ཕྱི་ཚེས་ ༡༣ ཉིན་ནས་པེ་ཅིན་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་ཤེས་ཡོན་སློབ་གསོའི་ཚོགས་ཆེན་དེ་ཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝོན་ཅ་པའོ་གཉིས་གཙོས་པའི་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་དག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག དེ་བཞིན་ཐད་གཏོགས་གྲོང་ཁྱེར་ཁག་གི་འབྲེལ་ཡོད་མགོ་ཁྲིད་བཅས་ཞུགས་ཡོད། ཚོགས་འདུའི་སྟེང་རྒྱལ་ཁབ་ཀྱི་སློབ་གསོའི་ཇུས་ཆེན་ཐད་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཧ་ཅང་གཙིགས་ཆེན་བྱས་འདུག
སྐབས་དེར་ཧུའུ་ཅིན་ཐའོ་ཡིས་སློབ་གསོའི་ཐད་དོན་ཚན་ལྔ་ཡི་རེ་བ་བཏོན་འདུག དང་པོ། ལས་དོན་ཡོངས་ལས་སློབ་གསོ་གོང་སྤེལ་ཨང་དང་པོར་འཇོག་དགོས་པ། གཉིས། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། གསུམ། སློབ་གསོའི་ཐབས་ལམ་གསར་གཏོད་གཙོ་བོར་འཛིན་དགོས་པ། བཞི། སློབ་གསོ་འདྲ་མཉམ་ཡོང་བར་བྱ་དགོས་པ། ལྔ། སློབ་གསོའི་རྒྱུ་སྤུས་ལ་མཐོང་ཆེན་བྱ་དགོས་བཅས་རེད།
ཧུའུ་ཡིས་དགེ་རྒན་ཚོའི་སྐོར་བརྗོད་དོན། སློབ་གསོའི་ཇུས་ཆེན་ལ། དགེ་རྒན་ནི་གཞི་རྩ་ཡིན། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་དུ་འཛིན་དགོས་ཤིང་། རྒྱ་ཆེའི་དགེ་རྒན་རྣམས་ལ་ཡིད་ཆེས་གང་ལེགས་དང་རྒྱབ་བརྟེན་དམ་པོ་བྱས་ཏེ། དགེ་རྒན་གྱི་སྤྱོད་ལམ་བླ་མེད་དང་ལས་དོན་ལ་བྱང་བ། གྲུབ་ཚུལ་ལུགས་མཐུན། གསོན་ཤུགས་གྱིས་ཁེངས་པ་བཅས་ཀྱི་དགེ་རྒན་དཔུང་སྡེ་འཛུགས་དགོས། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས། དགེ་རྒན་གྱི་གོ་གནས་མཐོར་འདེགས་དང་། དགེ་རྒན་གྱི་ཁེ་དབང་སྲུང་སྐྱོབ། དགེ་རྒན་གྱི་ཐོབ་ཐང་ལེགས་བཅོས། དགེ་རྒན་སྦྱོང་བརྡར་ལ་ཤུགས་བསྣོན་པ་དང་། དགེ་རྒན་གྱི་ལུས་སེམས་བདེ་ཐང་ལ་སེམས་ཁུར་བླངས་ཏེ། དགེ་རྒན་རྣམས་ཀྱི་རྗེས་ཕྱོགས་ཀྱི་སེམས་ཚེགས་ཐག་གཅོད་བྱ་དགོས། སྤྱི་ཚོགས་ཡོངས་སུ་ཤུགས་ཆེན་པོས་དགེ་རྒན་ལ་བརྩི་མཐོང་ཆེ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། དགེ་རྒན་གྱི་བྱ་བ་དེ་སྤྱི་ཚོགས་ཐོག་ཆེས་བརྩི་འཇོག་འཐོབ་པའི་ལས་རིགས་སུ་བསྒྱུར་ཐབས་བྱ་དགོས། ཞེས་བརྗོད་འདུག
དེའི་རྗེས་ཝོན་ཅ་པའོ་ཡིས་སློབ་གསོའི་ཐད་དོན་ཚན་ལྔ་ཡི་རེ་བ་བཏོན་འདུག དང་པོ། ཤུགས་ཆེན་པོས་སློབ་གསོ་འདྲ་མཉམ་ཡོང་བར་བྱ་དགོས། གཉིས་པ། སློབ་གསོ་ཕྱོགས་ཡོངས་དང་མཐུན་སྦྱོར་སྒོས་གོང་འཕེལ་དུ་གཏོང་དགོས། གསུམ་པ། བསམ་བློ་རང་བཞིན་ཅན་གྱི་སྤུས་ཚད་སློབ་གསོ་ཕྱོགས་ཡོངས་ནས་གོང་སྤེལ་གཏོང་དགོས། བཞི་པ། སློབ་གསོའི་ལམ་ལུགས་བཅོས་སྒྱུར་ཇེ་ཟབ་ཏུ་གཏོང་དགོས། ལྔ་པ། དགེ་རྒན་གྱི་དཔུང་སྡེའི་སྐྱེད་སྲིང་ལ་ཤུགས་རྒྱག་དགོས་པ་བཅས་རེད།
ཝོན་གྱིས་དགེ་རྒན་སྐོར་བརྗོད་དོན། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། དགེ་རྒན་གྱི་ཕུགས་བསམ་དང་ཀུན་སྤྱོད་སློབ་གསོ་ལ་མཐོང་ཆེན་བྱས་ཏེ། དགེ་རྒན་རྣམས་ཀྱི་ཤེས་རིག་དང་མི་གསོ་སྐྱོང་གི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས། དགེ་ཐོན་སློབ་གསོའི་ལས་གཞི་གང་ལེགས་བསྐྲུན་ཏེ། དགེ་རྒན་གྱི་ལས་རིགས་ཚད་མཐོར་གཏོང་དགོས། ཁྱད་པར་དུ་གྲོང་གསེབ་ཁག་གི་དགེ་རྒན་ཚོར་ཤུགས་རྒྱག་དགོས། དགེ་རྒན་གྱི་སྨན་བཅོས་དང་། རྒན་གསོ། སྡོད་ཁང་། གྲུབ་འབྲས། ཟླ་ཕོགས་སོགས་ཀྱི་སྲིད་བྱུས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། དགེ་རྒན་གྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་དགོས། སྤྱི་ཚོགས་ཡོངས་སུ་བཤེས་གཉེན་ལ་བཀུར་བསྟི་དང་སློབ་གསོ་གཙིགས་ཆེན་བྱེད་པའི་སྲོལ་བཟང་དར་སྤེལ་བྱས་ནས། དགེ་རྒན་ནི་སྤྱི་ཚོགས་ཡོངས་ཀྱིས་ཆེས་བརྩི་འཇོག་འཐོབ་ཅིང་། ཆེས་ཡིད་སྨོན་འཆོར་བའི་ལས་རིགས་ཤིག་ཏུ་འགྱུར་བར་བྱ་དགོས། ཞེས་བསྟན་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
བསམ་གཞིག་གི་སྒོ་མོ་ཆེས་ཙ་ན། དགེ་རྒན་ནི་གཞུང་གི་སྲོག་ཤིང་རང་།
ཡིན་པ་ཡི་ངེས་པ་རྙེད་ཀྱི་རེད།
ང་རང་ཚོའི་འཚོ་བའི་བར་གསེང་ལ།
དགེ་རྒན་ལ་མཐོང་སོ་ཇི་འདྲ་འདུག རིཊ་མཐུན་ཚོའི་ཐུཊ་ལ་དེ་ལྟར་ཞོག།
ཁ་བཤད་ཙམ་དོན་ལ་གནས་ན་གསུངས་བཤད་ཧ་ལས་པ་ཡག་པོ་འདུག
དང་པོ་ཁོ་རང་གཉིས་ཀྱིས་རྒྱུ་འབྲས་བློ་མིག་ལྡན་པའི་དགེ་རྒན་ཞིག་རྟེན་དགོས་ངེས་རེད།
དགེ་རྒན་ལ་ཐོང་ཆེན་བྱེད་དགོས་ན་དང་པོ་དབུ་ཁྲིད་རྣམས་གཉིས་ཀྱིས་སྲིད་གཞུང་གིས་རྣམ་སྡེ་སྒོ་མོའི་ཐང་ཆེན་དུ་དགེ་སློབ་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག་ནས་དགྲ་བོ་ཞིག་གི་མཐོང་ཀྱང་བཟོད་དཀའ་བའི་གནར་ཅོད་དེ་དག་ནོར་འཕྲུལ་ཡིན་པ་ངོས་ལེན་ཞུ་དགོས། དེ་ལྟ་བྱེད་པའི་སྤོབ་པའང་འདོད་པ་མེད་ཚེ་དགེ་རྒན་ལ་ཐོང་ཆེན་བྱེད་དགོས་ཞེས་པའི་དགེ་རྒན་དེའི་ཁྱབ་ཁོང་དུ་ཡོད་པའི་དགེ་རྒན་ནི་དཔོན་ངན་དེ་གི་འདོད་འདུན་སྒྲུབ་མཁན་གྱི་རྒྱུག་ཁྱི་གཅིག་ལས་མི་མང་ལ་ཕན་ཐོག་ཡོད་པའི་དགེ་རྒན་ཞིག་གསོ་སྐྱོང་བྱེད་མི་ཐུབ་པས་དེ་ལྟ་བུའི་དགེ་རྒན་ནི་མི་མང་གི་ཁེ་ཕན་དང་གནས་ལུགས་ལ་རྡོག་བརྫི་གཏང་མཁན་ལས་མ་འདས་པས་ཇི་ཙམ་མང་ཀྱང་དགེ་ཅོད་པའི་མི་མང་གི་མགོ་བོ་གཅད་བྱེད་ཞིག་ལས་མི་མང་ལ་ཅི་ཕན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་རང་སྐྱོང་ཐོབ་རྗེས་ཕྱིར་ལོག་བྱས་ན་སློབ་གསོ་ཡར་རྒྱས་འགྲོ་རྒྱུ་ཉག་ཅིག་རེད། བཙན་བྱོལ་བོད་གཞུང་གིས་དེ་སྔོན་མ་ནས་ཤེས་ཡོད་པ་འདྲ།
རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀས་དགེ་རྒན་དང་སློབ་གསོར་མཐོང་ཆེན་བྱས་ཏེ་ཤེས་ཡོན་སློབ་གསོའི་རེ་འདུན་ཁག་ལྔ་བཏོན་གནང་བ་དེ་རྩ་བ་ཆེན་པོ་རེད།
ཤེས་ཡོན་སློབ་གསོའི་ཐད་ལ་ནུས་ཆེན་འདོན་སྤེལ་དང་ལག་ལེན་དོན་འཁྱོལ་བྱུང་ཚེ་ངོ་མ་རྒྱ་ནག་འདི་འཛམ་གླིང་ནང་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་དེ་ཆགས་རྒྱུར་ཐེ་ཚོམ་མེད།
རྒྱལ་ཁབ་འདི་སྟོབས་ཆེན་ཆགས་པ་དང་སྦྲགས་བོད་ལྗོངས་མི་དམངས་དང་རྒྱལ་ཡོངས་མི་རིགས་ཁག་རྣམས་ཀྱང་ཡར་རྒྱས་དང་ཤེས་རིག་བཀྲ་བའི་རླབས་ཆེན་གྱི་ཕྱོགས་སུ་གོམ་པ་འཐོར་འདེགས་སུ་གཏོང་ཐུབ་ངེས་ཡིན།
བོད་ནང་དགེ་རྒན་ལ་མཐོང་ཆེན་དང་། གནས་བབ་ཐོན་པོ་ཡོད་པ་གོ་རྒྱུ་ཇེ་མང་རེད།
འོན་ཀྱང་ང་ཚོར་ཚད་ལྡན་གྱི་དགེ་རྒན་མི་དགོས། དེ་ཚོད་ཀྱི་དགེ་རྒན་གྱི་ཀུན་སྤྱོད་དང་ཤེས་ཡོན་ལ་དཔྱད་བསྡུར་མེད་པ་བཞིན། དགེ་རྒན་གྱི་ཕྱོགས་གང་སྤྱིའི་གནས་བབ་ཀྱང་། དམན་ཤོས་རེད། ཐ་ན་དགེ་རྒན་རྣམས། གཞུང་གི་ཞབས་ཞུ་བའི་གྲས་སུ་ཡང་ཚུད་ཀྱི་མེད།
ད་རྒྱ་ནག་ནང་ལ་བཟང་སྤྱོད་ཀྱི་ཉི་གཞོན་ཞིག་ཤར་བཞིན་ཡོད་པར་མངོན་གསལ་ལགས་སམ།
ཁ་ནས་བཤད་པའི་དགེ་རྒན་ཕྱོགས་ཀྱི་སྐད་ཆ་ངོ་མ་གསོན་ཉམས་ལྡན་གི
ལག་ལེན་སྟེང་དེ་འདྲ་ཡོང་བར་ཤོག