མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་པ་ ༡༢ བཀག་ཉར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་རྩོམ་པ་པོ་དང་དགེ་རྒན། སློབ་མ། དགེ་འདུན་པ་བཅས་ཁྱོན་བསྡོམས་བོད་མི་ ༡༤ ཙམ་འཛིན་བཟུང་བྱས་ཤིང་། མི་གཉིས་ལ་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་དག་ཚང་མ་མུ་མཐུད་བཀག་ཉར་བྱས་ཡོད་འདུག  

ལོ་སྔ་ཕྱིར་བོད་ཆོལ་གསུམ་གྱི་ཤེས་ཡོན་པ་དང་རྩོམ་པ་པོ། དགེ་རྒན་དང་སློབ་མ། དགེ་འདུན་པ་དང་ཚོང་པ། གཞས་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སོགས་བོད་མིའི་སྤྱི་ཚོགས་ཁྲོད་མི་ནུས་པ་ཅན་མང་པོ་ཞིག་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་བཏགས་ཏེ། འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཆད། གར་སོང་ཆ་མེད་ཀྱི་གནས་སྟངས་ཆགས་པ་སོགས་ཡ་ང་བའི་གནས་ཚུལ་མང་དག་ཅིག་ཡོང་གི་ཡོད་པ་ལྟར། རྔ་པ་ས་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་མང་དག་ཅིག་ཀྱང་ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག

ཀིརྟི་བྱེས་བ་གྲྭ་ཚང་གི་གྲྭ་ཚེ་རིང་ལགས་ཀྱིས་རྔ་པ་ས་ཁུལ་ནས་འཛིན་བཟུང་བྱས་པ་དག་གི་སྐོར་ངོ་སྤྲོད་གནང་དོན། འདི་ལོ་ཕྱི་ཟླ་ ༣ པ་ནས་བཟུང་རྒྱ་ནག་གཞུང་གིས་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་འབར་ཁམས་མི་རིགས་མཐོ་འབྲིང་སློབ་གྲྭའི་བསོད་ནམས་དང་ཀིརྟི་སྐྱབས། རྡོ་ལོ། བསྟན་པེ། ཆོས་འཕེལ་བཅས་དགེ་རྒན་ལྔ་དང་། ༼ གནམ་ལྕགས་ཚགས་པར ༽ གྱི་རྩོམ་སྒྲིག་པ་བསོད་ནམས་རིན་ཆེན་དང་བསོད་ནམས་དོན་འགྲུབ། ཡར་རྒྱས། དྲག་ལྡན་བཅས་སློབ་མ་བཞི་བཅས་དགེ་སློབ་ ༩ འཛིན་བཟུང་བྱས་ཡོད་ལ། ཉེ་བའི་ཆར་སློབ་མ་བསོད་ནམས་རིན་ཆེན་དང་ཡར་རྒྱས་གཉིས་ལ་ལོ་གཉིས་རེ་ཡི་ཁྲིམས་ཐག་བཅད་ཟིན་སྐོར་ཕྱིར་བསྒྲགས་བྱས་ཡོད་ཀྱང་། སློབ་མ་བསོད་ནམས་དོན་འགྲུབ་མུ་མཐུད་བཀག་ཉར་དང་། དྲག་ལྡན་གྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་མི་འདུག དགེ་རྒན་རྣམས་ལ་རྒྱ་ནག་གཞུང་ཕྱོགས་ཀྱིས་གོ་སྒྲིག་འོག་ཁྲིམས་བཤེར་བྱེད་ཀྱིན་ཡོད་ནའང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་དཀའ་བའི་གནས་སུ་གྱར་འདུག་ཅེས་བརྗོད་བྱུང་།  

ཡང་ཁོང་གིས། དེ་བཞིན་༼ དུས་རབས་ཀྱི་ང་ ༽ ཞེས་པའི་རྩོམ་སྒྲིག་པ་འཇང་རྩེ་དོན་གོ་དང་བུ་ངྷ། སྐལ་བཟང་སྦྱིན་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཐེའུ་རང་། སྒོ་མང་གྲྭ་ཚང་གི་གྲྭ་འབྲོག་རུ་ཚུལ་ཁྲིམས་བཅས་བསྡོམས་མི་ ༡༤ ལྷག་འཛིན་བཟུང་བྱས་ཡོད་པ་རེད།  དེའི་ཁྲོད་ཀྱི་འབྲོག་རུ་ཚུལ་ཁྲིམས་དང་དགེ་རྒན་རྡོ་ལོ་གཉིས་ལས་གཞན་ཚང་མ་རྔ་པ་རང་གི་མི་ཡིན་འདུག ཉེ་བའི་ཆར་གོང་གསལ་འཛིན་བཟུང་བྱས་པའི་ཁྲོད་ཀྱི་མི་སྣ་ཁག་ཅིག་གིས་ཁྲིམས་རྩོད་པ་གླས་ཏེ་ཁྲིམས་བཤེར་བྱ་འཆར་ཡོད་ཀྱང་། རྒྱ་གཞུང་གིས་ས་གནས་རང་གི་ཁྲིམས་རྩོད་པ་ལས་གཞན་གདན་ཞུ་བྱེད་མི་ཆོག་བཀའ་རྒྱ་བཏང་འདུག་ལ། ཉེ་ཆར་ཁོང་ཚོ་སུ་ལའང་ཐུག་འཕྲད་ཀྱི་གོ་སྐབས་སྤྲོད་ཀྱི་མི་འདུག ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 4

  1. ཀ་ཉག་ཚེ་རིང་། says:
    ལོ་ 16 སྔོན།

    གསལ་བཤད་བྱེད་རྒྱུ་ཞིག་ལ། འཇང་རྩེ་དོན་ཁོ་《དུས་རབས་ཀྱི་ང་》དུས་དེབ་ཀྱི་རྩོམ་སྒྲིག་པ་མ་རེད། དེ་མིན་འདིར་བཀོད་པ་རྣམས་རྔ་པ་རང་སྐྱོང་ཁུལ་ཁོངས་ནས་ཤེས་ཡོན་ཅན་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་པ་ལས་ཁོ་བོས་འདི་ནས་ཤེས་རྟོགས་བྱུང་བ་ཁག་ཅིག་ཡིན་པ་ཀློག་པ་པོས་དགོངས་འཇགས་འཚལ།

    Reply
  2. གཅེན་པོ། says:
    ལོ་ 16 སྔོན།

    སྐབས་ཤིག་བོད་ལ་རང་དབང་རང་བཙན་ཆ་ཚང་ཐོབ་ན་ཡང་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཐུབ་པའི་མི་ཚང་མ་མེད་པ་ཆགས་འགྲོ་བ་འདུག
    དེ་དུས་བོད་རང་དབང་རང་བཙན་ཡིན་ཀྱང་དགའ་རྒྱུ་གང་ཡང་ཡོད་པ་མ་རེད།
    འདི་རྒྱ་ནག་པོ་ལྟས་ངན་དེས་བོད་མི་རིགས་ཀྱི་ངོ་བོ་མེད་པར་བཟོ་བའི་ཐབས་ལམ་ཞིག
    རིགས་གཞུང་སྲུང་སྐྱོབས་མི་ཐུབ་ན་མི་རིགས་ཀྱི་ངོ་བོ་རྦད་དེ་བརླགས་ཚར་བ་རེད།

    Reply
  3. ཁ་ཏ་དཀར་པོ་། says:
    ལོ་ 16 སྔོན།

    ཟླ་ཤས་སྔོན་ནས་གནས་ཚུལ་འདི་ཨེ་་རླུང་ཚང་ནས་གོ་མྱོང་།

    Reply
  4. མིག་གསུམ་པ། says:
    ལོ་ 16 སྔོན།

    བོད་ནང་དུ་བུ་རེ་བ་ཅན་དང་རྟ་གོམ་པ་ཅན་ཚང་མར་འཇུ་བཟུང་བྱས་ཚར་ན་འུ་ཚང་གི་ནང་སྙིང་རུལ་བ་རེད། དགྱ་འདི་བ་ཚང་གིས་དམིགས་དོན་ལགཟས་ནས་མི་ལས་དགུ་ལས་ཀྱི་སྲིད་ཇུས་བྱེད་ཐབས་འདི་བཀོལ་ཀྱི་ཡོད་པ་རེད། ཕྱི་ཕྱོགས་སུ་ཡོད་པའི་ཤེས་ཡོན་པ་ཚང་མའི་ནུས་པ་གཅིག་སྒྲིལ་གྱི་དུས་ལ་བབ་འདུག རང་ཉིད་ཀྱི་ཁེ་ཕན་ཁོ་ན་ཙམ་མ་ཡིན་པར་བོད་སྤྱི་ལའང་ཐུགས་སེམས་རྒྱ་ཆེར་བཞེས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese