མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་སྟོན་གསེར་གྱི་ཐུར་མ། དབྱངས་བུ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་སྤྱིའི་འོས་འདེམས་དང་འབྲེལ་བའི་ ༧རྒྱལ་བའི་བཀའ་སློབ་ཟུར་འདོན་ཞུས་པ་དགེའོ།།

གལ་ཆེ་ཤོས་མིའི་ངོ་བོ་དེ་དངོས་གནས་ལས་དོན་གྱི་ཐོག་ལ་རན་པ་དང། འཇུག་པོ་ཡོང་བ་དེར་བསམ་བློ་གཏོང་དགོས། དེའི་ཞོར་ལ་དཔལ་དང་རྒྱན། ཕུན་སུམ་ཚོགས་པའི་ཡན་ལག་ཆོལ་ཁ་ཚང་མའི་མི་སླེབས་ཐུབ་པ་བྱུང་ན་ཨང་ཀི་དང་པོ་རེད། དཔེར་ན། ཨ་མདོ་མི་ཉུང་ཉུང་རེད། ཨ་མདོའི་ནང་ལ་བཀའ་བློན་འོས་པའི་མི་གཅིག་ཁྱོན་ནས་རྙེད་ཀྱི་མི་འདུག་ན། བྱེད་ཐབས་ཡོད་པ་མ་རེད། ང་སྒེར་གྱི་ཐོག་ནས་བཤད་ན་ང་ཨ་མདོ་རེད། ཁྱེད་རང་ཚོས་ང་ལ་བློ་བཞག་ན་འགྲིག་གི་རེད། ཨ་མདོ་བ་རག་གི་མི་འདུག་ན་ཨུ་ཚུགས་རྒྱག་མི་རུང། ཨ་མདོ་གང་ཡང་མི་ཤེས་མཁན་གཅིག་ལ་ཁོས་ཚོང་རྒྱག་རྒྱུ་མ་གཏོགས་གང་ཡང་ཤེས་ཀྱི་མ་རེད་དེ། ཡིན་ནའང་བཀའ་བློན་ལ་བཞག་ན་མ་གཏོགས་འགྲིག་གི་མ་རེད་ཟེར་ལབ་ན་ཤིན་ཏུ་ནོར་འཁྲུལ་རེད།
 
བཀའ་བློན་བྱེད་མཁན་གྱི་མི་དེ་ལ་ལྷག་བསམ་དང་ཤེས་ཡོན་དགོས་ཀྱི་ཡོད་པ་རེད། འགོ་འཁྲིད་མཁན་ཞིག་ཡིན་པར་བརྟེན་ཉིན་རེའི་ལས་ཀ་ཙག་ཙིག་ཐོག་ཚགས་ཚུད་པོ་ཡོང་གི་ཡོད་རུང་མེད་རུང། རྩ་བའི་བསམ་བློ་མང་པོ་འཁོར་ཐུབ་མཁན་ཞིག་དང། གསར་གཏོད་ཀྱི་བསམ་བློ་བཏང་ཐུབ་མཁན་དེ་གལ་ཆེན་པོ་ཡིན། བཀའ་བློན་ཟེར་བ་ནི་ནུས་པ་དང། དབང་ཚད་མཐོ་ཤོས་ཀྱི་མི་གཅིག་ཡིན། དེའི་དབང་ཚད་བེད་སྤྱོད་ཡོང་བ་ལ་མི་དེར་སྤྱི་མོས་ཡོད་དགོས། སྤྱི་མོས་མེད་ན་དབང་ཚད་བེད་སྤྱོད་ཐུབ་པ་དཀའ། ང་རང་ཚོ་སོ་སོའི་ལུང་པའི་ནང་ལ་ཡོད་པ་དང། སྒྲིག་འཛུགས་དཀྱུས་གཅིག་གི་སྒང་ལ་གནས་ཡོད་ན་མིས་སྤྱི་མོས་མེད་ནའང་དབང་ཚད་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་རེད། དེང་སང་ཕྱོགས་གཅིག་ནས་ང་ཚོ་མང་གཙོའི་སྒང་ལ་འགྲོ་གི་ཡོད། གཉིས་ནས་ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་པས་བཀའ་ཤག་ལ་མི་མང་གིས་བརྩི་བཀུར་ཡོང་བ་ལ་བཀའ་བློན་རྣམས་ལ་མང་མོས་ཡོད་པ་དང། སྤྱི་མོས་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད། སྤྱི་མོས་ཡོང་དང་མ་ཡོང་གི་ཆ་རྐྱེན་གཙོ་བོ་ནི་མི་དྲང་པོ་བྱེད་རྒྱུ་དེ་ཡིན། སུ་ཡིན་ནའང་མི་དྲང་པོ་ཞིག་དང། ལྷག་བསམ་རྣམ་དག མི་བརྟན་པོ་བྱེད་མཁན་ཞིག་ཡོད་ན་དེ་ལ་མང་ཚོགས་ནས་རང་བཞིན་གྱིས་དགའ་མོས་བྱེད་ཀྱི་ཡོད་པ་རེད། འབྱོན་ཐང་ཡོད་པ་གཅིག་པུ་ལ་དགའ་མོས་ཡོང་མིན་སྣ་ཚོགས་རེད། བཀའ་ཤག་ནི་ང་རང་ཚོ་བཙན་བྱོལ་གཞུང་གི་ལས་ཁུངས་མཐོ་ཤོས་ཡིན་པས་དེ་ལ་ལས་བྱེད་མང་ཚོགས་དང་བཅས་པས་བརྩི་བཀུར་ཡག་པོ་ཞིག་ཡོང་བ་ལ་མི་དེ་ཤེས་ཡོན་ཡོད་པ་དང། འབྱོན་ཐང་ཡོད་པ་གཅིག་པུས་མི་འགྲིགས་པར་མི་དེའི་རང་བཞིན་དྲང་པོ་ཡོད་པ། སྐད་ཆ་ངོ་ལྐོག་དང་རྒྱབ་མདུན་བཤད་མཁན་མ་ཡིན་པ་དེ་ཆ་རྐྱེན་གཙོ་བོ་རེད། དེ་གལ་ཆེན་པོ་འདུག
 
དེ་ནས་ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་པའི་རིང་ལ་མཐར་ཐུག་གི་འགན་དེ་ངས་འཁྱེར་བསྡད་ཡོད། ཁྱེད་རང་ཚོ་སྤྱི་འཐུས་ཚོས་ད་ནས་ལོ་ཤས་རིང་ལ་༸རྒྱལ་བ་རིན་པོ་ཆེའི་འཁྲིས་འདིར་རྐང་འགན་འཁྱེར་ནས་སྡོད་དགོས་པས། ཁྱེད་ཚོར་རྟག་པར་རྫ་ཙི་དང། སྒྲོག་འཐུད་རྒྱག་མ་དགོས་པ་ཞིག་བྱེད་དགོས། ཁྱེད་རང་ཚོས་སྔོན་ལ་མི་གཅིག་བཙུགས་བཞག་ན་རྙོག་གྲ་བྱུང་ན་༸རྒྱལ་བ་རིན་པོ་ཆེས་མགོ་ཐག་སངས་ཀྱི་རེད་བསམ་པ་བྱས་ན་ནོར་འཁྲུལ་རེད། ང་ཚོ་བཙན་བྱོལ་བྱས་ནས་སྡོད་པའི་རིང་ལ་༸རྒྱལ་བ་རིན་པོ་ཆེའི་འཁྲིས་འདིར་ལས་དོན་བྱེད་མཁན་བཀའ་བློན་རྣམས་ཀྱང་དེ་བཞིན་དུ་མང་ཚོགས་ཀྱི་སྤྱི་མོས་ཡོད་པ། སྐད་ཆ་རྒྱབ་མདུན་ངོ་ལྐོག་མི་བཤད་མཁན། དངོས་གནས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་སྤྱི་པའི་དོན་དག་ལ་ཕྱོགས་སུ་མ་ལྷུང་བའི་ཐོག་ནས་ལས་ཀ་བྱེད་དགོས། ༸རྒྱལ་བ་རིན་པོ་ཆེ་རིམ་པས་སྤོ་བོ་ཆགས་ཡོང་གི་ཡོད། སྤོ་བོ་ལ་རྙོག་གྲ་ཚ་བོ་མི་བཟོ་མཁན་ཞིག་བྱེད་དགོས། དཀའ་ངལ་གང་ཡང་འཕྲད་ཀྱི་མི་འདུག དོན་དག་ཆེ་བ་གང་ཡང་མེད་མཁན། བྱ་བ་ཁྱོན་ནས་མེད་མཁན་ཆུང་ཙག་གི་ཐོག་ནས་རྙོག་གྲ་བཟོས་ཡོང་དུས་དངོས་གནས་སྐབས་རེ་སྦུག་སྲུབ་དོག་གི་འདུག སྐབས་རེ་ཐང་ཆད་ཀྱི་འདུག བཀའ་བློན་འོས་འདེམས་བྱེད་སྟངས་དེའི་ཐོག་ནས་ཁྱེད་རང་ཚོས་བསམ་བློའི་འཁྱེར་སོ་དེ་བོད་སྤྱི་པའི་དོན་དག་ཚགས་ཚུད་པོ་ཡོང་བ་ཞིག་དང། མ་འོངས་པར་སྤྱི་མོས་དང་ནུས་པ་ཡག་པོ་ཞིག་ཡོང་ཐུབ་པའི་བསམ་བློ་གཏོང་དགོས།། །།
 
བཀའ་སྤྱིའི་འོས་འདེམས་སླེབས་ན་ཉེ་བས། ཚོགས་པ་སྒྲིག་འཛུགས་ཁག་དང། ཆོལ་ཁའི་མིང་ཐོག་ནས་བཀའ་སྤྱིའི་འོས་དམིགས་རང་རང་སོ་སོའི་ཁོངས་གཏོགས་ནས་འདོན་སྤེལ་བྱེད་མཁན་མི་ཉུང་བ་ཞིག་དྷ་སའི་ཁུལ་ལ་མཐོང་ཐོས་ཅི་རིགས་ཡོད་པར་དམིགས་ཏེ། དབྱངས་བུས་ཕྱི་ལོ་་༡༩༩༡ ཟླ་ ༧ ཚེས་ ༤་ཉིན་སྤྱི་འཐུས་སྐབས་བཅུ་གཅིག་པའི་ཚོགས་གཙོ་གཞོན་གཉིས་དམ་འབུལ་སྐབས་སྩལ་བའི་བཀའ་སློབ་ལས་ཟུར་འདོན་དང་། འགྲེམས་སྤེལ་བྱས་པ་དགེའོ།།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༧ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 2

  1. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    དབྱངས་བུ་ལགས་ཀྱིས་སྤྱི་མཐུས་ཚོར་༧གོང་ས་མཆོག་གི་བཀའ་སློབ་རིན་པོ་ཆེ་སྤྱན་འབུལ་ཞུས་འདུག་པར་ཐུགས་རྗེ་ཆེ།

    Reply
  2. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    དབྱངས་བུ་ལགས།
    འགན་འཁུར་བ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese