མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དངུལ་རྩ་ཉམ་ཉེས་ཡང་བསྐྱར་འབྱུང་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

འཛམ་གླིང་གི་དངུལ་རྩ་ཉམ་ཉེས་ཡང་བསྐྱར་འབྱུང་སྲིད་དམ།

 

                                             མཁའ་དབུགས་གསར་བས།

 

གཅིག  ༢༠༡༠ལོའི་ལོ་མཇུག་ཏུ་ཡང་བསྐྱར་དངུལ་རྩ་ཉམ་ཉེས་འབྱུང་སྲིད་པའི་སེམས་ཁྲལ།

 

ཕྱི་ལོ་ ༢༠༠༨ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་མ་རྩའི་དངུལ་ཁང་ཆེན་མོ་ (Lehman Brothers) ༼ ལཱེ་མན་སྦུ་ར་རྫུ ༽ ཟེར་བ་དེའི་མ་རྐང་ལ་ (Lehman Shock) ༼ ལཱེ་མན་ཉམ་ཉེས་ཆེན་མོ ༽ ཟེར་བ་དེ་བྱུང་བར་རྐྱེན་བྱས་ཏེ། འཛམ་གླིང་ཁྱོན་ཡོངས་ཀྱི་དངུལ་རྩ་ཉམ་ཉེས་བྱུང་བ་ནི་ཀུན་གྱི་སེམས་ངོས་སུ་ད་རུང་གསལ་ལྷང་ངེར་ཡོད་ངེས། དངུལ་རྩ་ཉམ་ཉེས་དེ་ནི་འཛམ་གླིང་གི་དཔལ་འབྱོར་རིག་པ་བ་གང་མང་ཞིག་གིས་ཉེ་བའི་ལོ་ངོ་བརྒྱའི་རིང་འཛམ་གླིང་གི་དཔལ་འབྱོར་ཐད། ཉམས་རྒུད་ཐེབས་པ་ཚབས་ཆེ་ཤོས་ཡིན་ཚུལ་བརྗོད་དེ་ལོ་བརྒྱའི་ནང་ཐེངས་གཅིག་གི་ཆག་སྒོ་འམ་ ༡༩༢༩ ལོའི་ ( 1929 World fear) ༼ འཛམ་གླིང་འཇིགས་སྐྲག ༽ ཟེར་བ་དེ་རོ་ལངས་བརྒྱབ་པར་ངོས་འཛིན་བྱས་ཏེ་ཁྱབ་བསྒྲགས་ཆེན་པོ་བྱས་ཤིང་། དངོས་བ་དོན་དུའང་འཛམ་གླིང་གི་སྟོབས་འབྱོར་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ལ་ཆག་སྒོ་ཆེན་པོ་ཐེབས་པ་རེད། སྟབས་ལེགས་པ་ཞིག་ལ་སྔོན་ཐོན་རྒྱལ་ཁབ་ཁག་གི་སྲིད་གཞུང་གཙོ་བྱས་པའི་རྒྱལ་ཁབ་སོ་སོའི་དངུལ་འབོར་ཆེན་པོས་དཔལ་འབྱོར་སྐུལ་འདེད་སྲིད་ཇུས་ལ་ཤུགས་སྣོན་བྱས་ཤིང་། ཨ་རི་གཙོ་བྱས་པའི་རྒྱལ་སྤྱི་མཉམ་འབྲེལ་བྱས་པར་བརྟེན། འཛམ་གླིང་འཇིགས་སྐྲག་ལ་སྔོན་འགོག་བྱས་ཏེ་ད་ལྟ་འཛམ་གླིང་གི་དཔལ་འབྱོར་ཕྱིར་འཕེལ་རྒྱས་ཀྱི་ལམ་ཁར་ཁ་ཕྱོགས་ཀྱིན་ཡོད་ལ། ཀྲུང་གོ་གཙོ་བྱས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་པ་མ་ཟད། འཛམ་གླིང་གི་མ་རྐང་ཚོང་རྭ་ཡང་སྔར་གྱི་གསོན་ཤུགས་རྒྱས་མགོ་བརྩམས་ཡོད།

 

ཡིན་ཡང་། འཛམ་གླིང་གི་དཔལ་འབྱོར་འཕེལ་ཚད་འདི་རྒྱུན་མཐུད་རུང་བ་ཞིག་སྲིད་དམ། ཡང་ན་འཛམ་གླིང་འཇིགས་སྐྲག་གི་སེམས་ཁྲལ་དེ་གཞི་ནས་ཡལ་སོང་བ་ཞིག་རེད་དམ་ཟེར་ན། ད་ཐེངས་ཀྱི་དཔལ་འབྱོར་ཆག་སྒོ་ཡི་རྨ་ཁ་ཆེན་པོ་དེ་ད་རུང་སོས་ཡག་ཅིག་མིན་དེ།  སྔོན་ཐོན་རྒྱལ་ཁབ་ཁག་གི་དཔལ་འབྱོར་ལ་གསོན་ཤུགས་རྒྱས་རེག་བར་དུ་མི་འགྱངས་པའི་ལོ་འགའི་རིང་འཕེལ་འགྲིབ་མེད་པའི་དཔལ་འབྱོར་གྱི་གནས་སྟངས་ཞིག་རྒྱུན་བསྲིང་བྱེད་པར་ཚོད་དཔག་མི་བྱ་ག་མེད་རེད་ལ། ཡང་བསྐྱར་ཆག་སྒོ་ཐེངས་གཉིས་པ་འབྱུང་སྲིད་པར་འདོད་པའི་དཔལ་འབྱོར་རིག་པ་བ་གང་མང་ཞིག་ཡོད་པ་རེད། ཁ་གསལ་བོས་བརྗོད་ན། ཁོ་ཚོས་ཡང་བསྐྱར་འཛམ་གླིང་དཔལ་འབྱོར་ལ་རྨ་ཁ་ཆེན་པོ་ཞིག་ཕོག་སྲིད་པར་སྔོན་དཔག་བྱེད་ཀྱིན་ཡོད་པ་རེད། ཉི་ཧོང་གི་དཔལ་འབྱོར་དཔྱད་བརྗོད་པ་སྐུ་ཞབས་སུ་ང་ཞུ་ཐ་ཁཱེའོ་ཧེ་རོད་ལགས་ཀྱིས་བརྩམས་ཆོས་ (世界のマネーは動き出した) ༼འཛམ་གླིང་གི་སྒོར་མོ་འགུལ་འགོ་བརྩམས་བྱུང་།༽ ཞེས་པའི་ཁྲོད། ལཱེ་མན་ཉམ་ཉེས་ཆེན་མོའི་ལོ་གཉིས་རྗེས་ཏེ་ ༢༠༡༠ ལོའི་ཟླ་ ༩ པར་ཡས་མས་སུ་འཛམ་གླིང་གི་དཔལ་འབྱོར་གྱི་གནས་སྟངས་ལ་ཛ་དྲག་གི་འགྱུར་བ་ཞིག་བྱུང་སྲིད་པར་བརྗོད་འདུག་སྟེ།  རྒྱུ་མཚན་ནི་ལཱེ་མན་ཉམ་ཉེས་ཆེན་མོའི་རྗེས་ནས་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་ཅུང་ཙམ་རྒྱས་ཡོད་པ་འདི་ནི་རྒྱལ་ཁབ་སོ་སོས་དངུལ་འབོར་ཆེན་པའི་འགྲོ་གྲོན་བཏང་ཏེ། དཔལ་འབྱོར་སྲིད་ཇུས་ལ་ཤུགས་བསྣན་པའི་འབྲས་བུ་ཡིན་པའི་སྟབས་ཀྱིས་ད་ལྟ་རྒྱལ་ཁབ་སོ་སོའི་ནོར་སྲིད་ཡོང་སྒོ་ལ་ཚད་བཀག་ཡོད་པ་དང་གཅིག འདས་པའི་ལོ་རྒྱུས་སུའང་དངུལ་རྩ་ཉམ་ཉེས་ལ་སྐབས་ཐོག་མྱུར་སྐྱོབ་ཀྱི་སྲིད་ཇུས་ལོ་གསུམ་བརྒལ་བ་ཞིག་བྱས་མྱོང་མེད་པར་ལོ་གཉིས་ཙམ་ལས་སྲིད་གཞུང་གི་ནོར་སྲིད་ལ་བརྟེན་ཏེ། དཔལ་འབྱོར་གྱི་ནུས་པ་རྒྱུན་འཁྱོངས་བྱེད་ཐུབ་མེད་པ་གཉིས་རྒྱུན་མཚན་དུ་དྲངས་འདུག

 

གཉིས། དོ་སྣང་བྱེད་ཀྱིན་པའི་ཡུ་རོབ་ཤར་མ་དང་ཡ་གླིང་གི་དཔལ་འབྱོར་གནས་སྟངས།

 

ཡང་བསྐྱར་འཛམ་གླིང་གི་དཔལ་འབྱོར་ཆག་སྒོ་ཐེངས་གཉིས་པ་ཐེབས་སྲིད་པའི་རྒྱུ་གང་མང་ཞིག་འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་ཡོད་དེ། དོན་དངོས་ཐོག་ཕྱི་ལོ་ ༢༠༠༨ ལོའི་ལཱེ་མན་ཉམ་ཉེས་ཆེན་མོའི་རྐྱེན་གཙོ་བོ་ནི། ( Subprime Lending ) ༼ འབྱོར་མེད་པའི་དོམ ༽ དང་འབྲེལ་བའི་ཚོང་རྫས་ཉོ་ཚོང་བྱས་པའི་དངུལ་རྩ་ལས་ཁུངས་གང་མང་ཞིག་ཕྱིར་བསྡུ་དཀའ་བའི་བུ་ལོན་གྱིས་མནར་ཏེ། གཅིག་འཕྲོ་གཅིག་ལ་ཚོང་བརྡིབས་ཏེ་སྒོ་རྒྱག་དགོས་པའི་གནས་སུ་ལྷུང་བའི་དབང་གིས་ཡིན་སྟབས། འདི་དང་གཅིག་མཚུངས་སྒོས་རྒྱལ་ཁབ་སོ་སོའི་ནོར་སྲིད་ལ་ཆག་སྒོ་ཆེན་པོ་ཞིག་ཐེབས་རྒྱུའི་ཉེན་ཁ་ཡོད་པ་རེད། དཔེར་ན། ཕྱིར་བསྡུ་དཀའ་བའི་བུ་ལོན་གྱི་མནར་ཏེ་རྒྱལ་ཁབ་ཀྱི་ནོར་སྲིད་བརྡིབ་པར་ཉེན་ཁ་ཆེ་བའི་རྒྱལ་ཁབ་གང་མང་ཞིག་ཡོད་ལ།  དེ་དག་གི་ཁྲོད་དུ་ཉེན་ཁ་ཚབས་ཆེན་ཐེབས་ཟིན་པ་ནི་ཞི་ལ་རྒྱལ་ཁབ་རེད། ཞི་ལ་རྒྱལ་ཁབ་གྱི་དོམ་གྱི་གྲངས་འབོར་ཡུ་རོབ་དུང་ཕྱུར་ ༣༠༠༠ ལས་བརྒལ་སྟེ། ད་ལྟ་རྒྱལ་ཁབ་ཀྱི་ནོར་སྲིད་བརྡིབ་པའི་ཉེན་ཁར་ཐུག་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད་ལ། ད་རུང་ཡུ་རོབ་རྒྱལ་ཁུངས་ཀྱི་ཕུའུ་ཐའོ་ཡ་དང་སི་ཕན་རྒྱལ་ཁབ་ཀྱང་ནོར་སྲིད་ཀྱི་ཆག་འཇིག་ལ་ཐུགས་ཡོད་པས་ན། གཅིག་ལ་གཅིག་བརྟེན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་འཛམ་གླིང་དཔལ་འབྱོར་གྱི་ཁོར་ཡུག་ཁྲོད་དུ་རྒྱལ་ཁབ་གཞན་དག་ལའང་ཉེན་ཁ་འབྱུང་སྲིད་པ་རེད། ལྷག་པར་དུ་འཇར་མན་དང་ཧྥ་རན་སུ། སུད་སི་སོགས་ཀྱི་དངུལ་ཁང་མང་པོ་ཞིག་གིས་རྒྱལ་ཁབ་འདི་དག་ལ་མ་རྩ་འབོར་ཆེན་བསྐྱིས་ཡོད་སྟབས། ཉེན་ཁ་དེ་ཡུ་རོབ་ཡོངས་དང་འཛམ་གླིང་ཡོངས་ལ་ཁྱབ་འགྲོ་བར་སྔོན་དཔག་བྱས་ཀྱང་དཔྱད་གཞིའི་མ་རྩ་མེད་པ་ཞིག་རྩ་བ་ནས་མིན།  

 

འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་དུའང་ཉེན་ཁར་ལྷུང་བའི་རྒྱལ་ཁབ་གང་མང་ཞིག་ཡོད་དེ། ༢༠༠༨ལོའི་དངུལ་རྩ་ཉམ་ཉེས་ལ་རྐྱེན་བྱས་ཏེ། ( IMF ) ༼རྒྱལ་སྤྱིའི་ཤོག་སྒོར་ཐེབས་རྩ༽ རུ་མྱུར་སྐྱོབ་ཀྱི་མ་རྩ་བསྐྱི་བར་རེ་འདུན་ཞུ་མཁན་ཧྭང་ངྷ་རི་རྒྱལ་ཁབ་དང་རོ་མ་ནུ་ཡ་རྒྱལ་ཁབ། སེད་རུ་སྦེ་ཡ་རྒྱལ་ཁབ་སོགས་ཡུ་རོབ་ཤར་མའི་རྒྱལ་ཁབ་གང་མང་ཞིག་ཛ་དྲག་གི་ཉེན་ཁར་ཐུག་འདུག་པ་དངོས་ཡོད་གནས་ཚུལ་རེད། གཞན་ཡང་ཕྱིར་བསྡུ་དཀའ་བའི་བུ་ལོན་གྱི་མནར་བ་མིན་རུང་ཀྲུང་གོ་དང་ཧིན་རྡུའམ་རྒྱ་གར་སོགས་ཀྱི་འཕེལ་ཚད་མགྱོགས་པའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དེ། ( Bubble Economy ) ༼ ལྦུ་བའི་དཔལ་འབྱོར་ ༽ གྱི་གནས་སྟངས་སུ་འགྲོ་བཞིན་ཡོད་ལ། ཁྱད་པར་དུ་མ་རྐང་དང་ཁང་བརྩེགས་ཀྱི་རིན་གོང་ནི་ལྦུ་བ་ལྟར་འཕྱུར་གྱིན་པའི་སྒང་ཡིན་པས་ན། དུས་ནམ་ཞིག་དགད་རྒྱུ་ཡིན་པ་དུས་ཚོད་ཀྱི་སྔ་གཞུག་ཙམ་ཡིན་པར་སྣང་། འདི་ལྟར་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྲིད་ཇུས་ལ་ནོར་འཆུག་ཕྲན་ཙམ་བྱུང་སྐབས། ཡང་བསྐྱར་འཛམ་གླིང་སྟེང་དཔལ་འབྱོར་ཆག་སྒོ་ཐེངས་གཉིས་པ་བྱུང་སྲིད་ངེས་ལ། ཆག་སྒོ་དེ་ཡང་ ༢༠༡༠ ལོའི་ལོ་མཇུག་ལ་འབྱུང་སྲིད་པའི་ཉེན་ཁ་ནི་ཧ་ཅང་ཆེ་བར་འདོད།

 

མཆན།

 

1, ( Lehman Shock ) ༼ ལཱེ་མན་ཉམ་ཉེས་ཆེན་མོ ༽ ཟེར་བ་ནི། ཨ་མེ་རི་ཁའི་ནེའུ་ཡོག་གྲོང་ཁྱེར་ན་ཡོད་པའི་མ་རྩའི་དངུལ་ཁང་ཆེན་པོ་རེ་མ་སྦུ་ར་རྫུས་ (Lehman Brothers) ཟེར་བ་དེའི་མ་རྐང་ཉམ་ཉེས་ལ་གོ་དགོས།

 

2, ( 1929 world fear) ༼ འཛམ་གླིང་འཇིགས་སྐྲག ༽ ཟེར་བ་ནི། ཕྱི་ལོ་ ༡༩༢༩ ལོར་ཨ་མེ་རི་ཁ་མ་རྐང་ཚོང་རྭ་གྱོང་ཆེན་པོ་རེག་པར་རྐྱེན་བྱས་ནས་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་བྱུང་མྱོང་པའི་དཔལ་འབྱོར་ཉམ་ཉེས་ཆེན་པོ་ཞིག་རེད་ལ། སྐབས་དེར་ཁེ་ལས་པ་དང་མ་རྩ་གཏོང་མཁན་གང་མང་ཞིག་གིས་རང་ཤི་རྒྱབ་པར་བཤད། སྐབས་དེ་ནས་དཔལ་འབྱོར་མཁས་ཅན་གྱི་ཁྲོད་དུ་ནང་བསྟན་དཔལ་འབྱོར་རིག་པའི་ཕྱོགས་ལ་དོ་སྣང་བྱུང་མཁན་རེ་འགའ་བྱུང་འགོ་ཚུགས།

 

3, ( Subprime Lending ) ༼ འབྱོར་མེད་པའི་དོམ ༽ ཟེར་བ་ནི། དཔལ་འབྱོར་ཡོང་སྒོ་དམའ་བའི་མི་ལ་དངུལ་ཁང་གིས་བུ་ལོན་ཆེན་པོའི་མ་རྩ་བསྐྱིས་པ་ལ་གོ་སྟེ། ཕྱི་ལོ་ ༢༠༠༨ལོའི་དངུལ་རྩ་ཉམ་ཉེས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།

 

མིང་ཚིག་དང་མཆན་འདི་དག་རང་ཉིད་ཀྱི་སྒྱུར་སྒྲིག་བྱས་པ་ཡིན་པས་མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་དག་གིས་ནོར་འཆུག་དང་ཆད་ལྷག་འདྲ་ཡོད་ན་དགོངས་འཆར་ལྷུག་པོར་སྩོལ་རོགས།།

 

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese