དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པར། ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། སེ་ར་བྱེས་སྨད་གཉིས་ཀྱི་ཤེས་ལྡན་སློབ་གཉེར་བ་བཀའ་སྤྱི་འོས་དམིགས་འདོན་སྤེལ་དྭང་བླངས་ཚོགས་པའི་ངོས་ནས། སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་གཞིའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད།
དེ་བཞིན་མདོ་སྟོད་སྤྱི་འཐུས་འོས་མི། བཀྲ་ཤིས་དབང་འདུས། འབའ་པ་སྐལ་བཟང་རྒྱལ་མཚན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག དབུ་དཀར་ཚང་གཡུ་སྒྲོན། ཚེ་རིང་དབང་ཕྱུག འཇམ་དབྱངས་བཟོད་པ། བསྟན་འཛིན་ནོར་བུ། བློ་བཟང་ཡེ་ཤེས། བདེ་བ་ཚང་རྡོ་རྗེ་དབང་འདུས། ཚེ་དབང་བསྟན་འཛིན། དགེ་ལེགས་འབྱུང་གནས། བསོད་ནམས་དབང་འདུས། བསོད་ནམས་རྡོ་རྗེ་བཅས་རེད།
ཚོགས་པ་འདིའི་ངོས་ནས་བཀའ་སྤྱིའི་འོས་གཞི་འདོན་སྤེལ་བྱེད་དགོས་བའི་ཐད། ཚོགས་པའི་མགྲིན་ཚབ་པ་དགེ་བཤེས་ལྷ་རམས་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས། ད་ལམ་གྱི་བཀའ་སྤྱིའི་འོས་གཞི་འདོན་སྤེལ་བྱེད་དགོས་བའི་གནད་དོན་གཙོ་བོ་ནི། ༧གོང་ས་མཆོག་གིས་ལོ་འདིའི་མགོ་སྟོད་དུ་ད་ལམ་གྱི་བཀའ་སྤྱིའི་འོས་གཞིའི་ཐད་དོ་སྣང་དགོས་སྐོར་གྱི་བཀའ་སློབ་ཕེབས་པ་ལྟར། ང་ཚོས་ལས་གཞི་འདི་བརྩམས་པ་ཡིན། ཚོགས་པ་འདི་སེ་ར་བྱེས་སྨད་གཉིས་ཀྱི་སློབ་གཉེར་བ་ཁང་ཚན་རེ་ནས་མི་རེ་ཚོགས་ཞུགས་ཀྱིས་མི་ ༣༠ དང་། ཚོགས་མི་རྣམས་ཆོལ་ཁ་གསུམ་གྱི་མི་སྣ་གྲངས་མཉམ་ལས་གྲུབ་ཡོད་ཟེར། ཁོང་གིས་འོས་ཆོས་སྐོར་བརྗོད་དོན། ང་ཚོར་འོས་ཆོས་ལྔ་བཏོན་ཡོད། དང་པོ། ༧གོང་ས་མཆོག་གི་བཀའ་དགོངས་རྟོགས་པ། གཉིས་པ། ཤེས་འཇོན་ལྷག་བསམ་ལྡན་པ། གསུམ་པ། རང་ཚུགས་འཕེར་བ། བཞི་བ། ཆོས་རྒྱུད་དང་ཆོལ་ཁའི་ཕྱོགས་འཐེན་མེད་པ། ལྔ་བ། སྤྱི་ཚོགས་ནང་ཁུངས་ལྡན་རྙོག་གླེང་མེད་པ་བཅས་ཡིན་འདུག
གསར་འགོད་པ། བནྡེ་སྐྱབས།
གྲྭ་རྒོད་ཡ་རྒོད་་་་་ཁྱོད་ཅི་འདྲའི་མི་འུར་ཚུགས་ཅན་ཞིག་རེད། འོ་ན་ཚོགས་པ་འདིའི་ཁུངས་སུ་སེར་སྨད་ནས་མདོ་སྨད་པ་གཅིག་ཀྱང་མེད་རེད་དམ། གལ་ཏེ་ཡོད་ན་མི་དེ་དག་མཐའ་མའི་གཏན་ཁེར་ཉིན་བསླེབས་འདུག་གམ་མི་འདུག་ཁྱོད་ཀྱིས་ཤེས་སམ། མ་གཞིར་མི་འགའ་ཞིག་གིས་ལས་དོན་འདི་བསྒྲུབ་རྒྱུར་ཁས་བླངས་ནས་འགན་མ་ཁུར་མཁན་རེ་ཟུང་ཡོད་པས་ཕལ་ཆེར་ཁྱོད་ཀྱང་དེའི་ནང་ནས་གཅིག་ཡིན་པ་འདྲ། གལ་ཏེ་བསྒྲུབ་མ་འདོད་ན་སུས་ཀྱང་བཙན་དབང་མི་གཏོང་བས་ཕྱི་འབྱུང་དེ་འདྲའི་རིགས་མ་བྱེད་རོགས་ཟེར་རྒྱུ་ཡིན། དེ་ལྟར་བྱས་ན་ལས་དཀའི་སྐོར་ལ་དཀའ་ངལ་སྤྲོད་ཀྱིན་འདུག མཇིག་མཐར་གཞན་ལ་ཕན་མ་ཐོགས་ཀྱང་གནོད་མ་སྐྱེལ་ཞེས་པའི་གདམས་པ་དེ་ཁ་འདོན་མཛོད།
འཇམ་ཚུལ་ལ་ཁྱོད་ཀྱི་རྒྱ་ནག་བཤད་པ་ལྟར་རྫུན་གྱི་སྐད་ཆ་གཅིག་ཐངས་བརྒྱ་བཤད་ན་བདེན་པར་འགྱུར་ཟེར་བ་དེ་ལག་ལེན་ཡིན་པ་འདྲ།དེ་མིན་མདོ་སྨད་ཀྱི་འཐུས་མི་ལྔ་ནི་ཤིང་བཟའ་རིན་པོ་ཆེ་དང་དགེ་འདུན་ཆོས་འབྱོར་ངག་དབང་ཕུན་ཚོགས་དགེ་མཐོང་རྒྱ་མཚོ་གནས་ལུགས་རྒྱ་མཚོ་དག་ཡིན་པས་དེ་དག་ནང་གཅིག་ཀྱང་ཐ་མའི་ཐེག་གཅོད་སྐབས་མེད་པ་དང་འཚོགས་ཐངས་གཉིས་པའི་སྐབས་ཡང་མེད་པ་གསལ་པོ་རེད།ཡ་ཡ་རྩོད་དོན་མེད་པའི་འཚམ་འཇོག
དེ་ལས་དོན་ངེས་རེད་གླེང་ན་བཟང་།ནང་ཁུལ་ཀྱི་རྩོད་ཉོག་དག་མི་དགོསཔ་ཡིན་པའི་བཤད་འཚམ་འཇོག
ཁྱད་མཚར། ཁྲ་གླག་སྤྱང་གསུམ་ཟེར་བ་ཞིག་གིས། དཀོན་མཆོག་གིས་ང་ཚོའི་སྒལ་ཚིགས་དེ་དྲང་པོ་བཟོས་ཡོད་པ་རེད་ཟེར་ཁོ་ཡེ་ཤུའི་ཆོས་པ་ཞིག་ཡིན་པ་འདྲ།
ཡང་ན་ནང་ཆོས་ལ་གོ་རྟོགས་མེད་པའི་ནང་བར་སྨྲ་བ་གང་རུང་ཡིན་ངེས་ལ་རྗེས་མ་ཡིན་ན་སྙིང་རྗེ།།
གཟིར་གནས་དྲྭ་གྲོགས་རྣམ་པ་ཚོ། ངས་འདིར་བརྗོད་འདོད་པ་ནི་གཙོ་བོ་གྲྭ་རྒོད་ཟེར་བ་ཞིག་དང་ཨ་རིའི་བུ་ཟེར་བ་གཉིས་ཀྱིས་ཁྱེད་རང་ཚོའི་སེམས་དངོགས་སུ་བཞག་པའི་རྫིན་གཏམ་གྱི་གཡའ་དེ་དག་སེལ་འདོད་ནས་ཡིན། ངས་འདིར་ཟུར་ཟ་མེད་ལ་དམའ་འབེབ་དང་ཚིག་རྩིབ་དེ་བས་མེད།
༡ གྲྭ་རྒོད་གྱིས་སེ་ར་བྱེས་སྨད་གཉིས་ཀྱི་སློབ་གཉེར་བ་བཀའ་སྤྱི་འོས་མི་འདོན་སྤེལ་དྭང་བླངས་ཚོགས་པ་འཚོགས་འདུ་སྔ་ཕྱིའི་སྐབས་ཚང་མར་མདོ་སྨད་པ་གཅིག་ཀྱང་མེད་རབ་དང་། ལྷག་དོན་ཐ་མའི་ཐག་གཅོད་གཏན་ཁེལ་ཉིན་མདོ་སྨད་ཀྱི་མི་ཀྱང་མེད་པའི་བདེན་ཁ་འབྱིན་འདུག་པ་འདི་རྫིན་གཏམ་ཁོ་ན་རེད། གང་ཡིན་ཟེར་ན་ང་རང་མདོ་སྨད་པ་ཞིག་ཡིན་པ་མ་ཟད་ཐ་མའི་ཐག་གཅོད་ཉིན་ང་ཚོ་སེར་སྨད་རང་ནས་མདོ་སྨད་པ་བཞི་ཡོད་ལ་ང་ཚོས་ཆ་ཤས་ཀྱང་གཅིག་མཚུངས་བླངས་བ་ཡིན།
༢ ཡང་ཁོས་སེ་ར་བྱེས་སྨད་གཉིས་ཀྱི་མིང་ཁུར་ནས་སོགས་བཤད་འདུག ང་ཚོའི་ཚོགས་པ་འདི་དང་པོ་འགོ་འཛིགས་པའི་འཚོགས་འདུའི་ཉིན་ནས་གྲྭ་ཚང་གཉིས་ཀྱི་ཁྲིམས་བདག་དགེ་སྐོས་རྣམ་པ་གཉིས་ལ་དགོངས་སྐོར་ཞུས་པ་མ་ཟད་འཚོགས་འདུར་གདན་འདྲེན་ཞུས་ནས་ལས་དོན་འདིའི་སྐོར་ལ་བཀའ་སློབ་དང་རྒྱབ་སྐྱོར་ཐོབ་ནས་བརྩམས་པ་ཞིག་ཡིན། འོས་མི་གསལ་བསྒྲགས་ཀྱི་སྐབས་དེ་དག་ཏུ་ཡང་དགེ་སྐོས་རྣམ་གཉིས་ནས་སྐབས་ཐོབ་ཀྱི་དགོངས་པ་ཆེ་བཞེས་གནང་དེ་འཚོགས་ཆོས་སོགས་ལ་དགོངས་པ་གནང་སོང་། ངས་འདི་དག་བཤད་དོན་ནི་འོ་ན་སེ་ར་བྱེས་སྨད་གཉིས་ཀྱི་སློབ་གཉེར་བས་ལས་དོན་ཞིག་སྤེལ་ན་གང་ཟག་གང་ཞིག་གིས་ལས་དོན་ཅི་ཞིག་སྤེལ་ན་ད་གཟོད་བྱེས་སྨད་གཉིས་ཀྱི་སློབ་གཉེར་བའི་ལས་དོན་རེད། འོན་ཀྱང་ཚོགས་པ་འདི་བྱེས་སྨད་གཉིས་ཀྱི་སློབ་གཉེར་བ་སྤྱི་ཙམ་མ་ཡིན་པར་ཚོགས་པའི་མིང་མཐར་༼དྭང་བླངས་ཚོགས་པ་༽ཞེས་སྦྱར་ཡོད་པ་མ་བརྙེལ།
༣ ཡང་ཁོས་ལས་དོན་རྩོམ་པ་པོ་དག་ལ་གནད་དོན་ཡོད་པ་འདྲ་ཞེས་བཤད་འདུག
འོ་ན་གནད་དོན་མེད་པའི་ལས་དོན་ཞིག་གང་ན་འདུག ང་ཚོའི་ལས་དོན་འདིའི་གནད་དོན་ཡང་། བོད་འབངས་ཡོངས་ལ་གཅིག་སྒྲིལ་དང་སྲིད་ཞི་བསྒྲུབ་ཐུབ་པའི་བཀའ་ཁྲི་དང་སྤྱི་འཐུས་བསླེབ་ཐུབ་པ་གནད་འགག་ཡིན་ལ་ཐོབ་ཐང་ཅན་གྱི་འབངས་མི་ཚང་མས་ཆ་ཤས་ལེན་ཐུབ་པར་བྱེད་རྒྱུ་འདིའི་དོན་ཡིན། འོན་ཀྱང་ཕར་ཆེར་ཁྱོད་ཀྱི་གནད་དོན་ཉེས་མེད་ཉེས་འགེལ་བྱ་རྒྱུ་ཡིན་པ་འདྲ། དེས་ན་ཁྱེད་ཀྱིས་མིག་མཐོང་ལག་དང་ཡང་ན་རྒྱུ་མཚན་ཡང་དག་གིས་བདེན་པ་ར་སྤྲོད་བྱོས་དང་གཟིར་གནས་དྲྭ་གྲོགས་རྣམས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་བྱ་ངེས་རེད། གཞན་རང་སེམས་བདེ་བ་ཙམ་ལས་བྱ་བཞག་གི་དོན་ཆེན་གང་ལ་ཡང་མི་འཕན།
ཨ་རིའི་བུས། ༼འདི་ཚོ་ཕྱོགས་ཞེན་གྱི་མེ་ལྕེ་འབར་མཁན་ཅན་དག་ཡིན་ངེས་རེད་༽ཅེས་ངེས་གཏན་མེད་པའི་སྐད་ཆ་ཞིག་བཤད་འདུག འོན་ཀྱང་གནའ་མིའི་གཏམ་དཔེར། རང་སེམས་ལ་ཉེས་པ་མེད་ན་གཤིན་རྗེ་ལ་འཇིགས་པ་མེད་ཅེས་པ་ལྟར་ཡིན་ཀྱང་དགོས་པས་དབང་གིས་གསལ་བཤད་འཐུང་ངུ་ཞིག་བྱེད་འདོད་བྱུང་། ང་ཚོས་ཐ་མའི་ཐག་གཅོད་ཉིན་གཏན་ཁེལ་མ་བྱས་སྔོན་ལ་ཕྱོགས་ལྷུང་མི་བྱེད་པར་སོ་སོས་དཔྱོད་ཚོད་ཀྱིས་བཀའ་སྤྱིའི་འོས་མི་གདམ་རྒྱུའི་མནའ་སྐྱེལ་དམ་བཅའ་བཞག་པ་ཡིན། ངས་འདི་ལྟར་གསལ་བཤད་བྱེད་དོན་ང་ཚོས་བདམས་པའི་འོས་མི་རྣམས་དང་ལྷག་དོན་ཏུ་ང་ཚོ་སྐྱོན་ཀུན་ཟད་པའི་སྐྱེས་བུ་ཞིག་ཡིན་ཞེས་བཤད་ཀྱིན་མེད་པར་རང་ཉིད་ལ་དཔག་པའི་ལྷག་བསམ་ཙམ་ཞིག་བསྟན་པ་ཡིན། གཞན་པའི་གམར་ཁ་ཚ་སོགས་ཀྱིས་བཤད་པ་དེ་དག་ནི་གོང་དུ་གསལ་བཤད་བྱས་པའི་ཁོངས་སུ་གཏོགས་པ་དེ་དག་ལ་དེས་འཐུས་ཤིང་། མ་གཏོགས་པ་རྣམས་ནི་ད་ལྟའི་མིག་མདུན་གྱི་འཚོ་བའི་ཁྲོད་ལ་ལྟོས་དང་གསལ་བཤད་ཀྱི་ལན་ཡིད་ཚིམ་པ་ཞིག་འཐོབ་ངེས། མཐའ་སྡོམ་རིག་འདོན་པ་སུ་ཡིན་ཀྱང་ཀྲོག་གཏམ་དང་རྫིན་ཚིག དམའ་འབེབ་དང་ཚིག་རྩིབ་མ་འབྲི་བར་ཕན་ཚུན་བར་བསམ་བློ་རྗེ་རེ་དང་གོ་རྟོགས་མཐོར་འདེགས་ཀྱི་གཏེགས་པུ་ཞིག་ཏུ་སྤྱད་རྒྱུ་ཡིད་འཛིན་ཡོད་པར་ཞུ།།
་གྲྭ་རྒོད་སྨྱོན་པ་
རང་མདོག་སྟོན་མ་བསྡད་ན་མི་བཟང་ངམ་། གླེན་པ་ལུག་ལྟ་བུའི་མི་བུ་རེ་ཟུང་ལ་ཁྱེད་ཀྱི་་་་་་་་་་་་་་་་་་་་་་་་ཁྱེད་བཤད་པ་རྫིན་ཡིན་པ་མ་ཟད་གཞི་མེད་ཀྱི་རྫིན་གཏམ་རེད་། ཡིད་གཟབ་བྱོས་་་་་དགེ་
དུན་དབྱེན་མ་རེད་ཟེར་དཀའ། རྒྱུ་མཚན་ནི་།་ཚོགས་པ་དེས་སྔ་རྗས་བར་གསུམ་ཅི་བྱུང་ཆ་རྒྱུས་ང་ལ་ཡོད་པས་སོ
ནན་གྱི་ཞུ་འདོད་པ་ནི། རྫིན་བཤད་ནས་ཁུང་མི་འཆོལ་པ་ཤེས་ན་རེད
སྤྲོ་ཚིགས་དགེ་འདུནཟེར་བ་ཞིག་གི་ངས་བཤད་པ་བདེན་པ་མ་རེ་ཟེར་བ་དེ་བདེན་པ་མ་རེད་གང་ཡིན་ཟེར་ན་ངས་མིག་མཐོང་ལག་ཟིན་ཡིན་པས་རྒྱུ་མཚན་ཀྱི་བཤད་པ་ཡིན།དང་པོ་འཚོགས་སྐབས་སུ་མདོ་་སྨད་ཀྱི་མི་གཉིས་སོང་ཡོད་པ་འདྲ་དུས་རྒྱས་ནས་ཐངས་གཉིས་པ་འཚོགས་སྐབས་གཅིག་ཡང་མེད་ཐངས་གསུམ་པ་འཚོགས་སྐབས་ཡང་མེད་པ་ངེས་བདེན་ཡིན་པས་བཤད་པ་ཡིན།མ་གཞི་ཁྱོད་ཡིད་ཆོས་མ་ཆོས་དེ་གཙོ་བོ་མིན་ལ་དོན་ངེས་དེ་ལྟར་རེད་མི་མང་དཀྲུག་འདོད་ཡང་རྩ་བ་ནས་མེད་ལ་རྒྱུན་དུ་སེམས་ལ་མཐུན་འབྲེལ་ཐོག་བསམ་བློ་གཏོང་མཁན་ཞིག་ཡིན།དོན་མ་ཤེས་མཁན་ཚོ་ལ་ངས་ཤེས་བ་དེ་ཚོ་གསལ་བོ་བྱས་པ་ཡིན་པའི་ཐུགས་ལ་འཛིན་རོགས།མ་ནོར་བ་བྱེད་རྒྱུ་གལ་ཆེན་རེད།
བང་ཆེན་ནང་རྒྱ་རི་སྒྲོལ་མའི་སྐོར་མང་པོ་ཞིག་བཤད་ཀྱིན་འདུག དེ་ཡག་པོ་མ་རེད། རྒྱ་རི་སྒྲོལ་མས་གཏམ་བཤད་བྱས་པ་དེ་ཚོ་ལྷག་བསམ་རྣམ་དག་འདྲ་པོ་མཐོང་གིན་འདུག ད་རེས་མ་ལངས་ལ་རྗེས་སུ་འགྱོད་པ་སྐྱེ་ས་རེད་ཟེར། གཏམ་དེ་ཁ་ཞེ་གཉིས་མེད་རེད། ང་དགའ་པོ་བྱུང༌།
མོ་རང་འོས་ཐོབ་ཆེད་གང་སར་ཕེབས་ནས་འབད་བརྩོན་མང་པོ་བྱས་འདུག དེ་ཡང་དགའ་འོས་པ་ཞིག་རེད། རྩོད་ལེན་བྱེད་པ་ཟེར་བ་དེ་རེད། བྱ་བ་ག་རེ་ཡིན་ན་ཡང་གཙོ་བོ་རང་གིས་རྩོད་ལེན་བྱེད་པ་བརྒྱུད་དོན་དེ་འགྲུབ་དགོས་པ་རེད།
རྒྱ་སྒྲོལ་གྱིས་དངུལ་ཅིག་ཅིག་སྤྲད་པ་ཟེར་བ་དེ་ཚོ་ཁུངས་ལུང་མེད་པའི་སྐད་ཅ་རེད། རྒྱ་རི་ཚང་རྒྱུ་ཆེན་པོ་ཡོད་ཙང་དེ་ལྟར་བཤད་ན་གཞན་གྱིས་བདེན་པ་འཛིན་སྲིད་སྙམ་པ་རེད། ད་དུང་ང་ལ་འོས་ཤོག་མ་ཐོབ་པའི་ཆེད་ཁོ་རང་ལངས་པ་རེད་ཟེར་བ་དེ་ཚོ་ནི་ཧམ་པ་ཆེ་དྲགས་པ་རང་རེད། གཏམ་དེ་ལྡོག་སྟེ་ཚུར་བཤད་ན་ཡང་གཅིག་པ་ཆགས་ཀྱི་རེད།
ང་ཚོ་ཚང་མས་དྲང་པོ་བྱེད། དྲང་པོ་ལས། དྲང་པོ་བཤད་དགོས་པ་རེད། དཀོན་མཆོག་གིས་ང་ཚོའི་སྒལ་ཚིགས་དེ་དྲང་པོ་བཟོས་ཡོད་པ་རེད། སྒལ་ཚིགས་ཀྱོག་ཀྱོག་བྱས་ན་མཐའ་མ་རང་ཚུགས་མི་ཐུབ་པ་ཆགས་ཀྱི་རེད།
བང་ཆེན་ནང་མཆན་འདེབས་ཐུབ་ཀྱི་མི་འདུག
སེ་ར་བྱེས་སྨད་གཉིས་ཀྱི་སློབ་གཉེར་བ་ཚོས་དང་བླངས་ཀྱིས་བཀའ་སྤྱིའི་འོས་མི་བཏོན་ནས་དགེ་འདུན་པ་ཚོས་ཀྱང་སྤྱི་ཚོགས་ལ་འགན་འཁུར་གྱི་ཡོད་པའི་རྣམ་འགྱུར་བསྟན་པ་ནི་དགའ་འོས་པ་ཞིག་རེད་མོད། འོན་ཀྱང་མགྲིན་ཚབ་པ་དགེ་བཤེས་ལྷ་རམ་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་འོས་མི་ཚོར་འོས་ཆོས་ལྔ་ཚང་ཡོད་བར་འདོད་པ་ནི་ཞིབ་ཏུ་མ་བརྟག་པའི་ནོར་འཁྲུལ་ཞིག་ཏུ་མཐོང་། དