མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྒར་དུ་ཆུའི་ཉེན་ཁ་བྱུང་།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལི་བོད་སྒར་བསམ་ཡས་གླིང་དང་སྣེ་ལེན་ཁང་བྷོ་རྡུ་བྷེ་ཡའི་ཉེ་འགྲམ་དུ་ཡོད་པའི་ཡཱ་མུའུ་ནཱ་གཙང་པོ་རྒྱས་པའི་དབང་གིས་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་དང་བོད་པའི་སྡོད་ཁང་དུ་ཆུ་ཤོར་ཡོད་པ་དང་། དེར་ཡོད་བོད་མིའི་ཅ་དངོས་མང་པོ་ཞིག་འཕྲོ་བརླག་ཏུ་ཕྱིན་ཡོད་པ་མ་ཟད། ཁྱིམ་ཚང་མང་པོ་ཞིག་གནས་སྤོ་དང་ཅ་དངོས་དབོར་འདྲེན་བྱེད་དགོས་བྱུང་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ཉེ་འགྲམ་དུ་ཡོད་པའི་ཡཱ་མུའུ་ན་གཙང་པོ་རྒྱས་ཏེ། རྒྱ་གར་དང་བོད་པའི་སྡོད་ཁང་མང་པོ་ཞིག་ཏུ་ཆུ་ཤོར་ཡོད་པ་དང་། ཁྱིམ་ཚང་མང་པོ་ཞིག་གནས་སྤོར་དང་ཅ་དངོས་དབོར་འདྲེན་བྱས་དགོས་བྱུང་ཡོད་འདུག ལྡི་ལི་བོད་སྒར་བསམ་ཡས་གླིང་དང་བོད་གཞུང་ལྡི་ལི་སྣེ་ལེན་ཁང་། དེ་བཞིན་བྷོ་རྡུ་བྷེ་ཡའི་ཁྲོམ་ལམ་དུ་ཆུས་ཁེངས་ཏེ་བོད་པའི་ཚོང་ཁང་མང་པོ་སྒོ་རྒྱག་དགོས་བྱུང་ཡོད་པ་མ་ཟད། ཁི་ཉིན་ནས་ཁང་པ་མང་པོའི་ནང་ཆུས་གང་བ་དང་དང་གློག་གི་ཉེན་ཁ་འགོག་ཆེད་གློག་ཀྱང་གཏོང་མཚམས་བཞག་སྟེ་ས་གནས་མང་ཚོགས་ལ་འཐུང་ཆུ་སོགས་ཀྱི་དཀའ་ངལ་ཕྲད་ཡོད་ཅིང་། རྒྱ་གར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིར་ཡཱ་མི་ནཱ་གཙང་པོའི་ཆུ་རྒྱས་པའི་རྒྱུ་རྐྱེན་གཙོ་བོ་ཧཱ་རིས་ཡ་ནཱ་མངའ་སྡེའི་ཆུ་མཛོད་ཁ་ཤས་ཤིག་ཤོར་ཉེན་ཡོད་པར་དོགས་ཏེ་གློད་ཡོད་པའི་དབང་གིས་ཡིན་རབས་དང་། ཐེངས་འདི་ནི་མི་ལོ་ ༤༦ རིང་གི་ཡཱ་མི་ནཱ་གཙང་པོ་རྒྱས་ཐེངས་ཆེ་ཤོས་དེ་ཆགས་ཡོད་སྐོར་བརྗོད།  

 

དེ་རིང་སྔ་དྲོ་འདི་གའི་གསར་འགོད་པའི་ཁ་པར་བརྒྱུད་ལྡི་ལི་ས་གནས་མགོ་འཛིན་སྐུ་ཞབས་ལེགས་སྐྱེས་རྡོ་རྗེ་ལགས་སུ་གོང་གི་གནས་ཚུལ་དེའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོ་ནས་བཟུང་བསམ་ཡས་གླིང་དང་སྣེ་ལེན་ཁང་གི་ཉེ་འགྲམ་དུ་བཞུར་གྱིན་པའི་ཡཱ་མུ་ནཱ་གཙང་པོའི་ཆུ་ཕེ་ཊི་གསུམ་ལྷག་རྒྱས་ཏེ། བོད་སྒར་བསམ་ཡས་གླིང་གི་མི་ཚང་ ༡༦ ལྷག་གིས་ཁང་པའི་ཞབས་འོག་ཚང་མ་ཆུའི་ཁེངས་ཏེ་ཅ་དངོས་ཚང་མ་ཉེ་འགྲམ་གྱི་སློབ་གྲྭའི་ནང་དབོར་འདྲེན་བྱ་དགོས་བྱུང་ཡོད་ནའང་། ཁྱིམ་ཚང་ཁག་ཅིག་གི་ཅ་དངོས་དང་མལ་གདན་སོགས་དངོས་པོ་མང་པོ་ཞིག་འཕྲོ་བརླག་ཏུ་ཕྱིན་འདུག དེ་བཞིན་བྷོ་རྡུ་བྷི་ཡའི་མི་ཚང་མང་པོ་ཞིག་གི་ཅ་དངོས་ཁང་པའི་ཐོག་དུ་དབོར་འདྲེན་བྱས་ཡོད་ཀྱང་། ཚོང་ཟོག་མང་པོ་ཞིག་འཕྲོ་བརླག་ཏུ་ཕྱིན་ཡོད་པ་རེད། ཉིན་གྲངས་གཉིས་ལྷག་གི་རིང་མི་མང་ལ་གློག་དང་འཐུང་ཆུའི་དཀའ་ངལ་འཕྲད་ཡོད་ཀྱང་། ཁ་སང་ནས་བཟུང་ཆུ་ཅུང་ཙམ་ཆུང་དུ་ཕྱིན་དེ་མང་ཚོགས་ཀྱིས་གཙང་མ་བཟོ་བ་དང་ཅ་དངོས་ཉི་མར་ལྡེ་བ་སོགས་བྱེད་ཀྱི་འདུག ཐེངས་འདིར་གནོད་སྐྱོན་ཤུགས་ཆེ་ཤོས་བྷོ་རྡུ་བྷི་ཡར་ཆགས་འདུག་ཅེས་བརྗོད་བྱུང།

ཁོང་གིས་མུ་མཐུད་དུ་ངོ་སྤྲོད་གནང་དོན། ཐེངས་འདིའི་གནོད་སྐྱོན་བྱུང་བའི་སྐབས་སུ་རྒྱ་གར་གཞུང་གི་དམག་མི་དང་ཉེན་སྐྱོབ་མི་སྣ་སོགས་འབྱོར་མ་སོང་ཡང་། ས་གནས་སྐོར་སྲུང་དམག་མི་ཁག་ཅིག་སླེབས་ཏེ་ཉེ་འགྲམ་གྱི་མི་མང་བཀག་འགོག་སྲུང་སྐྱོབ་དང་ཅ་དངོས་དབོར་སོགས་ཀྱི་ཐད་རོགས་རམ་བྱས་སོང་། ང་ཚོ་ལ་མཚོན་ན་ཡང་། ཉེ་ཆར་བྲེལ་འཚུབ་ཀྱི་དབང་གིས་གཞུང་ལ་སྙན་སེང་ཞུ་བའི་གོ་སྐབས་བྱུང་མ་སོང་། དེ་རིང་དངོས་སུ་པར་རིས་དང་གནོད་སྐྱོན་གྱི་ལས་བསྡོམས་སོགས་བསྡུ་རུབ་བྱས་ཏེ་ཕུལ་འཆར་ཡོད། ང་ཚོའི་གཞུང་གི་ངོས་ནས་ཀྱང་ད་སྔ་དམིགས་བསལ་བཀའ་ལན་དང་མཐུན་རྐྱེན་སྦྱོར་བའི་གོ་སྐབས་བྱུང་ཡོད་པ་མ་རེད། ད་ལྟའི་ཆར་མི་ཤི་རྨས་དང་ཁང་པ་བརྡིབ་པ་སོགས་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་མེད་ལ། མི་ཚང་ག་ཚོད་ལ་གནོད་འཚེ་ཐེབས་ཡོད་མེད་སོགས་ཀྱང་གསལ་བོ་ཤེས་ཐུབ་ཀྱི་མི་འདུག ཅེས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 6

  1. གནམ་ལྕགས། says:
    ལོ་ 16 སྔོན།

    རྒྱ་གར་ལ་ཆུའི་འཇིགས་པ་མང་བོ་ཡོང་གི་རེད་ཅེས་ད་ལོའི་ལོ་མགོ་ནས་ཚོད་དཔག་བྱེད་མཁན་མང་བོ་བྱུང་ཡོད།

