ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་ནས་ད་བར་ཟླ་ ༥ ལྷག་ཕྱིན་ཡོད་པ་དང་། དུས་ཡུན་དེའི་རིང་ལ་རྒྱ་ནག་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གནོད་ཐེབས་མང་ཚོགས་ལ་སྡོད་ཁང་གསར་རྒྱག་བྱེད་ཀྱི་ཡོད་ཀྱང་། གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་ཆར་སྐྱེ་རྒུ་མདོའི་ཁྱིམ་ཚང་ཁག་ཅིག་གིས་རྒྱ་གཞུང་ལ་སྒེར་གྱི་སྡོད་ཁང་དང་མགྲོན་ཁང་སོགས་བཤིག་ཆོག་པའི་ཁས་ལེན་བྱས་སྟབས། རྒྱ་གཞུང་གིས་ཁོང་ཚོའི་སྡོད་ཁང་རྣམས་རྨང་ནས་བཤིག་ཅིང་། དེའི་ཚབ་ཏུ་གཞུང་གི་ལས་ཁུངས་དང་གུང་ཁྲན་ཏང་གི་སློབ་གྲྭ། འཕྲོད་བསྟེན་ལས་ཁུངས་སོགས་གསར་རྒྱག་བྱེད་བཞིན་ཡོད་འདུག གཞན། ས་གནས་སྲིད་གཞུང་གི་རས་གུར་བགོ་འགྲེམས་ཀྱི་འཆར་གཞིའི་ནང་། མི་དམངས་སྡོད་སའི་དགུན་ཁའི་གུར་རེར་རྒྱ་སྒོར་ལྔ་སྟོང་ ༥༠༠༠ ཡིན་ཞིང་། ཁྱིམ་ཚང་སོ་སོའི་མི་གྲངས་གཞིར་བཟུང་བགོ་འགྲེམས་དང་། ཁྱིམ་ཚང་གཅིག་ལ་མི་ ༣ ཡོད་ན་གུར་ ༡ རེ་སྤྲོད་རྒྱུ་དང་། ནང་མི་ ༣ ལས་ཉུང་བ་ཡོད་ན་གུར་འཐོབ་ཐབས་མེད་པར་དེའི་ཚབ་ལ་མི་རེར་རྒྱ་སྒོར་ ༡༢༠༠ ཙམ་རེ་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག
གསར་འགོད་པ། དཔལ་ལྡན།
ད་རང་དབང་མི་ཐོབ་པར་ཁ་ཆགས་སྣ་རལ་རང་གི་མི་ཚེ་བསྐྱལ་རྒྱུ་རེད།