མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱ་ཆད་སྔོ་ཐང་གི་གོམ་སྟབས། བནྟེ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp
འཛམ་གླིང་ལོ་རྒྱུས་ཀྱི་བྱུང་རིམ་ལས་ང་ཚོས་མཐོང་ནུས་ཤིང་རྟོགས་ཐུབ་པ་ནི་དུས་དང་སྤྱི་ཚོགས་ཀྱི་དགོས་མཁོ། མང་ཚོགས་ཀྱི་མངོན་འདོན་བཅས་ལ་བསྟུན་པའི་འཕོ་འགུྱར་ཡིན། འཕོ་འགྱུར་ནི་རིག་གནས་ཀྱི་ལྟ་གྲུབ།འཚོ་གནས་ཀྱི་ངོ་བོ། འཛུགས་སྐྲུན་ཐད་ཀྱི་རྣམ་པ་སོགས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་ཀུན་ནས་འགྲོ་བཞིན་པའི་འགྱུར་གྲོས་ཤིག་ཡིན། འཕོ་འགྱུར་གྱི་རྣམ་པར་མགྱོགས་ལྷོད་དང་མངོན་གསལ་ཡོད་མེད་ཀྱི་ཁྱད་པར་ལས། དེའི་འགུལ་བསྐྱོད་རང་བཞིན་གྱི་འགྱུར་གྲོས་མེད་པའི་མིའི་སྤྱི་ཚོགས་ཤིག་མ་མཆིས་མོད།བསམ་བློའི་ངོས་དང་རིག་གནས་ཀྱི་ངོས། འཚོ་ཐབས་ཀྱི་ངོས། འཛུགས་སྐྲུན་གྱི་ངོས། སྲིད་དོན་གྱི་ངོས་བཅས་ལ་མངོན་ཐོན་དང་རྗེས་ལུས་རང་བཞིན་གྱི་རྣམ་པའི་ཧེ་བག་ནི་གཙོ་བོ། ངོས་དེ་དག་སོ་སོར་དུས་དང་འཚམ་པའི་འཕོ་འགྱུར་ལ་མྱུར་ཚད་དང་གསོན་ཤུགས་ཐད་ནས་ཁྱད་པར་ཕྱིན་པས་ཡིན།
ད་ལྟའི་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདིའི་འཕོ་འགྱུར་ལ་བལྟས་ན་བློ་ཡིད་ལ་ཤོང་དཀའ་བའི་མྱུར་ཚད་ཅིག་མངོན་མུས་སུ་འཁུ། མྱུར་ཚད་འགྱོགས་ཤིང་འགྱུར་ལྡོག་ཆེ་བའི་བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་རང་བཞིན་གྱི་རྣམ་པ་འདི་བཟང་ཕྱོགས་ཀྱི་འགྱུར་གྲོས་ཤིག་གམ་ཡང་ན་དེ་ལས་ལྡོག་པའི་ལམ་ནོར་ཞིག་ལ་མིག་ལྡན་གཡང་མཆོང་བྱེད་ཀྱིན་འདུགདེའི་ཐད་འགན་འཁྲི་ཅན་གྱི་མི་སྣ་ཡིན་མིན་ལ་མ་ལྟོས་པར་མི་སྒེར་སོ་སོའི་ངོས་ནས་བསམ་དཔྱོད་ཀྱིས་ངེས་བ་རྙེད་དགོས།
མངོན་ཐོན་དུ་འབོད་པའི་སྤྱི་ཚོགས་རིགས་ཀྱི་འཕོ་འགྱུར་ནི་གཙང་བོ་ལྟར་བཞུར་ལ། དེའི་འགོ་ཁུངས་ཀྱི་ཆུ་རྒྱུན་སྟོབས་ཀྱིས་འབབ་པ་ལ་ཕྱོགས་ཀྱི་ཆུ་ཕྲན་དུ་མ་རིམ་གྱིས་འབྲེལ་ཏེ། མཐར་རྒྱ་མཚོ་ཆེ་མོར་འབབ་པའི་ཆུ་བོ་ཆེན་པོ་ལྟར་སྣང།འོན་ཏེ། ང་ཚོའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ནི་སྤྲེའུ་ལྗོན་ཤིང་གཅིག་ནས་གཞན་དུ་འཕོ་བ་ལྟ་བུའི་འགྱུར་གྲོས་ཤིག་ཏུ་སྣང་། སྤྲེའུ་ལྗོན་ཤིང་གཅིག་གི་སྟིང་དུ་ཡོད་སྐབས་ལྗོན་ཤིང་དེར་འཐམ་འཁྱུད་བྱེད་ཅིང་དེའི་སྟེང་གི་ཤིང་འབྲས་ལོངས་སུ་སྤྱོད་པ་མ་ཟད་དེའི་རོ་བཅུད་ལ་འཚུམ་པར་བྱ། ལྗོན་ཤིང་གཞན་ཞིག་ཏུ་གནས་སྤོ་ཚེ་སྔར་གྱི་སྡོད་གནས་དེ་འབྲེལ་མེད་ཀྱི་ཁོར་ཡུག་གཞན་ཞིག་ཏུ་འགྱུར་ཟིན་ཞིང་། ལྗོན་ཤིང་གཉིས་པ་དེར་འཐམ་འཁྱུད་ཀྱིས་ཤིང་འབྲས་རིགས་མི་འདྲ་བ་ཞིག་ཟས་སུ་སྤྱོད་པ་ལྟར། ང་ཚོའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ནི་ངོས་གཅིག་ནས་གཞན་ཞིག་ཏུ་འགྲོ་པའི་རྣམ་པ་མངོན་གསལ་ཡིན་པ་མ་ཟད་མྱུར་ཚད་ཀྱང་ཧ་ཅང་མགྱོགས། དཔེར་ན། ཉེས་དུས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་གསར་བ་ཞེས་པའི་གླེང་གཞི་ཆེན་པོ་ཞིག་གིས་ང་ཚོའི་ཁོར་ཡུག་ལ་གླེང་སྟེགས་ཆེན་པོ་ཞིག་བསྐྲུན་པ་རེད། གཞུང་འཛིན་མི་སྣ་དང་། ཚོགས་སྡེ་མི་སྣ། གྲྭ་བཙུན་རིགས། དགེ་རྒན་གྱི་སྡེ་དང་སློབ་གྲྭ་བ། ཕྱོགས་ཡོངས་ནས་གླེང་གཞི་འདིའི་ཐད་ལ་སྐད་ཆ་བཤད་མཁན། རྩོམ་ཡིག་སྤེལ་མཁན།ལྟ་ཚུལ་དར་སྤེལ་གཏོང་མི། སྲིད་ཇུས་འདེངས་མཁན། ཞིབ་འཇུག་བྱེད་མཁན་སོགས་ཁོར་ཡུག་གི་མཁའ་དབུགས་ཡོད་ཚད་ཤེས་ཡོན་སྲིད་ཇུས་གསར་པའི་གླེང་གཞི་དེར་དྲངས་པ་རེད། དེ་མུར་བཙན་བྱོལ་སྤྱི་ཚོགས་ལ་རིགས་གཅིག་རྐང་འཛིན་པ་དགོས་པའི་གསུང་འཕྲིན་ཞིག་སླེབས་པ་དང་སྦྲགས་ཚ་ཚ་འུར་འུར་གྱིས་གླེང་གཞི་གསར་པ་འདིའི་སྟེང་དུ་འཕོ་འགྱུར་ཕྱིན་ཏེ། ཤེས་ཡོན་སྲིད་ཇུས་གསར་པའི་གླེང་གཞི་དེ་རིམ་བཞིན་ཁ་ཐག་ཇེ་རིང་ནས་ཁ་ལྕེ་གཉིས་ཀྱི་བར་དང་། ཤོག་སྨྱུག་གཉིས་ཀྱི་འགྲན་རྩོད་ལས་ཡལ་ལ་ཉེ། ད་ལྟ་འགོ་བཀའ་སྤྱི་ནས་འོག་མང་ཚོགས་བར་གྱི་གླེང་སློང་གི་རླུང་འཚུབ་ཤུགས་དྲགས་ཅན་དེ་ཉིས་སྟོང་བཅུ་གཅིག་ལོའི་བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུ་དེར་འཕོ་འགྱུར་གྱིས་ཇ་ནག་ཧུབ་གང་འཐུང་བར་ཡང་གླེང་གཞི་འདིའི་བྲོ་བ་སླེབས་ཡོད་པའི་སྣང་ཚུལ་སྟེར།
དེ་བཞིན་ང་ཚོའི་ཤེས་ཡོན་ཅན་ཏུ་རློམ་པའི་མི་སྣ་མི་ཉུང་བ་ཞིག་ཁ་སང་གི་ལོ་རྒྱུས་སྐོར་ལ་སྐད་ཆ་བཤད་ཡོང་སྐབས་ཁོང་ཚོ་ལོ་རྒྱུས་སྨྲ་བ་དང་། དེ་རང་གི་ཆབ་སྲིད་ཀྱི་གླེང་སྟེགས་སྟེང་དུ་ཆབ་སྲིད་པ་ཞིག་ཏུ་མངོན་ཞིང་། སང་ཉིན་ཅི་ཞིག་ཏུ་འགྱུར་མིན་ཐད་ཚོད་དཔག་བྱ་དཀའ་པའི་ཁོང་ཚོའི་མི་གཞི་དང་ལངས་ཕྱོགས་འདིས་ཀྱང་དངོས་ཐོག་བདེན་གྲུབ་ཀྱི་ཁོར་ཡུག་འདིའི་གནད་དོན་འགར་གསལ་བཤད་བྱ་ཐུབ།
ང་ཚོའི་སྤྱི་ཚོགས་ཀྱི་འཕོ་འགྱུར་འདི་དང་ཤེས་ཡོན་ཅན་ཚོའི་རང་གཤིས་འདི་དག་ལས་ངས་ཁོར་ཡུག་འདིའི་གོམ་སྟབས་ནི་སྐྱ་ཆད་སྔོ་ཐང་གི་གཤིས་ཀ་ཡིན་པར་བརྗོད། ནུབ་ཕྱོགས་པའི་རིག་པ་སྨྲ་བ་ཞིག་ལ་མཚོན་ན་འབུ་སྲིན་ཆུང་ཆུང་ཞིག་གི་སྟེང་དུ་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་གཏོང་ནུས་པའི་བློ་སྟོབས་ལ་ང་ཚོས་སློབ་སྦྱོང་མི་བྱེད་པའི་དབང་གིས་ད་ལྟའི་སྐྱ་ཆད་སྔོ་ཐང་གི་གོམ་སྟབས་འདི་ང་ཚོའི་ཐོག་ཏུ་བབས་པ་རེད་ཅེས་བཤད་ནའང་མ་འགྲིག་པ་མེད།

འབྲེལ་ཡོད་གསར་འགྱུར།

Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

སྐར་མ ༤༣ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༢ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

༢༠༢༦/༠༤/༣༠
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨

མཆན། 11

  1. ཙི་ཙི། says:
    ལོ་ 16 སྔོན།

    གོང་དུ། དྲ་གྲོགས་ལྗང་གཞོན་ལགས་ཀྱི་སྐྱ་ཆད་སྔོ་ཐང་ནི་འགྱུར་ལྡོག་ཆེའི་དཔྱིད་དུས་ཀྱི་གནམ་གཤིས་ལ་གོ་དགོས། སྐབས་རེར་ཉི་མ་འཆར་ཀྱང་ལན་རེར་སྤྲིན་ནག་འཁོར། ཆར་རླུང་ནམ་གཡུག་ལ་ངེས་བརྟན་མེད་ཞིག་ལ་ངོས་འཛིན་བྱས་འདུག་ལ་ང་ཚོའི་ཡུལ་ཕྱོགས་ནས་བཤད་སྲོལ་ལྟར་ན།
    སྐྱ་ཆད་སྔོ་སྡུག་ཟེར་བ་དེ་དཔྱིད་དུས་རྩ་སྐྱ་བོ་རྫོགས་ནས་རྩ་སྔོན་ནོར་ཕྱུག་བཟའ་རྒྱུ་མི་རེག་པའི་སྐབས་ལ་ཟེར་བ་རེད་ལ་རྩོམ་ཡིག་གི་ནང་དོན་དཔེ་དེ་ལ་མཐུན་པར་སེམས།

    Reply
  2. ལྗང་གཞོན། says:
    ལོ་ 16 སྔོན།

    སྐྱ་ཆད་སྔོ་ཐང་ནི་འགྱུར་ལྡོག་ཆེའི་དཔྱིད་དུས་ཀྱི་གནམ་གཤིས་ལ་གོ་དགོས། སྐབས་རེར་ཉི་མ་འཆར་ཀྱང་ལན་རེར་སྤྲིན་ནག་འཁོར། ཆར་རླུང་ནམ་གཡུག་ལ་ངེས་བརྟན་མེད།

    Reply
  3. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    གྲོགས་པོ་ལགས། སྐྱ་ཆད་སྔོ་ཐང་ཞེས་པ་དེ་ཅུང་ཙམ་ཏག་ཏག་བསྡད་མི་འདུག སྐྱ་ཆད་སྔོ་སྡུག་ཅེས་ལབ་དགོས་ཀྱི་རེད། སོས་ཀ་དུད་འགྲོ་སེམས་ཅན་རྣམས་ལ་རྩྭ་རྙིང་པ་རྣམས་རྫོགས་པས་སྐྱ་ཆད་ཅེས་པ་དང་། རྩྭ་གསར་པ་ཡང་མ་སྐྱེས་པས་སྔོ་སྡུག་པའི་སྒང་ལ་སྐྱ་ཆད་སྔོ་སྡུག་གི་དུས་ཞེས་ལབ་ཀྱི་ཡོད་མ་རེད་དམ།

    Reply
  4. གངས་ཕྲུག says:
    ལོ་ 16 སྔོན།

    སློབ་གྲོགས་ལགས། བཀྲ་ཤིས་བདེ་ལེགས་ཡོད་ད།

    Reply
  5. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    གྲོགས་མཆེད་བཟང་པོ། འདི་ལྟར་ལམ་ལ་ཆས་རོགས། རྣོ་དཔལ་ལྡན་པའི་རྩོམ་ཡིག་འདི་ཡག་པོར་འཁྱོངས་འདུག

    Reply
  6. རྡོ་ཞུན། says:
    ལོ་ 16 སྔོན།

    ཡག་པོ་འདུག

    Reply
  7. གདོང་རིའི་ཆོས་འཛིན། says:
    ལོ་ 16 སྔོན།

    བཙན་བྱོལ་ཙམ་མ་ཟད་བོད་རྒྱལ་ཁབ་འདི་ཕྱོགས་གང་ས་ནས་ཡར་རྒྱས་གཏོང་བར་སུ་ལའང་འགན་ཡོད་མོད།དེ་རུ་བསམ་ཤེས་བྱས་ཏེ་སྤྱི་ཚོགས་ཀྱི་སྐྱོན་ཆ་ཐེར་འདོན་བྱས་ཚེ་སྤྱི་དོན་ལ་ཕན་པའི་ཡ་ལན་ཞིག་མེད་པར་མི་གཞིའི་སྟེང་སྐྱོན་འཛུགས་བྱེད་མཁན་ནི་རྩོམ་པ་པོར་རྫུས་པའི་མི་བུ་དག་རེད།དེས་ན་ང་ཚོས་སྤྱི་ཚོགས་འདི་ཡར་རྒྱས་འགྲོ་བར་དུས་ཚོད་མང་པོ་འགོར་ས་རེད།

    Reply
  8. རྐང་གསུམ། says:
    ལོ་ 16 སྔོན།

    དྲ་གྲོགས་ཁྱོད་ཀྱིས་བཤད་པ་འདི་བདེ་པ་རེད་རྒྱབ་སྐྱོར་ཡོད་ལགས།

    Reply
  9. འཇམ་དབྱངས། says:
    ལོ་ 16 སྔོན།

    འཛམ་གླིང་འདིའི་སྒང་གི་ཆེས་ཡར་ཐོན་ཆེ་བའི་ཨ་རིའི་རྒྱལ་ཁབ་དང་དབྱིན་ཇི། ཧྥ་རན་སི། ཉི་ཧོང་སོགས་ཀྱི་རྒྱལ་ཁབ་གང་ལ་བལྟས་ཀྱང་སོ་སོའི་སྲིད་ཇུས་ཀྱི་འཁོར་ཕྱོགས་དང་མི་རིགས་ཀྱི་རེ་འདུན་བར་མི་མཐུན་པ་དང་དེ་དང་འབྲེལ་བའི་རྙོག་ཟིང་། ཕན་ཚུན་སྐྱོན་བརྗོད་སོགས་ཉིན་རྟག་ཡོད་མུས་རེད། དེས་ན་སྤྱིར་ངུ་ཚོའི་སྐྱབས་བཅོལ་སྲིད་གཞུང་གི་མ་འགྲིག་མ་འཐུས་པའི་སྲིད་ཇུས་རྣམས་ཐེར་འདོན་དང་། དེ་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་སྤེལ་རྒྱུ་གལ་ཆེ་བ་སྨྲོས་མེད་རེད། ཡིན་ན་ཡང་དེ་བས་ཀྱང་གལ་ཆེ་བ་ནི་ད་ལྟའི་ཆར་སོ་སོ་སྒེར་ངོས་ནས་མི་གཞི་ཡག་པོ་ཞིག་དང་། རང་གི་མི་རིགས་དང་རིག་གཞུང་ལ་ཤ་ཚ་རྣམ་དག་ཡོད་མཁན་གྱི་མི་གཞི་ཞིག་ཡོང་ཐབས་དང་དེ་ལྟར་དགོས་པ་ནི་ཀུན་གྱི་དོན་པོ་དེ་རེད་སྙམ།

    Reply
  10. རྡོ་ཞུན། says:
    ལོ་ 16 སྔོན།

    ཡག་པོ་འདུག

    Reply
  11. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བདེན་བདེན་ཞུ་བ་མ་གཏོགས་བསམ་འཆར་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese