རྒྱ་ནག་ལ་ཆུ་ལོག་རྒྱུགས་ཏེ་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་ཏུ་ཉིན་འགར་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ཉུང་མཐར་མི་ཁྲི་ ༣༠༠༠ ཙམ་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་རེད། དེ་རིང་སྔ་དྲོ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱི་གནམ་གཤིས་ལེ་ཚན་གྱིས་བརྗོད་ན། ཧུའུ་པེ་དང་ཨན་ཝེ། ཅང་ཞི། ཀྲེ་ཅང་། ཁྲུང་ཆིན། ཡུན་ནན་བཅས་ལ་ད་དུང་ཡང་དྲག་ཆར་འབབ་རྒྱུ་ཡིན་པས་མང་ཚོགས་ནས་དྲ་ཛག་གི་གནས་སྟངས་དེར་གྲ་སྒྲིག་དགོས་ཚུལ་བརྗོད་ཡོད། རྒྱ་ནག་དམངས་སྲིད་ཉེན་སྐྱོབ་ཚན་པས་རོབ་རྩིས་ལྟར་ན། ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་གྱི་རྗེས་སུ་བྱུང་བའི་ཆུ་ལོག་གི་གནོད་འཚེ་དེའི་ཁྲོད་ཀྲེ་ཅང་དང་ཨན་ཝེ། ཧྥུའུ་ཅན། ཅང་ཞི། ཧུའུ་པེ། ཧུའུ་ནན། ཁྲུང་ཆིན། སི་ཁྲོན། ཀོས་ཀྲིག ཡུན་ནན་བཅས་སུ་ཁྱོན་མི་ ༡༠༧ ལ་སྲོག་སྐྱོན་དང་མི་ ༥༩ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ལ། དེའི་ནང་ནས་ཡུན་ནན་ཆོ་ཅ་རྫོང་གི་ཆུ་ལོགས་ཀྱི་གནོད་འཚེ་ཁྲོད་མི་ ༡༣ བསད་པ་དང་། མི་ ༤༣ ལ་རྨས་སྐྱོན། མི་ ༣༠ ཙམ་བོར་བརླག་ཏུ་སོང་ཡོད། ཐེངས་འདིར་རྒྱ་ནག་གི་ཞིང་ཆེན་ ༡༠ ལ་ཆུ་ལོག་རྒྱུགས་ཡོད་པས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱིན་ཡོད་འདུག
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།
རྒྱ་ནག་ལ་མུ་མཐུད་དེ་ཆུ་ལོག་གིས་གནོད་འཚེ་བྱུང་ན་གཞི་ནས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་དམིགས་བསལ་ཞིག་འབྱུང་ངེས། ཐབས་སྐྱོ་བ་ཞིག་ལ་རྒྱ་གཞུང་གིས་ད་དུང་མིག་བཙུམ་ནས་འདུག་རྒྱུའི་ཉེན་ཡོད་བཞིན་ཡིན་པས་རེ་བ་ཧ་ཅང་ཕྲ། གང་ལྟར་གནོད་འཚོ་ཕོག་པ་རྣམས་སྙིང་རྗེ།
“འཚོ་བའི་ཕབ་ཀྱིས་ལེགས་བསྙལ་བའི།།”
གསར་འགྱུར་ཚ་བོ་འདི་ན་མཆིས།།
རླུང་གི་ན་ཚ་སངས་བྱེད་པའི།།
ལེ་ལན་ནག་པོ་འདི་ན་འཁོར།།
ཚིགས་འདི་ནི་སྔར་《སྦྲང་ཆར》དུས་དེབ་ཀྱི་དབུ་ཤོག་སྟེང་བྲིས་ཡོད་པ་ཞིག་དྲན་ངོར་ཡོད་པ་འདིར་ཕབ་པའོ།།
འབྱུང་བཞིའི་གནོད་པ་འདི་ཉིན་བཞིན་མང་ནས་མང་དུ་འགྲོ་བཞིན་འདུག དཀོན་མཆོག་གིས་གཟིགས།