    ད་དུང་འདིས་མི་ཚད་པ་ཡོང་གི་རེད།

    Reply
  2. གཅེན་པོ། says:
    ལོ་ 16 སྔོན།

    ཟུར་མཁར་བ་ལགས། ཧ་ཧ་འདི་ནི་རང་རིགས་ལ་དུངས་པའི་ཕ་སྐད་སྨྲ་མེད་ཞིག་ལས་རང་རིགས་ལ་སྡང་པའི་ཚིག་མཚོན་ཞིག་མིན་པ་བོད་ཡིག་ཤེས་མཁན་དང་བོད་སྐད་སྨྲ་མཁན་ཀུན་གྱི་གོ་བདེ་པ་ཤ་ཚ་ཞིང་སྙིང་ཉེ་བའི་གཏམ་ཞིག་ཡིན།
    ཡིན་ཀྱང་ཁྱེད་རང་གི་ཐུགས་ལ་ཚོར་བ་མྱོང་སྟངས་མ་འདྲ་བ་ཞིག་བྱུང་འདུག

    Reply
  3. ཟུར་མཁར་བ། says:
    ལོ་ 16 སྔོན།

    དྲ་གྲོགས་མཁས་དབང་རྣམ་པ། རང་གི་མི་རིགས་ལ་འདི་འདྲའི་སྡང་སེམས་སྐྱེ་དགོས་དོན་གང་བྷ། རང་གི་འཚོ་ཐབས་ཁུངས་མ་འཁྱོལ་ན་གཞན་གྱི་འབྱོར་བ་ལ་མི་བཟོད་པའི་བློ་སྐྱེ་བ་ནང་ཆོས་ཁས་ལེན་མཁན་ཞིག་གི་བྱེད་བབ་རང་མིན་ལས་ཆེའོ།

    Reply
  4. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    ངོ་མ་ཡག་སོང་ད་དུང་ས་ཀང་ཞིག་རལ་རྩ་གཏོར་དུ་ཕྱིན་ནས་བོད་མི་རྣམས་གནས་དེར་བསྡོད་ཐབས་མེད་པ་ཞིག་ཆགས་པའི་སྨོན་འདུན་ཡོད། གནས་དེ་ངེད་བོད་མི་རྣམས་ལ་མིང་ཆད་བཟོ་ཡུལ་གྱི་བོད་པའི་རྐུན་ཇག་ཚོ་དང་། ཡུལ་ཁྲིམས་རྒྱལ་ཁྲིམས་ལ་རྩིས་མེད་རྡོལ་རོལ་གྱིས་མི་ཚོང་བྱ་ཡུལ་དང་། ནག་ཚོང་བྱ་ཡུལ་གྱི་བོད་མི་རིགས་ལ་ཆེས་ཐབས་སྡུག་གི་མིང་ཆད་བཟོ་ཡུལ་ཞིག་མེད་པ་ཆགས་ན་དཀོན་མཆོག་རང་གི་དྲང་པོ་བྱས་པ་རེད། འོན་ཀྱང་གོང་དུ་བསམ་ཚུལ་བཀོད་པ་ལྟར་མིའི་སྲོག་ལ་བར་ཆད་མི་ཡོང་བའི་རེ་བ་ཡོད།

    Reply
  5. སེར་ཆེན་ says:
    ལོ་ 16 སྔོན།

    ད་ཡིན་ན་༸རྒྱལ་བའི་གསུངས་ཅི་བསྒྲུབ་མ་བྱས་ན་ཡོང་རྒྱུ་དེ་རེད།བོད་པ་ཚང་གི་མི་སེར་དཀྱུས་མ་དག་གི་སྡུག་གྱོང་རེད།བོད་མི་རེ་ཟུང་གིས་སྤྱི་ཚོགས་སྟེང་ནས་ཞབས་འདྲེན་སྣ་མང་བྱས་བཤུལ་༸གོང་ས་མཚོག་གིས་མགོ་གསེར་མིག་ལྗང་ཚོའི་འདུན་ནས་ཕྱག་ཐལ་མོ་སྙིང་ལ་སྤྱར་ཏེ་དགོངས་དག་ཞུ་བཞིན་པའི་འབྲས་བུ་ཡག་ཤོས་དང་རྔན་པ་ལེགས་ཤོས་དེ་ནི་འདིའོ།ཕན་པོ་བྱུང་།དག་དག་རེད།

    Reply
  6. གཅེན་པོ། says:
    ལོ་ 16 སྔོན།

    རྟེན་འབྲེལ་བཟང་།
    བཀྲིས་བདེ་ལེགས།
    ད་ནི་གནས་སྤོས་བྱེད་ས་གཅིག་ལས་ཡོད་པ་མ་རེད། བོད། འདི་ནི་རང་ཅག་རྣམས་ཀྱི་རང་དབང་རང་བདག་གི་ཡུལ་ཞིག་རེད། ད་ལྟ་བོད་སྒར་དུ་འདི་འདྲའི་ཆུའི་འཇིག་པ་ཞིག་མ་བྱུང་ན་བོད་ཕལ་ཆེར་བརྗེད་ཉེན་ཆེ་ད་ལྟའི་ཆུའི་དཀའ་ངལ་འདི་འདྲ་ཞིག་ཡོང་ནས་བོད་པ་རྣམས་བསྡད་ས་མེད་པ་ཞིག་ཆགས་པའི་རེ་བ་ཡོད། ད་དུང་སྐྱབས་བཅོལ་བའི་གཞིས་ཆགས་ཚང་མར་ཁ་ཆགས་སྣ་རལ་གྱི་དཀའ་ངལ་སྣ་ཚོགས་ཤིག་ཡོང་བའི་སྨོན་ལམ་ཡོད། སྐབས་དེ་དུས་རང་ཉིད་མི་གཞན་གྱི་ལུང་པར་ཡོད་པ་དང་རང་གི་ཕ་མེས་ཡང་མེས་རྣམས་བོད་པ་ཡིན་པ་དང་བོད་སྐད་བཤད་པ་བོད་ཡིག་འབྲི་བའི་མི་བུ་ཞིག་ཡིན་པ་དྲན་གསོས་ཡོང་གི་རེད་ལ་ལྷག་པར་དུ་མི་གཞན་གྱི་ལུང་བར་བསྡད་འདོད་མེད་པར་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་འདོད་པའི་སེམས་པ་ཞིག་ཡོང་གི་རེད།
    དེ་མིན་གཞིས་ཆགས་ཁག་གི་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་ན་བོད་དོན་རྦད་དེ་གཡུགས་ཀྱང་བྱེད་ཀྱི་རེད།
    ང་རང་གི་འཚོ་བ་ནི་སེམས་ཕྲལ་མེད་བུ་ཕྲུག་དེ་དག་དབྱིན་ཡིག་ཡག་པོ་ཞིག་དང་མི་རིགས་གཞན་གྱི་བཟའ་ཚང་ཡག་པོ་ཞིག་རག་ན་འགྲིག་གི་རེད་སྙམ་པའི་བསམ་བློ་མ་གཏོགས་བོད་དོན་ཟེར་བ་སུམ་ཅུའི་དུས་དྲན་ལ་འགྲོ་ཙམ་འགྲོ་ཙམ་དང་ཁྲུངས་སྐར་དུས་ཆེན་བཏང་ཙམ་བཏང་མ་གཏོགས་གནང་གི་མ་རེད།
    སྐྱབས་བཅོལ་བའི་འཚོ་བ་ཉམས་ཐག་གྱུར་ན་ད་གཟོད་བོད་དྲན་གྱི་རེད་ལ་བོད་དོན་ཐོག་ལ་རང་བཞིན་གྱིས་སེམས་ཤུགས་ཆེ་གི་རེད།
    སྐྱབས་བཅོལ་བའི་ནང་གི་འབྱོར་ལྡན་དེ་དག་གི་བོད་དོན་ཐོག་ལ་ཞལ་འདེབས་འབུལ་མཁན་དཀོན་པོ་རེད་པ།
    དེ་ལས་འཚོ་བ་སྐྱོ་ཙམ་ཆགས་ན་ཡག་པ་འདུག
    ད་དུང་གཞིས་ཆགས་ཁག་ལ་མེ་ཤོར་བ་དང་ཆུ་ལུས་པའི་དཀའ་ངལ་ཡོང་བར་ཤོགས།
    ཡིན་ན་ཡང་སྲོག་གི་བར་ཆད་མི་འབྱུང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese