འབའ་ཐང་གི་བུ། རྡ་ས།
ངས་ནམ་རྒྱུན་ལྟར་དེ་རིང་ཡང་དུས་བབ་དང་བང་ཆེན་དྲ་རྒྱའི་ནང་འཛུལ་ནས་གནས་ཚུལ་རྟོག་ཞིབ་བྱས་སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཏོན་པའི་སྐབས་བཅོ་ལྔའི་སྔོན་འགྲོའི་སྤྱི་འཐུས་ཀྱི་འོས་དམིགས་དང་། སྐབས་གསུམ་པའི་སྔོན་འགྲོའི་བཀའ་ཁྲིའི་འོས་དམིགས་རྣམས་ཁྱབ་བསྒྲགས་བྱས་པ་མཐོང་བྱུང་བས་ང་རང་བོད་མི་ཞིག་དང་ཡང་སྒོས་མདོ་སྟོ ད་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་གསར་འགྱུར་འདི་ཉིད་དམིགས་བསལ་གལ་ཆེར་བརྩིས་ཏེ་ཞིབ་ཚགས་ངང་བལྟ་ཀློག་བྱས་པ་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་མདོ་སྟོད་སྔོན་འགྲོའི་སྤྱི་འཐུས་འོས་དམིགས་ཕལ་ཆེ་བ་མང་ཚོགས་ཀྱི་བློ་ཁ་ཚིམས་པ་ཞིག་བྱུང་མེད་ལ། དྲ་ཐོག་གི་མཆན་བུ་སྤེལ་མཁན་ཕལ་ཆེ་བས་དགག་ཕྱོགས་ནས་བསམ་ཚུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོང་བ་འདིས་གང་ཞིག་མཚོན་ཡོད་པ་གསལ་པོ་ཡིན།
ངེད་རང་ཡང་བསམ་བློ་ཅི་ཙམ་བཏང་ཡང་འོས་དམིགས་ནང་ཐོན་པའི་སྤྱི་འཐུས་ལས་ཐོག་རེ་ཟུང་ཞིག་ལས་མང་ཆེ་བ་བློ་ཁ་ཚིམས་པ་ཞིག་གཏན་ནས་མ་བྱུང༌། གང་ལགས་ཤེ་ན། སྤྱི་འཐུས་ཤིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་གལ་ཆེ་ཤོས་ནི་ཤེས་ཡོན་དང༌། ལྷག་བསམ། དྲང་བདེན་བཅས་ཡིན་པ་ལས་ཤེས་ཡོན་མེད་པའི་སེམས་ཧམ་ཅན་དང༌། མགོ་བདེ་དྲན་འཕྲུལ། སྐབས་འཚོལ་རིང་ལུགས། ཁ་བཤད་ལག་སྟོང་ཅན་རྩ་བ་ནས་ཡིན་མི་འོས། ངས་འོས་དམིགས་དེ་དག་བཀླགས་ཙམ་ཉིད་ནས་འོས་མི་འགའ་ཤས་ཧམ་ཅན་རིང་ལུགས་དང་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན། རང་ལྟ་མཆོག་འཛིན་གྱི་ལྟ་བ་མཐོ་བ་ཙམ་ལས་ཤེས་ཡོན་ལྡན་པ་ཞིག་ཏུ་མ་མཐོང་བ་མ་ཟད། ད་དུང་སྤྱི་འཐུས་ལ་མཁོ་བའི་དེང་རབས་ཤེས་ཡོན་གྱི་རྨང་གཞི་སྣེ་གཅིག་མེད་པ་ཡང་རེ་གཉིས་ཡོད་པ་ཚོར་བས་དེ་དག་འོས་དམིགས་སུ་འཇོག་པ་ནི་མིག་ལྡན་གཡང་མཆོངས་དང༌། མདོ་སྟོད་ཚང་ལ་མི་ཟད་ཁོལ་ཡོད་པའི་ཚོར་བ་འགོག་མེད་དུ་འཆོར།
ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་ལོག་ན་གཞུང་གི་སྲི་ཞུའི་གར་སྟེགས་སུ་ཤེས་ཡོན་མེད་མཁན་ཁྱུ་ཚོགས་ཤིག་ཡར་འདྲེན་བྱས་པ་འདིས་ད་བར་བོད་སྤྱི་ལ་ག་ཚོད་ཀྱིས་གྱོང་གུད་ཕོགས་ཡོད་པ་འདས་དོན་ལ་མནོ་བསམ་ཐེངས་ཤིག་བཞེས་ན་ཤེས་ངེས་ཡིན།
བོད་མིའི་སྤྱི་འཐུས་ཤིག་ཡིན་ཕྱིན་རྒྱ་ཆེ་མང་ཚོགས་ལ་ཞལ་མར་ལོག་ནས་སྣེ་ཁྲིད་བྱེད་མཁན་ཞིག་ཆགས་ཟིན་པས། ཤེས་ཡོན་དང་ལྟ་སྤྱོད། ལྷག་བསམ་སོགས་གང་ས་ཅི་ཐད་ནས་མང་ཚོགས་ལས་ལྷག་པ་ཞིག་དགོས་པ་སྨོས་མོད་ཡིན་ཀྱང་། འོས་དམིགས་ལ་ལ་ཞིག་ནི་གོང་བརྗོད་ཁྱད་ཆོས་རྣམས་ཀྱི་གང་ཡང་ཚང་མེད་པ་ཟུར་བལྟས་ལེབ་མཐོང་དུ་གྱུར་འདུག་ན་ད་ནས་རྒྱ་ཆེ་མང་ཚོགས་ཀྱིས་དགོངས་པ་བཞེ ས་དགོས་པ་ལས་བརྒྱུད་ལམ་ཁག་ཏུ་ང་འདྲའི་མི་རེ་གཉིས་ཤིག་གིས་ཁ་ན་ན་དང་ལྕེ་ཚ་ཚ་བྱས་ནས་ལབ་གླེང་བྱེད་པར་དགོས་པ་ཆེར་མ་མཐོང༌།
དངོས་འབྲེལ་བྱས་ན་ཆོལ་ཁ་ཆོས་ལུགས་སོ་སོས་ཕྱོགས་ཞེན་དང་འཐེན་འཁྱེར་བའི་དབང་དུ་མ་སོང་བར་གསག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་དཔྱད་ཅིང་། དཔྱད་མཐར་གང་རྙེད་པའི་འོས་དམིགས་རྣམས་མང་ཚོགས་ནས་ཐེ་ཚོམ་དང་སོམ་ཉི་སྤུ་ཙམ་མེད་པར་དེ་དག་སྔོན་འགྲོ་དང་དངོས་གཞི་གང་ལའང་འོས་བླུགས་རྐྱང་བྱེད་ཆོག་ཆོག་ཞིག་ཏུ་བཟོ་དགོས་ངེས་ཀྱང་། ད་ལྟའི་མཇུག་འབྲས་འདི་ལ་དཔ ག་ན་རེ་བ་བྱེད་རྒྱུ་གང་ཡང་མེད་པ་ཞིག་ཏུ་མཐོང༌།
འོན་ཀྱང་ད་དུང་ངས་རེ་བ་ཞུ་རྒྱུ་གཅིག་ཡོད་པ་ནི། འོས་དམིགས་སུ་འཛུལ་ཞུགས་བྱེད་མཁན་དོ་བདག་རང་ཉིད་རང་བློ་རང་ལ་ལྐོག་ཏུ་གྱུར་བ་ཞིག་མ་ཡིན་སྟབས། རང་ངོས་ནས་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་བཞེངས་རྒྱུའི་འོས་ཆོས་ཚང་མིན་དང༌། རང་ལ་གནའ་དེང་གི་ཤེས་ཡོན། སྐད་ཡིག་གི་རྨང་གཞི་སོགས་སྤྱི་འཐུས་ཤིག་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་རྣམས་རེ་རེ་བཞིན་ཚང་མིན་བརྟག་སྟེ་མ་ཚང་ན་རྟ་ལམ་བོང་བུས་མ་བཀག་པར་ངེས་པར་དུ་འོས་དམིགས་ནས་དགོངས་ཞུ་ཕུལ་ཏེ་རང་གི་གནས་བབ་དང་འཚམ་པའི་ལས་ལ་འཇུག་རོགས་ཞུ་རྒྱུ་ཙམ་ལས་མ་འདས།
འདི་ནི་ངས་རང་གི་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་དམིགས་སྐོར་ལ་ཐོལ་བྱུང་མྱོང་ཚོར་ཅི་བྱུང་དམིགས་བཀར་ནན་བརྗོད་བྱས་པ་ཞིག་ཡིན་ནའང་། ཆོལ་ཁ་གཞན་དང་གཞན་གྱི་ནང་དུའང་རྩོམ་ཡིག་ཐར་ཐོར་རེ་བྲིས་ཤེས་པ་ཙམ་གྱིས་སྤྱི་འཐུས་ཀྱི་འོས་དམིག་སུ་བཅུགས་པ་དང༌། ཡང་འབྱོར་ལྡན་དང་སྐུ་དྲག་གི་རྒྱུད་ཅན། ཤེས་ཡོན་མེད་ཀྱང་ལོག་པའི་ཆོལ་ཞེན་ཅན་རེ་ཟུང་སྤྱི་འཐུས་འོས་དམིགས་ནང་འཚང་འདུག་ན་དེ་དག་ལའང་ངས་གཅིག་མཚུངས་ཀྱིས་གོང་བརྗོད་རེ་སྐུལ་དེ་ཞུ་འབོད་བྱེད་བཞིན་ཡོད།
མདོ་དོན་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་སྔར་དང་མི་འདྲ་བ་ཆོལ་ཁ་ཆོས་ལུགས་གང་ཐད་ནས་སྤྱི་མི་ཤེས་ཡོན་ཉམས་མྱོང་ཅན་དང༌། དྲང་བདེན་ལྷག་བསམ་ཆེ་བ་ཤ་སྟག་ཡོང་བར་ཚང་མས་འགན་འཁུར་བླངས་དགོས་པ་ནི་དུས་བབ་ཀྱི་ཆ་ནས་ལྡོག་ཏུ་མེད་པའི་འོས་འགན་ཆེ་ཤོས་ཤིག་ཡིན་སྙམ།
འོ་ཡ་འ་འབུ་ལགས
ངས་ཧོད་སུ་ཡིན་ཧ་མ་གོ
ཧོད་ལ་རྩོད་ཏོག་ཏུག་གཅིག་རྒྱག་ཡིན།ངས་མི་དིག་ ངོ་རོད་གི་ མིང་ཁུར་ནས་སྐད་ཆ་འ་སྦོད་བཤས་ཐལ་བསམ་བྱུང་།
འ་རིང་བལྟ་རན་ཧོད་རེད་སྣོང་། ངས་དུས་རྒྱུན་ཧོད་རྩོམ་ཨེ་ན་ན་བྲིས་ས་མ་རེད་བསམ་བྱུང་།ཅི་རེད་ཟེར་ན་ཧོད་ལ་དུས་ཚོད་ཡོད་མ་རེད་བསམ་བྱུང་།
ངས་ངོ་རོད་རྩོམ་འབྲི་མི་ཧོད་དང་ཨ་དད་རྒྱལ་མཚན་གཉིས་མ་གཏོགས་མེད་པས་།ཧོད་ཡིན་མི་འོངས།ཨ་དད་དེ་ལས་ཡིན་རྒྱུ་མ་རེད།
ད་ཏག་ཏག་ངས་དོགས་པ་ཟ་ས་མི་དིག་མི་གཅིག་ཡོད་དེ་ཡིན་རྒྱུ་བསམ་སོང་།
གྲོགས་པོ་ལགས ངས་ཁྱེད་ཀྱི་རྩོམ་ཡིག་ལ་བསམ་ཚུལ་ཟློག་ཕྱོགས་གླེང་པ་དང་།ལྷག་པར་དུ་འབའ་པ་དང་འབའ་བ་ཡི་མིང་ཚིག་གཉིས་ལ་ཆེད་དུ་གླེང་གཞི་བསླངས་པ་ནི་ངས་ཁྱེདའབའ་པ་ངོ་མ་ཡིན་མིན་གྱི་ཚོད་བགམ་གྱི་ཆེད་དུ་ཡིན།འབའ་པ་དག་པ་དང་འབའ་བ་མ་དག་པའི་ཁུངས་ཚད་མ་ཅི་ཡང་ང་ལ་བསྟན་རྒྱུ་མེད།
ངས་འདི་ལྟར་གླེང་དགོས་དོན་ནི་ངས་ནམ་ཡང་ང་ཚོའི་ལུང་པའི་མིང་དེ་མི་གཞན་གྱི་བེད་སྤྱོད་ལོག་པར་གཏང་བར་འགོག་པའི་སླད་དུ་ཡིན།
ངས་སྔོན་མ་ནས་བོད་ཀྱི་མཛེས་མ་ཞེས་པའི་སྙུག་མིང་ཅན་དེ་འབའ་པའི་མི་གཅིག་ཡིན་པའི་ཚོད་དཔག་བྱས་ཡོད། དེ་ནི་འབའ་ཐངདུ་བོད་དོན་་ལས་འགུལ་སྤེལ་པའི་གསར་འགྱུར་ཞིག་གི་འོག་ཏུ་དགག་སྒྲུབ་ཀྱི་ཚིག་འགའ་ལ་བརྟེན་ནས་རེད།
ད་དུང་གཡག་དགའ་ཞེས་པའི་མིང་དེ་རིག་དུས་དེ་ལས་ཀྱང་ཆུང་དུས་ནས་དུས་དེབ་སོགས་ལས་མཐོང་ཞིང་མི་རྒན་པ་ཚོས་རྟག་ཏུ་ང་ཚོའི་ལུང་པའི་མི་འདི་ལྟར་འབྲི་ཤེས་་པ་རེད།ད་དུང་དེ་བཞིན་དགོས་པ་རེད།ཁྱེད་ཀྱིས་ཁོང་ལ་མིག་དཔེར་ལེནདགོས་ཞེས་པའི་ཁོང་དེ་ཡིད་ལ་དྲན་སོང་།
འབའ་ཐང་གི་བུ་ལགས་ཁྱེད་ནི་ནམ་ཡང་འབའ་ཐང་གི་བུ་རེད།
ངས་ཁྱེད་ལ་དགག་སྒྲུབ་བྱས་པ་ནི་ཁྱེད་ནི་སྐྱེས་ཁུངས་གང་ཡིན་ཤེས་པའི་སླད་དུ་ཡིན།
ཁྱེད་ཀྱིས་གསུངས་པ་ལྟར་ཁྱེད་ཉིད་སུ་ཡིན་ཤེས་པ་གལ་མི་ཆེ་ཡང་།ངས་ད་ནས་ཁྱེད་རང་ནི་ཁྱེད་རང་ཉིད་ཡིན་པར་ཤེས་སོང་ཧཧཧ
མུ་མཐུད་ནས་ཁོམ་པ་ཡོད་ན་དྲ་ཐོག་ན་ཉུལ་ཙམ་གནང་རོགས་ཞུ།
ཡཱ། ཤག་པོ་འབའ་བ་སྐལ་འཕྲིན་ལགས།
ལོ་རབས་དགུ་བཅུ་པའི་ནང་ངས་གཡག་དགའ་དང༌། གཡག་རྒོད། གཡག་སྨྱོན་སོགས་སྨྱུག་མིང་འདྲ་མིན་སྤྱད་ནས་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་མྱོང་ཞིང༌། སྐབས་རེ་དངོས་མིང་བེད་སྤྱོད་བྱས་པའང་ཡོད། སྟོང་ལོ་གསར་པ་འགོ་ཚུགས་པ་དང་དྲ་རྒྱའི་བརྒྱུད་ལམ་གསར་དུ་འབུས་པ་ནས་བཟུང་ངས་བོད་ཀྱི་མཛེས་མ་དང༌། འབའ་ཐང་གི་བུ་སོགས་སྨྱུག་མིང་དང་དངོས་མིང་འདྲ་མིན་ཐོག་ནས་རྩོམ་ཡིག་དང་མཆན་བུ་གང་མང་བཏགས་ཡོད་ལ། ཁྱེད་ཀྱིས་ཀྱང་ང་ལ་བསམ་ཚུལ་རེ་གཉིས་སྤེལ་མྱོང༌།
འོན་ཀྱང་ཁྱེད་ཀྱིས་ངོས་འཛིན་ཇི་ལྟར་གནང་ཡང་ང་ནི་ད་བར་འབའ་ཐང་གི་བུ་རང་ཡིན་ལ། ནམ་ཡང་འབའ་ཐང་གི་བུ་དང༌། འབའ་ཐང་གི་ཁོངས་མི་བཀྲུས་ནས་མ་དག་པ་ཞིག་ལས་འགྱུར་བ་ནམ་ཡང་ཐེབས་མི་སྲིད། ད་དུང་ང་ནི་ནམ་ཡང་འབའ་ཐང་གི་ཤ་ཁྲག་རུས་གསུམ་གྱི་དྲོད་ཁོལ་མ་ཡལ་བ་བསྡད་ནས་ཡོད་པས། ཁྱེད་ཀྱིས་ཁོག་ནས་ཚོད་དཔག་བྱེད་བཞིན་པའི་ལི་ཐང་གི་གྲྭ་བཙུན་ཆེ་གེ་མོ་སོགས་དང་གཏན་ནས་མི་འདྲ། འོན་ཀྱང་ང་ནི་གང་ཞིག་ཡིན་མིན་དང་ཅི་ཞིག་བྱེད་ཀྱི་ཡོད་མེད་གལ་མི་ཆེ།
ངས་སྨྱུག་མིང་འོག་ནས་རྩོམ་ཡིག་དང༌། དཔྱད་བརྗོད། མཆན་བུ་སོགས་བྲིས་འགོད་བྱེད་དགོས་པའི་རྒྱུ་མཚན་གསུམ་ཡོད། གཅིག་ནི་རང་མིང་དམར་རྗེན་དུ་བསྟན་ནས་རང་གི་སེམས་ནང་ཡོད་པའི་བསམ་ཚུལ་གང་ཡོད་ཐད་ཀར་བཤད་སའི་ཁོར་ཡུག་ཅིག་བོད་ཚང་ལ་མེད་པས་ཡིན། གཉིས་ནི་རྩོམ་ཡིག་ཅིག་སྤེལ་བར་གཞན་གྱིས་རང་ལ་ངོམ་སོ་དང་ཁ་ཡ་འཐོབ་རྒྱུར་དེ་ཙམ་དགའ་པོ་མེད་མཁན་གྲས་ཤིག་ཡིན་སྟབས་དངོས་མིང་བེད་སྤྱོད་བྱེད་པར་འཚེར་སྣང་ཡང་ཡང་ཡོང་གི་ཡོད། འདི་ནི་མི་སོ་སོའི་གོམས་གཤིས་ཤིག་རེད་སྙམ། གསུམ་ནི་རང་གང་དུ་གནས་བཅའ་བའི་ཚོགས་སྡེར་དོན་མེད་མིང་ཆད་མི་ཡོང་བའི་འགན་བབ་ཡོད་པས་ཡིན།
དྲང་པོ་བཤད་ན་ངེད་ཚང་ལ་དྲ་ཐོག་ཏུ་མཆན་བུ་ཐར་ཐོར་རེ་བྲིས་མཁན་ཙམ་ཡང་ཆེས་དཀོན་ཚོད་དུ་སྣང་ན། ཁྱེད་ཀྱིས་རང་གི་དངོས་མིང་གི་ཐོད་དུ་འབའ་པ་ཞེས་པའི་མིང་བཀོལ་ནས་དྲ་ཐོག་ཏུ་རྩོམ་མཆན་རེ་གཉིས་སྤེལ་བ་འདི་ཡང་ཆེས་བླ་ན་མཐོ་བའི་གཟི་བརྗིད་ཅིག་ཏུ་བརྩི་ཆོག་པ་ལོས་ཡིན།
འོན་ཀྱང་ཁྱེད་ཀྱིས་ང་ལ་འབའ་ཐང་ལུང་པའི་མིང་བེད་སྤྱོད་མ་གཏོང་རོགས་ཟེར་ཁུལ་ཡང་འབའ་པའི་མིང་བེད་སྤྱོད་བཏང་བ་ང་གཉིས་གཅིག་མཚུངས་ཡིན་ན་ཁྱེད་ཀྱིས་ང་ལ་དེ་ལྟར་བཀོལ་སྤྱོད་མི་ཆོག་བརྗོད་པ་དེ་ཙམ་དབང་ཨེ་ཡོད་སྙམ།
ངས་ལྟར་ན་འབའ་པ་དང༌། འབའ་བ་ཞེས་ཡིག་འབྲུ་གཉིས་ནི་རྟགས་མཚུངས་དང་བརྗོད་བདེ་བའི་ཁྱད་པར་ཙམ་ལས་མེད་སྟབས་གང་ཞིག་བཀོལ་ཡང་ཆོག་པ་མཐོང་ལ། རྩོད་པ་རྒྱག་ན་མཐར་བདག་སྒྲའི་རྩོད་པར་ཐུག་འགྲོ་བས་དེ་ལ་སྙིང་པོ་ཅི་ཞིག་ཡོད།
ཁྱེད་ཀྱིས་འབའ་པ་ནི་བོད་ལྗོངས་ནང་ཆེས་སྔོན་ཐོན་ཞིག་རེད་ཅེས་ཟེར་ཡང༌། དེ་ལ་སྒྲུབ་བྱེད་གང་ཡོད། མི་ཚང་མས་སོ་སོའི་ལུང་པ་ཉིད་ཆེས་སྔོན་ཐོན་རེད་ཟེར་འོང་བ་ནི་གནམ་འོག་འདིར་གོམས་སྲོལ་ལྟ་བུ་ཆགས་ཟིན།
ཁྱེད་ཀྱིས་ཆུ་སྒང་གིས་འོས་མི་འདོན་སྟངས་ཀྱང་ས་གནས་ཁག་སོ་སོ་ལ་མི་མང་གི་བསམ་ཚུལ་ལེན་ནས་བཏོན་པ་ཞེ་གཅིག་རེད་ཟེར་ཡང༌། འོས་དམིགས་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཅོ་༡གཡུང་དྲུང་རྒྱལ་མཚན། ༢ཚོགས་གཞོན་སྒ་པ་ལྷ་མོ། ༣ཚོགས་གཞོན་སྨར་ཁམས་ཆོས་འཕེལ། ༤དྲུང་ཆེ་བདེ་བ་ཚང་རྡོ་རྗེ་དབང་འདུས། ༥དྲུང་གཞོན་ངག་དབང་བསྟན་པ། ༦དབུས་རྒྱུན་ཀརྨ་མཁས་གྲུབ། ༧དབུས་རྒྱུན་གྲའུ་ཚེ་བརྟན། ༨དབུས་རྒྱུན་ཀོང་པོ་ཕུར་པོ་ཚེ་རིང་བཅས་ཆུ་སྒང་གི་དབུས་རྒྱུན་ཡོངས་རྫོགས་འོས་དམིགས་ནང་འཐེན་རྐྱང་བྱས་པ་ལྟ་བུ་འདུག་པས་དེ་དག་ས་གནས་གང་ཞིག་ནས་མང་ཚོགས་ཅི་ཙམ་ཞིག་ལ་བསམ་ཚུལ་ལེན་ནས་བཅུགས་པ་རེད་ཅེས་ཟེར་ཆོག་ཆོག་ཅིག་ཨེ་ཡིན་སྙམ།
ངས་ད་བར་སྤྱི་འཐུས་ཀྱི་སྤུས་ཚད་སྐོར་སྐད་མང་པོ་བརྒྱབ་ཡོད་ལ། རྩོམ་ཡིག་འདིའི་ནང་དོན་ཡང་སྤྱི་འཐུས་ཤིག་ཡིན་ཕྱིན་ཤེས་ཡོན་དང་ལྷག་བསམ། དྲང་ཚུགས་ལྡན་དགོས་སྐོར་ནན་བཤད་བྱས་ཡོད་མོད། དེ་ལ་ཁྱེད་ཀྱིས་སྤྱི་ཚོགས་གཏོར་བའི་སྐད་ཆ་རེད་ཅེས་མཐའ་གཅིག་ཏུ་དགག་འོང་བར་དྲང་པོ་རང་མ་བྱུང་སྙམ་བཞིན་དེ་འཕྲལ་ཁྱེད་ཀྱི་མི་གཤིས་རིང་ལུགས་ལའང་དོགས་པ་ཞིག་མི་སྐྱེ་ཀ་མེད་བྱུང༌། ངས་ལྟར་ན་ང་ཚོ་གཞོན་སྐྱེས་ཚོས་ལམ་བུ་གསར་པ་ཞིག་ལ་བསྙེགས་ཏེ་གཙོ་བོར་བཀའ་ཁྲི་དང་སྤྱི་འཐུས་རྣམས་བོད་སྤྱི་ལ་ཕན་པའི་མི་སྣ་ཞེ་གཅིག་ཡོང་བ་འབད་བརྩོན་བསྟེན་དགོས་པར་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཆེས་གལ་ཆེན་ཡིན་པ་མཐོང་བཞིན་ཡོད།
ངས་མདོ་སྨད་ཚང་ལ་རྩོམ་ཡིག་ཐར་ཐོར་རེ་བྲིས་མཁན་ཐམས་ཅད་སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོག་བཞག་ན་མི་འགྲིགས་པ་བཤད་མྱོང་ཡོད་ཅིང༌། དབུས་གཙང་ཚང་ལའང་སྐུ་དྲག་རིང་ལུགས་དང༌། ཚོང་པ། འབྱོར་ལྡན་བཅས་སྤྱི་འཐུས་ཀྱི་འོས་མིར་བཏོན་པར་དགག་པ་སྔར་ནས་བྱེད་མྱོང་ལ། རྩོམ་ཡིག་འདིའི་ནང་དུའང་དེའི་སྐོར་ནན་བརྗོད་བྱས་ཡོད་པར་ཁྱེད་ཀྱིས་མཁྱེན་ཡོད་ཤག་ཡིན། ད་ནས་མང་པོ་མི་བཤད། རྗེས་གཞུག་གླེང་ཆོག དེ་ཙམ་ཡིན།
འོ་་་་་་་་་་བསམ་ཚུལ་གཅིག་དང་སྐད་ཆ་གཅིག་ཡིན་པ་ཤམྦྷ་ལའི་དྲ་ཐོག་ན་ཡང་མང་པོ་སྤེལ་འདུག
འབའ་ཐང་གི་བུ་ལགས་ཁམས་བཟང་།
སྤྱི་ལོ་རྒྱུས་ཐོག་འབའ་ལི་ཐང་ཟེར་བའི་ཡུལ་གྲུ་གཉིས་ཉ་གཤིས་ཆུ་གཤིས་ཀྱི་ལོ་ཟླ་དུ་མར་བསྐྱལ་ཡོད། དེ་ཡིས་དབང་གིས་མི་མང་པོས་འབའ་ལི་ཐང་ཟེར་དུས་ཡུལ་ལུང་གཅིག་ལ་ངོས་འཛིན་གྱི་ཡོད། ཡུལ་དེ་གཉིས་མི་ཚོས་ཀྱང་དེ་བཞིན་གྱི་ཕ་ཡུལ་གཅིག་པ་བརྩིས་གིན་ཡོད།དོན་དངོས་ཐོག་ཡུལ་ལུང་གཉིས་ཡོད།
འོ་ཡ་གྲོགས་པོ་ཁྱེད་ཀྱིས་འབའ་སྐད་ཡག་པོ་ཤེས་འདུག སྤྱི་འབའ་ལི་ཐང་གཉིས་ཀྱི་སྐད་གཅིག་པ་ཡིན། ད་དུང་གདན་ས་ན་ཡོད་པའི་གྲ་བ་ཞིག་གིས་རང་གི་ལུང་པ་གཞན་པའི་ཡུལ་ལུང་མང་པོའི་སྐད་ཤེས་ཀྱིན་རེད།
ངས་ཁྱེད་ད་དུང་གང་ཡིནགྱི་རྨོངས་པ་སེལ་མ་སོངས།
བོད་གངས་ཅན་ན་ཆེས་སྔོན་ཐོན་པའི་འབའ་ཐང་ལུང་པའི་མིང་དེ་གང་བྱུང་བེད་སྤྱོད་མ་གཏོང་རོགས།
སྤྱིར་ངས་དྷ་ས་ན་སྙུག་གུའི་སྐེད་པར་འཛིན་མཁན་འབའ་པ་ཅི་ཙམ་ཡོད་མེད་ཤེས།
འོན་ཀྱང་ང་ཚོས་ནམ་རྒྱུན་འབའ་པ་བེད་པ་ལས་འབའ་བ་ཟེར་ནས་བེད་ཀྱིན་མེད།
གྲོགས་ལགས ཁྱད་མི་འདུག ད་དུང་བསམ་ཚུལ་ཡོད་ན་ང་ཡི་ཟིན་བྲིས་སུ་བཞག་
རོགས།
ཁྱེད་ཀྱི་དྷ་ས་ན་སྤེལ་བཞིན་པའི་ལས་དོན་རྣམས་ཡིད་བཞིན་དུ་འགྲུབ་པར་ཤོག
དྲ་གྲོགས་མི་ཉུང་བ་ཞིག་ནས་ངའི་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་གྱི་མཆན་བུ་འདེགས་པར་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་ཏེ་སྤྱི་ལ་ཕན་པའི་སྐད་ཆ་ཞིག་ལྷག་བསམ་རྣམ་དག་གིས་དགག་ཕྱོགས་ནས་མཆན་བུ་སྤེལ་མཁན་རིགས་ལ་དམིགས་བསལ་དགའ་པོ་ཡོད། ད་དུང་གོ་སྐབས་བྱུང་ཚེ་མུ་མཐུད་ནས་བསམ་ཚུལ་བརྗེས་རེས་བྱེད་ཆོག
སྤོབས་པ་མཐའ་ཡས་མིང་ཅན་ལ་ཞུ་རྒྱུ་གང་ཡང་མེད། རྒྱུ་མཚན་ནི། ཁོང་གི་སྐད་ཆ་རྣམས་སྙིང་པོ་ཅི་ཡང་མེད་པའི་བྱིས་ཅོལ་གྱི་གཏམ་ལས་མ་འདས་པས་ཡིན།
ད་ནི་ངའི་ཤག་པོ་འབའ་བ་སྐལ་འཕྲིན་ལ་ཞུ་རྒྱུར།
སང་ཉིན་འགྲོ་ན་གནངས་ཉིན་ཇ་འཐུང་ཤོག ཀོ་རུ་མེད་ན་གཟེན་པ་ལེན་ཤོག་ཨཱ། འ་གོ་གཉིས་ཕ་ཡུལ་གཅིག་ཐལ། ཁོས་ཀྱི་མ་ཡུམ་ཡང་འདིར་བདེ་མོ་ཡིན་ཐལ། སེམས་ཁྲེལ་མི་དགོས་གནོངས། ཁོས་རྡ་སར་ཡོང་ན་འ་གོ་གཉིས་རྒྱན་བསྲགས་ཞིམ་པོ་ཞིག་དང་རྒྱ་གོག་ཚ་པོ་ཞིག་མཉམ་བཟའ་བྱེད་ནས་སྐད་ཆ་ག་ལེར་བཤད་ཆོག་ཨཱ། ཁྱེད་ཀྱིས་ང་འབའ་ཁོངས་ནས་ཕྱིར་འབུད་བྱས་ཙམ་ངས་འབའ་རྟགས་ཤིག་མི་བསྟན་ཐབས་མེད་བྱུང༌། ཡིན་ཡང་རྗེས་གཞུག་ཁོམ་པ་བྱུང་ཚེ་དགོངས་ཚུལ་བརྗེས་རེས་བྱེད་ཆོག
ཤེས་ཡོན་ལ་ཁྱད་པར་མི་འདུག་སྙམ། གཙོ་བོ་རང་གི་ལྷག་བསམ་དེ་ཕངས་མེད་དུ་བཀོལ་སྤྱོད་བྱེད་མཁན་གྱི་མི་འཇུངས་པ་མེད་པ་ཞིག་ཡིན་དགོས།
སྤྱི་འཐུས་དྲང་པོ་དང་ཤེས་འབྱོན་ཅན་དགོས་རྒྱུ་ཡིན་པ་ཚང་མས་མཁྱེན་པ་ལྟར་རེད། འོན་ཀྱང་ལག་ལེན་ཐད་ནམ་རྒྱུན་འཐུས་ཤོར་སོང་བའི་དཔེ་མང་དག་མཐོང་ཐོས་བྱུང་ཡོད། བོད་ཀྱི་ཆབ་སྲིད་དང་མི་མང་གི་བདེ་སྡུག་ལ་ནུས་པ་ཐོན་པའི་ཕྱག་ལས་ཤིག་གནང་རྒྱུ་ནི་སྤྱི་འཐུས་རྣམ་པའི་ཕྱག་ལས་གལ་ཆེ་ཞིག་ཡིན་པ་ལས། ཆབས་སྲིད་དང་སྤྱི་ཚོགས་ནང་དཀྲུགས་རྐྱེན་བཟོ་རྒྱུ་སོགས་ཀྱི་སྐྱོན་མང་དག་ཤིག་སྤྱི་འཐུས་ཁ་ཤས་ནས་ཡོང་དང་ཡོང་བཞིན་པ་འདི་ནི་རང་རེའི་ཆག་སྒོ་ཆེན་པོ་ཞིག་ཡིན། སོ་སོ་རང་ཉིད་མི་མང་གི་མདུན་དུ་ཆེ་ཉམས་གཏོན་རྒྱུ་སོགས་ལ་དགའ་ཞིང་མི་མང་གི་བཀའ་ངལ་ལ་ཇི་མི་སྙམ་པའི་སྤྱི་འཐུས་དེ་འདྲ་ཡོད་པ་ལས་མེད་པ་ལེགས་ཤིང་། ཕྱོགས་ལྷུང་གི་བརླམ་པའི་སྤྱི་འཐུས་དེ་རྣམས་རང་རྒྱལ་གཞན་ཕམ་ཙམ་མ་གཏོག་ཕྱག་ལས་གནང་མི་མཁྱེན་པའམ་ཡང་ན་གནང་རྒྱུའི་དམིགས་ཡུལ་མེད་པ་དེ་འདྲའང་ཡོད་པ་ཉེ་ཆར་བཀའ་བརྒྱུད་སྤྱི་འཐུས་གཉིས་ཀྱི་ཕྱག་ལས་གནང་ཕྱོགས་ཐད་གསལ་པོ་ཧ་གོ་སོང་།
འདིའི་སྐོར་དྲྭ་རྒྱ་ཞིག་འདུག་པས་གཟིགས་ན། http://www.hetuprabav.blogspot.com
དེང་དུས་ཀྱི་ཤེས་ཡོན་ཅན་ཞིག་དགོས་ན་བློ་བཟང་དབང་རྒྱལ་བདམ་དགོས། ཁོས་དབྱིན་ཡིག་འབྲི་ཀློག་ཐུབ། པར་རྒྱག་ཤེས། མཛངས་མ་འདེམས་ཤེས། སྦག་སྦག་ཆེན་པོ་གཏོང་ཤེས། དཔེ་གསར་གྱོན་ཆས་གྱོན་ཤེས། ད་དུང་གང་ཤེས་དགོས་པ་རེད།
འབའ་ཐང་བུ་ལགས་ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་དགོངས་ཚུལ་གསུངས་པ་དེ་སྤྱི་ཚོགས་ལ་འགན་འཁྱེར་གྱི་ཡོད་པའི་རྟགས་མཚན་
རེད་། རྗེས་སུ་ཡིད་རངས་ཡོད།
༼ སྤྱི་འཐུས་ནི་ངེས་པར་དུ་ཤེས་ཡོན་མི་སྣ་དགོས་༽ ཞེས་པའི་འགོ་བརྗོད་ལ་རྒྱབ་་སྐྱོར་ཡོད། ད་ལྟའི་གནས་སྐབས་འདིར་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་བྱེད་རྒྱུ་འདི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གལ་ཆེ་ཤོས་ཡིན་པ་ནི་ཤོད་མ་དགོས་པ་རེད། དེ་ཡོང་བ་བྱེད་པ་ལ་ཆ་རྐྱེན་གཅིག་ནི་དེང་དུས་ཀྱི་ཤེས་ཡོན་མེད་ཐབས་མེད་པ་ཞིག་རེད་འདུག། དཔེར་ན་ང་ཚོ་བཙན་བྱོལ་བ་ཚོར་ཆ་བཞག་ན་ང་ཚོ་གནས་སྡོད་བྱེད་སའི་ཡུལ་ལུང་སོ་སོའི་སྐད་ཡིག་དང་། དེང་དུས་ཀྱི་ཤེས་ཡོན་མེད་ན་སྤྱི་དོན་སྒྲུབ་རྒྱུ་ཕར་བཞག། སྒེར་དོན་རང་གི་མི་ཚེ་སྐྱེལ་སྟངས་ཀྱང་ལས་སླ་པོ་མེད་པ་ཚང་མས་ཤེས་གསལ་རེད། གཅིག་དང་གཉིས་ཀྱི་འགྲེལ་བཤད་དགོས་དོན་མི་འདུག། བྱས་ཙང་བཙན་བྱོལ་གཞུང་ལ་ཆབ་སྲིད་ཚོགས་པའི་ལམ་ལུགས་མེད་ཙང་སྲིད་བྱུས་མང་པོ་ཞིག་སྤྱི་འཐུས་གྲོས་ཚོགས་ནས་ཐག་གཅོད་བྱེད་ཀྱི་ཡོད་དུས་དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་ཡོད་པའི་སྤྱི་འཐུས་གང་མང་དགོས་རྒྱུ་ནི་མེད་དུ་མེད་རུང་བའི་ཆ་རྐྱེན་ཞིག་རེད་བསམ་གྱི་ཡོད། དེ་ནི་རང་ཉིད་ལ་དེང་དུས་ཀྱི་ཤེས་ཡོན་མེད་པའི་མྱོང་ཚོར་ཇི་བྱུང་གི་བསམ་ཚུལ་ཤོད་ཀྱི་ཡོད་པ་ལས་མཁས་དྲགས་ནི་བསླབ་བྱ་རྒྱབ་ཀྱི་མེད་དོ།།
དྭ་གྲོགས་འབའ་ཐང་བུས་གཏམ་བཟང་པོ་ཞིག་བཤད་འདུག
ངས་དངོས་གནས་རྒྱབ་སྐྱོར་ཡོད།
