མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པ་དང་སྒྲུང་། དགེ་འདུན་རབ་གསལ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

ངས་སྒྲུང་ཞིག་བཤད་འདོད་བྱུང་། ལོ་བཅུ་བཞི་ཙམ་གྱི་སྔོན་དུ་ང་ཚོས་དུས་བབ་ཀྱི་ལས་ཀ་བྱས་པ་རེད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡང་སྐབས་དེ་ཤེད་ཅིག་ནས་ལག་ལེན་གྱི་ཐོག་ལ་འཁོར་བ་རེད། ཡིན་ན་ཡང་ཁ་མཆུ་དང་ཐག་གཅོད་སོགས་བྱུང་མེད་པ་རེད། མཚམས་ཤིག་ལ། དུས་བབ་ཐོག་ཡིག་འཁྱར་ཞིག་སྤེལ་ཉེས་ལ་བསྙད་ནས་བྱ་དུར་བཟང་པོས་ཁ་མཆུ་བཙུགས་པ་རེད། གྱོད་ཡ་ནི་དུས་བབ་རྩོམ་སྒྲིག་པ་རེད། བཙན་བྱོལ་ནང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སླེབས་པའི་ཁ་མཆུ་ཐོག་མ་དེ་རེད། ཁྲིམས་ཡིག་རྒྱབ་ཤ་ལྗང་ཅན་པ་དེ་སྦྱངས་ནས་ཁ་མཆུའི་རྩོད་པ་དེ་བྱས་པ་རེད། ཟིང་ཚ་པོ་བྱུང་པ་རེད། མཐའ་མ་དེ་བཅད་ཁྲ་བསྒྲགས་པ་རེད། དེ་དུས་དུས་བབ་ཀྱི་ཉེས་ཆད་དུ་ཧིན་སྒོར་ ༢༠༠༠ བྱ་དུར་བཟང་པོར་སྤྲོད་དགོས་པ་རེད་ཅེས་བྲིས་འདུག ངས་གལ་སྲིད་སྒོར་མོ་དེ་མ་སྤྲད་ན་ག་རེ་ཡོང་གི་རེད་ཅེས་དྲིས་པ་ཡིན། དེའི་ལན་ནི། ངེད་ཀྱི་འོས་འདེམས་ཀྱི་ཐོབ་ཐང་ཤོར་གི་རེད་གསུངས་སོང་། དེ་ལས་ལྷག་ཡོད་དམ། ཕལ་ཆེར་མེད་པ་རེད། ད་སྒྲུང་ཚར་སོང་། ད་སྒྲུང་འདིས་གང་ཞིག་སྟོན་ནམ་ཟེར་ན། བཙན་བྱོལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཉེས་ཅན་པ་ཞིག་བཙོན་འཇུག་བྱེད་པའི་དབང་ཚད་མེད་པ་རེད། ང་ཚོའི་འཛིན་སྐྱོང་དང་སྤྱི་འཐུས། ཁྲིམས་ཁང་། མཐའ་ན་ང་ཚོའི་དམངས་གཙོ་འདི་ཡང་ཡ་རབས་ཀྱི་སྤྱོད་པ་ལ་བརྟེན་ནས་བཙུགས་པའི་གཞུང་ཞིག་རེད། ང་ཚོའི་མི་དམངས་ལ་ཁྲིམས་ལུགས་ཀྱི་ཐོག་ནས་དམངས་གཙོའི་ནང་ཆ་ཤས་ལེན་དགོས་པ་དང་། ཁྲིམས་ལ་བརྩི་དགོས་པ། ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་པ་འདི་དག་ཚང་མ་ལག་ལེན་ངོ་མ་ཞིག་གི་ཐོག་ནས་ཡོང་མི་ཐུབ་པ་ཞིག་རེད། དེ་དག་ནི་ཡ་རབས་དང་བཟང་སྤྱོད་ཀྱི་ཐོག་ནས་ཡོང་བ་ཞིག་རེད། དེ་ཡང་མཐར་གཏུགས་ན་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ཡོང་ཡོད་པ་ཞིག་རེད།

ད་ཡང་བཀའ་བློན་ཁྲི་པ་ཞེས་ཚ་ཚ་འུར་འུར་བྱེད་བཞིན་པའི་སྒང་རེད། ད་བོད་ཀྱི་རྒྱལ་ཁབ་ཀྱི་དབུ་འཁྲིད་ཟེར་བ་འདི་ནི་༧རྒྱལ་བ་རིན་པོ་ཆེས་གནང་བཞིན་པ་ཞིག་རེད། མི་དམངས་ཀྱི་དབུ་འཁྲིད་ཡིན་ཞེས་མི་དམངས་ཆིག་སྒྲིལ་བཟོ་བ་དང་། མི་དམངས་ལ་ལམ་སྟོན་བྱེད་པ་སོགས་ནི་༧རྒྱལ་བ་རིན་པོ་ཆེས་གནང་བཞིན་པ་རེད། ༧རྒྱལ་བ་རིན་པོ་ཆེས་སྲིད་ཀྱི་ཆ་ནས་དགོངས་པ་ཞུས་པའམ་ཡང་ན་ཕྱེད་དགོངས་ཞུ་སོགས་གང་གསུངས་ཀྱང་། འདི་ནི་༧རྒྱལ་བའི་ཡང་སྲིད་ངོས་འཛིན་བྱས་པའི་སྐབས་དེ་ནས་ཐག་བཅད་ཟིན་པ་ཞིག་རེད། འདི་ལ་དགོངས་པ་ཞུ་ས་དང་དགོངས་པ་འཁྲོལ་བ་སོགས་གང་ཡང་མེད་པ་རེད། འདི་ནི་འཕགས་པ་སྤྱན་རས་གཟིགས་དང་སྤྱན་རས་གཟིགས་ཀྱི་གདུལ་བྱའི་འབྲེལ་བ་ཞིག་རེད། ད་དེ་ནས་བཀའ་བློན་ཁྲི་པས་གནང་བཞིན་པ་ཞིག་ནི་ལྷན་ཁང་ཁག་གི་འཛིན་སྐྱོང་གི་གནད་དོན་དེ་རེད། དེ་དག་ནི་ཕལ་ཆེ་བ་ཞིག་དྲུང་ཆེ་དེ་ཚོས་གནང་འགྲོ་གི་རེད། ད་བཀའ་བློན་ཁྲི་པ་གལ་ཆེན་པོ་དེས་ག་རེ་གནང་ཐུབ་གི་རེད། ཨོ། ད་ག་རེ་གནང་ཐུབ་གི་རེད།

འཆར་འགོད་ལྷན་ཁང་གིས་མི་མང་ལ་བསམ་ཤོག་བསྡུས་པ་རེད་ཅེས་གོ་བྱུང་། བསམ་ཤོག་བསྡུས་སྐབས་མི་དམངས་བརྒྱ་ཆ་ ༦༩ ཡིས་རྒྱ་གར་དུ་གཞིས་ཆགས་ཏེ་བཞུགས་འདོད་མི་འདུག་ཅེས་གསུངས་ཡོད་འདུག ད་ག་རེ་བྱེད་དགོས་པ་རེད། བཀའ་བློན་ཁྲི་པས་འདི་ལ་ཅིག་བྱེད་ཐུབ་དགོས་པ་རེད་དམ། ཨོ་ཅིག་བརྗེད་འདུག རྒྱ་གར་དུ་བོད་མི་རྣམས་ཕྱི་རྒྱལ་བའི་གནས་སྟངས་འོག་བཞུགས་ཡོད་པ་རེད། བོད་མི་རྣམས་ཁྲིམས་ཀྱི་ཐོག་ནས་ལོ་གཅིག་ལྷག་བསྡད་ཆོག་གི་མེད་པ་རེད། དགོན་པ་གྲྭ་ཚང་གཞིས་ཆགས་དང་བཅས་པ་དུས་ཡུན་ཚད་བཀག་གི་བཅད་རྒྱའི་འོག་ལ་ཡོད་པ་རེད། ང་ཚོའི་སྤྱི་འཐུས་ཀྱང་རྒྱ་གར་ལ་ལོ་གཅིག་ལྷག་བསྡད་ཆོག་གི་མ་རེད་ལ། ང་ཚོའི་བཀའ་བློན་དེ་ཚོ་ཡང་ལོ་གཅིག་ལྷག་ལ་བསྡད་ཆོག་གི་མ་རེད། བྱས་ན། ང་ཚོའི་གཞུང་ཡང་ལོ་གཅིག་ལྷག་ལ་བསྡད་ཆོག་གི་མ་རེད། ཁྲིམས་ཀྱི་ཐོག་ནས། དེ་འདྲ་ཞིག་རེད། 

ད་མི་རབས་ལ་བརྩིས་ནས་ཀྱང་ལྟ་རྒྱུ་ཞིག་འདུག བོད་ཤོར་སྐབས་ཀྱི་བོད་མིའི་མི་ཐོག་དེ་ཚོས་གནང་འོས་པ་དེ་ཚོ་གནང་གྲུབ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་གདན་དྲངས་པ་རེད། སློབ་གྲྭ་དང་གཞིས་ཆགས་ཀྱི་སྒྲིག་འཛུགས་དེ་ཚོ་བཙུགས་པ་རེད། ལོ་དྲུག་ཅུའི་རིང་བཙན་བྱོལ་བོད་མི་དང་། བོད་ཀྱི་འཐབ་རྩོད་འདི་མུ་མཐུད་ནས་གནས་རྒྱུ་བྱུང་བ་རེད། ད་ནི་མི་ཐོག་གཉིས་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་རེད། མི་ཐོག་གཉིས་པ་དང་གསུམ་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་རེད།
ད་ང་ཚོས་འོས་འདེམས་འདི་གལ་ཆེན་པོ་ཡིན་ཞེས་བསྒྲགས་བསྒྲགས་ནས་ང་ཡང་མགོ་འཐོམས་མེར་གྱུར་སོང་། ང་ཚོའི་ལུང་པ་མིས་འཕྲོག་ནས་ང་ཚོ་བཙན་བྱོལ་ལ་སླེབས་པ་རེད། ང་ཚོ་དམངས་གཙོ་ཡང་དག་པ་ཞིག་སློབ་སྦྱོང་བྱེད་ཆེད་ཡོང་བ་མ་རེད། ང་ཚོ་ང་ཚོའི་དམངས་གཙོ་འཛམ་གླིང་ལ་ངོམ་དུ་ཡོང་བ་ཡང་མ་རེད། ཨོ་བྷ་མས་རྒྱ་མཚོའི་རྐུན་ཇག་ཅིག་གསོད་དགོས་པའི་བཀོད་རྒྱ་བཏང་སྐབས་ཨ་རི་བ་མང་པོ་དགའ་ནས་ལག་པ་བརྡབས་ཀྱི་འདུག བོད་ཀྱི་བཀའ་བློན་ཁྲི་པས་མི་གཅིག་གསོད་དགོས་པའི་བཀོད་ཁྱབ་བཏང་བ་ཨེ་ཡོད་དྲན། རྒྱ་ཡིས་མེ་མདའ་སྐག་སེ་བརྒྱབ་ནས་བོད་མི་བསད་པའི་པར་དེ་ཚོ་ང་ཚོ་ཚང་མས་མཐོང་ཡོད་པ་རེད། འདི་ང་ཚོའི་གནས་སྟངས་ངོ་མ་དེ་རེད། མ་རེད་དམ།
ད་བྱས་ན། ང་ཚོ་ལ་འགྱུར་བ་ཞིག་དགོས་པ་ནི་བཤད་མ་དགོས་པ་རེད། འགྱུར་བ་མི་དགོས་ཞེས་བཤད་ན་ཡང་འགོག་ཐུབ་པ་ཡོད་མ་རེད། ད་འགྱུར་བ་ཞིག་དགོས་ན། ང་ཚོས་དམངས་གཙོའི་ལག་ལེན་དེ་ཨང་གཉིས་པ་ལ་བཞག བོད་དོན་འཐབ་རྩོད་འདི་ཨང་དང་པོ་ལ་བཞག དེ་ལ་དཔག་ནས་ལས་ཁུངས་འགྲོ་སོང་ཆེན་པོ་ཕན་ཐོགས་ཉུང་བ་དེ་ཚོ་ཁུ་བསྡུ་བྱས། ང་ཚོ་དགོས་པ་དང་བོད་དོན་འཐབ་རྩོད་ལ་ཕན་ཐོགས་པ་དེ་ཚོ་གསར་པ་བསྣན་ནས། མ་འོངས་པའི་ལོ་ལྔ་ཡི་ནང་ཚུན་བོད་ལ་ལོག་ཐུབ་པའི་སྟ་གོན་ཞིག་བྱས་ན་ག་འདྲ་འདུག ཨ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 10

  1. དམག་ལོག་ says:
    ལོ་ 16 སྔོན།

    སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་གསུང་པ་ནི་དངོས་ཡོད་གནས་ཚུལ་རེད། རྐྱང་ཁའི་རྩྭ་དང་འདྲ་བའི་བོད་མི་རྣམས་ཀྱིས་གང་བསམ་གི་ཡོད་པ་མི་ཤེས། སྐྱོན་ལ་མཛུབ་མོ་བཙུག་ན་བདེན་ལ་བདེན་གི་ཟེར་དགོས་པ་རེད་བསམ། ཁྱེད་ཚོས་བལྟས་ན་ག་འདྲ་རེད།

    Reply
  2. ཤྰ་རིའི་བུ། says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ་ལགས་ནི་ཁ་ཐུག་གསུང་ཐུབ་མཁནིག་ཡིན་པ་ངོས་འཛིན་གནང་ན་འགྲིག་ས་འདུག
    དེ་དང་འདྲ་བའི་སྔོན་ལས་རྣམས་གསུང་ན་ཕན་ཐོགས་ངེས་ཡིན།

    Reply
  3. མིག་གསུམ་པ། says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ་གྱིས་དོན་དམ་གྱི་དཔྱད་ཞིབ་གནང་འདུག དཔྱད་ཞིབ་གནང་སྟངས་འདི་ནི་དོན་དངོས་ལ་འབད་པའི་ཁ་ཚ་དགོས་གཏུགས་ཀྱི་སྐད་ཆ་ཞིག་རེད། མི་ལོ་ལྔ་བཅུ་རིང་བོད་ཀྱི་འཐབ་རྩོད་རྒྱུན་གནས་ཐུབ་པ་ནི་རྒན་རབས་པའི་སྙིང་སྟོབས་དང་སེམས་ཤུགས་ལ་བརྟེན་ནས་བྱུང་བ་རེད། བདེན་པ་ནི་ནམ་ཡང་གཡོལ་ཐབས་མེད་པས་ང་ཚོས་ངེས་པར་དུ་ཁས་ལེན་བྱེད་དགོས། ཡང་འདས་ཟིན་པ་ནི་འདས་ཟིན་རང་ཡིན་པས་ཕྱིར་ལྡོག་ཏུ་མེད་པ་ཞིག་གོ ཡིན་ནའང་། ང་ཚོས་ད་ལྟའི་བར་སྐབས་འདིར་ཉམས་མྱོང་ཕྱོགས་བསྡོམས་ཀྱི་སྒོ་ནས་འཐུས་ཤོར་ལ་གུན་གསབ་དང་མེད་པ་ལ་སྣོན་འཕྲི་བྱས་ཏེ་མི་རབས་གསར་བའི་སྙིང་སྟོབས་དང་འཇོན་ཐང་ལ་འབད་འབུངས་བྱེད་དགོས་པའི་དུས་ཚོད་གཉན་འཕྲང་ཅན་ཞིག་ལ་ཁེལ་ཡོད་པ་རེད། བཀའ་ཁྲི་གཞོན་སྐྱེས་ཞིག་འདེམས་དགོས་པའང་གནད་དོན་དེ་ལ་ཐུག་ཡོད་པས་སོ།

    Reply
  4. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    སྒྲུང་རྒོད་བྲོ་པོ་འདུག འོན་ཀྱང་གཞུང་ཞབས་ལྷན་ཁང་དེ་ཚོར་སྨོད་བོར་བ་ནི་ཅུང་ཐལ་དྲག་པ་མིན་འགྲོ། གལ་ཏེ་བཀའ་ཀྲིའི་ལས་འགན་ལས་དྲུང་ཚོས་སྒྲུབ་བཞིན་པ་ཡིན་ན་མཁས་དབང་ཟམ་གདོངརིན་པོ་སོགས་བཀའ་ཁྲི་རིམ་པ་རྣམས་་ཡང་འཇོན་མེད་ཟོག་རོ་རེད་ཟེར་་ཡིན་ནམ། གང་ལྟར་ཀྱང་སུ་ཞིག་ལ་ཤེས་འཇོན་ཡོད་པ་དེ་འདྲ་ཞིག་ནས་ལས་དོན་སྒྲུབ་ན་ཆོག་པས་ཁ་གདང་ཚད་ཕྱ་སྨོད་དང་། སྒྲོ་བསྐུར་ཁོ་ན་མ་ཡིན་པར་སོ་སོ་མདུན་ལ་མཐོན་ཀྱང་ཆོག་གི་རེད་གྲོགས་པོ་ཚོ། བོད་ཀྱི་གཏམ་དཔར་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ཡང་བརྗེད་དུ་མི་རུང་བའི་དོན་དངོས་ཀྱི་ལེགས་བཤད་ཞིག་ཡིན་པ་ཡང་ཤེས་དགོས། །

