་ཉམས་ཆུང་གི་མི་རིགས་འདིའི་བསམ་པའི་འཚོ་བཅུད་ཡིན་ངེས།

དེ་ལྟ་དེ་ལྟར་འཕྲུལ་སྣང་གིས་ཁེངས་པའི་ན་གཞོན་གསར་བུ་མི་ཉུང་བ་ཞིག་གིས་ཕ་ས་དྲོན་མོ་དང་ཨ་མའི་ལག་ཟས་མངར་མོ། ད་དུང་ཕུ་ནུ་མིང་སྲིང་གི་བརྩེ་བ་དང་ཆུང་འདྲིས་གྲོགས་པོ་དག་གི་དུངས་པ་དག་རྒྱབ་ཏུ་བསྐྱུར་ནས་རི་བོ་ཧི་མ་ལ་ཡའི་ཀྱག་ཀྱོག་དང་དཀའ་སྡུག་གི་བགྲོད་ལམ་རིང་མོ་དེར་འཛེམས་དོགས་སྤུ་ཙམ་ཡང་མེད་པར་རྡ་རམ་ས་ལའི་ཕྱོགས་སུ་ཤོར་འགྲོ་ལ།

      རེ་བས་ཁེངས་པའི་ཕ་མ་གང་མང་ཅིག་གིས་རང་གི་ཤ་དང་ཁྲག་ལས་གྲུབ་པའི་བྱིས་པ་སྣབ་ལུག་གང་མང་ཅིག་རྡ་རམ་ས་ལར་སྐྱེལ་བར་བྲེལ། ཡིན་ཡང་།  ཕྲན་ཆུང་དུས་ད་ལྟ་བར་དུ་གནས་མཆོག་དེར་སོང་མ་མྱོངས་མོད།  གནས་མཆོག་དེའི་མཁའ་དབུགས་ལ་ཡིད་ཚིམ་པ་ཞིག་རྔུབ་འདོད་ཀྱི་ འདུན་པ་དྲག་པོ་ཞིག་སྔ་མོ་ནས་སྐྱེས་མྱོངས།

       ཡིན་ཡང་རང་གི་ཉེ་འཁོར་གང་ཞིག་ཏུ་རྐུན་མ་སུ་ཞིག་རྡ་རམ་ས་ལར་བྲོས་སོང་ཟེར་བ་དང་།  མི་གསོད་ཀྱི་ལག་དམར་སུ་ཞིག་གི་རྡ་རམ་ས་ལར་ཤོར་སོང་ལྟ་བུའི་གནས་ཚུལ་ཕྲན་ཚགས་རེ་གོ་ཐེངས་རེ་རེར། ངའི་སེམས་ཀྱི་འཚོ་བཅུད་ལྟ་བུའི་གནས་མཆོག་དེ། ངའི་བྲང་གི་དམར་བོ་སྙིང་དང་འདྲ་བའི་ལྷ་ཡུལ་དེར་ཁོ་ཚོ་འགྲོ་ས་གཏན་ནས་མེད་ཅེས་ཨག་སྐད་རེ་ཡང་བཏབ་མྱོངས། ཆ་འཕྲིན་གྱི་འཕེལ་ཁ་མགྱོགས་པའི་དུས་རབས་ཉེར་གཅིག་གིས་དུས་འདིར་དྲ་རྒྱ་བརྒྱུད་དེ་རྡ་རམ་ས་ལའི་བོད་མི་ཚོའི་སེམས་ལྗོངས་ཀློག་པའི་གོ་སྐབས་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས།   གསར་བུ་སྐྱལ་སྟོང་རེ་གཉིས།

   མིན།  གསར་བུ་སྐྱལ་སྟོང་གང་མང་ཞིག་གིས་དོན་མེད་ཀྱི་སྟོང་གཏམ་དང་མདོ་མེད་པའི་འཆལ་གཏམ་རེ་བཤད་ཞོར་རྡ་རམ་ས་ལ་ན་ཉི་མ་འཁྱོལ་ཐབས་བྱས་བསྡད་ཡོད་པའི་གནས་ཚུལ་ལ་རྒྱུས་ལོན་རེ་བྱེད་ཐེངས་རེ་རེར།  ཕྲན་ལ་མི་བཤད་ཀ་མེད་ཀྱི་སྐད་ཆ་ཐུང་ཐུང་ཞིག་ཡོད་དེ། 

ཁྱེད་ཚོ་རི་བོ་ཧི་མ་ལ་ཡ་བརྒལ་པའི་སྙིང་སྟོབས་དང་དམིགས་ཡུལ་དེ་དུས་ད་ལྟ་གང་ན་ཡོད་ཅེས་འདྲི་གཞི་ཞིག་མི་གཏོང་ཀ་མེད་རེད།
 

༼ རྩོམ་སྒྲིག་པའི་གསལ་བཤད། རྩོམ་པ་པོ་ཁོང་དང་མཉམ་དུ་གྲོས་བྱས་པ་ལྟར་ཁོང་གི་དངོས་མིང་འདིར་མི་འགོད་རྒྱུ་བྱས་ཡོད། ༽

 

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 19

  1. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    ཀློག་པ་པོ་ཚོར་ཆེད་ཞུ།
    ཁྱེད་ཅག་རྩོམ་ཡིག་ཧྲིལ་པོ་ལས་ཚིག་འབྲུ་རེ་གཉིས་བཟུང་ནས་མི་གཏོང་པ་འདི་དངོས་ནས་དགོད་བྲོ་བ་ཞིག་རེད་མོད།
    འདི་ཡང་བོད་ནང་གི་བོད་མི་ཞིག་གི་ཁྱེད་ཚོར་བཟུང་བའི་རེ་བ་དང་ལྟ་སྟངས་ཡིན་པས་བསམ་བློ་ཞིག་བཏང་འོངས་ན་ཅི་འདྲའི་དགའ་བ་ལ།
    རང་ཉིད་སྐྱལ་སྟོང་མིན་ན་སྐྱལ་སྟོང་ཞེས་པའི་ཐ་སྙད་འདི་ལ་དེ་འདྲའི་སྲོག་ལངས་དོན་མི་འདུག་སྙམ།
    སྐྱལ་སྟོང་ཟེར་བའི་ཚིག་འདིར་ཚུགས་པ་ཟ་མཁན་དག་གིས་མཉམ་ཞོག་ལགས

    Reply
  2. ངག་བློ། says:
    ལོ་ 16 སྔོན།

    ཉི་ཧོང་མཁའ་དབུགས་གསར་པས་བཏོན་གནང་བའི་བསམ་ཚུལ་ལམ་དོན་དངོས་དང་མཐུན་པའི་རྩོག་བྲིས་ལ་རྒྱབ་སྐྱོར་ཡོད། རྡ་སར་ཆ་བཞག་ན་བརྒྱ་ཆ་བརྒྱད་ཅུ་དགུ་ཅུ་བོད་ནས་ཕེབས་པ་རེད་ལ་དེ་ནས་གང་མང་ལས་མེད་རེད་ཅེས་བརྗོད་པར་མི་ཆོག་རྒྱུ་མིན་འདུག གང་ལྟར་རྡ་ས་ནི་ཞུགས་སྒར་རེད་ལ།་བོད་མི་ཀླད་མེད་འགའ་དབྱིན་ཇི་དང་ལྷན་དུ་མྱོས་རྫས་རིགས་བེད་སྤྱོད་ཀྱིས་ཉི་མ་འཁྱོལ་ཐབས་བྱ་ཡུལ་ཞིག་ཏུ་ཡང་མཐོང་།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    མཁའ་དབུགས་གསར་པ། ཁྱོད་ཉི་ཧོན་དུ་ཡོད་ན་ང་ཚོའི་མཛེས་མ་ཟླ་བ་སྒྲོལ་མ་མཐོང་སོང་ངམ། དེའི་སྐོར་གོ་རྒྱུ་འདྲ་ཅང་འདུག་གམ།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    མཁའ་དབུགས་གསར་པ་ལགས། ཁོ་བོས་ལས་མེད་དུ་སྡོད་པའི་གསར་བུ་ཚོ་སྣང་མེད་དུ་བཞག་ན་འགྲིག་ཟེར་བ་མིན་ལ་བོད་གཞུང་གིས་ཀྱང་བཞག་ཡོད་པ་མ་རེད། ཁོ་བོས་བཤད་འདོད་པ་ནི་ལས་མེད་རེ་ཟུང་ཡོད་པ་དེར་དེ་ཙམ་གྱིས་བློ་ཕམ་བྱེད་མི་དགོས། བློ་ཕམ་བྱས་པས་ཁོང་ཚོ་ཡིན་ལུགས་ཚུལ་ལྡན་དུ་འགྱུར་མི་སྲིད་ལ་ཁོ་ཚོ་ཡོད་པས་བོད་ཉམས་ཆག་ཏུའང་འགྱུར་མི་སྲིད། ཉི་ཧོང་དང་ཨ་རི་ལྟ་བུའི་སློབ་གསོ་དང་དཔལ་འབྱོར་གྱིས་ཕྱུག་པའི་སྟོབས་ཆེན་རྒྱལ་ཁབ་དག་གིས་ཀྱང་གནད་དོན་འདི་གཙང་སེལ་བྱེད་ཐུབ་མི་འདུག་ལ། སྒྲི་ཁྲིམས་དང་བཙན་ཤེད་ཆེ་བའི་རྒྱ་ནག་དང་ཨུ་རུ་སུས་ཀྱང་གནད་དོན་འདི་ཐག་གིས་ཆོད་མི་འདུག་ན་འུ་ཚང་སྨྲོས་ཅི་ལ་དགོས། རྡ་སའི་ཁོར་ཡུག་དང་མཐུན་རྐྱེན་འདི་འདྲའི་འོག་ཏུ་ཉི་ཧོང་དང་ཨ་རི་ལས་ཀྱང་ལྷག་པའི་འབྲས་བུ་ཞིག་འབྱུང་རྒྱུའི་རེ་བ་བྱེད་པ་ནི་ཅུང་ཐལ་དྲགས་པ་རེད། ངས་བཤད་འདོད་པ་ནི་དེའོ། སྐུ་ཉིད་ཀྱིས་ལས་མེད་ཚོར་སེམས་ཁུར་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།

    Reply
  5. རླུང་པུ says:
    ལོ་ 16 སྔོན།

    མཁའ་དབུགས་གསར་པ་ལགས། ཁྱེད་ཀྱི་རྩོམ་ཡིག་ཧྲིལ་བོ་ཀློག་རྗེས་ཀྱི་མྱོང་བ་ནི་རྡ་རམས་ས་ནི་མི་ངན་གྱི་ཚང་ལྟ་བུ་ལས་ཡིན་སྙམ། མི་མང་པོ་ཞིག་གིས་ཁྱེད་ལ་དགོག་པ་ཁོག་མི་འདུག
    འོན་ཀྱང་གཤམ་གྱི་རིག་པ་འདོན་སར་ཁྱེད་རང་གིས་མཆན་ཞིག་བཀོད་ཡོད་པ་དེ་ཡག་འདུག ཁྱེད་རང་བོད་པ་ཞིག་ཡིན་པ་ཤེས་སོང་།

    Reply
  6. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    སྣང་རྒྱལ་ཤར་དགེ་ཟེར་བ་ལགས
    ཧ་ལས་དགོས་དོན་མེད་ཟེར་ནས་སྣང་མེད་དུ་སྐྱུར་བ་ནི་ཁྱེད་ཀྱི་གནད་དོན་ལ་ལྟ་ཚུལ་འཛིན་སྟངས་ཡིན་སྲིད་མོད།
    ཨ་རི་དང་ཉི་ཧོང་དུ་མེད་ན་ང་ཚོར་ཡང་མེད་ཆོག་ཞིག་མ་རེད། ངས་རྡ་རམ་ས་ལ་ནི་ལྷ་ཡུལ་ལྟ་བུ་ཞིག་རེད་འདོད་ཀྱིན་མེད་ལ། ཉི་ཧོང་ཀྱང་ལྷ་ཡུལ་ལྟ་བུ་ཞིག་ཡིན་པ་དེ་ལས་ཀྱང་འདོད་ཀྱིན་མེད།
    ཨ་རི་དང་ཉི་ཧོང་ནས་གསར་བུ་རེ་གཉིས་ལམ་ཆགས་སུ་ལྷུང་རུང་མ་གཞི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཆ་ཚང་བའི་རྒྱལ་ཁབ་འདི་དག་ལ་མཚོན་ན་གོ་ཆག་ཞིག་ཏུ་འགྱུར་མི་ངེས་མོད། ཅི་ཡང་མེད་པའི་ང་ཚོར་མི་བུ་རེ་གཉིས་ཀྱང་ལམ་ཆགས་སུ་སོང་ན་གྱོང་གུད་ཆེན་པོ་ཞིག་རེད་བསམ་གྱིན་ཡོད།

    Reply
  7. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྒྱ་མཚོ་ཆེན་པོའི་ནང་དུ་ཡོད་པ་ཚང་མ་སྦྲུལ་མ་རེད་ལ་སྦལ་པའང་མ་རེད། རྡ་སའི་གསར་བུ་ཡོད་ཚད་རྐྱལ་སྟོང་ཡང་མ་རེད་ལ་བཙུན་པའང་མ་རེད། བོད་ནས་ངན་པར་གྲགས་པ་འགའ་རྡ་ས་ནས་བཟང་བར་གྱུར་པ་ཡོད་ལ། བོད་ནས་བཟང་བར་གྲགས་པ་འགའ་རྡ་ས་ནས་ངན་པར་གྱུར་པའང་ཡོད།
    རྡ་ས་ཟེར་བ་ལྷ་ཡི་ཞིང་ཁམས་ལྟ་བུ་ཞིག་ག་ལ་ཡིན། ཉི་ཧོང་ཡང་དེ་འདྲ་མ་རེད་དམ། མི་ཡུལ་འདིར་མི་མ་རབས་མེད་པའི་སྤྱི་ཚོགས་ཤིག་གང་ན་ཡོད། དེར་སུས་ཀྱང་དོགས་པ་ཟ་དགོས་དོན་མེད་ལ་གནས་དེར་ཕྱིན་ཏེ་རྟོག་དཔྱོད་བྱེད་དགོས་དོན་དེ་བས་མེད། སྟོབས་ཆེན་རྒྱལ་ཁབ་ཨ་རི་ལའང་ལས་ཀས་མི་འདངས་བའི་དཀའ་ངལ་འཕྲད་ཡོད་ན་རྡ་སར་ལས་མེད་ཀྱི་ཕོ་གསར་ཡོད་པ་ལ་ཧ་ལས་དགོས་དོན་མི་འདུག