ཁྱེད་ལ་ཞུ་རྒྱུ།
སྤྱི་མིར་འོས་པའི་མི་སྣ་རེ་གཉིས་ཡོད་ཚེ་ངོ་སྤྲོད་གནང་དང་།
ཕན་ཐོག་ཏན་ཏན་ཡོད་ངེས་རེད་སྙམ།
དེ་རིང་དུས་ཚོད་ཀྱིས་རྐྱེན་པས།
མང་པོ་འབྲི་ཐུབ་མ་སོང་།
རྗེས་སུ་སྐད་ཆ་ཞིབ་དུ་ཡོད་ལོ།
དྲང་་མོ་བཤད་ན་མི་མི་དགའ་རྒྱག་པ་གཡིག་ན་ཁྱི་མི་དགའ་ཟེར
འབའ་ཐང་གི་བུ་ལ་༡༠༠་ཡོད་དོ
འབའ་ཐངབུ་ལགས།
ངས་ཁྱེད་ཀྱིས་བཀའ་མོལ་གནང་སྟངས་ལ་བལྟས་ནས་འབའ་ཐང་བུ་ཡིན་མིན་ཤེས་སོང་།
སྤྱི་འཐུས་ལ་ཕྱོགས་ཞེན་ཡོད་ན་མི་འགྲིག་པའི་གནས་ལུགས་འདི་ལྟར་གླེང་རྒྱུ་ཡོད་ན།སྤྱི་འཐུས་འོས་མི་ཡི་ཆ་རྐྱེན་ལ་ངེས་པར་དུ་ཆོལ་ཁ་ལ་ཞེན་ཁོག་དགོས་རབས་གླེང་དུས་ཁྱེད་རང་ཁ་མི་གྲགས་པ་ཅི་ཡིན་ནམ།
མ་གཞི་ད་ཐེངས་མདོ་སྟོད་མི་དམངས་ལ་བསམ་ཚུལ་བསྡུས་ནས་འོས་མི་བཏོན་པ་ཡིན་ཙ་ན།ཤེས་ཡོན་ཡོད་མེད་ཇི་ལྟར་ཡང་འོས་མི་འོས་གླེང་པའི་དབང་ཚད་མདོ་སྟོད་མི་མང་ལ་མ་གཏོགས་སུ་ལ་ཡང་མེད།
འོས་མི་འདོན་སྟངས་ཀྱང་ས་གནས་རྒྱུན་ལས་ཁག་སོ་སོ་ནས་མི་མང་ལ་བསམ་ཚུལ་ལེན་ནས་བཏོན་པ་ཞེ་གཅིག་རེད།
དེས་ན་གཞན་གྱི་གདོང་འོག་གབ་ནས་སྤྱི་ཚོགས་ལ་གཏོར་པའི་སྐད་ཆ་མ་གླེང་ན་བཟང་།
དེ་ནི་ང་ཚོའི་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་གནོད་པ་ལས་ཅི་ཡང་མི་ཕན།
ང་རང་མདོ་སྟོད་ཀྱི་མི་ཞིག་ཡིན་པའི་ཆ་ནས་དྲང་པོར་བཤད་ན། ཆབ་སྲིད་བཙོན་ཟུར་ཚོགས་པས་བཏོན་པའི་མི་མི་རྣམས་རྦད་དེ་ཆུ་སྒང་གི་འོས་མི་ལས་དྲག་པ་བྱུང་འདུག ཆུ་སྒང་གི་བཏོན་པའི་འོས་མི་རྣམས་ལ་ང་རང་གིས་བལྟ་གི་བལྟ་གིན་ངོ་ཚ་སོང་། མདོ་སྟོད་མི་ཡི་ཆོལ་ཁའི་མི་རྫོགས་པ་ཡིན་ནམ།
ཡ་དྲ་གྲོགས་འབའ་ཐང་གི་བུ་ལགས། སྤྱི་འཐུས་དེ་ཚོ་ཤེས་ཡོན་ཅན་དགོས་ན། བོད་ཀྱི་ཆོས་དང་རིག་གཞུང་ཤེས་ཨེ་དགོས། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་ཨེ་དགོས། བོད་ཀྱི་སྐད་དང་ཡེ་གེ་ཤེས་ཨེ་དགོས། རྒྱ་བོད་བར་གྱི་གནས་སྟངས་ཤེས་ཨེ་དགོས། དེང་སང་ང་ཚོའི་སྤྱི་ཚོགས་ཁྲོད་ཤེས་ཡོན་ཅན་ཡིན་མིན་དེ་ལག་འཁྱེར་མཐོ་དམན་དང་དབྱིན་སྐད་ཤེས་མིན་ལ་བལྟ་བཞིན་ཡོད་པས་ཚོར་སྣང་བྱུང་།
ད་ཡང་བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ་ཟེར་བས་ཆོལ་ཁ་དབྱེར་མེད་ཀྱི་འོས་མི་ ༣༠ ཞེས་ཆོལ་ཁ་སོ་སོར་ཕྱེས་ནས་བཀོད་འདུག་པའི་ཁོངས་ཀྱི་མདོ་སྟོད་སྤྱི་འཐུས་འོས་མི་དང་ཆུ་སྒང་འོས་མི་གཉིས་སུ་དྲག་ས་རེད། ཇོ་རིན་པོ་ཆེ་ད་མང་པོ་འདུག དོན་ངོ་མ་ག་འདྲ་ཆགས་མིན་མི་ཤེས། སང་ཉིན་གནངས་ཉིན་གང་རུང་ཞིག་ལ་ངེད་ཚང་གི་ཕ་མ་བུ་ ༡༢ པོ་འདི་ཚོ་གཅིག་བཏོན་བཞག་དགོས་ས་རེད།