བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༨༩ སྟེང་གི་རྩོམ་སྒྲིག་པའི་གཏམ།
ནུབ་ཕྱོགས་ཀྱི་གཏམ་དཔེ་ཞིག་ཏུ། སེང་གེ་གཉིད་ལོག་ཅིག་ལས་ཁྱི་རྒན་ཟུག་ལུ་དེ་ག་དུས་ཡིན་ཡང་གོ་ཆོད་ཡིན་ཟེར་བ་ལྟར། ང་ཚོས་ཀྱང་ཡིད་ཆེས་འདི་ལྟ་བུ་ཞིག་གི་འོག་ནས་མུ་མཐུད་དེ་ཟུག་རྒྱག་དགོས་པར་འདོད།
བོད་པ་ཚོས་རང་བཙན་ཤོར་བར་མ་ཟད། རང་བཙན་མི་དགོས་པའི་ཐ་ཚིག་ཀྱང་ཤོར། རང་སྲིད་རང་སྐྱོང་གི་དགོས་འདུན་སྐོར་གྱི་ཡིག་ཆའི་སྟེང་ལའང་མཚན་རྟགས་ཤོར། ད་ནི་ཅི་ཞིག་ཤོར་དོགས་ཡིད་ན་མེད་མོད། གཞིས་ལུས་མི་དམངས་ཀྱི་ཁ་ནས་སླར་ཡང་རང་བཙན་ཤོར། ཁོང་ཚོ་སྣེ་འཁྲིད་མཁན་བོད་ནང་གི་ཤེས་ལྡན་པ་ཚོ་རེ་རེ་བཞིན་རྒྱ་ལག་ཏུ་ཤོར།
གནས་སྟངས་འདི་འདྲ་ཞིག་རེད། ཡིན་ཡང་། བར་སྐབས་ཤིག་ནས་བཟུང་བཙན་བྱོལ་བོད་གཞུང་གིས་གཞིས་ལུས་མི་དམངས་ཀྱི་བདེ་སྡུག་སྤྱི་དང་། ལྷག་པར་དུ་ཆབ་སྲིད་ཀྱི་གནད་དོན་འོག་རྒྱ་གཞུང་གིས་འཇུས་པ་དག་གི་ཆེད་དུ་གསུང་འབྱོན་མཚམས་བཞག་པ་འདྲ། འདི་ནི། ཏང་གི་སྲིད་བྱུས་ལ་ཁས་ལེན་ཤོར་ཚར་བའི་དབང་གིས་བཤད་སྟངས་མ་ཤེས་པ་དང་། བཟང་སྤྱོད་ཀྱི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་ཁར་སྐྲག་པ་ཡིན་སྲིད། ཡང་ན། བོད་རིགས་མང་པོ་ཞིག་དེང་སྐབས་རྒྱ་གཞུང་གིས་འཇུ་བཞིན་པ་དེ་དག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོ་ལོག་བྱེད་མཁན་ཡིན་པའི་རྐྱེན་གྱིས་བདག་པོ་རྒྱག་འདོད་མེད་པ་དང་། ཐ་ན། བློ་ཕམ་དང་སེམས་འཚབ་ཀྱི་གསལ་བསྒྲགས་ཙམ་ཡང་མ་སྤེལ་བ་ཡིན་སྲིད།
བྱེས་ཀྱི་བོད་མི་ཚོས་གཞེས་བྱེས་བོད་མི་ཚོའི་བར་ཐག་རིང་ཐུང་དང་སྙིང་སྟོབས་ཀྱི་ཆེ་ཆུང་གླེང་མགོ་བཙུགས། འདི་ཡང་མཐར་གཏུགས་ན་བཙན་བྱོལ་བོད་གཞུང་གི་གནང་སྟངས་ལ་ཡིད་ཐང་ཆད་ཀྱིན་པའི་སྔ་ལྟོས་ཤིག་ཏུ་མཐོང་།
འདི་ལྟར་མུ་མཐུད་དུ་ཕྱིན་ཚེ། གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མ་ལག་ཁག་ཀྱང་མི་འགོར་བར། བསྟན་འཛིན་བརྩོན་འགྲུས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྟོན་བཞིན་པའི་ཞྭ་སྒབ་པའི་ཕྱིར་སྐྱོད་ལག་འཁྱེར་གྱི་ངོ་བཤུས་ལྟ་བུ་ཞིག་ལས་ཅི་ཡང་མིན་།
གང་ལྟར་ཀྱང་། བྱེས་ཀྱི་བོད་རིགས་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་བོད་རིགས་ཤེས་ལྡན་པ་ཚོའི་ཐོག་སྲིང་བཞིན་པའི་ལག་པ་ལྗིད་མོ་དེ་ཕྱིར་བསྐུམ་དགོས་པའི་ཟུག་སྐད་ཆད་མྱོང་མེད། ང་ཚོ་ལ་ནུས་པ་དང་ཤུགས་རྐྱེན་ནས་འབྲུ་ཙམ་ཡང་མེད་པ་ཤེས་རུང་། མི་རིགས་འདིའི་དཀའ་རྙོག་གི་དོན་དུ་མི་རིགས་གཞན་ཞིག་གི་ལག་འོག་ལ་ལྷུང་མཁན་རང་རིགས་ཚོའི་དོན་དུ། ང་ཚོས་ཁྱི་གུའི་སྐྱེ་བ་བླངས་ནས་ཡིན་རུང་ཟུག་སྐད་ཆད་མི་རུང་བ་ནི་རྒྱུ་འབྲས་དང་མཐུན།།
ཨ་འཇམ་དབྱངས་ཚུལ་ཁྲིམས།
ཕུལ་བྱུང་རྩོམ་རྩལ་རིག་པའི་མངའ་ཐང་དེ༎
གངས་ཅན་ཡུལ་ནས་དར་འགོ་བཙུགས་པ་རེད༎
འཇོག་མེད་རྡ་སའི་སྐུ་ངོ་ཁ་བདེ་ཚོའི༎
ལག་གཡོག་རྒྱུགས་པའི་དགོས་པ་ཅང་མ་མཐོང་༎
དེ་བས་རང་ནུས་གསེར་གྱི་གཟི་འོད་ལ༎
གཅེས་སྤྲས་བྱེད་ཕྱིར་གནམ་འཕང་གཅོད་ན་དགའ༎
མི་ཁ་མདའ་ལས་རྣོ་པའི་ནོར་གླིང་ནས༎
བརྙས་བཅོས་ཟ་བའི་ཨ་ཕོ་ཁྱེད་མིན་པ༎
ང་ཡི་སེམས་ན་ཧ་ཅང་གསལ་བོ་ཡིན༎
བདེན་པ་ཡོད་ན་རྫུན་གཏམ་ཤོད་དགོས་དོན་མེད།
དེང་སང་བལ་ཡུལ་ན་བཀའ་བློན་ཁྲི་བའི་འོས་བསྡུའི་འཐད་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་ཡོད། ཕྱོགས་གཅིག་ནས་བལྟས་ན་བསམ་བློའི་བློ་སྒོ་འབྱེད་པའི་རྟགས་མཚན་ཞིག་ཀྱང་རེད་སྙམ། འོན་ཀྱང་ཞིབ་ཚགས་ཀྱིས་བལྟས་ཡོང་དུས་དེའི་ཧྲག་ནས་ཆུ་དྭངས་མ་གཅིག་བུ་བཞུར་གྱིན་མེད་པར་ཆུ་རྙོགས་ཀྱང་འདྲེས་འོངས། འདི་ནི་གཟབ་གཟབ་མ་བྱས་པ་ཡིན་ན་ཁྲིམས་མཐུན་གྱི་འོས་བསྡུ་ཞིག་གི་ལམ་ལ་མི་འགྲོ་བར་ཁྲིམས་འགལ་གྱི་ལམ་ལ་འགྲོ་པའི་གཉེན་ཧ་ཅང་ཆེན་པོ་འདུག་སྙམ།
གང་ཡིན་ཟེར་ན་གོ་མྱོང་ཐོས་མྱོང་མེད་པའི་མིང་ཐོ་རེ་ཟུང་མང་ཚོགས་ལ་བཀྲམས་ཅི་ཐུབ་བྱེད་རྒྱུ་ཡོད་པ་དེ་རེད། ངས་བལྟས་ན་བཀའ་ཁྲི་ཟེར་བ་དེ་ནི་རིག་གནས་མེད་པའི་རྒྱགས་པ་ཞིག་མིན་ལ།
ཁང་པ་བསླངས་པའི་ཚོང་དཔོན་ཁེངས་དྲག་ཅན་ཞིག་དེ་བས་མིན།
ང་ཚོ་ལ་དགོས་པ་ནི་གྲུབ་འབྲས་གཡུར་དུ་ཟ་བ་མངོན་གྱུར་བྱེད་ཐུབ་པའི་འཇོན་ཐང་ཅན་ཞིག་དགོས། དེ་ནི་བོད་ཡོད་དོ་ཅོག་གི་བསམ་ཚུལ་ཡང་ཡིན་ངེས།
བདེན་མིན་བརྟག་ན་ཤེས།
འཇིག་རྟེན་ཆོས་ཉིད་ཀྱི་འགྲོ་སྟངས་ཤིག་གི་ཐུ་འོག་ནས་ཁ་བའི་ལྗོངས་ཀྱི་མི་དཔོན་ཆེན་པོ་འམ་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་གངས་རིའི་ཞིང་ལ་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པའི་སེམས་རྒྱུད་ཞི་བར་འདུལ་བའི་མདོ་རྒྱུད་
བསྟན་བཅོས་སྙིང་པོ་བོད་ལ་དར་པའི་དབུ་བརྙེས་འགོ་བཙུགས་པ་རེད།འཛམ་གླིང་འདི་ན་ཆོས་ལུགས་འདྲ་མིན་བརྒྱ་ཕྲག་ལྷག་
ཡོད་ནའང་དེའི་ནང་ནས་ཀྱང་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡོད་པ་དེ་ནི་ནང་པའི་བསྟན་པ་རང་ལས་མེད་པ་གོ་ལའི་
གཙུག་ན་གསལ་ལེར་མངོན་པ་ཕྲན་གྱིས་བརྗོད་ག་ལ་དགོས་ཏེ་མི་དགོས་སོ།འདི་འདྲ་བའི་ངོ་མཚར་རྨད་དུ་བྱུང་པའི་མདོ་རྒྱུད་
བསྟན་བཅོས་ལྷད་མེད་ཅིག་གི་ཐུ་འོག་ནས་ལེགས་ཉེས་བླངས་དོར་ཚུལ་བཞིན་བགྱིས་མཁན་ནི་གངས་ཅན་པ་ཞེས་ཀུན་གྱིས་ཁ་
གཅིག་གྲགས་བྱེད་ཀྱིན་པ་ངེད་ཀྱིས་བརྗོད་ག་ལ་དགོས།
ཡིན་ནའང་ཚེ་མཇུག་བསྡུ་ལ་ཉེ་པའི་རྒས་ཁོག་ཁག་ཅིག་གིས་ཚུལ་དེ་ལས་ལྡོག་སྟེ་ངན་པ་ལངས་ཤོར་བཞིན།ལས་དང་རྒྱུ་འབྲས་རྩ་བ་ནས་མ་རྩིས་པར་ཁ་ནས་བྱིས་པ་ལོ་ན་བརྒྱད་དགུ་ཅན་གྱི་སྐད་ཆ་འདྲ་བོ་རེ་བཤད་ཞོར་ཆང་ལ་ཧུབ་རེ་བྱས་ཏེ་དྲི་མ་འཐིལ་ལེར་བསྡད་ན་གཞུང་ཞབས་ཀྱི་ཞབས་འདྲེན་མ་ཡིན་ནམ།ལས་ཁུང་ཆུང་ཆུང་ཞིག་ནས་ཨུ་ཚུགས་ཀྱི་རྐུབ་སྟེགས་བཙན་བཟུང་བྱས་ཏེ་སྐུ་ངོ་རུལ་བ་ཞིག་གི་མིང་བྱང་གཉེར་བཞིན་ལས་ཁུང་སྒོ་ཕྱེ་ཙམ་བྱས་ཏེ་ཞོགས་པ་སྔ་བོ་ནས་ཆང་ཁང་ཆུང་ཆུང་ཞིག་ཏུ་འཛུལ་ནས་རྒྱགས་གཏམ་རི་འདྲ་བོ་རེ་བཤད་དེ་ཉི་མ་གཏོང་གི་ཡོད་པ་དེ་ཚོ་དངོས་ནས་རྒན་ཡོན་མགྱོགས་མྱུར་གྱི་ཞུ་དགོས་བ་ཞིག་རེད།ཁོ་ཚོས་དྭང་བླང་གིས་དགོངས་པ་ཞུས་ན་ཅི་མ་རུང་ཟེར་མཁན་བོད་པའི་གཞོན་སྐྱེ་ཚོའི་ཁ་ན་རི་གཟར་གྱི་རྦད་ཆུ་བཞིན་ལྷིང་ལྷིང་དུ་གྲགས་རྒྱུ་ཡོད་པ་ངེས་ཀྱང་བརྗོད་ག་ལ་དགོས།བསམ་བློ་ཞིབ་ཚགས་པོ་རེ་བཏང་ནས་བཤད་ན།ཧ་ཅང་གི་བློ་ཕམ་པའི་གནས་རེད།
ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ལྔ་བཅུ་ལ་ཉེ་ནའང་ད་དུང་བོད་པའི་མཚན་སྙན་ཆེ་རུ་ཆེ་རུ་འགྲོ་བ་མ་གཏོགས་ཉམས་རྒུད་དུ་རྩ་བ་ནས་སོང་མེད།དེ་དག་ཚང་མ་༸གོང་ས་རྒྱལ་བའི་དབང་བོས་ཕྱག་ཟུང་ཐལ་མོ་སྦྱོར་ནས་ས་ཕྱོགས་གང་སར་ནང་ཆོས་ཀྱི་རིན་ཐང་དང་བོད་མི་ཟེར་བ་དེ་ཉམ་ཆུང་ཞིང་ལས་ལ་བརྩོན་མཁན་ཤ་སྟག་ཡིན་ཞེས་གསུངས་ཀྱིན་ཡོད།དེའི་སྐུ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོ་བདེ་སྐྱིད་ཀྱིས་ངང་འཚོ་བ་སྐྱེལ་བཞིན་པ་འདི་རེད། ༸གོང་ས་མཆོག་གིས་ག་དུས་ཡིན་ནའང་མི་དྲང་པོ་དྲང་བཞག་གི་ཐོག་ནས་སྐད་ཆ་བཤད་དགོས་པ་དང་།རྫུན་དང་ཕྲ་མ་གཏན་ནས་ཤོད་ཀྱིན་ཡོད་པ་མ་རེད་གསུང་གི་ཡོད།ཁྱེད་ཚོས་བརྗེད་སོང་བ་ཡིན་ནམ།ད་ནི་མང་པོ་བཤད་དགོས་པ་མི་འདུག་གང་ཡིན་ཟེར་ན།ཚང་མས་མཁྱེན་གསལ་རེད། མདོར་བསྡུས་ན་འཇོན་ཐང་གང་ཡང་མེད་པའི་སྐུ་ངོ་ཐབས་ཆག་དེ་ཚོ་ངེས་པར་དུ་བརྗེས་སྦོར་བརྒྱབ་ན་མ་གཏོགས་རྒྱུན་རིང་པོར་ས་མིག་བཅད་ནས་སྡོད་དུ་འཇུག་རྒྱུ་མེད་པ་གཞོན་སྐྱེ་རྣམས་ཀྱི་མཁྱེན་གསལ་ལགས་སོ།
འདི་ལྟ་བུའི་བསམ་ཤེས་རྩ་བ་ནས་མེད་སྐུ་ངོ་རུལ་བསུངས་དེ་དག་བལ་ཡུལ་ཙམ་མ་ཟད་རྒྱ་གར་སོགས་དེ་མིན་གྱི་རྒྱལ་ཁབ་གཞན་ན་འང་ཧ་ཅང་གི་མང་པོ་ཡོད། དེ་དག་རེ་རེར་བྱས་ཏེ་རྩ་མེད་བཟོ་དགོས་པ་ནི་དུས་རབས་ཉེར་གཅིག་པའི་འོས་འགན་ཉག་ཅིག་ཡིན།
ད་རེའི་འདིའི་དགོས་དམིགས་གཙོ་ནི་བལ་ཡུལ་གྱི་རང་བཙན་ཚོགས་ཆུང་གི་ལས་བྱེད་རྒན་ཁོག་དེ་ཚོ་མིག་འབེན་དུ་བཞག་ནས་ཤོད་ཀྱི་ཡོད།
ད་དུང་རྒྱལ་མོའི་སྡུག་ངལ་མི་ཡིས་མི་ཤེས་ཞེས་ཟེར་སྲོལ་ཡོད་པ་ལྟར་བཀའ་ཁྲིའི་སྡུག་ངལ་ང་ཚོས་མི་ཤེས་པ་དོན་ལ་གནས་ཡོད།
དྲ་གྲོགས་རྨིག་རུ་བསྟན་པ་ལགས། ་དགོང་མོ་བདེ་ལེགས་ཞུ།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་ཁྱེད་དང་ལབ་གླེང་ཞིག་བྱེད་འདོད་པས་རྒྱུ་མཚན་ཁག་གཅིག་བརྙད་བྱུང་བས་ཞུ་ཆོག་པ་ཞིག་གནང་རོགས།
ཟམ་གདོང་རིན་པོ་ཆེས་སྔོན་མ་ཞིག་ལ་”བོད་ཀྱི་ནང་ཆོས་འདི་གནས་ཐུབ་ན་བོད་མི་རིགས་འཇིག་རུང་འཇིག”་གསུང་མྱོང་བ་དེ་མ་བརྗེད། ཞེས་གསུངས་འདུག
ང་ཅོ་རིས་ཁས་ལེན་པ་ནི་དངོས་ཡོད་གནས་ཚུལ་དང་སྟོབས་རིག་པ་ཡིན། དེ་མིན་མི་ཆེན་ལ་ངོ་དགའ་དང་ཉམ་ཆུང་མཐོང་ཆུང་བྱས་མཁན་ཞིག་མིན།
ཟམ་གདོང་བླ་མ་ལ་ངོ་དགའ་བྱེད་པ་མིན་ལ་ཁྱེད་ལ་རྒྱུ་མཚན་མི་འདུག་ཞེས་དགག་པ་རྒྱག་པ་ཡང་མིན་རིག་པས་དཔྱོད་སྟོབས་ཀྱིས་ཐོག་ནས་ཞུ་རྒྱུ་ཡིན།
གལ་སྲིད་ཟམ་གདོང་བླ་མས་བོད་མི་རིགས་འདི་འཇིག་ན་འཇིག་ནང་ཆོས་འདི་གནས་ཐུབ་ན་བསམ་པས་དགོངས་ཚུལ་ཞིག་ཡོད་ན་་་་་མཁས་དབང་ཁོང་གིས་ནང་ཆོས་གནས་ཐབས་བྱེད་ཀྱི་མ་རེད་པས། རེད་ནང་ཆོས་གནས་ཐབས་བྱེད་ཀྱི་ཡོད་རེད་ཟེར་ན་་་འཛམ་གླིང་ཐོག་ཏུ་ནང་ཆོས་གནས་ཐུབ་པས་ཆེད་དུ་ནང་ཆོས་གཞུང་ལུགས་མང་པོ་མཁས་དབང་ཁོང་གིས་ཨིན་ཡིག་ནང་དུ་བསྒྱུར་གི་མ་རེད་པས།
དེ་འདྲ་ནི་ད་ལྟ་བར་དུ་ཟམ་གདོང་བླ་མས་རིག་གཞུང་ཕྱིེ་འདྲེན་བྱས་པ་གོ་མྱོང་མེད། ཁྱེད་ཀྱིས་གོ་མྱོང་མཐོང་མྱོང་ཡོད་དམ།
ཡེ་ཤེས་ཆོས་ལུགས་པ་ཚོས་ཀྱང་ཡེ་ཤེ་ཆོས་ལུགས་གནས་པས་ཆེད་དུ་ཁོ་རང་ཚོའི་གཞུང་ལུགས་སྐད་ཡིག་མང་པོའི་ནང་དུ་བསྒྱུར་འདུག་པས་ཆོས་ལུགས་དེ་གནས་པས་ཆེད་དུ་གཞུང་ལུགས་དེར་སྐད་ཡིག་མང་པོ་ནང་དུ་གནས་ཐབས་བྱེད་དགོས་ངེས་རེད། མཁས་དབང་ཟམ་གདོང་བླ་མས་མ་མཁྱེན་པ་ག་ལ་སྲིད་་་་་་མ་བྱས་པ་རེད་སྙམ།
མི་རིགས་མི་བསམ་ཆོས་ལུགས་བསམ་མཁན་ཞིག་ཡིན་ན་ལས་དོན་ཁ་ཕྱོགས་ལ་ལྟ་དགོས་པ་མིན་འགྲོ་་་་དེ་ལས་ཁྱེད་ལ་རྒྱུ་མཚན་འདྲ་གསུང་ཡ་ཡོད་པས།
རྒྱུ་མཚན་མེད་ནས་ང་རང་ཚོ་དབང་རྟུལ་ལུང་གི་རྗེས་འབྲངས་བྱས་ནས་མཁས་དབང་ཁོང་ལ་སྐྱོན་འཛུགས་བྱས་ན་ང་རང་གཉིས་ལ་རྒྱུ་འབྲས་འཁོར་ཡོང། ང་ཡང་མཁས་དབང་ཁོང་ལ་སྐྱོན་བརྗོད་སྣ་ཚོགས་ཤིག་བྱས་མཁན་ཞིག་ཡིན་སྟེ་རྒྱུ་མཚན་བརྟག་དཔྱད་བྱས་ནས་སྐྱོན་བརྗོད་བྱས་ཀྱི་ཡོད།
གསུང་དང་སྤུན་གྲོགས་་་་་་ཁྱེད་ཀྱིས་མ་བརྗེད་གསུངས་འདུག་པས་གལ་ཆེ་འདི་འདྲའི་རིགས་ལ་དཔྱོད་པ་བྱས་ཡོད་ངེས་པས་ང་ལ་གསལ་བཤད་ཤིག་གནང་རོགས།
ཅོ་རི་ཉི་མ་ལགས།
དགོངས་ཚུལ་གནང་བར་བཟང་། གནས་ཚུལ་གང་ཡིན་ཀྱང་ཡག་ཉེས་གཉིས་ཀྱི་ཐད་ནས་ལྟ་དགོས་ཀྱིན་འདུག་བསམ་ནས་ངེད་ཀྱིས་མཆན་བཏབ་པ་ཡིན།
སྡུག་ས་ནས་བཤད་ན་ཁྱེད་ཀྱི་ཚོར་བ་དང་། འདོད་བློ་མ་ཁེངས་བའི་བསམ་ཚུལ་ང་ལའང་ཁེངས་ནས་བསྡད་ཡོད།
ཡིན་ནའང་། ང་ཚོས་བཤད་པ་རྐྱང་རྐྱང་མ་ཡིན་པར་ལག་ལེན་གྱི་སྒོ་ནས། སོ་སོང་རང་ངོས་ནས་བཅོས་བསྒྱུར་དང་བསྒྲུབ་བྱ་ག་རེ་འདུག
འདིའི་ཕྱོགས་སུ་ཤུགས་རྒྱག་དགོས་མིན་འགྲོ་བསམ་པ་དེ་དེང་སང་ངའི་ཚོར་བ་ཡིན།
ཁྱེད་དང་ཁྱེད་ལྟ་བུའི་དགོངས་ཚུལ་གནང་མཁན་ཚོར་གུས་འདུད་དང་དང་ལེན་ཞུ་བཞིན་ཡོད།
ཡིན་ནའང་། ཟམ་གདོང་རིན་པོ་ཆེའི་བཀའ་བློན་ཁྲི་བ་ཡིན་པ་དང་། དགེ་སློང་ཡིན་པ། བླ་མ་ཡིན་པ་སོགས་གནས་ཚུལ་མང་པོ་ཞིག་གིས་ངོས་ཐད་ནས་བལྟས་ན་ཁྱི་དང་སྤྱང་ཀིའི་ཐ་སྙད་སོགས་ལ་འཛེམས་དོགས་བྱེད་ཐུབ་ན་བཟང་གི་བསམ་བཞིན་ཡོད།
ཞོགས་པ་བདེ་ལེགས་དང་བཅས།
ཟམ་གདོང་གཅིག་པུར་གྱེར་ནས་མ་འདུག་་་གསུངས་ན་སུ་ལ་དབང་ཆ་ཡོད་པ་རེད་དམ། སྤྱི་འཐུས་གྲོས་ཚོགས་ལ་མ་སུ་རིའི་སློབ་ཕྲུག་ཕྱིར་འབུར་མི་བྱས་པར་སློབ་གྲྭ་ཞིག་གི་ནང་དུ་བཅུག་ཡ་དབང་ཆ་ཙམ་འདུག་གམ།
སློབ་ཕྲུག་ཁ་ཅིག་གི་མདུན་ལམ་ལ་དབང་ཆ་མེད་མཁན་སྤྱི་འཐུས་གྲོས་ལྟ་བུ་ཞིག་མི་དམངས་ཀྱི་སྐུ་ཚབ་ཡིན་ཀྱང་ཅི་ཞིག་ཕན་སོང་ངམ། དབང་ཆ་ཡོད་པའི་བཀའ་ཤག་གིས་རྒྱང་འབུར་བྱས་པ་མ་ཡིན་ནམ།
དོན་འགྲུབ་དབང་ཆེན་གྱི་ནང་མིའི་སྐྱིད་སྡུག་དང་ལྕོག་རི་བ་ཚེ་དབང་དོན་འགྲུབ་ཀྱི་གནས་སྟངས་དེར་དགྲ་བོ་རྒྱ་ནག་གཞུང་གིས་ལྟས་ན་དགའ་དགོས་པ་དང་གཉེན་ཕུ་ནུ་ཚོས་ལྟས་ན་སྡུག་དགོས་པ་ཞིག་མ་ཡིན་ནམ།
དགྲ་དགའ་གཉེན་སྡུག་ཟེར་བ་འདི་ཅི་ཞིག་ལ་ལབ་ཀྱི་ཡོད་རེད་དམ། འདི་འདྲ་ཞིག་མིན་ན་ག་རེ་རེད། རྒྱ་ནག་གཞུང་ལ་ཁ་གཏད་ཆག་ནས་བཙན་བྱོལ་གཞུང་དང་བཙན་བྱོལ་བོད་མི་དམངས་ཀྱི་ཕྱོགས་སུ་ཕེབས་པ་རེད།
མི་ཚང་གི་འགན་འཛིན་རྒྱའི་བཙོན་འོག་ཏུ་ཡོད་སྐྱེས་དམན་བུ་ཕྲུག་རྡ་སའི་སྤྲང་པོ་ཞིག་ཆགས་པ་འདི་རྒྱུ་འབྲས་དང་མཐུན་པའི་གནང་སྟངས་ཞིག་རེད་པས།
བཙན་བྱོལ་གཞུང་དང་མཛད་གཙོ་རྣམ་པ་ལ་ངོ་ཚ་ཡ་འདྲ་ཡོད་རེད་པས། ཁྱེད་ཚོའི་ཕྱོགས་སུ་ཁ་འཁོར་ནས་ཡོང་མཁན་ཚོ་ཙོང་ཡ་གཅིག་པོ་བསམ་བློ་མ་ཡིན་པ་རང་མི་རང་བདག་ཡག་པོ་རྒྱག་ན་མ་གཏོགས་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོ་ངེས་རེད།
འདི་ཚོ་ནི་མ་འོང་པའི་བོད་ཀྱི་འཐབ་རྩོད་ཀྱི་ཆེད་དུ་དགོས་ངེས་དང་མི་སེར་གྱི་བློ་དཀར་གཞུང་ལ་ཕྱོགས་ཐུབ་པའི་ལས་འགུལ་བསྒྲུབ་དགོས་པ་ནི་བོད་མི་རིགས་ཆེད་དུ་ཁ་ཚ་དགོས་ཐུག་རེད་སྙམ།
ཐུགས་རྗེ་གཟིགས། ཁྱི་ཕྲུག་གཅིག་གི་ཟུག་སྐད་ལ་སེང་གེ་གཉིད་ལོག་ཚོས་དོན་མེད་རེད་མ་བསམ་རོགས།
བོད་རང་བཙན་རླུང་ལ་བསྐུར་བའི་དེང་རབས་དང་མི་བོད་རྒྱལ་གཅེས་པ་ཚོ་ལ་ཁྱིའི་རིན་ཐང་ལས་མེད་པའི་སྤྱི་ཚོགས་འདིའི་ནང་དུ་ཁྱི་ཕྲུག་ངས་ཟུག་སྐད་ཅིག་རྒྱག་དགོས་པར་འདི་ཡང་ལས་འགུལ་ཞིག་ཏུ་བསམ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕཻལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རེ་རེ་ཡི་རྒྱབ་ལྗོངས་ལོ་རྒྱུས་དང་བཅས་པ་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆར་སྐྱེལ་བཞིན་པ་རེད།ཞེས་རྨོག་རུ་བསྟན་པ་ལགས་ཀྱིས་གསུངས་པར་བདེན་པ་རེད།
བོད་ནང་གི་ཆབ་སྲིད་བཙན་ཚོའི་ལོ་རྒྱུས་དང་བྱུང་རབས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མ་བསྐྱལ་ན་ཨ་རིའི་སྲིད་གཞུང་གི་བོད་མི་སྐྱབས་བཅོལ་པའི་ཆེད་དུ་ཨ་སྒོར་ས་གསུམ་ལྷག་རོགས་དངུལ་རག་གི་མ་རེད་པྭ།
དགོས་ངེས་ཀྱི་གནས་ཚུལ་ནི་ཆབ་སྲིད་ཀྱི་ནག་ཉེས་ཕོག་ནས་སྐྱབས་བཅོལ་བསླེབས་པའི་བོད་མི་དོན་འགྲུབ་དབང་ཆེན་གྱི་བཟའ་ཟླའི་རྡ་ས་གསང་ལམ་ནང་དུ་པག་ལེབ་ཙོང་ནས་འཚོ་བ་བསྐྱལ་གྱི་ཡོད་པ་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་གི་ལག་པ་ལ་དགྲ་དམག་གིས་མེ་མདའ་རྒྱག་ནས་བེད་མེད་ཆགས་ཡོད་པའི་རྒྱལ་གཅེས་པ་ཚེ་དབང་དོན་འགྲུབ་ཀྱི་ལག་པ་ལ་སྨན་བཅོས་ཡག་པོ་ཞིག་ཀྱང་བྱེད་རོགས་གནང་མེད་པ་ནི་ཁ་བཤད་མ་གཏོགས་ལག་ལེན་མེད་པ་མ་ཡིན་ནམ།
ཁྱི་ཕྲུག་ངའི་ཟུག་སྐད་རྒྱག་དགོས་པ་ཡང་བོད་དོན་ཆེད་དུ་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློའི་བཏང་བྱས་མཁན་ཚོ་ལ་གནང་སྟངས་འགྲིག་གི་མི་འདུག་ཞེས་ཟུག་སྐད་རྒྱག་པ་འདི་དོན་ལ་གནས་ཡོད་སྙམ། མ་རེད་པས།
ཕལ་ཆེར་ངེད་ཀྱི་སྐད་ཆ་ཐད་དྲག་པ་འདྲ། ཡིན་ཡང་སྐྱོན་བརྗོད་ནི་ཡར་རྒྱས་ཀྱི་གཞི་རྩ་ཡིན་པ་མ་བརྗེད།
གངས་ཕྲུག་ལགས། ཁྱེད་ཀྱི་མཆན་གྱི་ཚིག་འདི་གོ་བས་དགའ་བོ་བྱུང་།
རྒྱུ་མཚན་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་ཚང་མ་དགག་བཞག་བྱེད་མཁན་ཙམ་མ་ཟད།
དགག་བཞག་ལ་དང་ལེན་དང་ཕན་ཚུན་ལ་གུ་ཡངས་བྱེད་ཐུབ་མཁན་རྐྱང་རྐྱང་ཡིན་ན་འུ་ཚོ་ལ་རེ་བ་ཞིག་དང་ཡིད་ཆེས་ཤིག་ཡོད་ཐག་ཆོད་ཡིན།
ཡིན་ཡང་། མི་མང་པོ་ཞིག་གིས་སྤྱི་བ་ལ་བསམ་བློ་མི་གཏོང་བར་རང་ཉིད་ལ་བསམ་བློ་གཏོང་བ་འདིས་འུ་ཚོ་ནམ་ཡར་འཕུང་འཇུག་ཏུ་འདུག
སྤྱི་བའི་དོན་དུ་བཤད་པ་དེ་སྒེར་གྱི་འཁོན་འཛིན་གྱི་ངོ་བོར་འགྱུར་གྱིན་འདུག
ང་ལ་མཚོན་ན་འདིའི་ཐད་བློ་ཕམ་ཡོད་ལ། ཞེད་སྣང་ཡོད།
ཡིན་ཡང་། ང་ཚོ་ཚང་མས་ཕན་ཚུན་་ལ་གུ་ཡངས་བ་རེ་བྱེད།
འདི་ནི་ང་ཚོས་འབྱོན་ཚད་ཀྱི་རྩ་དོན་ཀྱང་རེད།
རྩོམ་སྒྲིག་པ་ལགས་
ཁ་སང་ངའི་མཆན་བུ་ཞིག་བཀོད་ཡོད་།དེ་ང་ལ་མོན་ན་གལ་གནད་ཆེན་པོ་ཡིན
ངའི་འོས་མི་འགའ་ཞིག་གི་ལོ་རྒྱུས་གསལ་བོ་ཞིག་མ་ཤེས་སྟབས་མཆན་དེ་བཀོད་ནས་མསམ་ཚུལ་འགའ་ལ་ཉན་དེ་།་ས་གནས་འདིའི་དེ་རིང་གི་སྔོན་འགྲོས་འོས་བླུག་དགོས་བསམ་བྱུང།་འོན་ཀྱང་བྱང་མ་སོང་ངའི་ད་བར་དུ་རྒུག་ཡིན་
ད་བྱུང་མ་སོང་།་་་ོད་ཚོད་ཀྱི་འོས་བླག་རྒྱུ་ལ་དགའ་པོ་མེད་
ངའི་བསམ་ཚུ་འདི་ཞུས་བ་ལས་དགག་པ་བྱས་པ་དང་རྒོལ་གིན་མེད
མཆན་ཡར་འཇུག་མིན་ཐད་ཉིད་ཀྱི་རང་དབང་རེད
ཕལ་ཆེར་ངེད་ཀྱི་སྐད་ཆ་ཐད་དྲག་པ་འདྲ། ཡིན་ཡང་སྐྱོན་བརྗོད་ནི་ཡར་རྒྱས་ཀྱི་གཞི་རྩ་ཡིན་པ་མ་བརྗེད། བྱ་གཞུང་དཔལ་རྡོར་མིང་ཅན་ནས་འགན་འཁུར་མཁན་༧གོང་ས་མཆོག་རེད་ཟེར་པ་དེ་ལ་བདེན་པ་གང་ཡང་མཐོང་གི་མེད། གང་ཡིན་ཞེ་ན་༧གོང་ས་མཆོག་གིས་ཕྱེད་རྒན་ཡོལ་ཡིན་ཞེས་ཁྱབ་བསྒྲགས་གནང་ཟིན་པ་རེད། འོ་ན་རྒྱ་ནག་ལ་འཁོར་ཡུག་བསྐྲུན་གྱི་ཡོད་ཞེས་བོད་མི་ཡོངས་ལ་སུམ་བཅུ་དུས་དྲིན་ལ་སྐད་འབོད་རྒྱབ་མི་ཆོག་ཞེས་བཀའ་ཤག་གིས་ཁྱབ་བསྒྲགས་ཞེས་པ་མ་གཏོགས་༧གོང་ས་མཆོག་གིས་གསུངས་འཕྲིན་ནང་སྐད་འབོད་རྒྱབ་མི་ཆོག་ཞེས་འཁོད་མེད། ང་ཚོས་ཀ་ཚོད་བཤད་ཀྱང་ཟམ་གདོང་གིས་ཉན་གི་མ་རེད་འོན་ཀྱང་ཕྲན་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ཡོད།
“ཨ་ཕོ་འཇོན་ན་འཇོན་ཐང་སྟོན་ས་གང་དུའང་ཡོད་པ་རེད།” ཚིག་འདི་ཀུན་གྱིས་བརྗོད་ཤེས་ལ་ངག་ནས་ཐོན་ཆོག་ཆོག་ཏུ་ཡོད།
སྨྲ་བརྗོད་ལ་རང་དབང་མི་སྤྲོད་མཁན་ཡང་འདི་ཚོ་ཡིན་པ་ལས་བོད་གཞུང་མ་རེད། འདི་ཚོ་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་ཟེར་བ་རེད། ལག་ལེན་དུ་མ་སྟར་བར་དུ་ཁ་ཡིས་བཤད་མ་ཆོག་ན་འཇིག་རྟེན་མིའི་རྣམ་དཔྱོད་ཟེར་བའི་ངོ་མཚར་ཅན་འདིས་ཅི་བྱེད། སྨྲ་བརྗོད་རང་དབང་དུ་གྲགས་པའི་ངོམ་སོ་ཅན་འདིས་ཅི་བྱེད། འདི་ཧ་ཅང་ཐལ་བ་རེད། མ་གཞི་འདི་ལྟར་གསུང་མཁན་ཚོ་རང་ཉིད་ཀྱིས་ཁ་བཤད་དང་ལག་ལེན་ཇི་ཙམ་མཐུན་གྱི་ཡོད། དགོངས་པ་བཞེས་ཤིག བསམ་འཆར་དང་ལག་པ་འབྲེལ་བ་དེ་ཙམ་ཡོད་ན་ཁྱོད་ལ་བསམ་བློ་འདོམ་གང་ལས་མེད་དམ། ཁྱོད་རང་མེ་འཁོར་ལ་འགྲོ་བ་ལས་གནམ་གྲུ་ལ་འགྲོ་བ་མཆོག་ཏུ་མི་མཐོང་ངམ། ཁྱེད་རང་གནམ་གྲུར་འགྲོ་མི་ཐུབ་པའི་དབང་གིས་མེ་འཁོར་ལས་གནམ་གྲུ་འགྲུལ་སྐྱེལ་མཐུན་རྐྱེན་བཟང་ཞེས་བཤད་མི་ཆོག་གམ།
མདང་དགོང་རྡ་རམ་ས་ལ་ནས་གྲོགས་པོ་ཞིག་གི་ཁ་པར་འོང་སོང་། ངེད་གཉིས་ཀྱི་ཁ་བརྡ་ཁ་ཤས་བཤད་རྗེས། ཁོང་གིས་ད་སྐབས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་འོག་བོད་མིའི་བསམ་བློའི་ཁ་ཕྱོགས་སྐོར་འདྲི་ཀྱིན་འདུག་ལ། དེར་བརྟེན་བདག་གིས་ཀྱང་བཙན་བཤོལ་གཞུག་གིས་དེང་དུས་ཀྱི་འཆར་གཞི་དང་བཀའ་སློབ་སྐོར་གང་འདྲ་འདུག་ཅེས་དྲིས་པ་ཡིན།
ཁོང་གིས་གསུངས་དོན། བཙན་བཤོལ་གཞུག་གིས་ཀྲུང་ཀོ་གུང་ཁྲན་དེང་གི་སྒྲོམ་འོག་ལས་མ་འདས་པའི་རང་སྲིད་རང་སྐྱོང་ཞིག་དགོས་ཞེས་བསྒྲགས་ཀྱིན་འདུག་ཟེར། དེ་བྱུང་ན་མྱུར་དུ་བོད་ལ་ལོག་རྒྱུ་ཡིན་པ་སོགས་བཤད་ཀྱིན་ཡོད་གསུངས་སོང་།
ཀྲུང་ཀོ་གུང་ཁྲན་དེང་གི་སྒྲོམ་འོག་ལས་མ་འདས་པའི་རང་སྲིད་རང་སྐྱོང་ནི་ང་ཚོ་ད་ལྟ་ཡོད་བཞིན་པ་འདི་རེད། དེས་ན་བཙན་གཤོལ་བོད་པ་ཡང་མི་རིང་བར་འདིའི་ཁོངས་སུ་ཞུགས་དེ་གཞི་བྱེས་མཉམ་འཛོམ་མྱུར་པར་འོངས་ས་རེད་སྙམས་པའི་ཚོར་སྣང་ཞིག་བྱུང་།
ལར་ནས་སྐྱོན་བརྗོད་བྱེད་པ་ལྷ་ཡང་ལག་ལ་བཞག་ན་ལྐུག་པ་ཡིན་ཟེར་བ་ལྟར། བོད་གཞུང་གི་གནད་ཡོད་ཅིག་ལ་སླེབས་ན་གཞི་ནས་ལག་ལེན་ཐད་ཀྱི་དཀའ་ངལ་ཞིག་ཚོར་གི་རེད། སྤྱིར་བཏང་དབྱིན་ཇི་སྐད་ལ་གཞུང་ལུགས་བཤད་རྒྱུ་སླ་ཡང། ལག་ལེན་བྱེད་རྒྱུ་དཀའ་མོ་ཞིག་ཡིན་ཟེར་བ་རེད། རྩོམ་སྒྲིག་པས་བརྗོད་པར་རྒྱུ་མཚན་མེད་པ་མིན་མོད་མཆན་འདོགས་མཁན་ནང་དུ་མགོ་ཚོས་ལ་མ་ཚོས་བ་མང་པོ་ཞིག་འདུག ཨ་ཕོ་འཇོན་ན་འཇོན་ཐང་སྟོན་ས་གང་དུའང་ཡོད་པ་རེད། ཟམ་གདོང་གཅིག་པུར་གྱེར་ནས་མ་འདུག
ཡུལ་གྱར་སྲིད་གཞུང་འདི་ཡང་ཡུལ་བྱོལ་བའི་གཞུང་ཞིག་རེད།
སྐྱབས་བཅོལ་བའི་སྡེ་ཁག་གམ་གཞུང་ཞིག་གི་ནུས་པ་ལ་དཔོག་པས་བྱེད་རྒྱུ་གང་ཡོང་བྱས་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕཻལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རེ་རེ་ཡི་རྒྱབ་ལྗོངས་ལོ་རྒྱུས་དང་བཅས་པ་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆར་སྐྱེལ་བཞིན་པ་རེད།
དེ་བཞིན་གཞུང་འབྲེལ་གྱི་ཐོག་ནས་ཀྱང་བོད་ནང་གི་འགྲོ་བ་མིའི་རང་དབང་དང་།ཐོབ་ཐང་། བདེ་སྡུག་གི་སྐོར་ལ་གླེང་སློང་དང་སེམས་ཁྲལ་གནང་བཞིན་པ་རེད།
ལམ་ཁ་ལ་ཐོན་ནས་སྐད་མ་བརྒྱབ་པ་ཙམ་གྱིས་ལས་ཀ་བྱེད་ཀྱིན་མེད་པའི་དགོངས་པ་བཞེས་ཕྱོགས་དེ་ཐལ་ཆ་དང་འབྲེལ་བ་ཡོད་པ་རེད།
གངས་ཕྲུག་མིང་ཅན་ཞིག་གིས་བཀའ་ཁྲི་རིན་པོ་ཆེའི་གཙོ་བོས་སྲི་ཞུ་བར་ཁྱི་ཡི་མིང་བཏགས་པ་རེད།
དེའང་ཁག་ཅིག་གིས་བརྗོད་གཞི་དང་འཚམ་པར་བསྙད་དེ་མཆན་དུ་བཀོད་པ་རེད།
ཁ་སྟོང་པ་ཅན་ཚོར་འདི་འདྲའི་གུ་ཡངས་དང་རང་དབང་སྤྲད་པ་དེ་རྩོམ་སྒྲིག་པའི་ལྟ་བ་དང་དམིགས་ཡུལ་ཡིན་པ་འདྲ།
ངོ་མ་བདེན་གི སེམས་ན་ན་ཚ་སླེབས་ཡོང་གི རང་བཙན་དོན་དུ་སྐད་ཅིག་བརྒྱབ་ན་ཟུག་སྐད་ལྟ་བུར་གྱུར་འདུག
ངོ་མ་གཞིགས་ན་ང་ཚོ་ཁྱི་རུ་བཟོ་མཁན་ནི་དབུ་མའི་ལམ་འདི་རེད། དེ་མིན་ང་ཚོའི་འཁུན་སྒྲ་འདི་ཉུང་མཐར་ཡང་”རང་རིགས་ཀྱི་འབོད་སྒྲར”་གནས་ཡོད་ངེས།
ཟམ་གདོང་རིན་པོ་ཆེས་སྔོན་མ་ཞིག་ལ་”བོད་ཀྱི་ནང་ཆོས་འདི་གནས་ཐུབ་ན་བོད་མི་རིགས་འཇིག་རུང་འཇིག”་གསུང་མྱོང་བ་དེ་མ་བརྗེད།
འདི་ནི་ཁོང་བླ་མ་ཡང་དག་ཅིག་ཡིན་པའི་དབང་གིས་རེད། མི་སྡུག་དྲགས་པ་དང་དབུ་ཁྲིད་སྐྱོ་དྲགས་པས་མ་རེད།
གནད་འགག་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་མི་འོས་པའི་སྒྲུབ་བྱེད་དུ་ཇི་ལྟར་ཡང་ཁོ་བོས་མཐོང་།
གངས་ཕྲུག་ལགས། ངས་བལྟས་ན་ཁྱོད་ཀྱིས་སྐྱོན་བརྗོད་བྱེད་ས་ནོར་འདུག ཟམ་གདོང་རིན་པོ་ཆེ་ནི་དེའི་ནང་གི་འགན་ཁུར་མཁན་ཕལ་བ་ཞིག་རེད། འགན་ཁུར་མཁན་གཙོ་བོ་ནང་གི་གཙོ་བོ་ནི་གོང་ས་མཆོག་ཡིན་པ་ལས་ཟམ་གདོང་མ་རེད་དོ།
འདི་ནི་དོན་དངོས་ཀྱི་ན་ཟུག་ཅིག་རེད། དེང་སྐབས་བོད་ཀྱི་གནད་དོན་ཐད་ནས་༼ རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར།༽ཟེར་བའི་ཡོངས་ཤོར་ཞིག་ཆགས་ཚར་འདུག བཙན་བྱོལ་བོད་གཞུང་གི་ཉམས་དམའི་ལངས་ཕྱོགས་འདི་དག་མཐོང་དུས། ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་༼ བདག་ལས་གཞན་གཅེས་དམ་པའི་ལྷ་ཆོས་དང་།། དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་མི་ཆོས་གཉིས།། མི་མཐུན་ཟུང་དུ་སྦྲེལ་བའི་བྱ་བ་དེ།། མེ་ཆུ་སྣོད་གཅིག་བཞག་དང་ཁྱད་ཅི་མཆིས།།༽ཞེས་པའི་གསུང་ཚིག་འདི་ཡིད་ངོར་དྲན་ཡོང་གི་འདུག
རྩོམ་སྒྲིག་པ་ལུང་རིག་རྒྱལ།
དེ་རིང་གུས་པ་མེག་གྷན་ལ་གུང་སེང་སྦྲགས་མཆོད་མཇལ་ལ་ཕྱིན་པ་ཡིན། ཕོ་བྲང་ལམ་བར་ནས་མི་ཚོགས་མང་པོ་གྱང་སྟེང་ལ་བལྟས་ནས་བསྡད་འདུག ཅི་ཡིན་ནམ་སྙམ་ནས་གུས་པའི་འདྲེན་བྱེད་ཀྱང་དེ་ལ་བལྟ་བར་ཐལ་སོང། དེ་ནི་རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་སྤྱིའི་འོས་འོས་འདེམས་ཁྱབ་བསྒྲགས་ཧ་ཅང་ཆེན་པོ་གཉིས་སྤེལ་བ་དེ་རེད་འདུག སྐབས་དེ་དུས་གུས་པའི་སེམས་ལ་ཁྱེད་ཀྱིས་དེ་སྔ་རོ་ལངས་རྒྱག་གི་འདུག་ཟེར་བའི་རྩོམ་སྒྲིག་པའི་གཏམ་དེ་དྲན་བྱུང། དེས་ན་གུས་པའི་རེ་བར་ཁྱེད་ཀྱིས་འོས་བསྡུ་ལས་འཕྲོད་པའི་གཏམ་མང་ཙམ་སྤེལ་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
གང་ལྟར་ཀྱང་བོད་ཀྱི་གནད་དོན་ཟེར་པ་དེ་ཕལ་ཆེར་རྫོགས་ཚར་བ་རེད། དེ་སྔོན་༧གོང་ས་མཆོག་གིས་མི་མང་གི་ཚོགས་ཆེན་ཚོགས་དེ་གྲོས་བསྡུར་ཡག་པོ་ཤོས་ཞེས་གསུངས་ཡང་གངས་ཅན་སྐྱིད་གཤོངས་ན་དཔོན་ཚིག་སྟོན་བཞིན་པའི་ཟམ་གདོང་དང་ཁོང་གི་རྒྱུགས་ཁྱུ་འགའི་རང་བཙན་དང་དབུ་མའི་ལམ་གྱི་མང་མོས་བསྡུར་ཡ་འདྲ་པོ་བྱས། གང་ལྟར་ཁྱི་རྒན་འདི་ཚོ་ལ་སྙིང་རྗེ་དང་བོད་ལ་ཤ་ཞེན་མེད་པ་གསལ་པོ་ཡིན་གང་ཡིན་ཞེ་ན་བོད་ནང་དུ་རང་རིགས་སྤུན་ཟླ་ཚོས་རང་སྲོགས་ལ་མ་འཛེམས་པར་བོད་མིའི་སྐྱིད་སྡུག་གླེངས་བཞིན་ཡོད། འོན་ཀྱང་འདིར་ཕྱོགས་སུ་སྐུ་ཚབསཚོགས་པ་རྒྱ་ནག་ཏུ་སོང་དུས་ནམ་ཡང་བོད་ཀྱི་ཆན་སྲིད་བཙོན་པ་གློད་དགོས་སོགས་གང་ཡང་བཤད་མེད་། དེ་ནི་ཟམ་གདོང་གིས་ཁཽང་གི་བཀའ་ཤག་རིང་བོད་རྒྱ་འབྲེལ་མོལ་ཟེར་དེ་ཆད་མེད་ཟེར་པའི་མིང་སྟོང་ཙམ་བསམ་ནས་བསྡད་ཡོད། ཐ་ན་གྲོས་ཚོགས་ནང་དུ་ག་དུས་ཡིན་ཡང་ཁ་ནས་གམངས་གཙོ་ཟེར་བཞིན་༧གོང་ས་མཆོག་གི་བཀའ་ཡིན་ཞེས་གྲོས་ཚོག་འཐུས་མི་ལ་སྨྲ་བརྗོད་རང་མེད་མི་སྤྲོད་པ། གང་ལྟར་རང་ཙན་བཤད་མཁན་ཞིག་ཡིན་ཚེ་ཁོང་ནི་༧གོང་ས་མཆོག་ལ་རྒྱབ་འགལ་བྱས་མཁན་རེད་ཟེར། གསུངས་བཤད་རྫིགས་པཔོ་རེ་གནང་ནས་རླུངས་འཁོར་དམིགས་གསལ་ཨང་གྲངས་ཅན་གྱི་ནང་འགྲོ་ཡ་གཅིག་པོ་མ་གཏོགས་གཞིས་ལུས་རྒྱ་ཆེ་མི་མང་གི་རང་སྲོགས་ཉིན་ནས་ཉིན་བཞིན་འགྲོ་བཞིན་པ་འདི་ལ་ཁ་ཡ་མི་བྱེད་པ་འདི་ནི་ཟམ་གདོང་ཁོ་བཀའ་ཁྲི་མིན་རུང་ཁོང་བླ་མ་ཞིག་ཡིན་པའི་ཆ་ནས་རྒྱུ་འབྲས་འཁོར་ཡོང།
བོད་པ་ཚང་གི་ཤེས་ཡོན་ཅན་དང་སྲིད་དོན་པ་དག་གི་འདས་ཟིན་པའམ་ད་ལྟའི་ཆབ་སྲིད་ལངས་ཕྱོགས་འདིར་ཡིད་ལ་བཟུང་ནས་མ་འོངས་པ་གོམས་པ་ག་འདྲེ་སྤོ་མིན་གྱི་བསམ་ཚུལ་དང་འཆར་བཀོད་མང་ཙམ་གསུང་ཐུབ་ན་ཕན་དྭོགས་ངེས་ཅན་ཞིག་ཡོངས་རྒྱུ་ཡིན།
ད་ཆ་གོ་ཐོས་བྱུང་བར་ཞིག་ན་ ༢༠༠༨ ལོར་མི་མང་ཚོགས་ཆེན་ཚོགས་པ་ཇི་བཞིན་སླར་ཡང་རིང་མིན་མི་མང་ཚོགས་ཆེན་ཞིག་ཚོགས་འཆར་ཡོད་ས་རེད། དེ་བས་ཀྱང་ཤེས་ཡོན་ཅན་པ་དག་དང་སྲིད་དོན་པ་རྣམས་ནས་མ་སྒྲིལ་བསམ་པ་གཅིག་མཐུན་གྱི་སྡོམ་ཚིག་རྒྱབ་ཏེ་༧རྒྱལ་བ་རིན་པོ་ཆེ་དབུ་བསྐོར་མ་བཏང་པར་རང་རང་གི་མངོན་འདོད་ཚོགས་ཆེན་སྟེང་སླེབ་ཐབས་འབད་བརྩོན་དང་ད་ལྟ་ནས་ཐུགས་བསམ་བཞེས་རྒྱུ་གལ་ཆེན་མཐོང་།
ད་དུང་ང་ཚོ་བོད་ཀྱི་རྩ་དོན་དེ་ཉིད་ཀྱིས་མིང་ཡང་མི་བརྗོད་ཟེར་རྒྱུ་ལུས་ཡོད། བློ་ཕམ་པ་ལ། རྣམས་དཔྱོད་ཅན་གྱི་ལྟས་ན་མ་རྟོག་འདི་འདྲ་ཞིག་ཡིད་ལ་ཤར་ཐུབ་ཀྱི་མ་རེད་ཡ། ད་དུང་ཁྱོད་ཀྱིས་སྐྱོན་བརྗོད་བྱས་ནི་རེད་ཞེས་བརྗོད་རྒྱུ་རེད། གང་ལྟར་བརྗོད་ཀྱང་ང་ལ་ཞེ་སྣང་དང་འགྱོད་པ་མེད། ང་ལ་བློ་ཕམ་ཞིག་ཡོད་པ་ནི་མི་རེ་ཟུང་གི་བྱ་བ་ལ་བྱས་པ་ལ་རྒྱབ་སྐྱོར་མི་བྱེད་པ་མ་ཟད་ད་དུང་བོད་ནང་ཀྱི་སྤུན་ཟླ་རྣམས་པས་ལུས་སྲོག་ཀྱིས་བོད་ཀྱིས་རྩ་དོན་ཆེད་དུ་བྱ་བ་བྱས་ན་རིན་ཐང་མེད་པ་ཞིག་འགྱུར་གྱི་འདུག ང་བོད་ནང་གི་སྤུ་ཟླ་རྣམས་ཀྱི་ལྟ་བ་ལ་རྱྒབ་སྐྱོར་ཡོད།