མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་གནང་རོཊ་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་དང་བླངས་པ་ཁག་ཅིག་གིས་བཀའ་བློ་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པར་རྒྱལ་ཁ་ཐོབ་ཆེད། དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་དང་འབྲེལ་ཁོང་གི་ཆེད་དུ་ལས་འགུལ་སྤེལ་ཏེ་མང་ཚོགས་ཀྱི་རྒྱབ་སྐྱོར་འཚོལ་འཆར་ཡོད་པའི་གསལ་བསྒྲགས་བྱས་སོང་།  

དེ་རིང་ཞོགས་པར་བཞུགས་སྒར་མེག་ལོར་བསྟན་ནོར་ཟ་ཁང་དུ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གདན་ཞུའི་ཐོག  ངྷ་ས་དང་ལྷོ་ཕྱོགས་སྦེལ་ཀོབ། ཨ་རིའི་སེན་ཧྤུ་རན་སི་ཁོ། བལ་ཡུལ་བཅས་སུ་ཡོད་པའི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་ལ་རྒྱབ་སྐྱོར་གནང་མཁན་གྱི་བོད་མི་ཁག་ཅིག་གིས་གསར་འགོད་གསལ་བསྒྲགས་གནང་སྟེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་སྐབས་གསུམ་པའི་བཀའ་ཁྲིར་འོས་འདེམས་བྱ་ཆེད། www.kalontripa2011.org  ཞེས་པའི་དྲ་རྒྱ་གསར་བ་ཞིག་དབུ་འབྱེད་དང་། མ་འོངས་པར་མང་ཚོགས་ཁྲོད་ཁོང་ལ་རྒྱབ་སྐྱོར་འཚོལ་སྒྲུབ་ཀྱིས་ལས་འགུལ་གང་མང་སྤེལ་འཆར་ཡོད། དེ་ནི་ཁོང་གིས་འདས་པའི་ལོ་ ༤༠ ལྷག་གི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ནུས་ལྡན་གྱི་ཚོགས་པ་གསར་འཛུགས་ཁྲོད་མཉམ་ཞུགས་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་བོད་ཀྱི་ཐེབས་རྩ་ཁང། བོད་མི་ཨ་རིར་གནས་སྤོར་ཀྱི་ལས་འཆར་གསར་གཏོད་གནང་བ་སོགས་ཀྱིས་མཚོན་པའི་ཁོང་གི་ཉམས་མྱོང་དང་ཤེས་འཇོན། ལྷག་བསམ་བཅས་ལས་ར་འཕྲོད་བྱུང་སྟེ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་བརྗོད་བྱུང་ལ།

 

སྐབས་དེར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཞེས་པའི་དྲ་རྒྱ་དབུ་འབྱེད་དང་འབྲེལ་གསུང་དོན།  བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་ངེད་གཉིས་ལ་མཚོན་ན། ལོ་མང་རིང་བོད་སྤྱི་བའི་ལས་དོན་ཐད་མཉམ་གཤིབ་ཀྱིས་སྡུག་མཉམ་འཁུར་དང་ལྷག་བསམ་མཉམ་སྐྱེད། དཀའ་ལས་མཉམ་དུ་བརྒྱབ་ཡོད། ངེད་གཉིས་བར་དམ་ཚིག་གཙང་མ་ཡོད་སྟབས། སྤྱི་ཚོགས་ཁྲོད་མཉམ་འབྲེལ་དང་རྒྱབ་སྐྱོར་བྱེད་ཀྱིན་པའི་སྐད་ཆ་འདྲ་མིན་བྱུང་མིན་ལ་མ་ལྟོས་པར་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཡོང་བ་ཡིན། ངེད་གཉིས་ ༡༩༦༨ ལོ་ནས་ཨ་རིར་མ་ཕེབས་པར་མཉམ་དུ་ལས་ཀ་བྱས་པ་རེད།  ཁོང་ལ་མཚོན་ན་མི་ཡ་རབས་དང་གཉོམ་ཆུང་།  མི་མཐོ་དམའ་བར་གསུམ་ལ་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་མ་ཟད།  སྤོབས་པ། མཁྱེན་ཡོན། མཐུན་སྒྲིལ་ཡོད་མཁན་ཞིག་ཡིན་ལ། ཆབ་སྲིད་ཀྱི་ཐོག་ནས་དགོངས་པ་བཞེས་སྟངས་ཧ་ཅང་མཐོན་པོ་རེད་ལ། ཁོང་རང་ཉིད་ཀྱིས་ངོས་ནས་འདི་དང་འདི་བསྒྲུབ་ཡོད་ཅེས་བཤད་པའི་ལུགས་སྲོལ་མི་འདུག་ཅེས་བརྗོད་བྱུང་ལ། ཡང་ཁོང་གིས། སྔོན་ལ་དམངས་གཙོ་ཚགས་པར་ཐོག་གཞུང་གི་ཡོང་འབབ་དང་འགྲོ་སོང་ཁ་མ་འདུམ་པ་དེ་ཚིག་ནོར་གྱི་དབང་གིས་སྒོར་འབུམ་བདུན་ལྷག་ཆད་པ་རེད་ཅེས་བཀོད་པ་རེད།

 

ངེད་གཉིས་མཉམ་གཤིབ་ཀྱི་གོ་རིམ་ལས་ངས་ཁོང་ལྟ་བ་བརྟན་པོ་ཞིག་ཡིན་པ་ལས་འགྱུར་ཆོག་ཆོག་གི་མི་ཞིག་མིན་པ་དང་། ལངས་ཕྱོགས་བརྟན་པོ་ཡོད་མཁན་ཞིག་ཡིན་སྟབས། ང་རང་གི་བསམ་ན་ཁོང་ནི་བཀའ་བློན་ཁྲི་པར་འོས་ཤིང་འཚམས་པ་རེད་བསམ་གྱི་ཡོད། རྒྱུ་མཚན་ནི། ཁོང་ལ་བཀའ་ཁྲི་ལངས་པའི་ཤེས་ཡོན་ཆ་ཚང་བ་དང་རྒྱལ་སྤྱིའི་གནས་ཚུལ་དང་འབྲེལ་ལམ་ཡོད་པ་སོགས་ཕྱོགས་ཡོངས་ནས་ཡག་པོ་རེད་ཅེས་བརྗོད་བྱུང་བར་མ་ཟད། མ་འོངས་པར་བོད་མི་ཚོས་ཀྱང་བཀའ་ཁྲིའི་འོས་གཞི་དེ་དག་གིས་མི་ཚེའི་ནང་བོད་སྤྱི་བའི་ལས་དོན་འགན་དང་ལས་ཀ་གང་བྱས་མེད་དང་། ལྷག་བསམ་གང་འདྲ་ཡོད་མེད། ལམ་ཁ་གང་འདྲ་ཞིག་ལ་ཆས་མིན་སོགས་ལ་ཞིབ་འཇུག་བྱས་ཏེ་གདམ་རྒྱུ་དང་གསར་འགྱུར་རྒྱུད་ལམ་ཁག་གིས་ཀྱང་དྲང་པོ་དྲང་བཞག་དང་བདེན་པ་བདེན་དྲང་གི་གནས་ཚུལ་བཀོད་རྒྱུ་གལ་ཆེན་ཡིན་པའི་རེ་བ་དང་འབོད་སྐུལ་གནང་བྱུང་།

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 28

  1. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། ཁྱེད་ནི་༢༠༡༡ ལོའི་བཀའ་བློན་ཁྲི་པ་ལ་འོས་ཤོས་དེ་ཆག་གི་འདུག ངོ་མ་གཞོན་སྐྱེས་འགའ་རེས་ཁྱེད་ཀྱིས་མི་ལོ་ཇི་ཙམ་རིང་བོད་གཞུང་ཞབས་གནང་བ་དང་། གནས་ཚུལ་ཕྱོགས་ཐམས་ཅད་ནས་ཇི་མ་ཇི་བཞིན་མི་ཤེས་པར། ཕྱི་རྒྱལ་དུ་ཕྱིན་པ་དང་། འབུམ་དགུའི་རྙོག་གྲ་ཡོད་པར་རྒྱུ་མཚན་དུ་བྱས་ནས་སྨོད་པ་ནི་ཚད་མའི་གཞུང་ནང་གསུངས་པའི་༼འགལ་བ་ལྷག་ལྡན་༽དུ་སོང་བའི་རྒོལ་བ་དང་རྣམ་པ་ཀུན་ཏུ་མཚུངས་པས་དངོས་གཞིའི་འོས་མི་ལ་ཁྱེད་སླེབ་པའི་རེ་བ་ཡོད།

    Reply
  2. གངས་ཆབ། says:
    ལོ་ 15 སྔོན།

    བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་འགན་མི་འཁུར་མཁན་བཀྲས་མཐོང་ལྟ་བུའི་མི་སྣ་ཞིག་ང་ཚོ་བཙན་བྱོལ་མི་མང་ལ་བཀའ་ཁྲི་ཞིག་གཏན་ནས་མི་དགོས།
    རྒྱུ་མཚན་ནི་དེ་སྔོན་བཀའ་ཁྲི་ལས་ཐོག་སྐབས་སུ་ནང་མི་བུ་ཕྲུག་ཆེད་དུ་རྩ་དགོངས་ཞུས་ཨ་རིས་ཡུལ་དུ་བསྐྱོད་པ་དང་ད་དུང་ཡང་མ་འོངས་པ་ལ་དཀའ་ངལ་དེ་དང་དེ་འདྲ་བའི་རིགས་བྱུང་བ་ཡིན་ཁོང་གི་ནང་མི་བུ་ཕྲུག་ཆེད་དུ་རྩ་དགོང་ཞུ་རྒྱུ་ཡིན་ཟེར་བ་ནི་དངོས་གནས་བོད་མི་མང་ལག་རྩེད་དང་མཐོང་ཆུང་བྱེད་པ་མ་ཡིན་ནམ།བོད་ཕྱི་ནང་གཉིས་ནས་བོད་མི་རིགས་དང་བོད་སྤྱི་པའི་རྩ་དོན་ཆེད་དུ་རང་སྲོག་གློས་བཏང་བ་དང་གཏང་དང་གཏང་བཞིན་པ་རེད།མ་ཚད་ད་དུང་ཡང་གཏོང་ངེས་རེད།དེ་འདྲ་སོང་ཙམ་ང་ཚོ་ལ་དགོས་པའི་བཀའ་ཁྲི་ནི་བོད་མི་རིགས་གི་དོན་དུ་རང་སྲོག་གློས་གཏོང་མ་ཐུབ་ཀྱང་བོད་མི་རིགས་དང་སྤྱི་པའི་རྩ་དོན་གལ་གནད་ཆེ་བ་ལས་ནང་མི་བུ་ཕྲུག་གལ་གནད་ཆེ་བ་མི་འཛིན་མཁན་ཞིག་ངེས་པར་དུ་དགོས་པ་ནི་ཤིན་ཏུ་ནས་བརྗོད་མ་དགོས་པ་ཞིག་རེད།

    Reply
  3. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ། གཞན་ཞིག་ནི་སྐུ་དྲག་ཡིན་པ་ཙམ་གྱི་རྒྱུ་མཚན་དུ་བྱས་ནས་བཀའ་བློན་ཁྲི་བར་མི་འོས་ཚུལ་བཤད་ན་ཆོལ་མི་འདུག གཙོ་བོ་ད་ལྟ་བར་ཁོང་གིས་ལས་ཀ་ག་རེ་བྱས་མིན་ལྟ་རྒྱུ་གལ་ཆེ། བློ་བཟང་སེང་གེ་ལ་དེང་དུས་ཀྱི་ཤེས་ཡོན་མཐོན་པོ་ཡོད་པ་བདེན་ཡང་ལས་ཀ་འདི་བྱས་ཟེར་བ་ཞིག་སྟོན་རྒྱུ་མི་འདུག་ལ། ཁོང་གི་འདི་བྱས་ཟེར་བ་རྣམས་མཁས་པའི་བྱ་བའམ་ཞིབ་འཇུག་བྱས་རབས་རེད། བཀའ་བློན་ཁྲི་བ་ཟེར་བ་དེ་དེ་ཙམ་གྱིས་རྔོ་མི་ཐོགས་པ་ཡིན། དེ་མ་ཚད་བློ་བཟང་སེང་གེའི་གཏམ་བཤད་རྣམས་ལ་ཉན་སྐབས་མང་ཆེ་བ་འུར་སྒྲོགས་ཁོ་ན་རེད་ལ། འདིས་ག་རེ་སྟོན་གྱི་འདུག་ཅེས་ན་ཁོང་ལ་ཉམས་མྱོང་མེད་པ་གསལ་བོ་སྟོན་གྱི་འདུག དེ་བས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་གསུངས་གསལ་ལ། འདི་བྱེད་ཀྱི་ཡིན། ཀན་བྱེད་ཀྱི་ཡིན་ཟེར་རྒྱུ་ཁག་པོ་ཡིན། གནས་སྟངས་ལ་ལྟ་དགོས་ཟེར་བ་དེ་ནི་མི་ཉམས་མྱོང་གི་གཏམ་དངོས་གནས་དེ་ཡིན། དཔེར་ན། ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་རང་གི་དོན་དག་ཆུང་ངུ་དེ་དག་ཀྱང་འདི་བྱེད་ཀྱི་ཡིན། ཀན་བྱེད་ཀྱི་ཡིན་ཟེར་ན་ག་འདྲ་ཆགས་ཀྱི་ཡོད་ང་ཚོ་ཚང་མར་གསལ་བོ་ཡིན་པ་མ་གཏོགས་སུ་ལའང་ལྐོག་གྱུར་ཞིག་མ་ཡིན་ནོ། །

