མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རེ་རེ་ངོ་རེ་ཤིན་ཏུ་རྩ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

                          
༢༠༡༠ ལོའི་ཟླ་ ༧ པའི་ཚེས་ ༡༡ ཉིན་ནི་འཛམ་གླིང་མི་འབོར་གྱི་ཉིན་མོའི་དུས་དྲན་ཐེངས་ ༢༡ པ་དེ་ཆགས་ཡོད་ལ་ད་ལོའི་འཛམ་གླིང་མི་འབོར་གྱི་ཉིན་མོའི་བརྗོད་གཞི་ནི་མི་རེ་ངོ་རེ་ཧ་ཅང་རྩ་ཆེན་ཡིན་ཞེས་པ་དེ་ཡིན་འདུག ༡༩༨༧ ལོའི་ཟླ་ ༧ པའི་ཚེས་ ༡༡ ཉིན་འཛམ་གླིང་ཧྲིལ་པོར་མི་འབོར་གྱི་འཕེལ་ཚད་མི་གྲངས་དུས་ཕྱུར་ ༥༠ བརྒལ་བའི་དུས་དྲན་སྲུང་གཙི་བྱས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་འཆར་ཚོགས་པས་ ༡༩༩༠ ལོའི་སྐབས་ ༣༦ པའི་ཚོགས་ཆེན་ཐོག  ལོ་རེའི་ཕྱི་ཟླ་ ༧ པའི་ཚེས་ ༡༡ ཉིན་ནི་འཛམ་གླིང་མི་འབོར་ཉིན་མོར་གཏན་འབེབས་བྱུང་བ་ནས་བཟུང་། འཛམ་གླིང་གང་སར་གནད་དོན་དེར་དོ་སྣང་གསར་པ་ཞིག་བྱུང་མགོ་ཚུགས་ཡོད།

ད་ལོའི་རྒྱ་ནག་གི་འཛམ་གླིང་མི་འབོར་གྱི་ཉིན་མོའི་བྱ་འགུལ་གཙོ་བོ་ནི་ཕྱི་ཟླ་ ༡༡ པའི་ཚེས་ ༡ ཉིན་ནས་བཟུང་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཐེངས་ ༦ པ་དེ་མགོ་རྩོམ་རྒྱུ་ཡིན་འདུག  ༢༠༠༩ ལོའི་ཟླ་ ༩ པའི་ནང་རྒྱ་ནག་འཆར་ལྡན་བུ་སྐྱེས་ཀྱི་འགན་འཛིན་ལི་བྷིན་གྱིས་ཞིན་ཧྭ་གསར་ཁང་གི་བཅའ་འདྲིར་དང་ལེན་བྱས་སྐབས་བརྗོད་དོན། རྒྱ་ནག་གིས་འདས་པའི་ལོ་ ༣༠ ནང་མི་གྲངས་དུང་ཕྱུར་ ༤ ཙམ་སྐྱེས་རྒྱུར་ཉུང་དུ་གཏོང་ཐུབ་ཡོད། བྱས་འབྲས་དེ་འཛམ་གླིང་ཐོག་གཟི་བརྗིད་ཅིག་ཏུ་གྱུར་ཡོད་ཅེས་བརྗོད་ཡོད། ཡིན་ནའང་། རྒྱ་ནག་ཆེད་མཁས་པ་དག་གིས་བཤད་ན། འཆར་ལྡན་བུ་སྐྱེས་ཀྱི་སློབ་གསོའི་འོག་འདས་པའི་ལོ་ ༣༠ ནང་མི་གྲངས་སྐྱེས་འཕེལ་དུང་ཕྱུར་ ༤ ཙམ་ཉུང་དུ་གཏོང་ཐུབ་ཡོད་ཟེར་བ་དེ་ནི་ཚན་རིག་དང་མི་མཐུན་པར་མ་ཟད། དེ་ནི་ཁུངས་མེད་ཀྱི་འཆལ་གཏམ་ཞིག་རེད་ཅེས་བརྗོད་ཡོད། ལྷག་པར་དུ་རྒྱ་ནག་གི་མི་འབོར་རྒས་འགྱུར་གྱི་གནད་དོན་དེ་བསྐྱར་དུ་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཚོགས་ཀྱིས་བཏོན་པའི་ཚད་ལྡན་གྱི་གཏན་འབེབས་ནང་། སྤྱི་ཚོགས་དང་ས་ཁུལ་གང་ཞིག་ཏུ་ལོ་ན་ ༦༥ སོན་པའི་མི་འབོར་དེ་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༧ ཟིན་གྱི་ཡོད་ན།  དེར་རྒས་འགྱུར་སྤྱི་ཚོགས་ཞེས་བརྗོད་ཀྱི་ཡོད་ལ།  གལ་སྲིད་བརྒྱ་ཆ་ ༡༤ ལས་བརྒལ་བ་ཡིན་ན་དེར་རྒན་ཁོག་སྤྱི་ཚོགས་བརྗོད་ཀྱི་ཡོད།  དོན་དངོས་ཐོག་ཕྱི་ལོ་ ༢༠༠༡ ལོའི་མཇུག་ཏུ་ རྒྱ་ནག་ནི་རྒས་འགྱུར་སྤྱི་ཚོགས་སུ་བསྐྱོད་མགོ་ཚུགས་ཡོད་པ་རེད།  ཆེད་མཁས་པས་རོབ་རྩིས་བརྒྱབ་པ་ལྟར་ན། ཕྱི་ལོ་ ༢༠༢༤ ནས་ ༢༠༢༦ བར་དུ་རྒྱ་ནག་ནི་རྒན་ཁོག་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ་ཡིན་ལ། དུས་རབས་འདིའི་དུས་དཀྱིལ་དུ་ལོ་ན་ ༦༥ བརྒལ་བའི་མི་འབོར་གྱིས་རྒྱ་ནག་སྤྱིའི་མི་འབོར་གྱི་བཞི་ཆ་གཅིག་དང་རྒས་ཁོག་གི་གྲངས་འབོར་དུང་ཕྱུར་ ༣༌༣ ཙམ་ཟིན་རྒྱུ་ཡིན་ལ།  དེའི་ནང་ལོ་ན ༨༠ བརྒལ་བའི་རྒས་ཁོག་དུང་ཕྱུར་ ༡ ཙམ་འབྱུང་རྒྱུ་ཡིན་འདུག འདིའི་ཐད་མི་སྣ་ཁ་ཤས་ཀྱིས་རྒྱལ་ཁབ་ཀྱིས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་ཤིག་གཏན་འབེབས་བྱུང་བ་ཡིན་ན། མི་འབོར་རྒན་ཁོག་ཏུ་འགྱུར་བཞིན་པའི་སྤྱི་ཚོགས་ཀྱི་གནོན་ཤུགས་ཉུང་དུ་གཏོང་ཐུབ་པའི་རེ་བ་ཡོད་ཚུལ་ཡང་བཤད་ཡོད།

ཡིན་ནའང་། ཕྱི་ལོ་  ༢༠༠༥ ལོ་ནས་བཟུང་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ཞིང་འབྲོག་མང་ཚོགས་ལ་ཉུང་སྐྱེས་ཕྱུག་འགྱུར་དང་འཆར་ལྡན་བུ་སྐྱེས་ཞེས་པའི་སྲིད་བྱུས་རིམ་པར་སྤེལ་ཡོད་ལ། ཕྲུ་གུ་མང་བ་སྐྱེས་ན་ཉེས་ཆད་གཅོད་པ་དང་། ཉུང་བ་སྐྱེས་ན་བྱ་དགའ་སོགས་སྤྲོད་ཀྱིན་ཡོད་འདུག  འདིའི་ཐད་མཚོ་སྔོན་མི་འབོར་དང་འཆར་ལྡན་བུ་སྐྱེས་ཀྱི་ལས་བྱེད་ཅིག་གིས་བརྗོད་ན། ཉུང་སྐྱེས་ཕྱུག་འགྱུར་གྱི་ལས་འཆར་ལག་བསྟར་བྱས་པ་ནས་བཟུང་། ཕྲུ་གུ་གཅིག་ལས་སྐྱེས་རྒྱུར་འདོད་པ་མེད་པའི་གྲངས་ཉུང་མི་རིགས་ཁྱིམ་ཚང་ ༢༨༨༤༩ ཙམ་དང་། ཕྲུ་གུ་གསུམ་སྐྱེས་ཆོག་པའི་འབྲོག་པའི་ཁྱིམ་ཚང་ ༡༠༩༤༠ ཡིས་དེང་ཕྱིན་ཕྲུ་གུ་གཅིག་གམ་གཉིས་ལས་མི་སྐྱེས་པའི་ཁས་ལེན་འོག་ཁྱིམ་ཚང་རེར་རྒྱ་སྒོར་ ༣༠༠༠ རེའི་བྱ་དགའ་སྤྲད་ཡོད་ཅེས་བརྗོད་ཡོད་འདུག ད་སྔ་འཛམ་གླིང་ཐོག་མི་འབོར་རྒས་འགྱུར་གྱི་གནད་དོན་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་སི་པན་དང་ཨི་ཊ་ལི། ཉི་ཧོང་བཅས་ཡིན་པ་རེད། ད་ལོའི་འཛམ་གླིང་མི་འབོར་གྱི་ཉིན་མོར་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་གྱིས་ མི་འབོར་གྱི་ཉིན་མོ་དང་སྟབས་བསྟུན་ནས་དབུལ་ཕོངས་དང་བཀྲེས་སྐོམ་མྱོང་མཁན། དེ་བཞིན་སློབ་གསོ་དང་འཕྲོད་བསྟེན། ཕོ་མོ་འདྲ་མཉམ་བཅས་ཀྱི་ཐད་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཞུས་ཡོད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱིས་ཏཱ་ལའི་བླ་མའི་གནད་དོན་འོས་འཚམ་ངང་ཐག་གཅོད་བྱེད་པའི་དམ་བཅའ་བརྩི་སྲུང་བྱེད་པའི་རེ་བ་བཏོན་པ།

    ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཚེས་༡༣ཉིན་འཚོགས་པའི་གསར་འགོད་པའི་རྒྱུན་སྲོལ་ཚོགས་འདུའི་སྟེང་དུ་འདི་ལྟར། རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཡིག་གིས་ཏཱ་ལའི་བླ་མར་མཇལ་འཕྲད་བྱས་པའི་སྐོར་ལ་ཀྲུང་གོའི་བརྗོད་བསམ་པ་ནི། རྒྱ་གར་གྱིས་ཏཱ་ལའི་གནད་དོན་འོས་འཚམ་ངང་ཐག་གཅོད་བྱེད་པའི་དམ་བཅའ་བརྩི་སྲུང་བྱས་ནས། སེམས་ཆུང་ངང་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
    ཆིན་ཀང་གིས་ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་ལ་ཀྲུང་གོའི་དོན་འདིའི་ཐད་ཀྱི་ལངས་ཕྱོགས་གསལ་བོར་བསྟན་ཡོད་ཅིང་། རྒྱ་གར་སྲིད་གཞུང་གིས་ཐེངས་མང་པོར་བོད་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཤིང་། རྒྱ་གར་དུ་ཡོད་པའི་ཡུལ་གྱར་བོད་པས་ཀྲུང་གོར་རྒོལ་བའི་ཆབ་སྲིད་བྱེད་སྒོ་སྤེལ་བར་བཀག་འགོག་བྱེད་རྒྱུའི་ཁས་ལེན་བྱེད་མྱོང་། ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་གྱིས་འབྲེལ་ཡོད་ཁས་ལེན་བརྩི་སྲུང་བྱས་ནས། འབྲེལ་ཡོད་གནད་དོན་སེམས་ཆུང་ངང་ཐག་གཅོད་བྱེད་པའི་རེ་བ་ཞུ་ཞེས་བརྗོད་བྱུང་།
    ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཡིག་ནེ་ལུའུ་ཕཱ་མཱ• ལ་ཨོ་ཡིས་ཚེས་༡༠ཉིན་རྒྱ་གར་གྱི་རྡ་རམ་ས་ལ་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese