ཉེ་ཆར་བོད་ནང་གི་ཤེས་ལྡན་དོན་གཉེར་ཅན་སྐོར་ཞིག་གིས་༼ ཧི་མ་ལ་ཡའི་བོན ༽ (www.himalayabon.com) ཞེས་པའི་དྲ་ཚིགས་ཤིག་གསར་དུ་སྒོ་འབྱེད་བྱས་ཡོད་པ་དང༌། དྲ་ཚིགས་དེའི་ནང་དོན་གཙོ་བོ་ནི། བོན་སྐོར་གྱི་གསར་འགྱུར་དང༌། བོན་བསྟན་བྱུང་འཕེལ། ཞང་བོད་ཤེས་རིག ཆོ་ག་ཕྱག་ལེན། དགག་རྩོམ་དང་བསྒྱུར་རྩོམ། དཔྱད་རྩོམ་དང་སྙན་རྩོམ། རྒྱལ་རབས་ལོ་རྒྱུས། བརྙན་རིས་དང་དཔར་མཛོད། འཆད་ཁྲིད་དང་ཡིག་གཟུགས། དགོན་སྡེ་དང༌། མི་སྣ། དཔེ་དེབ། གནས་རི་མཚོ་གསུམ་ངོ་སྤྲོད་བཅས་གཡུང་དྲུང་བོན་དང་འབྲེལ་བའི་ཤེས་ཡོན་སྣ་འཛོམས་རང་བཞིན་གྱི་དྲ་ཚིགས་ཤིག་ཡིན་ཞིང༌། དྲ་ཚིགས་འདིའི་གཙོ་སྒྲུབ་པ་ནི། ལྷ་ས་ནག་ཆུ་ནས་ཡིན་པའི་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང༌། སི་ཁྲོན་ཟུང་ཆུ་ནས་ཡིན་པའི་རིན་སྤུངས་ཚུལ་བསྟན། མཚོ་སྔོན་ཁྲི་ཀ་ནས་ཡིན་པའི་ཁྲི་བསོད་བསྟན་གསུམ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༥ ཉིན་དྲ་ཚིགས་འདི་ཤར་གཏོང་དང་འབྲེལ་ངོ་སྤྲོད་གནང་དོན། གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་གདུལ་བྱའི་བློ་དང་འཚམས་པར། མ་ཐོས་པ་རྣམས་ལ་གོ་བར་བྱེད་པ་དང༌། མ་མཐོང་བ་ཀུན་ལ་གསལ་བོར་སྟོན་པ། མ་རྟོགས་པ་ཡོངས་ལ་ཤེས་སུ་འཇུག་པའི་ཐབས་ལམ་གལ་ཆེན་དུ་དམིགས་ནས་ཧི་མ་ལ་ཡའི་རི་རྩེ་ནས་ཐོན་པའི་བོན་གྱི་དྲ་ཚིགས་འདི་ནི་གངས་ཆབ་བསིལ་མའི་ཉིང་བཅུད་དང་བསྡེབས་ནས། བོད་རང་ས་ནས་རྒྱལ་ནང་དང༌། རྒྱབ་ཁབ་ནས་འཛམ་གླིང་ཧྲིལ་བོར་ཁ་ཕྱོགས་ཏེ། དར་སྤེལ་ཡུན་གནས་སུ་གཏོང་བ་ལ་ཀུན་གྱིས་གཟིགས་བདེ་བའི་ཆེད་དུ་བཟོས་པ་ཡིན། རྒྱ་ཆེ་བའི་ཀློག་པ་པོ་དག་གཟིགས་ཕེབས་གནང་བར་དགའ་བསུ་ཞུ་བཞིན་ཡོད། ཅེས་བཀོད་འདུག
༼ ཧི་མ་ལ་ཡའི་བོན ༽ དྲ་ཚིགས་དོ་དམ་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཧི་མ་ལ་ཡ་ནི་འཛམ་གླིང་གི་ཤར་ཕྱོགས་མི་རིགས་མང་པོའི་ཤེས་རིག་ལོ་རྒྱུས་འབྱུང་གནས་ཀྱི་ཕ་ས་ཞིག་ཡིན། ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱ་གར་ལ་མཚོན་ན་ལོ་རྒྱུས་ཀྱི་ཆུ་རྒྱུན་མགོ་བོ་ཆུ་བོ་གངྒ་ཡིན་ལ། དེ་ཡི་ཆུ་མགོ་ཧི་མ་ལ་ཡའི་གངས་རྒྱལ་ཏི་སེར་ཐུག་ཡོད། རྒྱ་ནག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་གྱི་མགོ་བོ་ནི་རྨ་ཆུ་དང་འབྲི་ཆུ་གཉིས་ཡིན་པས་དེ་དག་གི་མགོ་བོ་ཧི་མ་ལ་ཡའི་རི་རྒྱུད་ལ་ཐུག་ཡོད། དེ་བས་ཀྱང་ཞང་བོད་མི་རིགས་ཀྱི་ལོ་རྒྱུས་མགོ་ཁུངས་གངས་རྒྱལ་ཏི་སེར་ཐུག་ཡོད་པ་ནི་ཆུ་མགོ་གངས་ལ་ཐུག་ཅེས་པའི་དཔེ་ལྟར་ངེས། རྒྱ་གར་ནག་དང་ཞང་བོད་ལོ་རྒྱུས་ལུགས་སོ་སོར་གཏན་ཚིགས་དང་ལྡན་པའི་ཁུངས་ཡོད་ཀྱང་མི་རིགས་དེ་དག་གི་ཤེས་རིག་ལོ་རྒྱུས་དུ་མ་ཞིག་ཧི་མ་ལ་ཡའི་པང་ལས་བྱུང་བར་མངོན། ལྷག་ཏུ་ཆེས་གནའ་བོའི་བོན་གྱི་ཤེས་རིག་ལོ་རྒྱུས་ཀྱི་འབྱུང་གནས་བླ་རི་གངས་རྒྱལ་ཏི་སེས་དབུས་བྱས་པའི་ཧི་མ་ལ་ཡའི་རི་བརྒྱུད་འདིར་གལ་ཆེ་བའི་ལོ་རྒྱུས་ཀྱི་འབྲེལ་བ་ལྡན་ཡོད། ཅེས་དང་།
དེ་ཡང་བདེན་པ་བོར་ནས་རྫུན་པའི་རྗེས་འབྲང་གིས་འུད་སྒྲོག་པ་ལ་གཙིགས་ཆེར་མི་འཛིན། ཚན་རིག་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་དུས་འདིར་མིའི་རིགས་ལ་དགོས་མཁོའི་ཆ་རྐྱེན་དུ་མ་ཞིག རང་གི་མིག་སྔར་ལས་སླ་དང་སྟབས་བདེ་བསམ་ཡུལ་ལས་འདས་པའི་ཀུན་ཁྱབ་གློག་དྲས་དུས་རབས་གསར་བའི་སྤྱི་ཚོགས་ནང༌། སྲོལ་རྒྱུན་གྱི་ཤེས་རིག་གལ་ཆེན་ཁག་གཅེས་སྲུང་དང་མྱུར་སྐྱོབ་གཞིར་བྱས་ཁྱབ་སྤེལ་གྱི་བྱ་བ་དེ། དུས་རབས་ལ་ཁ་ཕྱོགས་ཏེ་དེང་རབས་ཅན་གྱི་གློག་རྡུལ་དྲ་བའི་རླབས་འཕྲིན་དེ་སྲོལ་རྒྱུན་དང་བསྡུར་ན་ཆེས་སྟབས་བདེ་དང་ཀུན་ཁྱབ། ཀུན་སྤྱོད། ཀུན་མཐུན་གྱི་ནུས་པ་ལྡན་པ་དེ། ངེད་༼ཧི་མ་ལ་ཡའི་བོན༽གྱི་དྲ་ཚིགས་ནས་སྤྱིར་འཛམ་གླིང་གི་ཤེས་རིག་དང་སྒོས་སུ་ཆེས་གནའ་བོའི་ཧི་མ་ལ་ཡའི་རི་རྒྱུད་ནས་ཐོན་པའི་བོན་གྱི་ཤེས་རིག་ལོ་རྒྱུས་རྣལ་མ་དེ་དག་དྲ་བ་འདིར་བརྒྱུད་ནས་རྒྱ་ཆེ་དྲ་བའི་ཀློག་པ་པོ་རྣམས་ལ“མཁས་བརྒྱ་འགྲན་གླེང་དང༌། མེ་ཏོག་མཉམ་བཞད་”ཀྱི་རྩ་དོན་གཞིར་འཛིན། ཕན་ཚུན་ཤེས་རྟོགས་འབྱུང་ཆེད་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་དུས་རབས་ཀྱི་ལྡེ་མིག་འཛིན་ཏེ་འཛམ་གླིང་གི་སྒོ་མོ་ཆེ་འབྱེད་ཐུབ་པའི་རེ་སྨོན་དང་བཅས་དྲ་ཚིགས་གཙོ་སྒྲུབ་པས། ཞེས་བཀོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ཞང་བོད་མེས་པོའི་ཤེས་རིག་འཚོ་ཕྱིར་དྲྭ་ཚིགས་འདི་དབུ་འབྱེད་བྱས་པར།ཐུགས་རྗེ་ཆེ།འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡོད།དྲྭ་བ་འདིའི་ཐོག་བརྗོད་བྱ་གང་མང་ཡོང་བའི་སྨོན་འདུན་དང་བཅས།།
དྲ་ཚིག་གསར་བཏོད་ལ་བསྔགས་རྗོད་ཡོད་
ཀརྨ་རྡོ་རྗེ་ལགས། དད་པ་གཅིག་ཡལ་ཚར་འདུག དད་པ་ཕྱི་མ་འདིའང་ཡུན་རིང་བརྟན་ཐུབ་རྒྱུ་མ་རེད། དེ་ཡང་ལེགས་ཏེ། ཡང་བཤད་ཟིན་པ་བཞིན་ལོ་རྒྱུས་ལ་རྟོག་ཞིབ་བྱེད་ན་དུང་ཞེན་ཁོ་ན་སྤྱོད་རྒྱུ་མེད་པར་རྒྱུ་མཚན་གཙོ་ཆེ་དགོས་པ་རེད། དག་སྣང་གི་ངོས་ན་ཡིན་པ་ལ་མིན་པ་དང་མིན་པ་ལ་ཡིན་པ་ཡང་འཆར་རུང་མོད། ལོ་རྒྱུས་ཀྱི་ངོས་ནས་ཡིན་པ་ལ་ཡིན་པ་དང་མིན་པ་ལ་མིན་པ་ལས་འཆར་མི་རུང་། དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ཡང་རེད།
གྲོགས་པོ་ལགས་ཁྱེད་རང་གིས་གསར་འགྱུར་ཡགས་པོ་ཤིས་བཀོད་འདུག་ཐུགས་ཆེ་གནང་།
སྣང་ཤེར་ལགས། ཐུགས་ཀར་ཐིམ་པའི་གཏམ་རྒྱུད་ལ་དད་མོས་བྱེད་མྱོང་ཡང་། མཐར་སྲོང་བཙན་ཡབ་ཡུམ་རིམ་ཅན་དུ་ཕེབས་པའི་ལོ་རྒྱུས་ཁ་ཤས་མཇལ་དུས་དད་པ་ལྷག་མ་དེ་ཡང་ཡལ་སོང་། འོན་ཀྱང་བལ་བཟའ་ཁྲོ་གཉེར་མའི་སྤྲུལ་པ་ཡིན་པ་སོགས་ནི་དད་པ་ཆེས་ཆེར་འགྲོ་བགྱིན་འདུག
ཀརྨ་རྡོ་རྗེ་ལགས། ལོ་རྒྱུས་ལ་དཔྱད་པ་བྱེད་ན་རྒྱུ་མཚན་གལ་ཆེ་བ་ལས་དུང་ཞེན་གལ་ཆེ་བ་མ་རེད། རང་ཉིད་ཀྱི་དགའ་ཕྱོགས་ཙམ་ཨུ་ཚུགས་ཀྱིས་གླེང་ན་ལོ་རྒྱུས་ཀྱི་དེ་ཉིད་མཐོང་མི་ཐུབ། ལྷག་པར་དུ་ལྷ་སྒྲུང་དང་ལོ་རྒྱུས་གཉིས་འདྲེས་མི་རུང་། སྲོང་བཙན་དང་ཁོང་གི་བཙུན་མོ་གཉིས་བཅས་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པའི་གཏམ་རྒྱུད་སོགས་བཟི་ཁ་ཧ་ཅང་བཙན་པས་ཐུགས་གཟབ་གནང་གལ་ཆེའོ། ཁྱེད་རང་ཕལ་ཆེར་གཏམ་རྒྱུད་ཀྱི་སྐྱུར་རྩི་དེ་དག་གིས་བཟི་ཟིན་པ་འདྲ།
རྣམ་རྒྱལ་ཤེས་དགེ་ལགས། ངའི་མཆན་བུ་ལ་དུས་ཚོད་བཏང་བར་ཐུགས་རྗེ་ཆེ། གལ་སྲིད་ལོ་ཙ་བས་བཀའ་ལ་བཅོས་ཡོད་ན། གཞན་པས་ཐུ་མིའི་ལོ་རྒྱུས་ལའང་བཅོས་སྲིད་པས་དཔྱད་དགོས། ང་ནི་བོན་རྒན་མ་ཡིན་ལ། བེན་གོག་གཅིག་ཡིནཔས་སྲོང་བཙན་སྤྱན་རས་གཟིགས་དང་། ཐུ་མི་འཇམ་དབྱངས་ཀྱི་སྤྲུལ་པར་འདོད་མཁན་རྨོངས་དད་ཅན་ཞིག་ཀྱང་ཡིན།
འོན་ཀྱང་དེས་ཡར་སྔོན་བོད་ཀྱི་ལོ་རྒྱུས་ནག་བསུབ་བཏང་དང་། ཤོར་ཡོད་ན་ངས་ཕྱི་མ་དེ་འདེམས་མཁན་ཞིག་ཡིན། ད་དུང་དཔྱད་པ་མུ་མཐུད་ཡོང་རེ་ཡོད།
དེ་ཡང་ཆེས་གནའ་བོའི་བོན་གྱི་ཤེས་རིག་ལོ་རྒྱུས་སོགས་གསལ་བའི་དྲ་ཚིགས་སྒོ་འབྱེད་བྱས་པར་བཀྲ་ཤིས་བདེ་ལེགས་ཀྱི་ངགའ་བསུ་ཡོད། བོན་དང་འབྲེལ་བའི་བོད་ཡིག་ཐོག་དྲ་བ་གང་མང་སྒོ་ཕྱེ་ཐུབ་ན་རང་བཞིན་གྱིས་བོད་ཡིག་བཀོད་སྤྱོད་རྒྱ་ཆེར་འགྲོ་ངེས་པར་མ་ཟད་ལྷག་པར་ང་ཚོའི་ཕ་ནོར་གཡུང་དྲུང་གི་བོན་ཕྱོགས་ལ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོག་ངེས་ཅན་འབྱུང་ངེས་ཡིན་པས་དྲ་གྲོགས་རྣམས་སེམས་རྒྱ་དོགས་པོ་ཁ་ངན་ཚིགས་ངན་སོགས་མི་སྤེལ་བའི་རེ་བ་ཆེ།
བོད་ཡིག་གི་དྲ་ཚིག་གི་དྲ་ཚིག་གསར་བཟོ་བྱེད་པ་ཐུགས་རྗེ་ཆེ་ཞུ།།
བོད་ཡིག་ཐོག་དྲ་བ་གང་མང་སྒོ་ཕྱེ་ཐུབ་ན་རང་བཞིན་གྱིས་བོད་ཡིག་བཀོད་སྤྱོད་རྒྱ་ཆེར་འགྲོ་ངེས་པ་མོས་མེད་རེད།
ཀརྨ་རྡོ་རྗེ་ལགས། གནད་འདི་དཔྱད་དགོས་པ་གང་ཡང་མ་ཡིན་གྱི་དཔྱད་ཟིན་ཏེ་རྐུབ་ལུག་ཚར་བ་རེད། བོད་ཀྱི་རིག་གཞུང་ཕར་ཟད་བོད་མིའི་འབྱུང་ཁུངས་ཀྱང་རྒྱ་གར་ལ་གཏུགས། དེའི་སྒྲུབ་བྱེད་དུ་འཇམ་དཔལ་རྩ་རྒྱུད་ལུང་དྲངས། འཇམ་དཔལ་རྩ་རྒྱུད་ལ་བོད་མི་ལོ་ཙྭ་བས་བཅོས་བསླད་བྱས། བོད་ཀྱི་རྒྱལ་པོའི་འཁྲུངས་ཡུལ་ཡང་རྒྱ་གར་ལ་གཏུགས། དེའི་སྒྲུབ་བྱེད་དུ་བློའི་ཡུལ་དུ་མི་ཤོངས་པའི་སྒྲུང་རིང་སྣ་ཚོགས་བཟོས། འདི་དག་ནི་བདེན་རྫུན་གྱི་ཤན་ཕྱེས་ཟིན་པའི་ཚུལ་ཞིག་རེད། ཐོན་མི་རང་གིས་བླངས་པར་སྐད་པའི་མགུལ་སོགས་ལ་གཟིགས་དང་། སྲོང་བཙན་སྔོན་གྱི་བོད་ཡུལ་འདི་ཇི་འདྲ་ཞིག་ལ་ངོས་འཛིན་བྱས་འདུག་ལེགས་པར་རྟོགས་ནུས་སོ།
དྲྭ་ཚིགས་འདིའི་ལས་བྱེད་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་ཏུ་
ཐུགས་རྗེ་ཆེ་ཞུ། བོད་གངས་ཅན་པའི་མེས་པོའི་ཆོས་དང་རིག་གཞུང་གང་གི་ཐད་
ནས་དོ་སྣང་དང་། རྒྱ་བསྐྱེད་མཁྱེན་རྟོགས་ཡོང་བའི་སྨོན་མདུན་དང་། བརྗོད་
བྱ་གང་སྤེལ་ཡང་ལེགས་ཉེས་ལ་རྟོགས་ཞིབ་གནང་གལ་ཆེ།
འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། དེ་འདྲ་དགོས་ངེས་རེད། དྲ་བ་འདི་ཡུན་ནས་ཡུན་དུ་གནས་པའི་སྨོན་ལམ་འདེབས། ཐུགས་རྗེ་ཆེ།
བཀྲ་ཤིས་བདེ་ལེགས།
གནའ་བོའི་བོན་གྱི་ཤེས་རིག་ལོ་རྒྱུས་སོགས་གསལ་བའི་དྲ་ཚིགས་སྒོ་འབྱེད་བྱས་པར་བཀྲ་ཤིས་བདེ་ལེགས་ཡོད། བོད་ཡིག་ཐོག་དྲ་བ་གང་མང་སྒོ་ཕྱེ་ཐུབ་ན་རང་བཞིན་གྱིས་བོད་ཡིག་བཀོད་སྤྱོད་རྒྱ་ཆེར་འགྲོ་ངེས་པར་མ་ཟད་ལྷག་པར་ང་ཚོའི་གདོན་མའི་ཆོས་ལུགས་ཕྱོགས་ལ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོག་ངེས་ཅན་འབྱུང་ངེས་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གནའ་བོའི་བོན་གྱི་ཤེས་རིག་ལོ་རྒྱུས་སོགས་གསལ་བའི་དྲ་ཚིགས་སྒོ་འབྱེད་བྱས་པར་བཀྲ་ཤིས་བདེ་ལེགས་ཡོད། བོད་ཡིག་ཐོག་དྲ་བ་གང་མང་སྒོ་ཕྱེ་ཐུབ་ན་རང་བཞིན་གྱིས་བོད་ཡིག་བཀོད་སྤྱོད་རྒྱ་ཆེར་འགྲོ་ངེས་པར་མ་ཟད་ལྷག་པར་ང་ཚོའི་གདོན་མའི་ཆོས་ལུགས་ཕྱོགས་ལ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོག་ངེས་ཅན་འབྱུང་ངེས་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲྭ་ཚིགས་གི་ལས་བྱེད་པ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ། དྲྭ་ཚིགས་འདི་ཡུན་དུ་འཚོ་ཞིང་ཕྱོགས་ཡོངས་ནས་ལེགས་ཆ་བསྡུ་ལེན་དང་བརྗོད་བྱ་རྒྱ་བསྐྱེད་ཡོང་བ། རང་རེའི་མོས་པོའི་ཆོས་ལུགས་ཏེ་བོན་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ཕན་ཐོག་གང་ལེགས་ཡོང་བའི་རེ་བ་དང་སྨོན་འདུན་ཞུ།
་་་་་་་་ལ་ཁུངས་བཅོལ་ནས་བོད་རང་གི་ཤེས་རིག་རྣལ་མ་རྣམས་ཁུངས་མེད་བཟོས་ནས། བོད་ཡུལ་གླེན་པ་ཁྱུ་གཅིག་དང་མུན་ནག་གི་ཡུལ་ལྟ་བུའི་ངོས་འཛིན་བྱས་ཏེ། བོད་ཀྱི་ཤེས་རིག་གི་ཁུངས་གཞན་ཡུལ་ལ་སྐྱབས་བཅོལ་་་་་་། །་་་་་་་་་ འདུག་གསུངས་པ་ལ་བརྒྱ་ཆ་ག་ཚད་བདེན་པ་ཡིན་མིན་དཔྱད་དགོས་པ་ནི་བོད་མི་ཀུན་གྱི་ལས་འགན་རེད། བོད་མི་རང་གིས་གསུངས་པའི་ཆོས། བོད་མི་རང་གི་གོམས་སྟོབས་ལས་བྱུང་བའི་རིགས་གཞུང་། བོད་མི་རང་གིས་བཟོས་པའི་ཡི་གེ། བོད་མི་རང་གི་འབྲི་འགོ་བཙུགས་པའི་རི་མོ་སོགས་བཟོ་རིགས་ཀྱི་སྒྱུ་རྩལ། གཏམ་དཔེ། རོལ་ཆ། གཞས་སྣ་སོགས་ལ་ཉམས་ཞིབ་བྱེད་དགོས་ངེས་མི་འདུག་གམ།
བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་
བཀྲ་ཤིས་བདེ་ལེགས་ཡོད། བོད་ཡིག་ཐོག་དྲ་བ་གང་མང་སྒོ་ཕྱེ་ཐུབ་ན་རང་བཞིན་གྱིས་བོད་ཡིག་བཀོད་སྤྱོད་རྒྱ་ཆེར་འགྲོ་ངེས་པ་མོས་མེད་རེད།
བཀྲ་ཤིས་བདེ་ལེགས་ཡོད། དྲང་པོར་ཞུས་ན་ང་རང་གུ་རུ་རིན་པོ་ཆེ་ཡི༼གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༽ཞེས་པའི་ཁ་བཏོན་དེ་ཐེངས་མང་བསྐྱོར་མྱོང་མཁན་ཞིག་ཡིན་མོད། བོད་གཟུགས་ཤིག་ཡིན་པ་ད་རེས་མ་གཏོགས་ཤེས་མ་སོང་།