    Reply
  4. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ད་ཐེངས་བཀའ་ཁྲིའི་འོས་གཞིར་ལང་མཁན་རྣམས་ནི། ཁ་ཅིག་རང་ཉིད་བཀའ་ཁྲིར་ཆགས་པའི་དམིགས་ཡུལ་ཡོད། ཁ་ཅིག་རང་ཉིད་ཀྱི་མིང་སྤྱི་ཚོགས་ཁྲོད་དུ་ཁྱབ་པར་དམིགས་ཡོད། ཁ་ཅིག་གཞན་ལ་གནོད་ཤུགས་སྤྲོད་ཆེད་རེད། འོན་ཀྱང་དེ་དག་སུ་ཡང་མང་གཙོའི་སྒྲོམ་གཞི་ལས་བརྒལ་འདུག་བརྗོད་མི་ཐུབ། རྒྱལ་སྤྱིའི་འགྱུར་འགྲོས་དང་རྒྱ་ནག་གི་ཆབ་སྲིད་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དང་བཀའ་ཁྲིའི་འོས་གཞིར་བཞེངས་མཁན་རྣམས་ཀྱི་ཤེས་ཡོན་སོགས་གནས་ཚད་གང་ལ་བསམ་གཞིག་བྱས་ཀྱང་༢༠༡༡ལོའི་བཀའ་ཁྲིར་མཁས་དབང་བློ་བཟང་སེང་གེ་འོས་ཤོས་སུ་མཐོང་། མ་ཚད་བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་ཡོངས་ལ་རང་དབང་ཐོག་ནས་འོས་བླུགས་རྒྱུ་བྱུང་ན་བློ་བཟང་སེང་གེ་ལ་འོས་ཐོབ་རྒྱུ་རེད། འོན་ཏང་སྐུ་དྲག་རིང་ལུགས་ཀྱི་མི་སྣ་མང་པོས་ཆབ་སྲིད་དང་དཔལ་འབྱོར། ཆོལ་ཁ་དང་ལུང་ཚན་སོགས་ཅི་རིགས་ཀྱི་སྒོ་ནས་མི་མང་ལ་གནོད་ཤུགས་དང་བསླུ་བྲིད་མང་པོས་སྒོ་ནས་མི་མང་པོ་ཞིག་ལ་ཡང་དག་པའི་མང་གཙོའི་འཚོ་བ་རང་དབང་དུ་ལོངས་སྤྱོད་བྱེད་པ་ལ་བར་ཆད་ཆེན་པོ་བྱེད་ཀྱི་ཡོད། དེས་ན་སྒེར་སོ་སོས་རང་ཉིད་ཀྱི་འོས་ཤོག་རང་ཉིད་ལ་དབང་འདུག་དང་ཡང་ན་གཞན་དབང་དུ་འགྱུར་འདུག་ལེགས་པར་བརྟགས་ནས་མང་གཙོའི་ཁེ་དབང་གཞན་འོག་ཏུ་མ་སོང་བར་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་ནས་རང་དབང་དུ་ལོངས་སྤྱོད་པར་ཞུ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁྱོད་ཚོས་བློ་བཟང་སེང་གེ་ལགས་མོ་ཊའི་ཁ་ལོ་བ་རེད་་ཟེར་བ་དེར་ནོར་སོང། ཁོང་གིས་ཨ་རིའི་ཧ་ཝན་མཐོ་སློབ་ནང་དུ་གནམ་གྲུའི་ཁ་ལོ་བ་སྦྱངས་པ་རེད། མ་ཚད་ཁོང་ལ་ཐད་འཕུར་གནམ་གྲུའི་ཁ་ལོ་བའི་ལག་ཁྱེར་ཐོབ་ཡོད།

    རྒྱ་གར་ལུང་པའི་མོ་ཊ་རྙིང་པ་དེ་ཚོ་གཏོང་མདོག་ཁག་པོ་མ་རེད། གནམ་གྲུ་གཏོང་ནས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རི་བོའི་རྩེ་དུ་ཕེབས་ངེས་རེད།

    མི་རྙིང་ཀླད་རྙིང་ཞིག་གིས་རླུངས་འཁོར་རྙིང་པ་ཞིག་གཏོང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་རི་བོའི་རྩེ་ལ་སླེབས་ཐབས་ཡོད་པ་མ་རེད།

    མི་རྙིང་ཀླད་རྙིང་ཚོས་མོ་ཊ་རྙིང་པ་དེར་མར་ཐུར་དུ་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་ཏུ་གཏོང་གི་རེད་མ་གཏོགས་ཡར་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རི་བོའི་རྩེ་དུ་གཏོང་ཐུབ་ཀྱི་རེད།

    བཙན་བྱོལ་བོད་གཞུང་ལ་དགོས་པ་ནི་གནམ་གྲུའི་ཁ་ལོ་བ་ཡིན་པ་ལས་མོ་ཊའི་ཁ་ལོ་བ་མིན། མོ་ཊའི་ཁ་ལོ་བ་ག་ཚོད་དགོས་དགོས་ཡོད་རེད། པྭ་ཎི་ཟ་གི་ཟ་མགོ་ལ་རས་དམར་པོ་རེ་དཀྲིས་ནས་ཊག་ཁ་ལོ་བ་ཚོ་ངོ་ཤེས་ཀྱི་མེད་པས།

    Reply
  6. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ད་ཐེངས་བཀའ་ཁྲིའི་འོས་གཞིར་ལང་མཁན་རྣམས་ནི། ཁ་ཅིག་རང་ཉིད་བཀའ་ཁྲིར་ཆགས་པའི་དམིགས་ཡུལ་ཡོད། ཁ་ཅིག་རང་ཉིད་ཀྱི་མིང་སྤྱི་ཚོགས་ཁྲོད་དུ་ཁྱབ་པར་དམིགས་ཡོད། ཁ་ཅིག་གཞན་ལ་གནོད་ཤུགས་སྤྲོད་ཆེད་རེད། འོན་ཀྱང་དེ་དག་སུ་ཡང་མང་གཙོའི་སྒྲོམ་གཞི་ལས་བརྒལ་འདུག་བརྗོད་མི་ཐུབ། རྒྱལ་སྤྱིའི་འགྱུར་འགྲོས་དང་རྒྱ་ནག་གི་ཆབ་སྲིད་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དང་བཀའ་ཁྲིའི་འོས་གཞིར་བཞེངས་མཁན་རྣམས་ཀྱི་ཤེས་ཡོན་སོགས་གནས་ཚད་གང་ལ་བསམ་གཞིག་བྱས་ཀྱང་༢༠༡༡ལོའི་བཀའ་ཁྲིར་མཁས་དབང་བློ་བཟང་སེང་གེ་འོས་ཤོས་སུ་མཐོང་། མ་ཚད་བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་ཡོངས་ལ་རང་དབང་ཐོག་ནས་འོས་བླུགས་རྒྱུ་བྱུང་ན་བློ་བཟང་སེང་གེ་ལ་འོས་ཐོབ་རྒྱུ་རེད། འོན་ཏང་སྐུ་དྲག་རིང་ལུགས་ཀྱི་མི་སྣ་མང་པོས་ཆབ་སྲིད་དང་དཔལ་འབྱོར། ཆོལ་ཁ་དང་ལུང་ཚན་སོགས་ཅི་རིགས་ཀྱི་སྒོ་ནས་མི་མང་ལ་གནོད་ཤུགས་དང་བསླུ་བྲིད་མང་པོས་སྒོ་ནས་མི་མང་པོ་ཞིག་ལ་ཡང་དག་པའི་མང་གཙོའི་འཚོ་བ་རང་དབང་དུ་ལོངས་སྤྱོད་བྱེད་པ་ལ་བར་ཆད་ཆེན་པོ་བྱེད་ཀྱི་ཡོད། རྒྱ་ནག་གིས་བརྗོད་བཞིན་པའི་སྐྱོན་བརྗོད་རྣམས་ལ་ངོས་ལེན་དུ་འགྲོ་ཡི་ཡོད། དེས་ན་སྒེར་སོ་སོས་རང་ཉིད་ཀྱི་འོས་ཤོག་རང་ཉིད་ལ་དབང་འདུག་དང་ཡང་ན་གཞན་དབང་དུ་འགྱུར་འདུག་ལེགས་པར་བརྟགས་ནས་མང་གཙོའི་ཁེ་དབང་གཞན་འོག་ཏུ་མ་སོང་བར་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་ནས་རང་དབང་དུ་ལོངས་སྤྱོད་པར་ཞུ།

    Reply
  7. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    ཇ་མ་ཁྱོད་ཉོན་ཅིག བློ་བཟང་སེང་གེ་ལྟ་བུ་བྱིས་པས་རླང་འཁོར་གཏང་མ་མྱོང་མཁན་དེ་ཚོས་ངོ་མ་རླང་འཁོར་རྙིང་པ་རྡ་སའི་མཐའ་འགོ་ཞིག་ནས་ཨ་ལོག་རྒྱག་རྒྱུ་རེད།

    Reply
  8. ཇ་མ་ says:
    ལོ་ 15 སྔོན།

    དྲ་བལྟ་ཚོར།
    བཀའ་བློ་ཁྲི་ཟུར བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ཟུར་ནས་ཡང་བཀའ་ཁྲི་ལ་དམིགས་ཡུལ་དེ་་ ་ ་ ་ ་ ་ ་ ་ ་ ཨ་ཁ་ཁ
    གཞུང་ས་ཆེན་མོའི་རླང་འཁོར་རྙིང་པ་རྡ་སའི་མཐའ་འགོ་ཞིག་ནས་ཨ་ལོག་རྒྱག་རྒྱུ་མིན་ནམ། དཀོན་མཆོག་མཁྱེན།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    རྒན་རབས་པ་རྣམས་ཀྱིས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་གྱིས་རྒྱུད་བསྐུལ་ཏེ་བོད་རྒྱ་ཆེ་མི་མང་གི་དོན་དུ་འབད་པ་ལྷུར་ལེན་གནང་བར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་བསྐལ་བཟང་དུས་བཟང་འདིར་མི་རབས་གསར་པ་ཞིག་ལ་བཀའ་བློན་ཁྲི་པའི་ཐུགས་འགན་དེ་ལྟ་ཚོད་ཅིག་གནང་ཐུབ་ན་ཡག་པོ་འདུག འབྱུང་འགྱུར་རྒན་རབས་པ་རྣམས་རིམ་གྱིས་བྱོན་ཏེ་གློ་བུར་དུ་གཞོན་སྐྱེས་ཚོར་འགན་དེ་བསླེབ་ན་སྐུ་ངལ་འཕྲད་སྲིད་པ་རེད།
    དེར་བརྟེན་བགྲེས་པ་རྣམས་ཀྱིས་སློབ་སྟོན་འོག་གཞོན་སྐྱེས་རྣམས་ལ་གོ་སྐབས་དེ་གནང་ཐུབ་ན་ཡག་པོ་འདུག།

    Reply
  10. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ངས་བསམ་ན་བཀའ་ཁྲིའི་འོས་མི་བཀྲས་མཐོང་ལས་ལྷག་པ་སུ་གཅིག་ཀྱང་མ་མཐོང་། སྤྱི་ཚོགས་ཀྱི་ཕུ་དཀྲུག་པ་འགའ་ཞིག་གི་དོན་ལ་མ་དཔྱད་པར་ཁོང་ལ་ནག་སུབ་བཏང་བ་ནི་ཧོད་རྒྱུག་ལས་མ་འདས། དོན་དུ་བཀྲས་མཐོང་གིས་འགྲེལ་བཤད་ཁ་གསལ་བྱེད་པའི་སུ་ཞིག་ལ་འང་དཔངས་རྟགས་དང་ཁུངས་ལུངས་འགྲེལ་རྒྱུ་ཞིག་མིན་འདུག
    ཁོང་བཀའ་བློན་དུ་འོས་རྒྱུ་མཚན་གཙོ་བོ་ནི་ཁོང་གིས་བསྒྲུབས་གནང་ལས་དོན་ཐ་དག་ཕུགས་རྒྱང་དང་དམིགས་ཡུལ་བརྟན་པོ་ཡོད་པ་ཞིག་རེད་འདུག
    ངས་བཀའ་བློན་འོས་མི་གཞན་དེ་དག་ཨོབྷ་མའ་ལྟ་བུ་རེད། མ་བྱ་གོང་ལ་གཅིག་འཇོན་དང་གཉིས་འཇོན་ཟེར། དོན་དངོས་སྲིད་གཞུང་ཨོ་བྷ་མ་ཁོང་རང་གི་ལག་ཏུ་སླེབས་སྐབས་འཇོན་རྒྱུ་བཞག་ནས་ཡོད་པའང་མེད་པར་བརླགས་ཚར། 

    Reply
  11. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    ནགས་མཚོ་ལགས། ངའི་བསམ་ཚུལ་མ་བརྗོད་གོང་ཁྱེད་ཀྱི་མཆན་ནང་བྲིས་པའི་༼བཀྲས་འཐོན༽ཞེས་པའི་ཡིག་ནོར་དེ་ལ་བསམ་ན་ཞིབ་མོར་མ་དཔྱད་པའི་རང་རྟགས་ལས་མ་འདས་ཤིང་། གང་ཟག་ཐམས་ཅད་ཡོན་ཏན་ཀུན་ལྡན་མིན་ལ་སྐྱོན་ཀུན་བསལ་དེ་བས་ཀྱང་མིན་པས་སྤྱིར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཁོང་ལའང་ཞན་པའི་ཆ་ཡོད་དགོས་བྱུང་། དེས་ན་ལེགས་ཆ་དང་ཉེས་ཆའི་ཡང་ལྕི་འཇལ་དགོས་པ་ནི་གནད་དམ་པ་ཡིན་པར་ཐུགས་ལ་བཞག་རོགས་གནང་།

    Reply
  12. ནགས་མཚོ says:
    ལོ་ 15 སྔོན།

    བཀྲས་འཐོན་བཀའ་ཁྲི་འཇུག་མ་བསྐྱངས་བ་དེ་བློ་གཟུ་བོར་གནས་པའི་དཔྱད་ཞིབ་མ་ཡིན་ནམ་གྲོགས་པོ་རང་རིག་རྡོ་རྗེ་ཉི་མ་ལགས????????????????

    Reply
  13. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 15 སྔོན།

    ང་ཚོའི་སྤྱི་ཚོགས་ནང་གཞན་གྱི་ལེགས་ཆ་ལེན་རྒྱུ་དང་གླེང་རྒྱུ་མེད་པར་མི་དགོས་པའི་དེའི་དག་གི་ངན་ཆ་དངོས་ཡོད་ཡིན་མིན་ལ་བརྟགས་དཔྱད་ཞིབ་ཏུ་མ་བྱེད་པར་ངན་པའི་ཆ་གོ་བ་དེ་ཡིན་ཤག་ཤག་བྱས་ནས་གླེང་རྒྱུ་ལ་ཤིན་ཏུ་དགའ་པོ་ཡོད་པས་དྲྭ་གྲོགས་ཚོ་ལ་བློ་གཟུ་བོར་གནས་པའི་ཐོགས་དཔྱད་ཞིབ་གནང་ཞུ།

    Reply
  14. འཇམ་གྲགས says:
    ལོ་ 15 སྔོན།

    བཀྲས་མཐོང་ལ་དངུལ་གྱི་སྙོག་གྲའི་སྐོར་དེ་དོག་པ་ཙམ་ལས་གསལ་པོ་ཤེས་མཁན་ཞིག་མ་རྙེད། འོན་ཀྱང་དེ་རིང་ཟུར་བསོད་ནམ་སྟོབ་རྒྱལ་གྱི་ཚིག་ཟུར་ལས་སྙོག་གྲ་ཞིག་ཡོད་པ་ཐག་གི་ཆོད་འདུག ༼སྔོན་ལ་དམངས་གཙོ་ཚགས་པར་ཐོག་གཞུང་གི་ཡོང་འབབ་དང་འགྲོ་སོང་ཁ་མ་འདུམ་པ་དེ་ཚིག་ནོར་གྱི་དབང་གིས་སྒོར་འབུམ་བདུན་ལྷག་ཆད་པ་རེད་ཅེས་བཀོད་པ་རེད།༽ ད་ང་ཚོས་དེའི་སྐབས་ཀྱི་དམངས་གཙོ་ཚགས་པར་གྱི་ལས་བྱེད་པ་བཙལ་ནས་གནས་ཚུལ་དེ་བདེན་པ་ཡིན་མིན་འདྲི་དགོས། གལ་ཏེ་ཚགས་པར་ནས་གནས་ཚུལ་གལ་ཆེན་དེ་འདྲ་ཞིག་ནོར་ཡོད་ཚེ་དེ་སྐབ་ནས་གསལ་བསྒྲགས་མི་བྱེད་པ་འཇོག་མི་སྲིད། གཏན་གཏན་གནས་ཚུལ་ཞིག་འདུག བཀའ་ཁྲི་ནི་ཤིན་ཏུ་གལ་ཆེན་རེད།

    Reply
  15. སྣང་གསལ། says:
    ལོ་ 15 སྔོན།

    ཡཡ་་་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལམཆོག་ལ་འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ།
    སྐུ་ཉིད་༢༠༡༡་་ལོའི་བཀའ་ཁྲི་ལ་གུས་པས་རྒྱབ་སྐྱོར་ཞུ་གི་ཡོད་།།

    Reply
  16. བྱམས་རྒྱལ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ་ཡིན་གི་ཡིན་གི་མཇུག་མ་བསྐྱངས་པར་ཨ་རིར་ཕྱིན་པ་དེ་མི་ཁ་ཤས་ཀྱི་སྒྲོ་འདོགས་རེད་པས་ བཟོད་པ་ལགས་་་་་

    Reply
  17. བྱམས་རྒྱལ། says:
    ལོ་ 15 སྔོན།

    མཛོ་གསད་པའིམི་ཚད་རྔ་མ་རྣམ་ལ་འཁྱར་

    Reply
  18. བྱམས་རྒྱལ། says:
    ལོ་ 15 སྔོན།

    བོད་མི་རིགས་ལ་མཐོང་ཆུང་རང་རེད་།

    Reply
  19. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཧ་ཧ་བཟོད་པ་ལགས་ བོད་མི་རིགས་ལ་ཤ་ཞེན་ཆེ་བ་ཟེར་བ་དེ་བཀའ་ཁྲི་ཡིན་གི་ཡིན་གི་ཨ་རི་ལ་བྲོས་འགྲོ་ཡ་དེ་ལ་ཟེར་གི་ཡོད་པས། ལྷུང་ཚར་འདུག་གོ་།

    Reply
  20. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཁོང་ལ་དངུལ་གྱི་ལབ་གླེང་ཞིག་ཡོད་པ་དེར་ཕུགས་ཅི་ཙམ་ཡོད་མེད་མི་ཤེས་མོད། འོན་ཀྱང་བཀའ་བློན་ཁྲི་པའི་ལས་དུས་ཀྱི་མཇུག་མ་བསྐྱངས་པར་རང་ཉིད་ཀྱི་ཁྱིམ་ཚང་གི་ཁེ་ཕན་གྱི་ཆེད་དུ་ཨ་རིར་ཕྱིན་པ་བདེན་པ་རེད། དེར་བརྟེན་ཕྱིས་ཀྱི་ལས་ཀ་གང་ཡིན་རུང་དེ་ལ་རང་བཞིན་གྱིས་དོགས་པ་ཞིག་ཡོང་གིན་འདུག བཀའ་བློན་ཁྲི་པའི་འོས་གཞིར་ལང་པ་ཡང་དེ་ལས་མ་འདས།

    Reply
  21. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བའི་ཞབས་སྟེགས་དེ་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ཐོབ་རྒྱུ་ཡིན་པ་ཧ་ལམ་ངེས་པ་ཡིན།

    རྒྱུ་མཚན་གཉིས་ཏེ་གང་ལ་ཞེ་ན།
    ༡ ཁོང་ནི་ཤེས་འཇོན་གཉིས་ལྡན་ཞིག་ཡིན་པ་མ་ཟད་ཉམས་མྱོངས་ཕུན་སུམ་ཚོགས་པ། བོད་མི་རིགས་ལ་ཤ་ཞེན་ཆེ་བ་བཅས་དངོས་བདེན་ཡིན།
    ༢ ཁོང་ལ་རྒྱབ་སྐྱོར་མི་བྱེད་མཁན་འགའ་རེ་སྡུག་སྐད་རྒྱག་བཞིན་ཁུང་མེད་སྒྲོ་དོགས་སྣ་ཚོགས་རྩོམ་ཞིང་པ་ལ་བཏགས་ནས་ཀྱང་མངོན་དཔོག་ཐུབ་པ་ཞིག་ཡིན།

    Reply
  22. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    རྒན་རབས་པ་རྣམས་ཀྱིས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་གྱིས་རྒྱུད་བསྐུལ་ཏེ་བོད་རྒྱ་ཆེ་མི་མང་གི་དོན་དུ་འབད་པ་ལྷུར་ལེན་གནང་བར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་བསྐལ་བཟང་དུས་བཟང་འདིར་མི་རབས་གསར་པ་ཞིག་ལ་བཀའ་བློན་ཁྲི་པའི་ཐུགས་འགན་དེ་ལྟ་ཚོད་ཅིག་གནང་ཐུབ་ན་ཡག་པོ་འདུག འབྱུང་འགྱུར་རྒན་རབས་པ་རྣམས་རིམ་གྱིས་བྱོན་ཏེ་གློ་བུར་དུ་གཞོན་སྐྱེས་ཚོར་འགན་དེ་བསླེབ་ན་སྐུ་ངལ་འཕྲད་སྲིད་པ་རེད།
    དེར་བརྟེན་བགྲེས་པ་རྣམས་ཀྱིས་སློབ་སྟོན་འོག་གཞོན་སྐྱེས་རྣམས་ལ་གོ་སྐབས་དེ་གནང་ཐུབ་ན་ཡག་པོ་འདུག།

    Reply
  23. གཅེན་པོ། says:
    ལོ་ 15 སྔོན།

    ང་འདེམས་རོགས་ཁོ་འདེམས་རོགས་ཞེས་ལབ་དགོས་མ་རེད།
    མི་དམངས་རང་ཉིད་ཀྱི་སུ་འདེམས་འདོད་ཡོད་ནའང་འདེམས་ཀྱི་རེད།

    Reply
  24. བྱམས་རྒྱལ། says:
    ལོ་ 15 སྔོན།

    ལྷག་བསམ་ཨེ་ ག་རེ་ལྷག་བསམ་ བཀའ་ཁྲི་ཡིན་གི་ཡིན་གི་ཨ་རི་ལ་བྲོས་འགྲོ་ཡ་དེ་ལྷག་བསམ་རེད་པས་ ད་མ་བྱུང་ཚར་སོང་ ཁྱེད་གི་སྤྱི་དོན་ཏོག་ཙམ་བསྒྲུབས་ཡོད་པ་དེ་འབུར་འཇོམས་བྱེད་གི་མེད་དེ་ བཀའ་ཁྲི་ལངས་ཡ་དེ་བོད་མི་མང་ལ་མཐོང་ཆུང་བྱེད་པ་རང་རེད་།

    Reply
  25. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 15 སྔོན།

    སྐུ་ཉིད་བཀའ་བློན་ཁྲི་བའི་འོས་མིར་ལངས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  26. kunsal says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམ་པ་ཚོ། བཀྲས་མཐོང་གིས་ཤེས་ཡོན་དང་ལངས་ཕྱོགས་ཀྱི་ཐོག་ནས་བཀའ་བློན་ཁྲི་པའི་ཞབས་སྟེགས་ནོན་མིན་གླེང་རྒྱུ་ཡོད་ན་སྤྱི་ཡོངས་ཀྱི་འགྲི་ལུགས་ཤིག་རེད། འབུམ་དགུ་སོགས་གླེང་བར་ཁུངས་སྐྱེལ་བྱེད་རྒྱུ་ཡོད་ན་གསལ་པོ་བྱས་ནས་བརྗོད་དགོས། དེ་མིནརང་རེ་གཞུང་མང་མི་ཡུལ་དུ་གྱར་ནས་སྐུ་ངལ་ཆེ་བའི་དུས་གང་ཡོང་ཞབས་ཕྱི་ཞུ་མཁན་རྣམས་སེམས་ཤུགས་གཅོག་གཞིའི་གཏམ་འཆལ་འདི་རིགས་མི་གནང་བའི་འབོད་སྐུལ་ཞུ།

    Reply
  27. lyonhomme says:
    ལོ་ 15 སྔོན།

    བཀྲས་མཐོང་ལ་བཀའ་འཁྲིད་མི་ཐོབ་པར་ང་ཚོས་འབད་པ་བྱེད་རོགས་གནང་ ཁོང་ཚོའི་ཕྱོགས་ཁག་གིས་ཁོས་བྱས་རབས་ དང་འཇོན་རབས་རྐྱང་བཤད་ནས་བསྡད་ཡོད་པ་ལྟོས་དང་ ངས་ བཤད་ཀྱི་གཙོ་བོ་དེ་ འདི་ཡིན ད་བཀྲས་མཐོང་ ཁོས་ འཇོན་ན་འང་ འཇོན་ཚར་བ་རེད་ འདི་ལས་ལྷག་པ་ཞིག་བྱ་མི་ཐུབ་པ་ང་ཚོས་ ཤེས་ དགོས་ དེ་བས་ གསར་བ་མི་འཇོན་པོ་ དང་སྒོར་མོ་འབུམ་དགུ་ཡི་རྙོག་དྲ་མེད་མཁན་ཞིག་བཀའ་བློན་འཁྲིད་པ་ལ་འདེབས་རོགས་ཤེ་བཤད་ཀྱི་ཡོད

    Reply
  28. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཅི་ཞིག་ཡིན་མི་ཤེས་མོད།
    འོན་ཀྱང་ཁོང་ངོ་སྤྲོད་མང་པོ་མང་པོ་ཞིག་བྱས་སོང་ཡང་ཚང་མས་སྒོར་ཞིག་གི་གནད་དོན་ཞིག་གླེང་གིན་འདུག་པས་འདི་ཡག་རྟགས་ཞིག་མ་རེད་འདོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese