མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམངས་གཙོར་བསྒྱུར་རྒྱུའི་འཆར་གཞི།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་གོང་རྒྱ་ནག་དབུས་རྩོམ་སྒྱུར་ཅུས་ཀྱི་ཞིབ་འཇུག་པ་ཞིག་གིས་པའོ་ཞཱོན་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ཞིག་གི་ནང་དུ་ ༢༠༡༢ ལོར་སྐོང་ཚོགས་བྱ་རྒྱུའི་རྒྱ་ནག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་ཞིག་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད།

ཞིབ་འཇིག་པ་དེས་ཉེ་ལམ་དེ་སྔའི་ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་གྱི་རིག་པའི་གཞུང་ལུགས་ལ་སྐྱོན་བརྗོད་བྱས་ཏེ། རྗེས་སུ་གོ་གནས་དམའ་རུ་བཏང་བའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་དང་ཐུག་འཕྲད་བྱུང་ཡོད་པ་དང་། ཁོང་གིས་ཐུག་འཕྲད་བྱ་ཡུལ་གྱི་དཔོན་རིགས་དེ་སུ་ཡིན་མིན་གསལ་བོ་གསུངས་མེད་ཀྱང་། དཔོན་རིགས་དེ་དང་སྲིད་འཛིན་ཧུའུ་ཅིན་ཐོའི་བར་ལ་བྱུང་བའི་གླེང་མོལ་རྣམས་གསལ་པོར་བརྗོད་ཡོད། དཔོན་རིགས་དེས་ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་ཧུའུ་ཅིན་ཐོའི་དང་ཆུ་ཚོད་ཁ་ཤས་རིང་ཁེར་རྐྱང་ཐོག་གླེང་མོལ་བྱས་ཡོད་ཅིང་། སྐབས་དེར་ཧུའུ་ཡིས་འདི་ལྟར་བཤད་ཡོད་དེ། ཚོགས་ཆེན་བཅོ་བརྒྱད་པ་སྐོང་ཚོགས་བྱས་རྗེས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་ཡོང་ཉེན་ཡོད་པ་དང་། དེའི་ནང་ནས་གནད་དོན་གཅིག་ནི་ད་ལྟའི་ཆར་གུང་ཁྲན་ཏང་ཚོགས་པ་གཅིག་གིས་སྲིད་དབང་འཛིན་པ་ནས། ཚོགས་པ་གཉིས་སམ་ཏང་གཉིས་ལམ་ལུགས་སུ་འགྱུར་བ་གཏོང་རྒྱུ་ཡིན་པ་དང་། ད་ལྟ་ཏང་གཞན་དེའི་མིང་ད་དུང་གཏན་འཁེལ་བྱུང་མེད། ད་དུང་ཐེ་ཝན་གྱི་མཱ་ཡཱོན་ཇིའུ་དང་། ཏཱ་ལའི་བླ་མ་སོགས་ཀྱི་གནས་བབས་ཀྱི་གནད་དོན་ཚུད་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་དང་ཆབས་ཅིག་ཏུ་སྲིད་བློན་ཝུན་ཅ་པའོ་ཡིས་ཀྱང་ཉེ་ལམ་ཚོགས་ཆེན་བཅོ་བརྒྱད་པ་སྐོང་ཚོགས་བྱས་རྗེས། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འགྱུར་ལྡོག་ཆེན་པོ་ཡོང་ངེས་སྐོར་བཤད་ཡོད་ལ། ད་དུང་འདི་ལོ་ནས་བཟུང་འབྱུང་འགྱུར་ལོ་གསུམ་གྱི་ནང་རྒྱ་ནག་གི་རྫོང་རིམ་པའི་རྫོང་དཔོན་ཚང་མ་མི་དམངས་ཀྱིས་ཐད་ཀར་འདེམས་བསྐོ་བྱ་རྒྱུའི་ལམ་ལུགས་ལེགས་འགྲུབ་ཡོང་དགོས་པའི་ངོས་འཛིན་ཡང་བྱས་ཡོད།

༼ གོང་གི་གནས་ཚུལ་དེ་ངྷ་རམ་ས་ལའི་ཟླ་བ་བཀྲ་ཤིས་ལགས་ཀྱིས་བོད་སྒྱུར་གྱིས་འདི་གར་མཁོ་སྤྲོད་བྱུང་། ༽

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 19

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    རྒྱ་ནག་དམངས་གཙོར་འགྱུར་ད་དུང་མི་ལོ་བཅུ་ཕྲག་ཁ་ཤས་ཐོགས་རྒྱུ་ཡིན་པར་ཐག་གཅོད་ཐུབ་ཀྱི་རེད།
    གལ་སྲིད་རྒྱ་ནག་དམངས་གཙོར་གྱུར་བ་ཡིན་ནའང།
    བོད་ལ་རང་བཙན་དང་རང་སྐྱོངས་ལྗོངས་ད་ལྟའི་བཙན་བྱོལ་བོད་གཞུང་ནས་དགོས་འདུན་བཏོན་པ་རྣམས་འགྲུབ་ཐབས་ཤིན་ཏུ་ཁག་པོ་རེད།
    དཔེར་ན།འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལྟ་བུར་ཆ་བཞག་ནའང་ཀ་ཤི་མིར་རི་ལྟ་བུར་ལུས་སྲོག་བློས་བཏང་སྟེ་རང་གི་མངའ་རིས་ཀྱི་དོན་དུ་ཇི་ལྟར་བྱེད་ཀྱི་མི་འདུག་གམ།ད་དུང་རྒྱ་གར་གྱི་སོར་གང་ཁོང་ཚོའི་དགོས་འདུན་རྣམས་སྤྲོད་ཀྱི་ཡོད་པ་མ་རེད།
    རྒྱ་ནག་ནི་དེ་ལས་ལྡོག་སྟེ་རང་རྒྱལ་གྱི་མངའ་ཁོངས་དང་རང་རྒྱལ་གྱི་རིགས་ཞེན་དེ་བཞིན་སྟོབས་ཤུགས་གང་ཅིའི་ཐད་ནས་ཤིན་ཏུ་ཁྲག་པོ་ཞིག་རེད།
    དེས་ན་སངས་རྒྱས་འབྱོན་འབྱོན་སྦྲམ་ཟེ་རྒས་ཟེར་བ་ལྟར་རེད།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ངེས་ཚོས་རེ་བ་རྒྱབ་དགོས་ས་ཞིག་ལ་རྒྱབ་དགོས་རེད། དེ་བཞིན་དོགས་པ་ཟ་དགོས་ས་ཞིག་ལ་ཡང་ཟ་དགོས་རེད། དེ་ནི་མིའི་ཆོས་ཉིད་རེད།
    གལ་ཏེ་མི་ཞིག་གི་མི་ཚེའི་ནང་ལ་རེ་བ་མེད་ན་དེ་རིང་མི་གང་ཡིན་པ་དེ་སང་ཉིན་ཡང་མི་དེ་རང་རེད།

    Reply
  3. བོད་ཕྲུག says:
    ལོ་ 15 སྔོན།

    མི་ཚེའི་རེ་བ་ཆེ་ཤོས་དེ་རྒྱ་ནག་དམངས་གཙོར་འགྱུར་རྒྱུ་དང་མི་རིག་སོ་སོ་ལ་རང་དབང་ཐོབ་རྒྱུ་དེ་ཡིན། རེ་སྒུག་ཡང་དེ་ཡིན། ད་ཡིན་ན་གོ་སྐབས་བཟང་པོ་ཞིག་ཡོད་པ་འདྲ།

    Reply
  4. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    གནས་ཚུལ་བཟང་བ་རེད། ཡིན་ན་ཡང་དོན་དངོས་ཐོག་རྒྱ་ནག་མང་གཙོ་ལ་འགྱུར་རྒྱུ་ཁ་ཐག་རིང་བར་འདོད།

    Reply
  5. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 15 སྔོན།

    རྒྱ་ནག་དམངས་གཙོར་འགྱུར་ཏེ་བོད་ཀྱི་དབུ་མའི་ལམ་ལ་སྒྲུབ་འབྲས་ཤིག་བྱུང་ན་ཡག་པོ་རེད། དེ་མིན་ཁྲིམས་ལུགས་ཀྱིས་དབང་སྒྱུར་མེད་པའི་དམངས་གཙོ་ཞིག་བྱུང་ཚེ་དཔོན་ངན་གྱིས་ཟ་ཀྱང་དང་མི་མང་སྐྱོ་བོས་མྱང་ཀྱང་བྱེད་པའི་འཕགས་ཡུལ་གྱི་དམངས་གཙོ་དེ་ལ་ང་ནི་ཡིད་སྨོན་ཞིག་སྐྱེས་མ་སོང།

    Reply
  6. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 15 སྔོན།

    ཟླ་བ་བཀྲ་ཤིས་མཆོག་གིས་རྩོམ་ཡིག་འདི་མཁོ་སྤྲོད་གནང་བར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ།
    ང་ཚོས་དགྲ་ནག་པོའི་སྐད་ཆར་ཡིད་ཆེས་གཏན་ནས་བྱེད་མི་ཉན་ལ་རེ་སྒུག་ཀྱང་བྱེད་མི་ཉན།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བོད་རེ་བའི་འཕོངས་་་་་་་རྒྱ་དོག་པའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  8. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཉམས་ཞིབ་པ་ཟླ་བ་བཀའ་ཤིས་ལགས་ཐུགས་རྗེ་ཆེ་ཞུ།
    དགྱ་ནག་མང་གཙོར་འགྱུར་ཏེ་བོད་ཀྱི་དཀའ་ངལ་ཐ་དག་སེལ་མི་ཐུབ་ཀྱང་ད་ལྟ་དགྱ་དམར་གྱིས་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་འདི་ལས་དྲག་པ་ཡོང་ངེས།

    Reply
  9. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    རྒྱ་ནག་གི་འགྲོ་སྟངས་དེ་ཡང་འཛམ་གླིང་ལ་ཁ་ཕྱོགས་ཀྱི་ཡོད་པ་འདྲ། ཆབ་སྲིད་ཐད་ཀྱི་འགྱུར་བ་འདིར། རྒྱ་ནག་ནང་ཁུལ་གྱི་དཔྱད་ཞིབ་པ་ཚོས་བཤད་སྟངས་གཉིས་བཤད་ཀྱི་འདུག གཅིག་ནི། སྤྱི་ཚོགས་ཀྱི་སྒྲོམ་གཞིའི་གནད་དོན་དང་། གཉིས་ནི། ཆབ་སྲིད་ལམ་ལུགས་ཀྱི་གནད་དོན་ཐད་ནས་རེད། ༼ཏ་ཅིས་ཡོན་དུས་ཚགས་༽ཀྱིས་ཆེད་མངགས་རྒྱ་ནག་གི་འགྱུར་བ་གླེང་བའི་དཔར་ངོས་ལྟར་ན། ད་ནི་གུང་ཁྲན་ཏང་གིས་རང་ཉིད་ཀྱི་ནག་ཉེས་རིགས་ངོས་འཛིན་བྱེད་དགོས་པ་དང་། མང་ཚོགས་ཀྱི་ལྟ་སྟངས་དེར་ལན་ཡག་པོ་ཞིག་འདེབས་དགོས་པའི་སྐོར་དེ་དཔྱད་ཞིབ་པ་མི་བརྒྱད་ཀྱིས་ཤོག་ངོས་རེ་གླེང་འདུག

    Reply
  10. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    རྒྱ་ནག་མང་གཙོ་འགྱུར་ཀྱང་བོད་ཀྱི་དཀའ་ངལ་སེལ་བའི་ངེས་པར་མེད།
    དེས་ན་་བོད་མི་རང་ངོས་ནས་བོད་ཀྱི་རྩ་དོན་སྒྲུབ་ཐབས་བྱེད་དགོས་པ་གལ་ཆེ།
    རང་ཉིད་ཀྱིས་མ་འབད་ན་རྒྱ་ནག་དམར་མང་གང་དུ་འགྱུར་ཀྱང་བོད་བློས་གཏོང་མི་སྲིད་དོ།

    Reply
  11. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འདི་མི་སྲིད་པ་ཞིག་མ་རེད་སྙམ། ད་ལྟའི་དུས་རབས་འདིར་རྒྱ་ནག་གིས་རང་ཉིད་ལ་སྤྱི་ཚོགས་རིང་ལུགས་ཞེས་འབོད་བཞིན་པ་ལས་དོན་ལ་མ་རྩ་རིང་ལུགས་སུ་གྱུར་ཟིན་པ་དེ་ཡང་བསམ་བཞིན་དུ་བསྒྱུར་བ་ཞིག་མ་ཡིན་པར་དུས་རབས་ཀྱིས་དེད་ཡོང་བ་ཞིག་རེད། དེ་དང་མཚུངས་བར་ཆབ་སྲིད་ལམ་ལུགས་ལ་ལའང་སྲིད་དབང་གཅིག་སྡུད་ཀྱི་གནས་སྟངས་འདིའི་འོག་ནས་སྔར་དཀའ་ངལ་ཅི་ཙམ་བྱུང་བ་དང་ད་ལྟའི་ཆར་དཀའ་ངལ་ཅི་ཙམ་ཡོད་པ་དེས་མ་འོངས་པར་དཀའ་ངལ་ཅི་ཙམ་འཕྲད་རྒྱུ་ཡིན་པ་གསལ་བོར་གྱུར་ཟིན་པས། འབྱུང་ངེས་པའི་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་ད་ལྟའི་དབང་འཛིན་པ་དག་གིས་རང་ཉིད་ལ་ཁེ་ཕན་འཐོབ་ཆེད་ལས་དོན་འདི་འདྲ་ལག་ལེན་དུ་བསྟར་སྲིད་པ་ཞིག་རེད། དེ་ལས་ལྡོག་སྟེ་མི་མང་གི་ཚེ་སྲོག་དང་སྣག་ཁྲག་གིས་དམངས་གཙོའི་ལམ་ལུགས་བླངས་པ་ཡིན་ན་ད་ལྟའི་རྒྱ་ནག་གི་དབང་འཛིན་པ་ཚོ་སྡོད་ས་དང་འགྲོ་ས་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སུས་ཀྱང་ཚོད་དཔག་བྱེད་ཐུབ་པ་བཞིན་རྒྱ་ནག་གི་དཔོན་རིགས་ཚོས་ཀྱང་ཚོད་དཔག་བྱེད་ཐུབ།
    རྒྱ་གར་བ་ཕྲུ་གུ་དེས་བཤད་པའི་མ་འོངས་ལུང་བསྟན་དེ་ཐིག་པ་འདྲ་ཞིག་ཡོད་པ་ཨེ་ཡིན། ད་ལྟ་རྒྱུ་རེད།

    Reply
  12. ཕུན་ཚོགས ། says:
    ལོ་ 15 སྔོན།

    འདི་ཡང་ཕྱོགས་གཅིག་སྣ་གཅིག་གི་ལྟ་ཚུལ་ཞིག་རེད། ཚོགས་ཆེན་དེའི་སྟེང་ནས་ཞེ་ཅིན་ཕེན་དམག་དོན་སྤྱི་ཁྱབ་པར་བསྐོ་རྒྱུ་ཡིན་པ་དང་། ཉིས་སྟོང་༡༢ལོར་ཞེ་ཅིན་ཕེན་གྱི་སྲིད་འཛིན་གྱི་གོ་གནས་འཛིན་པར་སྟབས་བདེ་རུ་གཏོང་གི་ཡོད་པ་བཅས་ནི། རྒྱ་ནག་གི་སྲིད་འཛིན་སྔོན་མ་ཚོའི་འགྲོ་སྟངས་དང་ཀུན་ནས་མཚུངས་པ་མ་ཟད། ཞེ་ཅིན་ཕེན་ནི་ཧོའོ་ཕྱོགས་ཀྱི་ལངས་ཕྱོགས་དང་མཐུན་མཁན་ཞིག་ཡིན་པ་དང་། ཧོའོ་ཤོག་ཁག་གི་ཆབ་སྲིད་ལྟ་བའི་འཛིན་སྟངས་ནི་དམར་ཕྱོགས་སྤྱི་ཚོགས་རིང་ལུགས་ཀྱི་ཕྱོགས་སུ་གཏོགས་མཁན་རྐྱང་ལས་མེད་སྟབས། འདི་ལྟར་སྟབས་བདེ་བོའི་ངང་རྒྱ་ནག་ཚང་དམངས་གཙོའི་ལམ་དུ་འགྲོ་མི་ཐུབ་པ་ཤེས་དགོས།

    ཆབ་སྲིད་ལངས་ཕྱོགས་གཉིས་གདོང་ཐུག་པའི་དཀའ་ངལ་འོག་འུ་ཚོས་རྩོད་ཤེས་ན་ཁེ་ཕན་རག་མི་སྲིད་པ་ག་ལ་ཡིན། འོན་ཀྱང་འདི་ལྟར་གཡོ་འཁྱོམ་གྱི་ཆབ་སྲིད་ལངས་ཕྱོགས་ཀྱི་འོག་ནས་བོད་ཀྱི་རྩ་དོན་ཡོངས་སུ་འགྲུབ་པའི་རེ་བ་ནི་ཅུང་མི་འདུག་སྙམ། འདི་ནི་རྒྱ་ནག་ལ་དངོས་སུ་ལྟ་མཁན་ཚོས་ཤེས་ངེས།

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    རྒྱ་ནག་ཚོགས་ཆེན་བཅོ་བརྒྱད་པ་ལ་རེ་སྒུག་བྱས་ནས་འདུག་རྒྱུ་ལས་ཐབས་གཞན་མེད་ཁུ། དངོས་གནས་འགྱུར་བ་འགྲོ་སྲིད་པ་རེད་ལ། བོད་ཀྱིས་རེ་བ་རྒྱག་ས་འདི་གཅིག་རེད།
    ༼ ད་དུང་ཐེ་ཝན་གྱི་མཱ་ཡཱོན་ཇིའུ་དང་། ཏཱ་ལའི་བླ་མ་སོགས་ཀྱི་གནས་བབས་ཀྱི་གནད་དོན་ཚུད་ཡོད་སྐོར་བརྗོད་ཡོད་པ་རེད། ༽ཅེས་པ་འདི་རེད།

    Reply
  14. ཕུན་ཚོགས ། says:
    ལོ་ 15 སྔོན།

    རྒྱ་ནག་སྐོར་ལ་འདི་ལྟར་ཉམས་ཞིབ་མང་ཙམ་ཡོང་བའི་རེ་བ་དང་། ལྷག་ཏུ་དུས་བ་ཚང་གིས་འགན་རྐང་ལེན་གནང་ཐུབ་པའི་རེ་སྐུལ་ཞུ།

    Reply
  15. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ད་ཀླ་ཀློ་དེ་ཚོས་ཞི་ནས་མང་གཙོའི་གོ་རྟོགས་ལ་ཅུང་ཡིད་ཆེས་བྱེད་པའི་མངོན་རྟགས་རེད་ལ། གལ་ཏེ་རྒྱ་ནག་གཞུང་དེ་བཞིན་མང་གཙོའི་ལམ་བཟང་ཞིག་ཏུ་འགྱུར་ན་གཏན་གཏན་ངེད་བོད་འདི་ཡང་རིང་མིན་དྲོ་སྐྱིད་ལྡན་པའི་རྒྱལ་ཁབ་ཞིག་ཏུ་གྱུར་རྒྱུ་ཉག་ཅིག་རེད་ལ་བཙན་བྱོལ་དུ་ཞུགས་པའི་བོད་མི་རྣམས་ཀྱང་སོ་སོའི་ལུང་པར་ཕྱིར་ལོག་སྟེ་མང་གཙོ་ལོངས་སྤྱོད་བྱེད་ཐུབ་རྒྱུར་ཐེ་ཚོམས་མེད།

    Reply
  16. ནད་པ says:
    ལོ་ 15 སྔོན།

    ཟླ་བ་བཀྲིས་ལགས་ཀྱིས་པའོ་ཞོན་རྒྱ་ཡིག་དྲྭ་གནས་ནས་བོད་ཡིག་ཏུ་ཕབ་སྒྱུར་གྱིས་དུས་ཐོག་གནས་ཚུལ་ཁོ་སྤྲོད་གནང་བར་བསྔགས་བརྗོད་ཡོད།

    ང་ཚོ་གངས་ཅན་བོད་པ་ཟེར་དུས་འདས་པའི་ལོ་རྒྱུས་ཐོག་ནས་ལྟ་གྲུབ་དང་། བྱམས་བརྩེ། ལོ་རྒྱུས་ཡུན་རིང་ཡོད་པའི་རྒྱལ་ཁབ་དང་མི་རིགས་གཅིག་ཡིན།

    ད་ཆར་རྒྱལ་ཁབ་དང་མི་རིགས་ལ་ཆེས་དཀའ་ཚེགས་ཅན་གྱི་དུས་འདིར་རྣམ་དཔྱོད་དང་བྱམས་བརྩེ་ལྡན་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸ གོང་ས་སྐྱབས་མགོན་ཏྰ་ལའི་བླ་མའི་གསང་གསུམ་མཛད་འཕྲིན་ལས་ཆེས་ཡ་རབས་དང་། དྲང་བདེན། འཚེ་བ་མེད་པ། ཞི་འཇམ། བྱམས་བརྗེ་དང་སྙིང་རྗེ་ལྡན་པའི་མི་རིགས་གཅིག་ཡིན་སྟབས་ང་ཚོའི་མི་རིགས་ནི་ཆེས་སྤོབས་པ་བྱེད་འོས་པའི་མི་རིགས་གཅིག་ཡིན།

    ༸ གོང་ས་མཆོག་གི་དཀའ་དགོངས་ལྟར་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་་ཁབ་དང་མཉམ་དུ་རང་དབང་དང། ཞི་བདེ། དྲང་བདེན། འཚེ་བ་མེད་པ། ཡ་རབས། སྙིང་རྗེ་དང་བྱམས་བརྩེ་ལྡན་པའི་ངང་མཉམ་གནས་བྱེད་ཐུབ་ཚེ་རྒྱ་བོད་མི་དམངས་དུང་ཕྱུར་ ༡༣ ལྷག་བདེ་སྐྱིད་ཀྱི་ཉི་འོད་འཛམ་གླིང་གང་སར་འཕྲོ་ཐུབ་ངེས་ཡིན།

    དེར་བརྟེན་ངས་འབྱུང་འགྱུར་ཉི་ཤུའི་ནང་ཚུད་དུ་རང་དབང་དང་བདེ་སྐྱིད་ལྡན་པའི་དམངས་གཙོའི་རྒྱལ་ཁབ་གཅིག་ཆགས་རྒྱུར་ཡིད་ཆེས་བྱེད་པ་མ་ཟད་བོད་རིགས་ཐེ་བའི་གྲངས་ཉུང་མི་རིགས་ཁག་ལའང་དམངས་གཙོ་དང་རང་དབང་ཀྱི་ཉི་འོད་འཕྲོ་ཐུབ་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད།

    རྒྱ་ནག་གི་མི་རབས་ལྔ་པའི་ཐོན་མོང་གི་སྲོག་ཤིང་ཏུ་གྱུར་བའི་དབུ་འཁྲིད་དག་གིས་རྣམ་དཔྱོད་ལྡན་པའི་ཐོག་ནས་དུས་རབས་དང་མཚམས་པར་མི་དམངས་དག་དམངས་གཙོ་དང་རང་དབང་གི་ལམ་དུ་བསྐྱོད་ནས་ལོ་རྒྱུས་ཀྱིས་ལེ་ཚན་གསར་པ་གཅིག་མགོ་འཛུགས་ཐུབ་རྒྱུར་སྨོན་འདུན་ཞུ།

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    པའོ་ཞྭོམ་དྲ་ཐག་དང་ཡང་ན་སྒྱུར་གཞིའི་དྲ་ཏག་ཅིག་འདིར་བཞག་ན་ཧ་ཅང་བཟང་།
    ཡང་གོང་གི་གཏམ་འདིས་བྱེའུ་བརྒྱ་རྒྱང་ནས་དཀྲོགས་པའི་ཉེན་ཁའང་འདུག་སྙམ།

    Reply
  18. འཇམ་དབྱངས། says:
    ལོ་ 15 སྔོན།

    འདི་ནི་འུ་ཚོ་མགོ་འཐོམ་བྱེད་ཀྱི་གནས་ཚུལ་ཞིག་ལས་ཡིད་ཆེས་བྱེད་ཀྱི་མ་རེད་ལ་བྱེད་ཀྱང་མི་ཉན། རྒྱ་ནག་སྲིད་གཞུང་དང་མི་རིགས་ཀྱིས་འུ་ཚོ་མགོ་སྐོར་བཏང་བ་ཉུང་ཉུང་མིན།

    Reply
  19. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    རྒྱ་ནག་མང་གཙོར་གྱུར་བ་ཡིན་ན་བོད་ལ་དངོས་ནས་རང་དབང་ཞིག་ཐོབ་པའི་གོ་སྐབས་ཡོད་མེད་དེ་ནི་དངོས་ནས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་ལ། རྒྱ་ནག་མང་གཙོར་འགྱུར་ན་ཡང་། བོད་ལ་མང་གཙོའི་ཁེ་དབང་ལོང་སྤྱོད་ཀྱི་ཐོབ་ཐང་དེ་རེག་མིན། ད་ལྟ་ནས་བསམ་བློའི་སྔོན་དཔག་བྱེད་དགོས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese