སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༢ རྒྱ་གར་ངྷ་རམ་ས་ལ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་འཛིན་བཞིན་པའི་བོད་ཀྱི་མ་འོངས་པའི་གནས་བབ་ཐད་ལ་ལྟ་ཚུལ་མི་མཐུན་པའི་བོད་རིགས་གཞོན་སྐྱེས་སྐོར་ཞིག་གིས། རེས་གཟའ་སྤེན་པའི་ཉིན་རྒྱ་གར་ཕྱི་སྲིད་དྲུང་ཆེ་ Nirupama Rao ངྷ་རམ་ས་ལར་ཕེབས་པའི་སྐབས་དང་བསྟུན་བསམ་འཆར་ཡིག་ཆ་ཞིག་སྤྲད་འདུག
རེས་གཟའ་སྤེན་པའི་ཉིན་རྒྱ་གར་ཕྱི་སྲིད་དྲུང་ཆེ་ངྷ་རམ་ས་ལར་ཕེབས་པའི་སྐབས་དང་བསྟུན། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་འཛིན་པའི་བོད་ཀྱི་མ་འོངས་པའི་གནས་བབ་ཐད་ལ་ལྟ་ཚུལ་མི་མཐུན་པའི་བོད་རིགས་གཞོན་སྐྱེས་སྐོར་ཞིག་གིས། རྒྱ་གར་བས་བོད་པར་སྐྱབས་བཅོལ་གྱི་གནས་ཚང་གཡར་བར་ཐུགས་རྗེ་ཆེ་ཞུ་བ་དང་དུས་མཉམ་དུ། རྒྱ་གར་གཞུང་ལ་བོད་དོན་ཐོག་འཛིན་པའི་ཆབ་སྲིད་ལམ་ལུགས་དེར་དབྱེ་ཞིབ་དགོས་པའི་རེ་འདུག་བཏོན་ཡོད་ཅིང་། རྒྱ་གར་ནང་དུ་བོད་མིའི་འཚོ་བ་བསྐྱར་གསོ་བྱུང་ཞིང་བོད་དོན་འདི་བཞིན་རྒྱལ་སྤྱིའི་ཁྱོན་དུ་གྲགས་པ་དང་བོད་དོན་འཐབ་རྩོད་ལ་འདེང་ཚོད་ཅིག་རྙེད་པ་སོགས་ནི་རྒྱ་གར་གཞུང་གི་བཀའ་དྲིན་ཡིན་ཞེས་བྲིས་འདུག
རྒྱ་གར་ཕྱི་སྲིད་དྲུང་ཆེ་རའོ་ལགས་ནི་དེ་སྔོན་རྒྱ་ནག་ཏུ་གཞུང་ཚབ་པར་བསྡད་མྱོང་བ་དང་། ཐེངས་འདིར་ངྷ་སར་ཕེབས་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་གཉིས་ལ་མཇལ་འཕྲད་ཀྱིས་དུས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་བཀའ་མོལ་གནང་ཡོད་པ་རེད། འབྲེལ་ཡོད་མི་སྣས་བཤད་པ་ལྟར་པ་ལྟར་ན། ཐེངས་འདིའི་མཇལ་འཕྲད་སྐབས་སུ་ཐུན་མོང་གི་ཁེ་ཕན་ཐད་ལ་ “ནང་མོལ”བྱས་ཡོད་ཟེར།
ཉིན་དེར་བསྟན་འཛིན་བརྩོན་འགྲུས་ཀྱིས་སྣེ་ཁྲིད་པའི་བོད་རིགས་གཞོན་སྐྱེས་སྐོར་ཞིག་ཕྱི་སྲིད་དྲུང་ཆེ་སྡོད་སའི་ཆོས་ནོར་མགྲོན་ཁང་གི་སྒོ་འགྲམ་དུ་སྒུག་བསྡད་དེ། ཁོང་ཚོའི་མངོན་འདོད་དམ་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་པ་རེད།
༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་ལ་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་ཚད་མཐོའི་རང་སྲིད་རང་སྐྱོང་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད། འོན་ཀྱང་། བསྟན་འཛིན་བརྩོན་འགྲུས་ཀྱིས་གཙོས་པའི་ཡིག་ཆ་དེར་མིང་རྟགས་བཀོད་མཁན་གྱི་གཞོན་སྐྱེས་ཚོས་རང་བཙན་གཙང་མ་ནི་བོད་ཀྱི་དམིགས་ཡུལ་གཅིག་པུ་དེ་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། “བོད་རང་བཙན་གཅིག་པུས་ད་གཟོད་བོད་མི་རིགས་དང་རིག་གཞུང་། རྒྱལ་ཁབ་བཅས་གསོན་གནས་ཐུབ་མིན་གྱིི་གནད་དོན་ཐག་གཅོད་བྱེད་ཐུབ། ༢༠༠༨ ལོའི་བོད་ནང་གི་ངོ་རྒོལ་དེ་དག་གིས་བོད་མི་རྣམས་རྒྱ་ནག་གི་མི་སེར་སྤེལ་བའི་དབང་བསྒྱུར་འོག་བསྡད་པ་ལས་ཤི་འདོད་བྱེད་ཀྱིན་པ་གསལ་བོར་བསྟན་པ་རེད། ” ཟེར།
མིང་རྟགས་བཀོད་མཁན་ཚོས་བོད་ཀྱི་འཐབ་རྩོད་ནི་བཙན་བྱོལ་ནང་ཡོད་པའི་བོད་རིགས་ཚོ་ཕྱིར་རང་ཡུལ་ལ་ལོག་ཐབས་ཙམ་འཚོལ་རྒྱུ་མ་ཡིན་པར། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་དུས་ཡུན་རིང་བའི་མ་འོངས་ཆེད་དུ་ཡིན་པར་ཡིད་ཆེས་བྱེད་ཀྱིན་འདུག དེར་བརྟེན། ༧གོང་ས་མཆོག་དང་བོད་གཞུང་གིས་སྲིད་ཇུས་གང་འདྲ་ཞིག་བཟུང་ཡོད་རུང་། བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་ནི་རང་བཙན་གཙང་མ་ལས་གཞན་མ་ཡིན་པར་ང་ཚོས་ཡིད་ཆེས་ཤུགས་ཆེན་པོ་བྱེད་ཀྱིན་ཡོད། ” ཅེས་བསམ་འཆར་ཡིག་ཆ་དེར་བྲིས་ཡོད།
བསམ་འཆར་ཡིག་ཆ་དེར་བྲིས་པ་ལྟར་ན་༧གོང་ས་མཆོག་དང་ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐ་དད་ཡིན་པ་འདིས་ང་ཚོ་འཚེ་བ་མེད་པའི་གཞི་རྩའི་གཏན་ཚིགས་ཀྱི་ཐོག་ནས་དབྱེ་འབྱེད་བྱས་མེད། བོད་ཀྱི་རང་དབང་རྩོད་ལེན་ནི་ནང་པའི་འཚེ་བ་མེད་པའི་ལྟ་བར་གཞི་བཅོལ་ནས་ཡོད་ལ། ང་ཚོ་དངོས་སུ་ཁྲོམ་ལ་ཐོན་ནས་ལས་འགུལ་ལ་ཞུགས་དུས་གྷན་ཌིའི་འཚེ་མེད་ལྟ་བས་སེམས་ཤུགས་བསྐྱེད་ཀྱིན་འདུག ཟེར།
བོད་མི་དག་གིས་ད་དུང་ཇི་སྲིད་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེ་སྲིད་དུ་རྒྱ་གར་གཞུང་གིས་ཀྱང་ཁྲིམས་དང་ལོ་རྒྱུས་ཀྱི་ཐོག་ནས་ཧི་མ་ལ་ཡ་ས་ཁུལ་དག་བདག་ཏུ་འཛིན་མི་ཐུབ་ཅེས་བྲིས་འདུག
ལོ་སྔོན་མར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རྒྱ་གར་ས་མཚམས་ཁག་ལ་བསུན་གཙེར་མང་པོ་བཟོས་པ་དང་། ༧གོང་ས་མཆོག་ཨ་རུ་ཎ་ཅལ་མངའ་སྡེར་ཕེབས་རྒྱུར་ཡང་ཁོང་ཚོའི་ས་ཆ་ཡིན་པས་དེར་སོང་མི་ཆོག་ཅེས་དགག་བྱ་བྱས་ཀྱང་རྒྱ་གར་གྱིས་ཕེབས་བསུ་བྱས་པ་རེད། རྒྱ་ནག་གིས་ད་དུང་རྗ་མུའུ་དང་ཀ་ཞི་མིར་ས་གནས་ཀྱི་རྒྱ་གར་ཡུལ་མི་ཚོར་མཐོང་མཆན་ལག་འཁྱེར་འདྲ་མིན་བཟོས་ནས་མངའ་སྡེ་དེའི་བདག་དབང་ཐད་རྒྱ་གར་ལ་ཉེན་བརྡ་གཏོང་གིན་ཡོད་པ་རེད།
༼གོང་བཀོད་གནས་ཚུལ་འདི་ནི། སྒོ་དམར་སངས་རྒྱས་བཀྲ་ཤིས་ལགས་ཀྱི་ཟིན་བྲིས་ལས་འདྲེན་བཀོད་བྱས།༽
བསྐྱར་འགོད་པ། ཨ་རིག་འགྱུར་མེད།
སྤོབས་པ་མཐའ་ཡས་ལགས་ཁྱེད་ཀྱིས་བསམ་ཚུལ་བྱེད་ན་ཡི་གེ་དེར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེན་གྱིས་ཚར་གཅིག་ཀློག་གི་རེད་དམ་དབྱུག་གི་རེད།
ངས་གོ་ཐོས་བྱས་ན་སྔོན་མར་རྒྱ་གར་གྱིས་རང་བཙན་བརྩོད་སྐབས་སུ་མི་མང་པོ་རྐུ་མ་འཇབ་འཇབས་དང་ཇག་པ་རྒྱུག་རྒྱུགས་བྱས་པར་རེད་ཟེར་གོ་མྱོང་བས་ནོར་འདུག་གམ།
སྤོབས་པ་ལགས་ཀྱིས་རང་བཙན་ལ་དགག་པ་རྒྱག་ན་ལོས་ཆོག ཉིད་ཀྱི་བལྟ་བ་རེད། འོན་ཀྱང་རྒྱལ་སྤྱིའི་ནང་དུ་སྐད་གྲགས་ཡོད་པའི་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སོགས་ལ་མཐོང་ཆུང་གནང་སྟངས་འདི་ཡང་གནང་སྟངས་ཡག་པོ་ཞིག་ཏུ་མཐོང་མ་སོང་།
ངའི་ཟིན་བྲིས་འོག་ཏུ་མཆན་བུ་འདི་འདྲ་ཞིག་འདུག https://tibettimes.net/wordpress/blogs.php?id=40&post_id=10324
ད་བཤད་ནས་མི་ཤེས་ཀི གང་ལྟར། དབྱིན་ཡིག་ཐོག་ཡོད་པའི་ཡི་གེ་དེ་ཅིག་སྟོན་དང་ཤེས་རྒྱུ་ཞིག་ཡོད་རྒྱུ་རེད།
འདི་ཡང་བྱེད་སྟངས་ཡག་པོ་ཞིག་ཏུ་མཐོང་མ་སོང་། རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་ཆུ་ཚོད་གཅིག་ལ་ནང་མོལ་བྱས་པ་དེར་ཡིད་ཆེས་མེད་པ་ལྟ་བུ་དང་དབང་ཚད་མེད་པ་ལྟ་བུ་བྱས་ནས་ཟས་ཁང་གི་སྒོ་ཁར་ཇག་པས་སྒུག་སྒུག་བྱས་ནས་ཡི་གེ་ཞིག་སྤྲོད་ཁུལ་བྱས་པ་དེས་ཡ་རབ་ཀྱི་སྤྱོད་ལམ་ཞིག་སྟོན་ཐུབ་ཀྱི་ཝན་མི་འདུག ཡི་གེ་འབུལ་འདོད་ན་རྒྱ་གར་གྱི་ལས་ཁུངས་ཚོའི་སྒོ་ནམ་ཡང་ཕྱེ་ཡོད་ཡོད་པ་རེད། ཡིན་ན་ཡང་གཞོན་ནུ་བདག་མེད་ཁ་ཤས་ཤིག་གི་ཡི་གེ་ལ་བདག་པོ་རྒྱག་རིན་ཡོད་མིན་སུས་ཤེས། ཐེངས་འདིར་སྐུ་མགྲོན་གྲགས་ཆེན་ཞིག་ནང་དུ་སླེབས་པ་རེད། མི་སྣ་གནད་ཆེན་ཞིག་གིས་སྣེ་ལེན་བྱས་པ་རེད། དོན་དག་གནད་ཅན་ཞིག་ལ་བཀའ་མོལ་གནང་བ་རེད། ནུས་པ་ཞིག་ཐོན་རྒྱུ་ཡོད་ན་དེས་ཐོན་གྱི་རེད། དེ་ཡིན་དུས་ཕྲུ་གུ་ཆུང་ཆུང་ཚོས་མི་ཆེན་པོའི་ཕེབས་ལམ་མ་བཀག་ན་ཡག་གི་རེད། བོད་མིའི་གཏམ་དཔེར། བླ་མས་ཇི་གསུང་མ་ཤེས་གོང་༎གྲྭ་བས་འདོན་ཚོད་རྡོ་རོ་རོ༎ཞེས་པའི་དཔེར་སོང་བ་རེད།
བསྟན་འཛིན་བརྩོན་འགྲུས་ཀྱིས་སྣེ་ཁྲིད་པའི་བོད་རིགས་གཞོན་སྐྱེས་ཁྱེད་རྣམས་
ཀྱི་དོན་དངོས་ལ་ལགས་ལེན་སྟར་བས་བདག་ཁྱེད་རྣམས་ལ་རྒྱོབས་སྐྱོར་ཡོད་ལ་
བསམ་ཚུལ་ཡང་གཅིག་མཚུངས་ཡིན་པས་ཁྱོད་རྣམས་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་སྨོན་ལམ་འདེབས།
བསམ་འཆར་ཡིག་ཆ་ཅི་ཞིག་སྤྲད་ཡོད་པ་ཞིབ་པར་འདོན་ཐུབ་ན། ང་ཚོས་དགེ་སྐྱོན་གྱི་དཔྱད་ཞིབ་རེ་བྱེད་ཐུབ། ཇི་ལྟར་བཤད་ཀྱང་རུང་སྟོན་ཡང་རུང༌། ད་ལྟ་ཐུག་ས་ནི། རང་ཉིད་མདུན་ནམ་ཐད་ཀར་འཐོན་ཐུབ་ཀྱི་མེད་པ་སྟེ། ལག་ལེན་གྱི་ཐོག་ནས་རེད། ང་ཚོར་ལག་པ་དང་ཁ་ཡོད་ཀྱང༌། ཆོད་སེམས་མེད། ད་མང་པོ་མི་ཤོད་ཡ་འདི་ཡང་ཁ་ཙམ་རེད།