    Reply
  5. བྱ་གཞུང་དཔལ་རྡོར། says:
    ལོ་ 16 སྔོན།

    རབ་གསལ་ལགས་ཀྱིས་དོན་དངོས་ཀྱི་སྐད་ཆ་བཤད་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བར་སྐབས་ཤིན་ནས་བཙན་བྱོལ་གྱི་རྩོམ་པ་པོ་རྒན་པ་སྐོར་ཞིག་ཕྱིན་ཚར་བའི་རྗེས་ལ། ལོ་གཞོན་སྐོར་ཞིག་སླེབས་པ་རེད། འདི་ཚོའི་གྲས་སུ་སློབ་སྦྱོང་དང་ཀུན་སྤྱོད་གང་ལའང་ལྟ་ས་མེད་པ་སྐོར་ཞིག་བྱུང་སྟེ། བཙན་བྱོལ་སྤྱི་ཚོགས་ལ་དཀྲུགས་རྐྱེན་སློང་བ་དང། མི་གཞི་ལ་དམའ་འབེབ་བྱེད་པ། ཆོལ་ཁའི་ཞེན་ཁོག་བཅིངས་ཏེ་དངོས་ཤུགས་རྒྱུད་གསུམ་ནས་རྒོལ་རྡུང་བྱེད་པ། ཆེད་དུ་ཟིན་བྲིས་སུ་ཡོང་སྟེ་རང་དང་མི་མཐུན་པའི་ཕྱོགས་ཀྱི་སྐྱོན་མཚང་བཙལ་ནས་དམའ་འབེབ་ཅི་ཐུབ་བྱེད་པ་སོགས་བྱས་ཏེ་བཙན་བྱོལ་རྩོམ་རིག་སྤྱི་དང། རྩོམ་པ་པོའི་སྡེ་ལ་རྨ་འབྱིན་བྱས་བ་དང། བོད་མི་མི་གཤིས་དང་ཡ་རབས་བཟང་སྤྱོད་ཟེར་བ་ཞིག་རྩ་མེད་བཟོ་བཞིན་འདུག དེར་བརྟེན་རྩོམ་པ་པོ་རྒན་པ་ཚོས་རྣམ་དཔྱོད་ལྡན་པའི་རྩོམ་ཡིག་མང་ཙམ་བྲིས་ནས་ང་ཚོར་ལམ་སྟོན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། དེ་ལྟར་བྱས་ན་ང་ཚོའི་རྩོམ་པ་པོའི་སྡེ་ལ་རེ་བ་ཅུང་ཙམ་ཡོད་པར་སྙམ། རྒྱུ་མཚན་ནི་རྩོམ་པ་པོ་མང་ཆེ་བ་དྲང་ཚིགས་ལྡན་པའི་རྣམ་དཔྱོད་ལ་དགའ་བ་རེད། དེ་མིན་ཕྱོགས་འཐེན་དང་དམའ་འབེབ་བྱེད་མཁན་དེ་དག་ནི་སྔ་ཕྱི་མ་གཏོགས་རང་ཡལ་དུ་འགྲོ་རྒྱུ་གདོན་མི་ཟ།

    Reply
  6. གངས་ཆབ། says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ་ལགས་ཀྱིས་རྒྱུ་མཚན་དང་།དངོས་ཡོད་གནས་ཚུལ་ལ་གཞིག་ནས་དཔྱད་ཞིབ་ཡག་པོ་ཞིག་གནང་འདུག་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།རྗེས་ཕྱོགས་སུ་ཡང་དུས་ཚོད་དང་འོས་འཚམས་བྱུང་སྐབས་དཔྱད་གཏམ་འདི་དང་འདྲ་བའི་རིགས་མང་ཙམ་སྤེལ་གནང་ཡོང་བ་ཞུ།

    Reply
  7. kunsal says:
    ལོ་ 16 སྔོན།

    དགེ་རབ་ལགས་ཀྱིས་གསུང་ལ་མངོན་པར་བསྟོད་དོ། ང་ཚོར་ས་སྦར་བ་གང་མེད་ལ། ཁྲིམས་ཀྱི་དབང་ཚད་ཀྱང་བཟང་སྤྱོད་ཀྱི་ཐོག་ནས་ཁུར་ན་ལས་དེ་མིན་བཙོན་འཛིན་བཟུང་དང་བཙོན་འཇུག་གི་ནུས་པ་མེད། དེར་བརྟེན་ང་ཚོས་ད་ལྟ་བོད་ཡུལ་དུ་ལོག་ནས་རང་ལ་ཐོབ་ཐང་ཡོང་ཐབས་བྱེད་རྒྱ་དེ་གལ་ཆེ་བ་ལས་མང་གཙོ་རྩོད་རྒྱུ་དེ་མ་རེད། མིའི་ལུང་པར་འཕྲལ་སེལ་གནས་ཚང་གཡར་ནས་བསྡད་ཡོད་པ་འདི་མ་བརྗེད་པ་བྱེད་དགོས། འདི་ངའི་སྙིང་གཏམ་ཡིན། ཞྭ་དཔེ་ལྷམ་འགེབ་ནམ་ཡང་བྱེད་མི་ཉན། སྤུན་ཟླ་ཚོ་ཐུགས་ལ་འཇགས་རོགས།

    Reply
  8. འཇམ་དབྱངས། says:
    ལོ་ 16 སྔོན།

    གང་ལྟར་ད་ལྟའི་བོད་གཞུང་གིས་དམངས་གཙོར་བསྒྲགས་པའི་སྲིད་གཞུང་འདི་དངོས་གནས་དམངས་གཙོའི་གཞུང་ཞིག་རེད་དམ། བོད་གཞུང་གི་ལས་ཀྱི་སྣེ་མོར་གཏོགས་པའི་མི་ཆེན་མང་ཆེ་བར་ལྷད་མེད་ལྷག་བསམ་གྱིས་བོད་ལ་ལོག་ཐུབ་པའི་ལས་ཀ་བྱེད་ཀྱི་འདུག་གམ། དེ་ལྟར་བྱེད་རྒྱུའི་ཆོད་སེམས་འདུག་གམ། བཀའ་ཁྲི་ཡིན་ན་ཡང་རེད། སྤྱི་འཐུས་ཚོགས་གཙོ་ཡིན་ན་ཡང་རེད། ཁོང་ཚོར་རྒྱ་ནག་དང་མཉམ་དུ་ནུས་པ་ཐོན་པའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་གསར་པ་འདྲ་ཡོད་དམ།

    Reply
  9. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    སྒྲུང་འདི་་་་་་ཨོ ་་མ་རེད་མ་རེད། ལོ་རྒྱུས་འདི་དུས་བབས་ཀྱི་ཉིན་ཐོའི་ནང་སྣག་ཚ་དམར་པོས་བྲིས་ཡོད་རྒྱུ་རེད། རྩོམ་སྒྲིག་པའི་སྙིང་ནད་ད་དུང་བསང་མི་འདུག དོན་དངོས་ཀྱི་དམངས་གཙོའི་རྒྱལ་ཁབ་སུ་ཞིག་ཡིན་རུང་འོས་འཕེན་གྱི་ཐོབ་ཐང་དེ་མ་མཐའི་ཐོབ་ཐང་དང་ཐོབ་ཐང་ཆེ་ཤོས། ཡང་ན་རྒྱལ་ཁབ་དེའི་མི་སེར་ཡིན་པའི་མཚོན་བྱེད་རང་བཞིན་ཅན་ཞིག་རེད། ཐོབ་ཐང་འདི་འཕྲོག་ན་ཉེས་པ་ཆེན་པོ་ཞིག་བཏང་བ་རེད། ཆབ་སྲིད་པ་དང་ཡང་ན་ཆབ་སྲིད་ལ་གོ་རྟོགས་ཡོད་མཁན་ཅིག་ཡིན་ཕྱིན་འདི་ལ་སྣང་འཇོག་མི་བྱེད་པ་ཁག་པོ་རེད། རྩོམ་སྒྲིག་པ་ལགས་ཀྱང་དེ་ལྟར་རེད། རང་རེའི་གཞུང་འདི་བཙན་བྱོལ་གཞུང་ཞིག་ཡིན་པའི་རྐྱེན་གྱིས་ཁྲིམས་ཁང་གི་བཀའ་ལ་མ་བརྩིས་ན་བཙོན་ཁང་དུ་འཇུག་ས་མེད། དེ་བསཉེས་ཆད་འདི་ལས་གཅོད་ཐབས་མེད།

    Reply
  10. ཨ་མཆོད་འཇམ་ཚུལ། says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese