ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྲས་མོ་རིག་འཛིན་དབང་མོ་ལགས་སུ་རྒྱ་ནག་གི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་ཆེན། ཆེན་ཧྭ་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་དམ་བཅའ་བཞག་ཡོད་འདུག
ཁ་སང་མཚོ་སྔོན་བོད་ཡིག་གསར་གནས་སུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར། ཆིན་ཧྭ་སློབ་གྲྭ་ཆེན་མོའི་ ༢༠༡༠ ལོའི་དབྱར་དུས་ཀྱི་ཞིབ་འཇུག་སློབ་མ་མཐར་ཕྱིན་ལག་འཁྱེར་སྩོལ་བའི་མཛད་སྒོ་གཞི་རྒྱ་ཆེན་པོ་ཞིག་ཆེན་ཧྭ་སློབ་ཆེན་གྱི་ཕྱོགས་བསྡུས་ལུས་རྩལ་ཁང་ཆེན་ནས་གཟབ་རྒྱས་ངང་ཚོགས་ཡོད་པ་དང་། མཛད་སྒོ་དེའི་ཐོག་ཆེན་ཧྭ་སློབ་གྲྭ་ཆེན་མོའི་སློབ་གཙོ་དང་། སློབ་གྲྭའི་དཔྱད་བསྡུར་ཚོགས་ཆུང་གི་ཚོགས་གཙོ་གཉིས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྲས་མོ། རིག་འཛིན་དབང་མོ་ལགས་སུ་ཆེན་ཧྭ་སློབ་གྲྭ་ཆེན་མོའི་དངུལ་རྩ་རིག་པའི་འབུམ་རམས་པ་འམ། སློབ་དཔོན་ཆེན་མོའི་ཕྱག་འཁྱེར་དེ་བསྩལ་ཡོད་འདུག དེ་ལས་རིག་འཛིན་དབང་མོ་ནི། རྒྱ་ནག་ནང་དངུལ་རྩ་རིག་པའི་ཐོག་བོད་རིགས་འབུམ་རམས་པ་ཐོན་པ་ཆེས་ཐོག་མ་དེ་ཆགས་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
སྲས་མོ་མཆོག་ཐུགས་རྗེ་ཆེ་ང་ཚོ་བོད་མི་རིགས་ལ་མཚོན་ན་བྱ་བ་འདི་ལྟ་བུ་ནི་ཆེས་གལ་ཆེན་ཞིག་ཡིན་ལ།ལྷག་དོན་དུ་བུ་མེད་ཞིག་ལ་མཚོན་ན་བུ་མེད་ཀྱི་ཐོབ་ཐང་ཀྱང་དག་དག་རྩོད་ལེན་བྱེད་ཐུབ་ཀྱི་རེད་བསམ་གྱིན་ཡོད།
སྲས་མོ་ལགས་ཀྱིས་ཕྱག་ཁྱེར་བཞེས་པ་འདི་དགའ་འོས་པའི་གནས་ཚུལ་ཞིག་རེད་ལ། བོད་རིགས་ཀྱི་སྲས་མོ་ཚོས་མུ་མཐུད་དེ་ཤེས་ཡོན་གྱི་ཕྱག་ཁྱེར་འདི་ལྟ་བུ་བཞེས་གནང་རྒྱུ་དུས་རབས་ཀྱིས་ང་ཚོར་བསྐུལ་བའི་ཆེས་དགོས་མཁོ་ཆེ་བ་ཞིག་ཏུ་གྱུར་ཡོད་པ་གཞིས་བྱེས་གཉིས་ཀྱི་སྲས་མོ་ཚོས་མཁྱེན་གལ་ཆེ། གང་ལྟར་སྲས་མོ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
འབུམ་རམས་པ་ཟེར་ན་དེབ་འབུམ་ཕྲག་གཅིག་བཀླག་དགོས་པས་འབུམ་རམས་པ་ཟེར། ཡང་ན་ཞིབ་འཇུག་ཆེད་རྩོམ་ཚིག་འབྲུ་འབུམ་ཡོད་པ་ཞིག་རྩོམ་དགོས་པས་འབུམ་རམས་པ་ཟེར། དེ་ཡང་མ་ཡིན་ན་སྒོར་མོ་འབུམ་གཅིག་སློབ་ཡོན་དུ་འབུལ་དགོས་པས་འབུམ་རམས་པ་ཟེར། དེ་ཡང་མ་ཡིན་ན་གསོལ་ཕོགས་སྒོར་མོ་འབུམ་གཅིག་ལེན་རན་པས་འབུམ་རམས་པ་ཟེར། དེ་མིན་པའི་ངེས་ཚིག་འགྲེལ་སྟངས་ཤིག་ཤེས་མ་སོང་། སྤྱིར་ན་འབུམ་ཞེས་པའི་མིང་ཚིག་འདི་གྲངས་ཀ་འབུམ་དང་ཡང་ན་རྡེའུ་འབུམ་རྡོ་འབུམ་སོགས་ཕྱུར་བུར་སྤུངས་པའི་དོན་ཞིག་ལ་འཇུག་གིན་འདུག ཤེས་ཚད་ལག་ཁྱེར་ཞིག་ལ་མིང་ཚིག་ག་འདྲ་བྱས་ནས་བཏགས་པ་ཡིན་སུས་ཤེས།
སྲས་མོ་རིག་འཛིན་དབང་མོ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཡབ་དམ་པའི་ཞབས་བརྗེས་བསྙོག་ཐུབ་པའི་རེ་བ་ཡོད།
སྲས་མོ་ལགས་བོད་ཞེན་ཅན་ཞིག་ཡིན་ཚུལ་གོ་མྱོང་། འབུམ་རམས་པའི་མིང་ཐོག་ནས་བོད་མི་རིགས་ལ་ཞབས་ཞུ་ཞུ་ཐུབ་པར་སྨོན། དེ་བཞིན་དེང་ཕྱིན་བོད་རིགས་ན་གཞོན་སྤྱི་དང་ལྷག་པར་དུ་བུད་མེད་ཚོའི་ནང་ནས་འབུམ་རམས་པའམ་P.HDཕྱག་རྟགས་ལེན་ཐུབ་མཁན་གང་མང་ཡོང་བའི་རེ་བ་ཡོད།
རྒྱ་ཆེ་དྲ་གྲོགས་རྣམས་ཀྱི་སྙན་ལམ་དུ་ཡང་བསྐྱར་ཞུ་དོན། “འབུམ་རམས་པ་”ཞེས་པའི་པའི་ཐད་ལ། སཾ་སྐྲྀ་ཏའི་སྐད་ནང་དུ་”ཝགིནྡྲ་”ཞེས་བསྒྱུར་འདུག་ལ། དེའི་སྐད་དོད་བོད་སྐད་ལ་བསྒྱུར་ན་”ངག་གི་དབང་པོ་”འམ་ཡང་ན་”ངག་གི་དབང་ཕྱུག་”ཅེས་བསྒྱུར་བཞིན་ཡོད་ལ། དེ་ནི་དབྱངས་ཅན་ལྷ་མོའི་མངོན་བརྗོད་ཡིན་ལ། གཞན་སྙན་ངག་སྨྲ་བའི་དབང་པོ་དག་ལ་ཡང་ཆེ་བསྟོད་ཀྱི་ཚུལ་དུ་བརྗོད་ཀྱིན་ཡོད་མོད། དེ་དག་ནི་”འབུམ་རམས་པ་”ཡིན་མིན་ཐད་ལ་ཅི་རིགས་ཤིག་མཆིས།
དེ་བཞིན་ང་ཚོ་བོད་རང་གི་ཚིག་མཛོད་སོགས་ལས་”འབུམ་རམས་པ་”ཞེས་པའི་མིང་ཚིག་འདི་དེ་ད་སྔ་ཁོ་བོས་མཇལ་ཡུལ་དུ་མ་གྱུར་རྐྱེན། འདིའི་གོ་དོན་དང་མིང་འགྲེལ་ཐད་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་འགྲེལ་བཤད་ཡག་པོ་དོན་མཐུན་རེ་བསྐྱོན་གནང་མཁན་ཡོད་ན་བཀའ་དྲིན་བླ་ན་མེད་པ་ཞུ་རྒྱུ་ཡིན།
དགོངས་དག དྲ་བདག་ལགས་གོང་གི་མཆན་དེར་གཏགས་ནོར་ཞིག་ཤོར་འདུག
༼ གསལ་པོ་གསལ་རྐྱང་ཆགས་མ་སོང་བས ༽ཞེས་བཅོས་དགོས།
བཀའ་དྲིན་ཆེ། འོ་བརྒྱལ་བཟོས་སོང་།
ངོ་མ་མཁས་དབང་རེད་།
བོད་ཀྱི་དཔའ་རྒོད་དམ་པའི་བུ་མོ་རིག་འཛིན་དབང་མོ་ལགས་ཀྱིས་འབུམ་རམས་པའི་ཕྱག་རྟགས་བླངས་པར་སྙིང་ཐག་པ་ནས་དགའ་བསུ་ཡོད། ཡིན་ནའང་། ཁོ་མོས་ཤ་ཁྲག་གི་འབྲེལ་རྒྱུད་མ་དོར་བར་བོད་ནང་ཁུལ་ལ་དཔལ་འབྱོར་རིག་ལམ་བཀོལ་བ་ཡིན་ན་ཧ་ཅང་གི་དོན་ལྡན་ཞིག་ཏུ་མཐོང་གི དེ་མིན་མཚན་སྙན་གཅིག་པུའམ་དམར་པོའི་རྗེས་འབྲངས་ཞིག་ཡིན་ན་ད་ཚར་སོང་ནི་རེད་ཡ
སྲས་མོ་ལགས་ ཡབ་རྒོད་པོའི་ ཞབས་རྗེས་སྙེགས་ཤོག་། མགྱོགས་ནས་མྱུར་དུ་ ང ་ཚོས་ཁྱེད་ལ་ཡིད་ཆེས་ཡོད་།
དྲ་གྲོགས་ཕུན་ཚོགས་ལགས་དང་། དྲ་གྲོགས་གཅན་བཟོད་རྒྱམ་ལགས། དྲ་བདག་ལུང་རིགས་རྒྱལ་ལགས། དོན་གྲུབ་བཀྲ་ཤིས་ལགས་བཅས་ནས་གུས་པའི་དོགས་གཞི་༼ འབུམ་རམས་ ༽ ཞེས་པ་དེར་དྲི་བ་དྲིས་ལན་གང་འཚམས་ཤིག་གནང་འདུག་མོད། ད་དུང་ཡང་ཁོ་བོར་གསལ་པོ་གསལ་རྐྱང་ཆགས་སོང་མ་སོང་བས། ཡང་བསྐྱར་དྲ་གྲོགས་ཚོར་བཀའ་འདྲི་ཞིག་ཞུ་རྒྱུ་ཡིན།
མཆན་ཡིག་སྔོན་མའི་ནང་དུ་ཞུས་ཟིན་པ་བཞིན་སྤོབས་པ་ལགས་ནས་གསུངས་པ་ནང་བཞིན་བོན་གྱི་འབུམ་བཞི་སྦྱངས་མཐར་ཕྱིན་པའི་རབ་འབྱམས་པའི་མིང་བསྡུས་མིང་རེད་ཅེས་ལབ་མཁན་ཞིག་ཀྱང་ཀྱང་བྱུང་མོད། དེ་ན་སྲས་མོ་འདི་བ་ཚང་འབུམ་རམས་པ་མ་ཡིན་པར་ཐལ་འགྲོ་བས། རྒྱུ་མཚན་བོན་གྱི་གསོ་རིག་འབུ་བཞི་སྦྱངས་པའི་རབ་འབྱམས་པ་མ་ཡིན་པའི་ཕྱིར།
གནད་གྱི་དོན་པོ་གོང་དུ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་གསུངས་པ་ནང་བཞིན་ཞིབ་འཇུག་སློབ་མ་ཐོན་རྗེས་འབུམ་རམས་པ་ PHD འདོན་དགོས་ཤིང་། དབྱིན་ཡིག་ནང་གི་ PHD ་ཟེར་བ་འདི་ལ་བོད་ཡིག་ནང་འབུམ་རམས་པ་དང་། རྒྱ་ཡིག་ནང་ 博士ཟེར་གྱི་འདུག ཅེས་པའི་གོ་རིམ་དང་མཚན་གྱི་འདོགས་སྟངས་དེ་འདྲ་ཡིན་ཀུན་མཐུན་རེད། གཙོ་བོ་དེ་དབྱིན་ཡིག་ནང་དུ་Phd དང་博士 ཟེར་བཞིན་ཡོད་ལ། དེར་བོད་སྐད་ནང་འབུམ་རམས་པ་ཞེས་འདོགས་དགོས་པའི་རྒྱུ་མཚན་ཞིག་ཡོད་དམ་ཞེས་ཞུས་པ་ཡིན།
དེ་ཡང་མིང་ཚིག་ཡོད་ཚད་ལ་འགྲེལ་བཤད་བྱར་རུང་བའི་གོ་དོན་ཡོད་ག་ལ་དགོས་ཏེ་དཔེར་ན་ཉི་མ་དང་ཟླ་བ་སོགས་མང་མོད། འདི་དེ་ཙམ་མ་ཡིན་པར་སྙམ་པས། འདི་ལ་སྒྲ་བཤད་དང་གོ་དོན་གསལ་པོ་ཞིག་ཡོད་དམ། ཡང་ན་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་མིང་ཞིག་ཡིན། གང་ལྟར་མིང་ཚིག་གསར་པ་ཞིག་ཡིན་ཐག་གིས་བཅད་ཀྱང་ཆོག་སྙམ།
དབྱིན་སྐད་PHDའབུམ་རམས་པ་ཟེར་བར། འབུམ་ཞེས་པ་མ་ངེས་མོད། རམས་ཞེས་རབ་འབྱམས་པའི་བསྡུས་ཚིག་ལོས་ཡིན་སྙམ། གང་ལྟར་རིག་པའི་མཁྱེན་དཔྱོད་ཡངས་པའི་དྲ་གྲོགས་རྣམས་པས་འདི་ལ་སྒྲ་བཤད་དང་གོ་དོན་གསལ་པོ་ཞིག་བསྐྱོན་རོགས་ཞུ།
བཀའ་དྲིན་ཆེ།
དཔའ་ངར་ལྡན་པའི་ཡབ་དམ་པའི་མཛད་རྗེས་རྒྱུན་འཛིན་བྱེད་ཐུབ་པའི་བུ་མོ་རྒོད་པོར་ཞིག་ཡོང་ཐུབ་པའི་རེ་བ་ཤུགས་ཆེར་ཡོད།
དྲ་གྲོགས་ཕུན་ཚོགས་ལགས་དང་། དྲ་བདག་ལུང་རིགས་རྒྱལ་ལགས། ལྷག་པར་ཡང་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་བཅས་ནས་གུས་པའི་དྲི་བ་དེན་ལན་འདེབས་གསལ་པོ་ཞིག་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན། ད་ཡིན་ན་གསལ་པོ་གསལ་རྐྱང་ཆགས་སོང་།
ངས་དེ་རིང་ཞོགས་པར་ད་ཡིན་ན་གསར་འགྱུར་གསར་པ་ཞིག་སླེབས་འདུག་སྙམ་ནས་མར་བཀླགས། པཎ་ཆེན་རིན་པོ་ཆེའི་སྲས་མོ་མཆོག་གིས་དངུལ་རྩ་རིག་པ་ལ་སློབ་གཉེར་གནང་ནས་འབུམ་རམས་པའི་ཕྱག་ཁྱེར་བཞེས་འདུག ཅེས་བཀོད་འདུག དེ་ལ་ངས་གོ་བ་འདི་འདྲ་ཞིག་བླངས་པ་ཡིན། ཡ་ཡ། འབུམ་རམས་ཟེར་དུས་བོན་ཀྱི་གསོ་རིག་འབུམ་བཞི་ཟེར་བ་དེ་ལ་སློབ་སྦྱོང་ཐོན་པ་ཡིན་ས་རེད། འབུམ་བཞིའི་རབ་འབྱམས་པ་ཟེར་བའི་བསྡུས་མིང་ཡིན་ས་རེད། རྒྱ་མིའི་སྨན་ལ་དངུལ་ཁབ་རྒྱག་ཟེར་ནས་ལྕགས་ཕྲ་མོ་ཤ་ལྤགས་ནང་དུ་བཏང་ནས་ནད་བཅོས་ཐབས་ཤིག་ཡོད། གཅིག་བྱས་ན་བོན་གྱི་སྨན་དཔེ་དེའི་ནང་ན་ཡང་དངུལ་ཁབ་ལྟ་བུ་ལུས་ཀྱི་རྩ་ཡི་ནང་དུ་བཏང་ནས་ནད་བཅོས་ཚུལ་ཞིག་ཡོད་པ་ཡིན་ས་རེད་སྙམ། དེ་ཤོག་དངུལ་དང་དཔལ་འབྱོར་གྱི་སློབ་ཚན་ཞིག་ཡིན་ཡིད་ལ་གཏན་ནས་འཁོར་མ་སོང་།
བོད་ཀྱི་རིགས་སྲས་དམ་པས་འདི་ལྟར་སྐད་གྲགས་ཆེ་བའི་ཕྱག་འཁྱེར་བཞེས་པར་དགའ་ཡི་རང་གི་ངང་ནས་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
མུ་མཐུད་འདི་ལྟར་བཞུད་དེ་བོད་མི་རིགས་དང་བོད་ཀྱི་ལས་དོན་ཐད་དོ་འཁུར་ཆེ་བཞེས་གནང་མཁན་གྱི་བོད་མི་མཛངས་མ་ཞིག་གནང་ཐུབ་པའི་སྨོན་འདུན་ཀྱང་ཞུ།
མིང་ཆེ་ཀྱང་ཞེ་དྲག་ཕན་མི་ཐོགས་གཙོ་བོ་ཡབ་ཆེན་དམ་པ་བཞིན་མི་རིགས་འདི་ལ་ཕན་པའི་ཆེ་མཐོའི་མི་སྣ་ཞིག་ལ་འགྱུར་བའི་སྨོན་ལམ་ཡོད།
སྲས་མོ་མཆོག་ལའབུམ་རམས་པའི་སློབ་ཐོན་ལག་འཁྱེར་བཞེས་པརབཀྲ་ཤིས་བདེ་ལགས་དང་།་མ་འོངས་པར་བོད་མི་རིག་ལ་ཕན་པའི་བྱ་གཞག་ཅིག་བསྒྲུབ་ཐུབ་ཀྱིས་བོད་མི་རིག་ལ་རེ་བ་ཆེན་པོ་ཡོད།
དོན་འགྲུབ་བཀྲ་ཤིས་ཀྱིས་བཤད་པ་དེ་ཏག་ཏག་རེད། བོད་ནང་གི་སྐོར་མི་ཤེས་ཏེ་ཝཱ་ཎ་དང་ཕྱི་ལོགས་སུ་ཁོས་བཤད་པ་དེ་རང་རེད། བཟོད་རྒྱམ་གྱིས་བཤད་པ་དེ་ཅུང་གོ་རིམ་འཁྲུག་མེད་འགྲོ།
རིགས་ཀྱི་སྲས་མོ། ཕ་དམ་པའི་ཞབས་རྗེས་སུ་ཕེབས་སོང་། མུ་མཐུད། “ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།”འདི་ཕ་དམ་པའི་དམ་བཅའ་རེད། འུ་ཚང་གི་སྤྲུལ་སྐུ་ཡོད་ཚད་ཁྱེད་ཀྱི་ཨ་ཕ་ལྟ་བུ་ཞིག་ཡིན་ན། དེ་དག་གི་སྲས་སྲོས་ཡོད་ཚད་ཁྱེད་ལྟ་བུ་ཞིག་ཡིན་ན།
གྲོགས་བཟོད་རྒྱམ་ལགས།ཁྱོད་ཀྱིས་བཤད་པ་འགྲིག་འདུག་་་དེ་ངོ་མ་རེད།རྒྱ་ནག་་ཏུ་པོ་ཧྲིའི་རྗེས་ལ་པོ་ཧྲི་ཧོའི་ཟེར་བ་ཞིག་བཏོན་ན་དེ་ནི་གནས་རིམ་ཆེས་མཐོན་པོ་དེ་ཡིན་ཚུལ་ཡོད།དེ་དོན་ནི་པོ་ཧྲིའི་རྗེས་སུ་ཞིབ་འཇུག་བྱེད་པའི་ཤེས་ཚད་ཅིག་ལ་ཟེར་གི་ཡོད།ངས་གོང་དུ་པོ་ཧྲི་དང་ཧྲོ་ཧྲི་གཉིས་གོ་རིམ་དཀྲུག་འདུག་་་ཁྱོད་ཀྱིས་གསལ་བཤད་བྱས་ནོ་ཡག་ཐ་ཧ་ཧ་ཧ་།
བོད་ནང་དུ།ཧྲོ་ཧྲི་ལ་རབ་འབྱམས་པ་དང་།པོ་ཧྲི་ལ་འབུམ་རམས་པ་ཞེས་བཏགས་འདུག་་་
༡ ༽ སྤོབས་པ་མཐའ་ཡས་ལགས། དངུལ་རྩ་རིག་པ་ཟེར་བ་དེ་ལ་བོད་ཕྱི་ནང་གཉིས་སུ་སྒྱུར་སྟངས་མ་འདྲ་འདུག རྒྱ་ཡིག་གི་ 金融 ཟེར་བ་འདི་ལ་བོད་ནང་དངུལ་རྩ་ཞེས་བསྒྱུར་འདུག་ལ། བཙན་བྱོལ་ནང་དངུལ་རྩིས་ལ་བསྒྱུར་ཡོད་པ་འདྲ། དེ་ལ་དབྱིན་ཡིག་ནང་ Finance ཟེར་གྱི་འདུག གང་ལྟར་རིན་འཛིན་དབང་མོའི་སློབ་ཚན་དེ་ལ་དཔལ་འབྱོར་དོ་དམ་རིག་པ་ཟེར་ན་བདེ་བར་མཐོང་། དེ་ནི་རྒྱ་ཡིག་ནང་ 经济学管理 ཟེར་བ་འདི་རེད།
༢ ༽ འབུམ་རམས་པ་ཟེར་བ་འདི་དེ་སྔ་ཚིག་མཛོད་དག་ཏུ་གསལ་བོ་མ་མཐོང་། བོད་ནང་ལྟ་བུར་མཚོན་ན་ཚིག་འདི་སྔོན་མ་ནས་རྒྱུན་འཇགས་སུ་སོང་ཡོད་པ་ཞིག་རེད། དབྱིན་ཡིག་ནང་གི་ M.A ཟེར་བ་འདི་ལ་བོད་ཡིག་ནང་ཞིབ་འཇུག་སློབ་མ་དང་། རྒྱ་ཡིག་ནང་ 研究生ཟེར་ཞིང་། ཞིབ་འཇུག་སློབ་མ་ཐོན་རྗེས་འབུམ་རམས་པ་ PHD འདོན་དགོས་ཤིང་། དབྱིན་ཡིག་ནང་གི་ PHD ་ཟེར་བ་འདི་ལ་བོད་ཡིག་ནང་འབུམ་རམས་པ་དང་། རྒྱ་ཡིག་ནང་ 博士ཟེར་གྱི་འདུག
༣ ༽མདོ་བསྡུས་ན། སྲས་མོ་རིག་འཛིན་དབང་མོ་ལགས་རྒྱ་ནག་ཆེན་ཧྭ་གཙུག་ལག་སློབ་ཆེན་ནས་དཔལ་འབྱོར་དོ་དམ་རིག་པའི་ཐོག་ལ་འབུམ་རམས་པའམ་སློབ་དཔོན་ཆེན་མོ་ PHD ཐོན་འདུག
སྲས་མོ་རིག་འཛིན་དབང་མོ་ལ་སོགས་པའི་འབྲེལ་ཡོ་ད་བོད་རྒྱ་མི་རིགས་གང་རུང་ཞིག་གིས་པེ་ཅིང་གཞུང་གིས ༡༩༥༩ ནས་ ༢༠༠༩ བར་གྱི་བོད་ནང་ལ་འགྲོ་སོང་བཏང་བ་དང་བོད་ནས་རིན་ཐང་ཅན་གྱི་དངོས་པོ་དང་གཏེར་སྟོན་སོགས་ཀྱིས་བྱུང་སོང་ཤེས་འདོད་ཤིན་ཏུ་ཆེ་བ་འདུག་ན་འདིར་སྲས་མོ་རིག་འཛིན་དབང་མོ་ལགས་ལའང་རེ་སེམས་དང་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པ་དགའ་སེམས་ངང་དགའ་བསུ་ཞུ།
ངས་དཀའ་ངལ་འདི་བཤད་མ་ཐག་ཙམ་ཡིན།
དངུལ་རྩ་ཞེས་པ་ནི་ Finance ཞེས་པ་དེ་རེད་འདུག བོད་ནང་ནས་དེ་ལ་དངུལ་རྩ་ཞེས་བྲིས་འདུག
བཙན་བྱོལ་དུ་དེ་ལ་དངུལ་རྩིས་ཞེས་བཏགས་འདུག
དངུལ་རྩིས་རིག་པ་ཡིན་རྒྱུ་རེད་པ། འབུམ་རམས་པ་ཟེར་ཐ་སྙད་དེ་སྨན་པའི་ཐོན་གོ་ས་ཞིག་ཡིན་ས་རེད། ཕུན་ཚོགས་ལགས། རྒྱས་པོ་ཧྲི་དང་ཧྲོ་ཧྲི་གཉིས་ཀྱི་པོ་ཧྲི་མཐོ་བ་མ་རེད་དམ། ཧྲོ་ཧྲི་བཏོན་ཙར་རྗེས་པོ་ཧྲི་འདོན་དགོས་པ་རེད། M.A དང་དེའི་རྗེས་སུ་Ph.d འདོན་ཀྱི་རེད། པོ་ཧྲི་འདི་ལ་པཎྜི་ཏ་ཡིན་ཅིག་ཟེར་གི ཝ་ར་ནཱ་སི་ནས་ཐོན་པ་ཚོར་Ph.d ལ་སློབ་དཔོན་ཡིན་ན་ཅིག་ཟེར་གི M.A ཡིན་ན Master of Arts དབུ་མ་ཟེར་གི་འདུག རེད་པ། Ph.d ཡིན་ན Doctor of Philosophy ཡིན་ན་ཅིག་ཟེར་གི
སྤོབས་པ་མཐའ་ཡས་ལགས་ལགས་ལ་གསར་འགོད་པས་ལན་མ་བརྒྱབ་པའི་སྔོན་དུ་ངས་ཁྱོད་ལ་ལན་ཀྱི་ཚུལ་དུ་སྐད་ཆ་ཁ་ཤས་ཞུ།
དངུལ་རྩའི་རིག་པའི་འབུམ་རམས་པ་ཟེར་བའི་དངུལ་རྩ་རིག་པ་ལ་དཔལ་འབྱོར་དོ་དམ་རིག་པ་ཡང་ཟེར་།རྡོག་རྡོ་ཅི་ཞིག་སྦྱོང་གི་ཡོད་པ་རེད་ཟེར་ན་ཚང་ལས་དོ་དམ་བྱེད་སྟངས་དང་སྒོས་སུ་དངུལ་སྩིས་དབོར་ལེན་བྱེད་སྟངས་སོགས་སྦྱོང་གི་ཡོད་པ་རེད།བཟོ་ལས་ཁང་ཆེན་པོ་ཞིག་ལ་མཚོན་ན་ཐོན་དངོས་ཕྱིར་འདྲེན་དང་ནང་འདྲེན་སོགས་མང་པོ་ཡོད་པ་ལ་དངུལ་གྱི་འཕེལ་འགྲིབ་ལ་འཆར་འགོད་དང་དོ་དམ་བྱེད་སྟངས་ཞིག་རེད།ད་སྔ་བོད་ནང་དུ་འདི་ལ་དངུལ་རྩའི་རིག་པ་ཞེས་འགོད་གྱིན་ཡོད།
འབུམ་རམས་པའི་དོན་ནི།སློབ་གྲྭ་ཆེན་མོའི་རྗེས་སུ་ཞིབ་འཇུག་སློབ་མ་དང་།དེའི་རྗེས་སུ་འབུམ་རམམ་པ་འདོན་གྱི་ཡོད་པ་རེད།འབུམ་རམ་པ་ལ་འབུམ་རམས་པ་དང་ཆེས་མཐོའི་འབུམ་རམས་པ་གཉིས་ཡོད།འདི་ལ་བཙན་བྱོལ་དུ་མིང་ཇི་ལྟར་འདོག་གི་ཡོད་མེད་གསལ་བོ་མི་ཤེས་ཀྱང་ང་ཚོས་གཙུག་ལག་རམས་འབྱམས་པ་ཟེར་བ་དང་འདྲ་བོ་མིན་འགྲོ་བསམ་བསམ་ཞིག་རེད།གང་ལྟར་རྒྱ་ནག་ལ་མཚོན་ན་འདི་ལ་པོ་ཧྲི་ཟེར་ནས་མཐོང་ཆེན་བྱེད་གི་རེད།པོ་ཧྲི་ཡི་སྒང་ལ་ཧྲོའོ་ཧྲི་ཟེར་བ་ཞིག་ཡོད།འདི་ལ་བོད་ནང་དུ་ཆེས་མཐོའི་འབུམ་རམས་པ་ཟེར་བ་དེ་རེད།དེ་ནི་གནས་རིམ་ཆེས་མཐོ་བོ་དེ་ཡིན།དེ་འདྲ་རེད།འདི་ནི་གཞིས་བྱེས་གཉིས་ཀྱི་མིང་འདོགས་ཚུལ་མ་འདྲ་བའི་སྐྱོན་གྱིས་རེད།འདི་ལ་དཀའ་ངལ་ཞིག་ཏན་ཏན་ཡོད།
སྲས་མོ་མཆོག་ལ་འཚམས་འདྲི་དང་།་མ་འོངས་པར་བོད་མི་རིག་ལ་ཕན་པའི་བྱ་གཞག་ཅིག་བསྒྲུབ་མ་ཐུབ་ཀྱང་བོད་མི་རིག་ལ་གནོད་པའི་བྱ་བ་ཞིག་མི་བསྒྲུབ་བའི་རེ་བ་ཞུ།
དེ་ཡང་ཡག་པོ་རེད།བཀྲ་ཤིས་བདེ་ལེགས་ཞུ
སྲས་མོ་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཡོད། མཚན་སྙན་དེ་དང་འབྲེལ་བའི་ཐོག་ནས་མི་རིགས་སྤྱི་ལ་ཕན་པའི་རེ་འདུན་ཞུ།།
དྲ་གྲོགས་སྤོབས་པ་མཐའ་ཡས་ཀྱིས་གསུངས་ནང་བཞིན་ཁོ་བོས་ཀྱང་འབུམ་རམས་པ་ཞེས་པའི་ཐ་སྙད་གསར་པ་འདིའི་གོ་དོན་མ་འཁྲོལ་མ་སོང་།
ཉེ་སྔར་བོན་གྲོགས་ཤིག་གིས་དེ་ནི་བོན་པོའི་གསོ་རིག་འབུམ་བཞི་ལ་སྦྱངས་ནས་རབ་འབྱམས་པ་ཐོན་པ་དེ་ལ་ཟེར་ཞེས་རིག་པས་གསར་བཏོད་ཀྱིས་འགྲེལ་བཤད་ཉི་ཚེ་བ་ཞིག་བསྐྱོན་སོང་མོད། དེར་ཁོ་བོ་ཧ་ཅང་ཡི་རངས་མ་བྱུང་བས། གཞན་དྲ་གྲོགས་རྣམས་ཀྱིས་འདི་ལ་གོ་དོན་ནམ་འགྲེལ་བཤད་ཡག་པོ་རེ་ཡོད་ན་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་ཡོད་པ་ཞུ།
བཀའ་དྲིན་ཆེ།
རྟེན་འབྲེལ་ཞུ་
ཕན་པའི་རང་བཞིན་དུ་འགྲོ་བར་ཤོག
མཆན་བུ་ཅི་ཞིག་བཏབ་ཀྱང་ནང་དུ་ཡར་མི་འགྲོ་བར་འགགས་བསྡད་འདུག་པ་འདི་དངོས་གནས་སུན་སྤྱད་ཅིག་རེད། དེ་ལས་འགྲེལ་མེད་ཀྱི་མཆན་བུ་ཡོད་ཚེ་གསུབ་བཞག་ན་འགྲིག་གི་མོ།
སྲས་མོ་མཆོག་གིས་འབུམ་རམས་པའི་སློབ་ཐོན་ལག་འཁྱེར་བཞེས་པར་རྟེན་འབྲེལ་ཞུ། འོན་ཀྱང་ལག་འཁྱེར་བླངས་པ་ཙམ་གྱིས་བོད་མི་རིགས་རིག་གཞུང་ལ་ཕན་གི་མ་རེད། ཡབ་ཆེན་མཆོག་ལའང་ལྷ་རམས་དང་འབུམ་རམས་པའི་ལག་འཁྱེར་མེད་བསམ་སོང་། ཁྱོད་ཀྱི་ཐུགས་ཀྱི་བཞེད་པ་ཐ་དག་བགེགས་མེད་ངང་འགྲུབ་པར་སྨོན།
སྲས་མོ་མཆོག་གིས་སློབ་སྦྱོང་འདིའི་སྟེང་ནས་བོད་མི་རིགས་ལ་རོགས་རམ་རེ་གནང་ཐུབ་པའི་སྨོན་འདུན་ཞུ།
སྲས་མོར་བཀྲ་ཤིས་བདེ་ལེགས་ཞུ། ཕ་དམ་པའི་འོད་ཀྱི་བཞག་པའི་ཞབས་རྗེས་ལ་ཕྱིར་མིག་འཕངས་ནས་ལམ་ལ་ཆས་རོགས།
བཀྲ་ཤིས་པའི་གཏམ་བཟང་ཞིག་རེད།
གསར་འགོད་པ་ལགས། དངུལ་རྩ་རིག་པའི་འབུམ་རམས་པའི་མིང་བཏགས་ཕྱག་འཁྱེར་དེ་བསྩལ་ཡོད་འདུག ཅེས་བཀོད་ཡོད་པའི་དངུལ་རྩ་རིག་པ་ཟེར་བ་དེའི་དོན་གང་ཞིག་རེད། སློབ་ཚན་དེས་སྦྱང་བྱ་གཙོ་བོ་གང་ཞིག་རེད། དེ་བཞིན་འབུམ་རམས་པ་ཟེར་བ་དེ་ལ་ཡང་སྒྲ་བཤད་ཅིག་ཡོད་པ་ཞུ།