    Reply
  8. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    ཀློག་པ་པོ་རྣམ་པར།
    ཐོག་མར་ཁྱེད་ཅག་གིས་གསར་ལས་གཅེས་དུས་ཚོད་འཕྲོ་བརླག་ཏུ་བཏང་ནས་ཕྲན་གྱི་རྩོམ་ཐུང་འདིར་བཀླགས་པར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཚིག་འགའ་བཤད་པར་འདོད།
    རེད་དེ། ངས་བཤད་པར་འདོད་པ་ནི་གཞི་ལུས་མི་དམངས་ཀྱི་སེམས་ཁོངས་ཀྱི་རྡ་རམ་ས་ལ་གནས་བབས་དང་ཉེ་ལམ་གྱི་གསར་འགྱུར་སྟེང་ནས་བཤད་ན[ཐ་མ་ནག་པོ་སྤྱོད་མཁན་མང་དུ་འགྲོ་ཡི་འདུག་ཟེར།][ན་ཚོད་མ་སྨིན་པའི་བརྩེ་དུང་ལ་སྐྱུར་དྲི་ཁ་སོང་།]སོགས་དབར་གྱི་བར་ཐག་ཅིག་བཤད་འདོད་པ་ཡིན།
    མགོ་བརྗོད་དུ་བོད་མིའི་སེམས་ནང་གི་རྡ་རམ་ས་ལ་དང་བར་དུ་དངོས་པ་དོན་གྱི་རྡ་རམ་ས་ལ།
    མཇུག་ཏུ་ད་ལྟའི་དུས་འདིར་གཞོན་སྐྱེས་མང་པོ་ཞིག་གིས་རང་ཉིད་དང་མི་རིགས་ཀྱི་མདུན་ལམ་དང་མ་འོངས་པ་བོར་འདུག་པའི་རྣམ་པ་དེའི་སྟེང་ནས།
    རྡ་རམ་ས་ལར་ཡོད་པའི་གཞོན་སྐྱེས་ཁྱེད་ཚོ་ནི་གཞི་ལུས་རྒན་དར་གཞོན་གསུམ་གྱི་རེ་ལྟོས་བྱེད་ས་ཉག་ཅིག་དེ་ཡིན་པས་ན། དྲ་སྟེང་དུ་སྐད་ཆ་ཚིག་གཅིག་བཤད་ཚེ་ཡང་བློ་གཟུར་བོ་དང་ཁོག་རྒྱ་ཡངས་པའི་སྟེང་ནས་ཀུན་སྤྱོད་ལྡན་པའི་གཏམ་ཚིག་བརྗོད་པར་སྐུལ་པ་དང་ཆབས་ཅིག
    ཁྱེད་ཅག་རི་བོ་ཧི་མ་ལ་ཡ་བརྒལ་དུས་ཀྱི་ཕུགས་འདུན་དང་སྙིང་སྟོབས་དེ་དག་དུས་ནམ་ཡང་བརྗེད་དུ་མ་འཇུག་པར་ཤུ་རེ་བྱོས་ཅེས་སྐུལ་ལྕག་གི་བཏང་བ་དེའོ།

    དེ་མི་ང་སུ་ཞིག་ཡིན་པ་དང་ངས་བོད་དོན་གྱི་ཆེད་དུ་བྱ་བ་ཅི་ཞིག་སྒྲུབ་ཀྱིན་ཡོད་མེད་དེ་སྒོས་སུ་བབས་དུས་ཁྱེད་ཚོས་ཀྱང་ཤེས་ངེས་པས། རེ་ཞིག་གསལ་བོར་བརྗོད་ཀྱིན་མིན་ཤེས་མཛའ་སེམས་དར་སྐུ་རིང་མོ་ཞིག་གི་ཚུལ་དུ་ཉི་ཧོང་ནས་སྦྱར་བའོ།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཁ་དབུགས་གསར་བ་ཡིན་ན་འདིས་དོན་དུ་དྷ་རམ་ས་ལར་གསརག་འདྲི་ཡི་ཡོད་ས་རེད་། གལ་སྲིད་སྐད་ཆ་དེ་ཚོ་ཁྱོད་ཀྱིས་བཤད་པ་མིན་ཚེ་ཁྱོད་ཀྱང་ད་བར་དུ་དྷ་ས་ནས་ཆུ་འཐུང་སྟེ་རྩྭ་ཟོས་ཏེ་བསྡད་པ་ཡིན་པས་ན། འབྲེལ་ཡག་ཉེས་གང་འདྲ་ཞིག་ཇི་ལྟར་བརྒྱག་དགོས་པ་ཁྱོད་ཀྱིས་ལོས་ཤེས་ཏེ། རང་ཉིད་ཐར་ཙམ་གྱིས་ཕྱིར་ཁ་རྒྱག་བཤད་རྩིས་མ་བྱེད་ལགས།

    Reply
  10. ན་གཞོན། says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་བྲིས་འདུག་ག་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  11. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    གྲོགས་པོ་མཁའ་དབུགས་གསར་བ་ལགས། ཁྱེད་ཀྱི་བཤད་འདོད་པའི་སྐད་ཆ་གང་ཡིན་ནམ་རྩོམ་ཡིག་འདི་ཐང་གཅིག་ཞུབ་བཀླགས་བྱས་ཡང་དྲི་བ་གཅིག་ལས་
    གཞན་བརྗོད་གཞི་དང་དམིགས་གསལ་གྱི་འབྲེལ་བ་མཐོང་མ་སོང་མོད་གང་ལྟར་རྡ་སར་ཡོད་པའི་གསར་བུ་ཕོ་རྒོད་ཚོ་དང་བཙན་བྱོལ་དུ་ཡོད་པའི་གསར་བུ་སུ་མ་འགྲིག་ན་དེ་ལ་སྐྱོན་བརྗོད་བྱེད་དགོས་པ་ལས་སྤྱི་ཡོངས་ལ་སྐྱལ་སྟོངདང་མགོ་སྟོང་ཞེས་བཤད་པའི་ཅི་ཕན། ཁྱོད་ཉི་ཧོང་ལ་ཡོང་དགོས་པའི་དོན་གང་ཡིན་དང་བོད་ཀྱི་བསྟན་སྲིད་ཀྱི་ལས་དོན་གང་བྱེད་མྱོང་། གང་ཡང་བྱེད་མྱོང་མེད་ན་ཁྱོད་ལ་འདི་ལྟར་བཤད་པའི་གདང་སྤོབས་ཅི་ཅི་ཞིག་ཡོད།

    Reply
  12. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    ངས་ཀྱང་ལོས་བདེན་བསམས་གི ཡིན་ན་ཡང་བདེན་པ་ཡིན་ཆོག་ཅེས་པ་ཙམ་གྱིསངའི་སྐོམ་མི་སོད་གི དཔེ་མཚོན་འགའ་རེ་བཤད་རྒྱུ་ཡོད་དམ།

    Reply
  13. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    མང་པོ་མ་བཤད་བ་བྱེད་དང་པོ་ནས་དོན་དག་རྡོག་རྡོག་དེ་བཤད་ན་འགྲིག་གི་འདུག་་་་་་་རྩོམ་ཡིག་མང་བ་ཞིག་འདུག་ཀློག་ཡ་ལ་དཀའ་ལས་ཁག་སོང་། མདོ་དོན་དྲི་བ་དེ་རང་རེད་འདུག་ཨ། དཀོན་མཆོག་་་་་ངའི་ནི་ཅི་ཞིག་བཤད་ཀྱི་ཡོད་ན་བསམ་སོང། མ་གཞིག་ནས་ཡག་པོ་འདུག་་་་་་ཉི་ཧོང་ནས་གཏང་བ་རེད། ཧཧཧཧཧཧཧཧཧ

    Reply
  14. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ལྷ་མོ་དོན་གྲུབ།ལགས
    དེ་བདེན་པ་ཡིན་ཆོག་
    མི་ལ་རང་བཞིན་གྱི་བཟང་ངན་གྱི་དབྱེ་བ་མེད་
    རང་ཉིད་གནས་སའི་འཁོར་ཡུག་དེ་དང་འབྲེལ་བ་དམ་ཟབ་ཡོད་
    དེར་བརྟེན་ཁོ་བ་ཚོ་རྡ་སར་སླེབས་ན་རང་བཞིན་གྱི་མི་གཤེས་ཡག་དུ་འགྲོ་ཆོག་གི་རེད

    Reply
  15. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    ཁོ་དང་ང་འདྲ་བ་ཚོས་ངོ་མ་རྡ་རམ་ས་ལ་ཡག་པོ་ཞིག་མི་ཤེས། ངོ་སྤྲོད་གསལ་བོ་རེ་བྱེད་ཐུབ་ན་བཟང། ངའི་གོ་བ་ལ་་རྡ་སར་མི་ངན་ཐོན་ན་ཡང་མི་བཟང་ཆགས་དང་བསམ་ཤེས་ཉན་གི་རེད་ཟེར། དེ་བདེན་ནམ། དེ་འདྲ་ཡིན་ན་མི་ངན་མང་ཙམ་དེར་ཐོན་ན་ཅི་འདྲ་བཟང་ཨང།

    Reply
  16. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    ཁྱེད་ཀྱི་བཤད་འདོད་པའི་སྐད་ཆ་གང་ཡིན་ནམ་
    རྩོམ་ཡིག་འདི་ཐིང་གཉིས་ཙམ་བཀླགས་ཡང་དྲི་བ་གཅིག་ལས་
    གཞན་བརྗོད་གཞི་དང་དམིགས་གསལ་གྱི་འབྲེལ་བ་མཐོང་མ་སོང།།

    Reply
  17. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རྡ་སར་ཡོད་པའི་གསར་བུ་ཕོ་རྒོད་ཚོ་ལ་སྐྱལ་སྟོང་ཞེས་འབོད་མཁན་ཚོ་ཡང་སྙིང་སུ་ཡིན་མཁྱེན་ནམ། འདི་མཁའ་དབུགས་ལགས་ལ་སྲངས་བ་ཡིན
    ཁོ་བ་ཚོ་ལ་སྐྱལ་སྟོང་ཞེས་འབོད་ཀྱང་དེ་ཁོ་ན་ཉིད་ལ་དཔྱད་ན་དོན་སྟོང་ཞིག་གཏད་ནས་མིན་ཞེས་སྤྱིའི་ཆ་ནས་བཤད་ཆོག།

    Reply
  18. གནས་ཚང་། says:
    ལོ་ 16 སྔོན།

    ཉི་ཧོང་མག་པར་དྲི་བ་གཉིས་ཡོད། ༡ མ་ཡུམ་གངས་ཅན་གྱི་རྩམ་པ་མི་ཟ་བར། ཡབ་ཆེན་ཀྲུང་དབྱང་གི་བྱམས་བརྩེ་མི་ཆགས་པར་ཉི་ཧོང་དུ་ཡོང་ནས་མིང་ཙམ་ཡང་ཕྱི་ལ་འདོན་མི་ཐུབ་དོན་ཅི། རྡ་རམ་སཱ་ལ་ན་མིང་འདོན་མི་ཐུབ་པའི་སྡར་མ་མེད། ༢ ཉི་ཧོང་དུ་བག་ལེབ་བསྲེག་ནས་འཚོ་བ་སྐྱེལ་མྱོང་ངམ། ཉི་ཧོང་ལ་རྐང་པ་བརྒྱབ་ནས་ཐོན་པ་ཡིན་ནམ། དེ་ལྟ་མིན་ན། རྡ་རམ་སཱ་ལར་འཕྲིན་ཡིག་གཏོང་རྐྱང་མ་བྱེད། དེ་ལས་རྡ་སར་རིག་གཞུང་མཐུད་སྐྱོང་དང་གསར་བ་གང་མང་ལ་ཉམས་ཞིབ་ཀྱི་ལས་ཀར་ཕན་པའི་སྒོར་མོ་གཏོང་རོགས། ད་གཟོད་ཨ་ཕ་ཨ་མདོ་ཞེས་ངོ་ཆེན་ཞིག་དང་བཤད་པར་ཉན་མཁན་བྱུང་གི་རེད་མ་གཏོགས་ཉི་ཧོང་མག་རུལ་ཞེས་མཐོང་སར་ཡོང་ས་ཡོད་པ་མ་རེད། ཧ་གོ་སོང་ངམ།

    Reply
  19. གནམ་ལྕགས། says:
    ལོ་ 16 སྔོན།

    མདོ་དོན་རྩོམ་ཡིག་འདི་དྲི་བ་གཅིག་རང་རེད་འདུག་གཱ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese