མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོཊ་ཀྱི་ཚོགས་འདུ་དང་པོ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་དམངས་གཙོའི་དུས་དྲན་ཐེངས་ ༥༠ བ་དང་བསྟུན་ཏེ། དགེ་ལྡན་བསྟན་བདག་ལྷན་ཚོགས་དང་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་དང་པོ་སེ་ར་ཐེག་ཆེན་གླིང་དུ་སྐོང་ཚོགས་གནང་སྟེ། དགེ་ལུགས་པའི་དགོན་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོར་སྣོན་འབྲུ་སྤོར་འཇོག་གནང་སྟེ། ཡོངས་ཁྱབ་ཐོག་ལག་ལེན་བསྟར་ཕྱོགས་ཐད་གྲོས་ཆོད་དང་གོ་བསྡུར་གནང་ཡོད།

རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་བླ་སྤྱིའི་ཐོག་ཁང་དུ་ཕྱི་ཚེས་ ༣ དང་ ༤ ཉིན་བར་གཉིས་རིང་། ༼ དགེ་ལྡན་བསྟན་བདག་ལྷན་ཚོགས་དང་། ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་དང་པོ། ༽ ཞུ་བ་དེ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་དེའི་སྟེང་དགེ་ལྡན་བསྟན་བདག་ལྷན་ཚོགས་ཀྱི་ཚོགས་མི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། དེ་བཞིན། ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་གིས་དབུས་པའི་གདན་གསུམ་གྲྭ་ཚང་དྲུག་དང་གདན་ས་བཀྲ་ཤིས་ལྷུན་པོ། རྭ་བ་སྟོད། རྣམ་རྒྱལ་གྲྭ་ཚང་བཅས་ཀྱི་མཁན་པོ་རྣམ་པ་དང་། རྒྱུད་སྟོད་སྨད་གཉིས་ཀྱི་མཁན་ཚབ་བཅས་ལྷན་ཞུགས་ཐོག རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་དང་འབྲེལ་བའི་གྲོས་གཞི་ཁག་དགུ་ཡི་ཐོག་བགྲོ་གླེང་གོ་བསྡུར་གནང་མཐར། དེ་རིང་ཉིན་གུང་ཆུ་ཚོད་ ༢ སྟེང་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ་ཏེ། གྲོས་ཆོད་ཁག་བརྒྱད་ཀྱི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་ཡིས་མཆོག་མཆན་བཀོད་སོང་།

 

ཚོགས་འདུ་གྲོལ་མ་ཐག་འདི་གའི་གསར་འགོད་པས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་ཤྲཱི་ཆུ་བཟང་སྤྲུལ་སྐུ་མཆོག་ལ། ཐེངས་འདིར་དགེ་ལུགས་པའི་ཚོགས་ཆེན་འདི་སྐོང་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཕྱི་ལོ་ ༢༠༠༦ ལོར་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཅིག་བཟོས་ཡོད་ཀྱང་། དེ་ཙམ་ཁྱབ་མེད་པ་དང་ལག་ལེན་འཁེལ་ཐུབ་ཡོད་པ་མ་རེད། ཐེངས་འདིར་བཅའ་ཡིག་གི་དོན་ཚན་ཁག་ཅིག་ལ་སྣོན་འབྲུ་སྤོར་འཇོག་དང་། གདན་ས་ཁག་ཚང་མར་བཀྲམས་ཏེ་ལག་ལེན་བསྟར་ཕྱོགས་ཐད་གྲོས་བསྡུར་བྱས་པ་རེད། ལག་བསྟར་བྱེད་ཕྱོགས་ཐད་གདན་ས་ཁག་གི་མཁན་པོ་རྣམས་ལས་གྲུབ་པའི་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཀྱིས་འགན་བཞེས་དགོས། དེ་བཞིན་གྲྭ་དམངས་ལ་རྒྱུན་དུ་ལྷན་བཅར་གནང་མཁན་དགེ་བསྐོས་ཚོ་དང་ཁང་ཚན་དགེ་བསྐོས་སོགས་ཡིན་སྟབས་ཁོང་ཚོས་ལག་ལེན་བསྟར་དགོས་པ་ཆགས་ཡོད་ཟེར།

ཡང་ཁོང་ལ་བཅའ་ཡིག་ཆེན་མོ་དེའི་ནང་བོད་པའི་རྩ་དོན་དང་ཆབ་སྲིད་ཐོག་དགེ་འདུན་པ་ཚོས་ལས་དོན་བྱེད་ཕྱོགས་བཀོད་ཡོད་མེད་དང་། ༧གོང་ས་མཆོག་གིས་དུས་རྒྱུན་དགོན་པ་གྲྭ་ཚང་ཁག་ཏུ་བོད་པའི་རྩ་དོན་ཐོག་འགན་ཡོད་སྐོར་ནན་གྱིས་གསུངས་གི་ཡོད་སྟབས། ཐེངས་འདིའི་ཚོགས་ཐོག་ཏུ་གླེང་སློང་དང་གྲོས་ཆོད་འདྲ་བཞག་ཡོད་དྲིས་པར་ཁོང་གིས། བཅའ་ཡིག་ནང་དམིགས་བསལ་དེ་འདྲ་ཡོད་པ་མ་རེད་དེ། ཐེངས་འདིའི་གྲོས་ཆོད་བདུན་པའི་ནང་། “༧གོང་ས་མཆོག་གི་བཀའ་དགོངས་རྣམས་ཕྱག་ལེན་ཡོང་ཐབས་ལ་ལྷན་ཚོགས་འདིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན” ཞེས་ཁ་གསལ་བོ་བྱས་ཏེ་བཀོད་ཡོད། ཅེས་གསུངས་སོང་།

 

གྲོས་གཞི་ཁག་བརྒྱད་ནི། དང་པོ།  རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཁྲིམས་ནང་གི་དོན་ཚན་དགུ་པའི་ཚན་པ་རེ་རེའི་ཐོག་བགྲོ་གླེང་ཞིབ་ལྷུག་གནང་མཐར་དོན་ཚན་དེ་དག་ཕྱག་ལེན་དུ་འཁེལ་རྒྱུ་བྱས་ཡོད་པ་དང་། གཉིས་པ། ཐོག་མར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དབུས་རྒྱུན་ནས་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་དགོན་སྡེ་གྲྭ་ཚང་ཁག་ལ་འགྲེམས་སྤེལ་ཞུ་རྒྱུ་དང་། གདན་ས་གྲྭ་ཚང་ཁག་གི་དགེ་བསྐོས་བརྗེ་ལེན་སྐབས་བཅའ་ཡིག་ཆེན་མོ་འདི་བཞིན་རྩིས་སྤྲོད་རྩིས་ལེན་དང་འབྲེལ། ཁུངས་སོ་སོའི་མཁན་རིན་པོ་ཆེ་དང་དགེ་བསྐོས་བཅས་ནས་དུས་ནས་དུས་སུ་ཕྱག་ལེན་ལ་འཁེལ་ཐབས་མཛད་རྒྱུ་བྱས་ཡོད། གསུམ་པ། ད་ཡོད་ཆོས་སྡེ་གྲྭ་ཚང་སོ་སོའི་རྒྱུགས་གཞི་སློབ་ཚན་རྣམས་རིང་མིན་དབྱིན་ཡིག་ཐོག་འབུལ་རྒྱུ་དང་། དེ་རྗེས་རིམ་པས་བཀའ་བསྡུར་གནང་རྒྱུ།  བཞི་བ། འཇང་དགུན་ཆོས་ཀྱི་ལས་དོན་བསྒྲུབ་ཆེད་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུ་དང་། གནས་སྐབས་ཚོགས་ཆུང་དེའི་ཚོགས་གཙོ་དགའ་ཤར་མཁན་པོ་བྱང་ཆུབ་ཆོས་ལྡན་ལ་ད་ལམ་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་བསྐོ་བཞག་བྱས་ཤིང་། གདན་ས་གསུམ་ནས་ཚོགས་མི་རེ་དང་། དེ་དག་གྲྭ་ཚང་སོ་སོ་རེ་མོས་ཀྱི་གཏོང་གནང་མཛད་རྒྱུ། བཀྲ་ཤིས་ལྷུན་པོ་དང་རྭ་སྟོད་གཉིས་ནས་ཚོགས་མི་གཅིག་རེ་རེས་མོས་ཀྱིས་བཏང་སྟེ། ཚོགས་ཆུང་དེར་ཚོགས་མི་ལྔ་ལས་གྲུབ་ཅིང་། ཚོགས་ཆུང་གི་ལས་དུས་ལོ་ ༥ གཏན་འབེབས་བྱས་ཤིང་། ཚོགས་མི་དེ་དག་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་མཁན་གཏོང་ཐབས་ལ་འབད་བརྩོན་བྱ་རྒྱུ། དགའ་ལྡན་གྱི་གདན་གསུམ་སྨོན་ལམ་ཚོགས་ཆུང་གི་ལས་ཁུངས་དེ་ཚོགས་ཆུང་འདིའི་ལས་ཁུངས་བྱ་རྒྱུ། འཇང་དགུན་ཆོས་ཀྱི་སྒྲིག་གཞི་དང་ཡིག་ཆ་ཡང་ཁྲིམས་མཐུན་དེབ་བསྐྱེལ་བྱ་རྒྱུ་ཚོགས་ཆུང་ནས་འགན་ལེན་ཐོག ཕྱི་ལོ་ ༢༠༠༩  ལོར་འཇང་དགུན་ཆོས་ཚོགས་ཆུང་ནས་སྙན་ཞུ་ཕུལ་བ་ལྟར། རྒྱུད་གྲྭ་སྟོད་སྨད་གཉིས་དང་རྣམ་རྒྱལ་གྲྭ་ཚང་བཅས་ལའང་སློབ་གཉེར་བའི་ས་མིག་གནང་རྒྱུ་དང་། སྔར་ཡོད་གདན་སའི་གྲྭ་ཚང་ཁག་གི་སློབ་གཉེར་བ་མང་དུ་གཏོང་རྒྱུའི་ཐད་བསམ་ཞིབ་གནང་རྒྱུ། 

 

གྲོས་གཞི་ལྔ་པ།  གཞུང་ཆེན་བཀའ་པོད་ལྔ་དང་། རྒྱུད་སྡེ་ཆེན་པོ་བཞི། རིག་གནས་ཆེ་བ་ལྔ་བཅས་ཀྱི་ཐོག་ལ་རིགས་གཅིག་རྐང་འཛིན་དགོས་གལ་ཡོད་མེད་སྐོར་ལ་གྲོས་བསྡུར་བྱས་མཐར།  རིགས་གཅིག་རྐང་འཛིན་དགོས་གལ་ཤིན་ཏུ་ཆེ་ཞིང་། ལྷ་རམས་སློབ་ཐོན་ཟིན་པ་རྣམས་ལ་དེ་ལྟར་གནང་དགོས་པའི་བསྐུལ་མ་གནང་རྒྱུ། དྲུག་པ། བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཁོངས་ནས་སློབ་གཉེར་བ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འཛུལ་ཞུགས་སྐོར་ལ་གྲོས་བསྡུར་གནང་མཐར།   དེ་སྔ་བཀའ་མོལ་བྱུང་དོན་ལྟར་དེ་དང་ཕྱོགས་མཚུངས་མང་བས་གནས་སྐབས་ངོས་ལེན་ཞུ་ཐབས་དཀའ་ཡང་། མ་འོངས་པར་དགོངས་བཞེས་བཀའ་བསྡུར་གནང་རྒྱུ།  བདུན་པ། ༧གོང་ས་མཆོག་གི་བཀའ་དགོངས་རྣམས་ཕྱག་ལེན་ཡོང་ཐབས་དང་། རིས་མེད་ཆོས་ལུགས་མཐུན་ལམ། བོད་དོན་བདེན་གསལ་ཐབས། འཛམ་གླིང་ཞི་བདེ་སྐོར་སོགས་ལ་བཀའ་བསྡུར་གནང་མཐར། ༧གོང་ས་མཆོག་གི་བཀའ་དགོངས་རྣམས་ཕྱག་ལེན་ཡོང་ཐབས་སོགས་ལ་ལྷན་ཚོགས་འདིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ། བརྒྱད་པ། ད་ལམ་༧གོང་ས་མཆོག་ནས་བཀའ་སློབ་ཆེད་ཕེབས་དགོངས་དོན་ལྟར། གདན་ས་གྲྭ་ཚང་སོ་སོའི་མཁན་རིན་པོ་རྣམ་པས་བྱང་ཆུབ་ལམ་རིམ་ཆེན་མོའི་འཆད་ཉན་ཆ་ཚང་གྲུབ་པ་མཛད་རྒྱུ་དང་། དགེ་བཤེས་ཐོན་ཟིན་པ་རྣམས་ནས་ལེགས་སྦྱར་གྱི་སྐད་སོགས་སྦྱང་ཐབས་བྱ་རྒྱུ། དགེ་ལུགས་པའི་སློབ་སྟོན་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ། རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོའི་དོན་ཚན་བཅུ་དགུའི་ནང་ཚན་བདུན་པ། གློ་བུར་དགག་དབྱེ་བྱ་དགོས་ཀྱི་རྐྱེན་ཚད་ལྡན་མ་བྱུང་ན་ཡུལ་དུས་དང་བསྟུན་ཏེ། དབྱར་ཟླ་བ་གསུམ་ཆ་ཚང་བཞུགས་ཐུབ་ན་བཞུགས་དགོས་པ་དང་། བཅའ་ཡིག་ཆེན་མོའི་དོན་ཚན་ ༡༩ ནང་གསེས་ ༡༦ པ་གདན་གསུམ་གྲྭ་ཚང་ཁག་གིས་མཚོན་དགེ་ལྡན་པའི་འདུས་སྡེ་ཀུན་གྱི་གསོ་སྦྱོང་ཚོགས་པའི་དུས་ཚིགས་གཅིག་གྱུར་ངེས་པར་དགོས་པ་བཅས་བཞག་འདུག

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་ནས་སྤེལ།༽

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༥ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 11

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ལུང་འདྲེན་གནང་མཁན་དང་རང་གི་བསམ་ཚུལ་བརྗོད་མཁན་ཚང་མས་དག་ཆར་དོ་སྣང་བྱེད་དགོས།

    Reply
  2. སྣང་གསལ། says:
    ལོ་ 16 སྔོན།

    ཕྱི་རུ་ཉན་ཐོས་སྤྱོད་པས་གཞི་ཞིང་དུལ།
    ནང་དུ་རིམ་ཉིད་རྣལ་འབྱོར་སྡེང་དང་ལྡན།
    མདོ་སྔག་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།
    བློ་བཟང་རྒྱལ་བའི་བསྟན་པ་རྒྱས་འགྱུར་ཅིག།།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ཆོས་ལ་ཐོས་བསམ་གྱི་བློ་མིག་ལྡོངས་བཞིན་དུ་ཆོས་སྡེ་ཆེན་པོ་དག་གི་བཅའ་ཡིག་གི་ཐད་རང་འདོད་ཀྱི་སྨྲ་ལྕེ་གཡུགས་རྒྱུའི་འོས་བབ་མེད་མོད། བོད་མི་མགོ་ནག་ཅིག་དང་། དད་ལྡན་ཕལ་བ་ཞིག་གི་ངོས་ནས་རང་སེམས་ལ་གཟན་པའི་མཐོང་ཐོས་འགའ་གཞི་ལ་བཞག་ནས་གྲྭ་བཙུན་སྤྱིའི་ཀུན་སྤྱོད་ཀྱི་ཐད་ལ་སྐད་ཆ་རེ་འགའ་བརྗོད་འདུན་བྱུང་། དད་པ་ཅན་གྱི་མིག་ལ་ཚེར་མ་བཞིན། རིགས་ཞེན་ཅན་གྱི་སེམས་ལ་རྨ་ཁ་བཞིན། གཞན་རིགས་ཀྱིས་མཐོང་ན་ཞེ་མེར་བ་རང་རིགས་ཀྱིས་མཐོང་ན་སྙིང་ན་བྱེད་ཀྱི། རྡ་རམ་ས་ལ་གཙོས་པའི་ཕྱི་ནང་ཡུལ་གྲུ་ཀུན་ན་གཟན་དམར་པོའི་འོག་ན་རྫུ་འཕྲུལ་ཡ་མཚན་སྟོན་མཁན་ནི་ལོ་རེ་ནས་ལོ་རེ་བཞིན། བརྒྱ་འགྱུར་སྟོང་འགྱུར་གྱིས་མང་དུ་འཕེལ་བཞིན་འདུག་ལ། དེ་དག་གིས་ནང་བའི་བསྟན་པ་འཛིན་མཁན་སྤྱི་གཙོས་བོད་མི་ས་ཡ་དྲུག་གི་ངོ་གདོང་ཆུ་འཕེན་བཞིན་ཡོད་ན། དེ་དོན་ལེགས་བཅོས་ཡོང་བ་ལ་ལྷ་འབེབས་ལུང་སྐུལ་ཡང་རུང་། ཁྲིམས་སྒྲིག་སྲོལ་གྱིས་གཅུན་ཡང་ཆོག གང་ལྟར་མ་འོང་པའི་ཆ་ན། གཟན་དམར་པོ་གྱོན་པའི་དགེ་འདུན་པའི་སྡེ་ནི་དམངས་ཀྱིས་ཁ་མིག་ཡར་བལྟ་བྱ་སའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཆགས་མ་ཐུབ་རུང་། དམངས་རྣམས་ཞེན་པ་ལོག་བྱེད་ཅིག་ཏུ་མི་འགྱུར་བའི་ཐབས་ཤེས་ཤིག་གང་མགྱོགས་གང་མྱུར་གྱིས་གྲོས་ཁ་བསྡུར་རྒྱུ་ཤིན་ཏུ་གལ་ཆེ་བར་འདོད།

    Reply
  4. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    རིགས་གཅིག་རྐང་འཛིན་གྲྭ་སར་སྤེལ་དགོས་ཞེས་པ་དེ་གང་ཞིག་སྒང་ལ་གསུངས་བཞིན་ཡོད་པ་རེད། དགེ་ལུགས་པའི་ལྟ་གྲུབ་ཁོ་ན་ལབ་བཞིན་ཡོད་པ་རེད་དམ། ཚན་རིག་དང་རིག་གནས། ཡང་ན་དབྱིན་ཡིག་ཟེར་བཞིན་ཡོད་པ་རེད། དྲང་མོར་ཞུས་ན་གྲྭ་སར་གནས་པའི་གྲྭ་བ་ཚོད་དོན་དངོས་ཐོག་ནང་ཆོས་ཁོ་ན་ལ་སྦྱང་བརྩོན་བྱེད་བཞིན་ཡོད་པས། ཁོ་ཚོ་ལས་ལྷག་པའི་རིགས་གཅིག་རྐང་འཛིན་ཞིག་གང་ན་ཡོད།

    Reply
  5. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    དོན་ངོ་མ་དགའ་ལྡན་བསྟན་བདག་ལྷན་ཚོགས་ཀྱིས་༸གོང་ས་མཆོག་གི་བཀའ་བཞིན་ལག་ལྟར་དོན་འཁྱོལ་དགོས་གལ་ཆེ་བ་ལས་༸གོང་ས་མཆོག་གི་སྐུ་མདུན་དུ་འདྲ་ཆགས་ཆགས་དང་། རྒྱབ་ཏུ་འབྲེལ་མེད་དོན་གཞན་གྱི་ཕྱག་ལས་གནང་མཁན་ཡང་མཁན་མཁན་ཟུར་ནང་མི་ཉུང་བ་ཞིག་ཡོད་པ་སྤྱི་ཚོགས་ནང་གླེང་སློང་ཡོད་བཞིན་པ་ཡིན་དུས་ཁ་དོན་ཚིག་ལ་གནས་པ་ཞིག་གནང་ན་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་ཞུ་ཐབ་དང་ཐུབ། དེ་མིན་རྒྱབ་མདུན་གྱི་ཕྱག་ལས་ཁཽ་ན་གནང་སྟེ་ཞུགས་ན་བསྟན་འཛིན་མ་རེད་བསྟན་དགྲ་རེད།

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    བཙུན་པས་་གློག་ཀླད་དང་ལག་འཁྱེར་ཁ་པར་བརྒྱུད་ནས་ཆགས་སྲེད་ལ་བལྟ་བར་དོགས་ནས་ཡིན་ན་སྙིང་བོ་མི་འདུག་གོ། གང་ཞེ་ན། ངན་པས་ངན་སར་དང། ལེགས་པས་ལེགས་སར་བེད་སྤྱོད་པ་ཆོས་ཉིད་རེད། དེ་བས་བཟང་ངན་ལེབ་བརྡུང་མི་བྱེད་པར་ཡོད་ཡོད་པ་ཡིན་པའི་ཆགས་བརྙན་འགོག་པའི་ཐབས་ལམ་བསྟེན་རྒྱུ་མཁྱེན་མཁྱེན་ཞུ།
    ཁ་བ་ནག་པོའི་ལྔ་བོ་དེའི་སྟེང་དུ་ལུས་རྩལ་རྩེད་རིགས་ཏེ་རྐང་སྤོལ། ལག་སྤོལ། སླེ་ལྒང་། ཁེ་རིས་ཁེ་ཁྲི་ལྟ་བུ་ཆོག་པ་མ་ཟད་དེ་འདྲའི་རྩེད་ཐང་ཡང་ངེས་པར་བཀོད་བསྒྲིག་བྱེད་དགོས་སོ།།་

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ལག་ལེན་དུ་ཁེལ་མི་ཐུབ་པའི་མི་ཆོག་པ་རྐྱང་རྐྱང་ལས་དུས་རབ་དང་མཐུན་པ་གཅིག་ཀྱང་མི་འདུག་ཞེས་བཤད་ན་ཧ་ཅང་ཐལ་ཆ་མི་འདུག

    Reply
  8. རྐང་གསུམ། says:
    ལོ་ 16 སྔོན།

    དགེ་ལྡན་པ་ཚང་གིས་དྷ་སའི་མེ་ལོ་གི་མཚོན་པའི་དགོན་པ་མེད་སའི་དགེ་ལྡན་པའི་གྲྭ་བ་ཡུལ་འཁྱམ་པ་ཚོ་དང་དགེ་ལྡན་པའི་དགོན་པ་སོ་སོའི་མཁན་པོ་སོགས་ཀྱི་མིང་འདྲ་མིན་ཁུར་ནས་འཛམ་གླིང་ཡུལ་གྲུ་སོ་སོའི་གཞུང་ཚབ་ཀྱི་མཚོན་པའི་གནས་ཡུལ་འདྲ་མིན་ནས་བྱ་སྤྱོད་སྣ་ཚོགས་སྤེལ་གྱིན་ཡོད་པའི་གྲྭ་བ་ཚོའི་བྱ་སྤྱོད་ལ་རྟིང་འཛིན་བྱེད་རྒྱུ་འུ་ཡིན་ན། ངོ་མ་འདི་དག་གི་རིགས་ལ་༼ དགེ་ལྡན་བསྟན་བདག་ལྷན་ཚོགས་དང་། ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས༽ཀྱིས་ཅི་ཞིག་བྱེད་ན་བྱེད་རེན་ལ་ཐིག་ཡོད་པ་གསལ་བོ་རེད།

    Reply
  9. རྐང་གསུམ། says:
    ལོ་ 16 སྔོན།

    དགེ་ལྡན་པ་ཚང་གིས་དྷ་སའི་མེ་ལོ་གི་མཚོན་པའི་དགོན་པ་མེད་སའི་དགེ་ལྡན་པའི་གྲྭ་བ་ཡུལ་འཁྱམ་པ་ཚོ་དང་དགེ་ལྡན་པའི་དགོན་པ་སོ་སོའི་མཁན་པོ་སོགས་ཀྱི་མིང་འདྲ་མིན་ཁུར་ནས་འཛམ་གླིང་ཡུལ་གྲུ་སོ་སོའི་གཞུང་ཚབ་ཀྱི་མཚོན་པའི་གནས་ཡུལ་འདྲ་མིན་ནས་བྱ་སྤྱོད་སྣ་ཚོགས་སྤེལ་གྱིན་ཡོད་པའི་གྲྭ་བ་ཚོའི་བྱ་སྤྱོད་ལ་རྟིང་འཛིན་བྱེད་རྒྱུ་འུ་ཡིན་ན། ངོ་མ་འདི་དག་གི་རིགས་ལ་༼ དགེ་ལྡན་བསྟན་བདག་ལྷན་ཚོགས་དང་། ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས༽ཀྱིས་ཅི་ཞིག་བྱེད་ན་བྱེད་རེན་ལ་ཐིག་ཡོད་གསལ་བོ་རེད།

    Reply
  10. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    དགེ་ལྡན་བཅའ་ཡིག་ཆེན་མོའི་ཁ་སྣོན་ཏུ་བསྐུར་པའི་བཅའ་ཡིག་དུས་མཐུན་འཁྱེར་བདེ་མ་བཞུགས་སོ།།
    ༡ རིགས་གཅིག་རྐང་འཛིན་ཟེར་བ་འདི་ནི་ལྷ་རམས་ཐོན་རྗེས་སྦྱོང་དགོས་པ་ཞིག་མ་རེད། ལྷ་རམས་ཐོན་རྗེས་ལོ་ཚད་ཆུང་ཆུང་ཞིག་མ་རེད། དེ་བས་རིགས་གཅིག་རྐང་འཛིན་པ་སུ་ཡིན་ལ་ཚོགས་ཆོས་གྲྭར་དམིགས་བསལ་བྱིན་ཏེ་ཁོ་ཚོ་ཁོ་ཚོས་བདམས་པའི་ལམ་ཁ་དེར་འགྲོ་རུ་འཇུག་དགོས།
    ༢ ལེགས་སྦྱར་སྦྱངས་ནས་ག་རེ་བྱེད་ཀྱི་ཡིན་ནམ། བཀའ་འགྱུར་བསྟན་འགྱུར་ནང་མེད་པའི་ཆོས་ཚན་གང་ཞིག་ལེགས་སྦྱར་ནང་ལྷགས་འདུག དེ་བས་དབྱིན་ཇི་སྦྱངས་ཏེ་འཛམ་གླིང་གི་ཤེས་བྱ་རིག་པའི་གནས་སྣ་ཚོགས་ལ་སློབ་སྦྱོང་བྱེད་དགོས། དགེ་ལུགས་ཚང་གི་བླ་མ་བཟོད་པ་མ་གཏོགས་ནུབ་ཕྱོགས་སྤྱི་ཚོགས་ནང་དུ་བོད་པའི་ཆོས་རིག་གི་སྟེང་ནས་རང་རྐང་ཚུགས་ཡོད་པ་ཞིག་ཕལ་ཆེར་སྟོན་རྒྱུ་མི་འདུག་པས། བསྡུས་གྲྭ་ནས་བརྩམས་ཏེ་དབྱིན་ཡིག་སྦྱོང་དུ་འཇུག་དགོས།
    ༣ གྲྭ་པའི་ལག་གི་གློག་ཀླད་དང་ལག་ཐོག་ཁ་པར་གཏན་འགོག་སོགས་དེང་རབས་འཛམ་གླིང་དང་ཁ་འབྲལ་བའི་ཁ་བྲལ་རིང་ལུགས་ཀྱི་བྱེད་སྟངས་ངོ་མ་དེ་ཕྱིར་བསྡུ་བྱེད་དགོས།
    ༤ གྲྭ་ས་སེ་འབྲས་དགེ་གསུམ་ནས་མགོ་བཙུགས་ཏེ་དགེ་བསྐོས་ཀྱིས་གྲྭ་པར་དྲག་རྡུང་བྱེད་པའི་ལུགས་སྲོལ་དེ་གཏན་འགོག་བྱས་ནས་གྲྭ་པའི་འགྲོ་བ་མིའི་ཐོབ་ཐང་དང་མི་ལུས་སྲུང་སྐྱོབ་ཀྱི་ཁེ་དབང་ལ་སྔོན་འགྲོ་ཅི་ཡང་མེད་པའི་སྒོ་ནས་མཐའ་གཅིག་ཏུ་བརྩི་བཀུར་བྱེད་དགོས།
    ༥ དགེ་ལྡན་པའི་དགེ་བཤེས་མང་པོ་ཞིག་རྩོད་གྲྭའི་རིགས་ལམ་གཅིག་པོར་དབུ་འཁོར་ནས་མི་ཚེ་སྟོང་ཟད་དུ་མི་འགྲོ་བའི་ཆེད་དུ་དམིགས་ནས། གྲྭ་ས་སེ་འབྲས་དགེ་གསུམ་ནང་རྗེ་བླ་མའི་ལམ་རིམ་ཆེ་འབྲིང་ཆུང་གསུམ་གྱི་དཔེ་ཁྲིད་དང་དེ་མྱོང་ཐོག་ཏུ་བསྐོར་ནས་སྒོམ་སའི་སྒོམ་གྲྭ་གསར་འཛུག་བྱེད་དགོས་ལ། དེ་ཡང་སྤྱི་ལོ་༢༠༡༠ལོ་འདི་ལ་དབུ་འཛུག་བྱེད་དགོས།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བློ་བཟང་རྒྱལ་བའི་བསྟན་པ་རྒྱས་འགྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese