མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་མི་ཞིག

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp
༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས།

༄། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༡༩༥༡ ལོར་བོད་ལྗོངས་མདོ་ཁམས་འབའ་ཐང་དུ་སྐུ་འཁྲུངས། ཕྱི་ལོ་ ༡༩༥༩ ཕྱི་ཟླ་བཞི་པའི་ནང་རྒྱ་གར་དུ་སྐྱབས་བཅོལ་ཕེབས་ཏེ་ཐོག་མར་འབྲས་ལྗོངས་རྣམ་རྒྱལ་སློབ་གྲྭར་ལོ་གསུམ་དང༌། དེ་རྗེས་རྡ་ཤོད་ཟུར་གསོག་སློབ་གྲྭར་ལོ་གཅིག་རིང་བོད་ཡིག་གཙོ་བོར་གྱུར་པའི་དེང་དུས་ཤེས་ཡོན་སོགས་ལ་སྦྱོང་བརྩོན་གནང༌།

ཕྱི་ལོ་ ༡༩༦༣ ལོར་སུད་སིར་ཕེབས་ཏེ་མི་ལོ་བཅུ་ཕྲག་ལྷག་རིང་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་རིམ་པར་བརྒྱུད་དེ་མཐར་ཚོང་དོན་དང་འཛིན་སྐྱོང་ཐོག་དམིགས་བསལ་མྱོང་འདྲིས་སྦྱོང་བརྡར་མཐར་ཕྱིན་བསྐྱངས།

    ཕྱི་ལོ་ ༡༩༧༠ ལོར་ཡུ་རོབ་ཁུལ་བོད་ཀྱི་གཞོན་ནུ་མཐུན་ཚོགས་གསར་འཛུགས་གནང་མཁན་དང༌། ཕྱི་ལོ་ ༡༩༧༨ ནས་ལོ་གསུམ་རིང་ཚོགས་གཙོ། ཕྱི་ལོ་ ༡༩༨༠ ལོར་ཚོགས་པའི་དུས་དེབ་ (Junges Tibet)ཅེས་པའི་རྩོམ་སྒྲིག་པའི་ཐུགས་འགན་བཞེས།

ཕྱི་ལོ་ ༡༩༧༤ ལོར་དབྱིན་ཡུལ་ནང་སྐད་གྲགས་ཡོད་པའི་ (Cambridge University, UK) ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་གནང༌། ༡༩༧༥ ནས་ ༡༩༨༣ བར་སུད་སི་ཛུ་རིག་ཏུ་གཏན་འཇགས་སྒྲིག་འཛུགས་ (Cadre of UBS Zurich, Switzerland) ཞེས་པའི་ཚོགས་པའི་རྒྱུན་ལས་དང༌། སུད་བོད་མཛའ་འབྲེལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་གྱི་ལས་ཁུར་ཞུས།

ཕྱི་ལོ་ ༡༩༨༤ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱིར་རྒྱ་གར་དུ་ཕེབས་དགོས་པའི་བཀའ་ཕེབས་ལྟར། དེ་དུས་སུད་སི་དངུལ་ཁང་ཞིག་གི་སྡེ་ཚན་འགན་འཛིན་དང༌། ཟླ་རེར་སུད་སྒོར་ ༤༠༠༠ ལྷག་གི་གསོལ་ཕོགས་དང་ཐོབ་ཐང་བཅས་ཡོངས་སུ་བློས་བཏང་ཐོག  བཞུགས་སྒར་དུ་ཐོག་མ་ལོ་གཅིག་རིང་གཞུང་གི་སྲི་ཞུར་དང་བླངས་ཞབས་ཞུ་བསྒྲུབས།

ཕྱི་ལོ་ ༡༩༨༥ ལོའི་ཕྱི་ཟླ་ ༢ པར་རང་གཞུང་ནས་སུད་སིའི་སྐུ་ཚབ་དོན་གཅོད་ཀྱི་ལས་རོགས་སུ་བསྐོ་བཞག་གནང་བ་དང༌། ལོ་དེའི་ཕྱི་ཟླ་ ༩ ནས་ ༡༩༩༢ བར་སུད་སི་དང་ཡུ་རོབ་ལྷོ་དཀྱིལ་ཁུལ་གྱི་སྐུ་ཚབ་དོན་གཅོད་པའི་མཛད་འགན་བཞེས། 

ཕྱི་ལོ་ ༡༩༩༡ ལོར་སྐུ་སྒེར་དྲུང་གཞོན་དང༌། ༡༩༩༢ ནས་ ༡༩༩༩ བར་སྐུ་སྒེར་དྲུང་ཆེའི་མཛད་ཁུར་བཞེས་པ་དང་ཆབས་ཅིག ཞོར་དུ་བོད་ཡིག་དགེ་རྒན་བསྟེན་ཏེ་བོད་ཀྱི་སྐད་ཡིག་ཐོག་ནས་ཀྱང་གཞན་བསྟེན་མ་དགོས་པར་རང་རྐྱ་ཐུབ་པ་མ་ཟད། དུས་ཚོད་དེའི་རིམ་ཐའེ་ཝན་དུ་ཐེངས་བཅུ་གསུམ་ཙམ་དངོས་སུ་བསྐྱོད་དེ། ཐའེ་ཝན་བོད་སོག་ལས་ཁུངས་བརྒྱུད་མ་དགོས་པར་ཐད་ཀར་བོད་གཞུང་སྐུ་ཚབ་དོན་གཅོད་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། 

ཕྱི་ལོ་ ༡༩༩༩ ལོར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་འབྲེལ་ཞུར་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་དང༌། ཕྱི་ལོ་ ༢༠༠༡ ལོར་ལས་འགན་སྔར་ཡོད་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་གནང་བ་དང༌། ཕྱི་ལོ་ ༢༠༠༥ ལོར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་གྲོས་ཚོགས་བཅས་སུ་འབྲེལ་ཞུའི་སྐུ་ཚབ་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས། ༢༠༠༨ ལོར་ཡུ་རོབ་མཉམ་འབྲེལ་དང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་ལམ་གོང་མཐོར་གཏོང་ཆེད་དུ་དམིགས་བསལ་སྐུ་ཚབ་ཀྱི་ལས་འཁུར་གནང་མུས་ཡིན་པ་དང༌། ཕྱི་ལོ་ ༡༩༩༩ ནས་ད་ལྟའི་བར་རྒྱ་བོད་འབྲེལ་བའི་ཐོག་ྋགོང་ས་མཆོག་གི་སྐུ་ཚབ་གྱི་ཐུགས་འགན་དང༌། རྒྱ་བོད་འབྲེལ་མོལ་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་མཛད་ཁུར་བཞེས་མུས་ཡིན་པ་བཅས་དང༌། 

དགུང་གྲངས་ལྔ་བཅུ་ང་དགུར་ཕེབས་པའི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ནི་མི་རབས་གསར་པའི་ཁྲོད་ནས་བྱས་རྗེས་ཆེ་བའི་མི་སྣ་གཙོ་གྲས་ཤིག་ཡིན་ཞིང༌། ཁོང་ནི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལ་མཁྱེན་སྟོབས་ཕུན་སུམ་ཚོགས་པ་མ་ཟད། ལས་གནས་གང་གི་ཐོག་ནའང་ཉེ་རིང་ཕྱོགས་ལྷུང་མེད་པ། ལྷག་པར་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་དམིགས་བསལ་མཁྱེན་རྒྱ་ཡངས་པ། ཇར་མན་དང་དབྱིན་ཇེའི་སྐད་ཡིག་སོགས་སྐད་རིགས་སྣ་མང་ལ་བྱང་ཆུབ་ཅིང་སྨྲ་བརྗོད་བདེ་བ། རང་གཞུང་ལྷན་ཁང་ཁག་དང༌། ཕྱི་འབྲེལ་སྲིད་བྱུས། རྒྱ་བོད་འབྲེལ་ལམ་བཅས་བོད་རྒྱ་ཕྱི་གསུམ་གྱི་སྤྱི་ཚོགས་ལ་ཉམས་མྱོང་ཆེ་བའི་ཁོང་ལྟ་བུ་ནི་ང་ཚོས་འཚོལ་བཞིན་པའི་བཀའ་ཁྲི་ངོ་མ་དེ་ཡིན་པས་ཚང་མས་རྒྱབ་སྐྱོར་གནང་རོགས་དང་བཅས། འབའ་བ་ཡེ་ཤེས་དགའ་བ་སོགས་གཞོན་སྐྱེས་ཁག་ཅིག་ནས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༢ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 9

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བོད་མི་མང་ལ་ཞབས་ཞུ་ཡག་པོ་ཞེ་དྲག་ཞུས་འདུག་སྙིང་ཐག་པ་ནས་ཐུགས་ཆེ་ཞུ་རྒྱུ་ཡིན།ཡིན་ནའང་བཀའ་ཁྲི་ལ་དེ་ཙམ་མུས་མ་མི་འདུག།
    ཁང་གསར་རྡོ་རྗེ་ལགས།ཁོང་གིས་ལ་སྒྲ་ལ་ཞབས་ཀྱུའི་སྒྲ་ཐོན་པ་དེ་ཁམས་སྐད་ཡིན་པ་འདྲ་ཁམས་མི་མང་པོས་དེ་ལྟར་ལབ་ཀྱི་འདུག།ངའི་ལུང་པ་ཡོངས་ཀྱིས་དེ་ལྟར་ལབ་ཀྱི་རེད།གཅིག་བྱེད་ན་ཁོང་ང་གཉིས་ཕ་ཡུལ་གཅིག་པ་མིན་འགྲོ།ཨ་ཅང་རྩེ་མོ་ཡིན།སྤྱི་ཁྱོད་རང་མཁྱེན་རྒྱ་ཆེ་བའི་མི་སྣ་ཞིག་ལ་ངས་ཞུ་དགོས་པ་མེད་ཀྱང་རང་དབང་མེད་པ་ཤོར་སོངབའི་སྤྲོ་མ་ལོངས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འདི་རིང་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་ ༢༤༧ རག་འདུག

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཁོང་གི་གསུང་བཤད་ཐེངས་ཁ་ཤས་ཉན་པ་ཡིན། བཀའ་མོལ་གནང་དུས་གཡོ་ཟོལ་མེད་པ་ཞིག་འདུག ད་དུང་ཡོ་རོབ་ས་ཁུལ་གྱི་གནས་ཚུལ་ཧ་ཅང་ཞིབ་ཚགས་མཁྱེན་གྱི་འདུག

    དམིགས་བསལ་དོ་སྣང་བྱུང་བ་ཞིག་ནི། ཁོང་གིས་བོད་སྐད་བསྐྱོན་དུས། ལ་སྒྲ་ཚང་མ་ལ་ཞབས་ཀྱུའི་སྒྲ་རེ་འདོན་པ་དཔེར་ན། བོད་ནང་ལ་ཛ་དྲག་རེད་ལྟ་བུ་དེ། བོད་ནང་ལུ་ཛ་དྲག་རེད་ཅེས་གསུང་གི་རེད། མི་དམིགས་བསལ་ཞིག་རེད།

    Reply
  4. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    གོང་གི་དགོངས་ཚུལ་དེ་དག་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད། བཀའ་ཁྲི་ལ་འོས་བབས་གཏན་ནས་མི་འདུག

    Reply
  5. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    མི་ཐོག་གོང་མ་འདི་ཀོ་ལ་ཡིད་རང་དང་སྔགས་བརྗོད་ཞུྲ་བཞིན་ཡོད་ཡིན་ན་ཡང་ད་ལན་གྱི་བཀའ་ཁྲི་ལ་རྒྱབ་སྐྱོར་མེད་གང་ཡིན་ཟེར་ན་ཁོང་རྣམས་པའི་ནུས་པས་གང་ཡོང་བྱས་ནས་རང་རིགས་ཀྱི་ཞབས་ཕྱིར་ཞུ་ཟིན་པ་དང་ནུས་པ་གསར་པའང་ཅི་ཡང་འདོན་རྒྱུ་ཡོད་ཚོད་མ་རེད།

    Reply
  6. སེང་ཆུང་། says:
    ལོ་ 16 སྔོན།

    ཁོང་ཨོའོ་ཙི་རེད་དེ་དགུང་ལོ་་་་

    Reply
  7. Lhamon says:
    ལོ་ 16 སྔོན།

    གོང་གི་དགོངས་ཚུལ་དེ་དག་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད། ཁོང་བཀའ་ཁྲི་ལ་འོས་བབས་གཏན་ནས་མི་འདུག

    Reply
  8. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། མི་ཐཽག་གོང་མ་འདི་ཚོས་དཀའ་ལས་ཚད་མེད་བསྐྱོན་ཡོད་པ་རེད། ཡིན་ནའང་། མ་འོང་བའི་བཀའ་ཁྲི་ཧ་ཅང་གི་གལ་ཆེན་རེད། གང་བྱུང་མང་བྱུང་ཞིག་གིས་ཡོང་ཐབས་ཡོད་པ་མ་རེད། ཕལ་ཆེར་༧ གོང་ས་མཆོག་གི་ཚབ་ཉན་ནི་ཞིིག་དགོས་པ་རེད།

    Reply
  9. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    འབའ་བ་ཁ་ཤས་ཀྱིས་འབའ་འབའ་ལུ་གུ་བཞིན་རྩྭ་ཐང་སྒང་ལ་བཏོན་སོང་སྟེ། གྱི་ལིང་རྟ་ཕོ་ལྟ་བུའི་རྒྱུག་རྩལ་ཞིག་མེད་ན། རྩྭ་་ཐང་ཡངས་པོ་ཁད་ཀྱིས་ཆོད་རྒྱུ་ཁག་པོ་རེད།

    ཁོང་ད་དུང་བཀྲས་མཐོང་ཚང་གི་མག་པ་ཡིན་པའི་སྐད་ཆ་ཞིག་གོ་རྒྱུ་འདུག་པས། ས་འོག་དར་ཐག་གི་བྱུས་ཤིག་བཤམས་ཀྱི་མེད་འགྲོ་བསམ་གྱི་འདུག དེར་བརྟེན་ཁོང་ལ་བཀའ་ཁྲིའི་འོས་བབ་དེ་བས་ཀྱང་མི་འདུག good bye!!!!!!!

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese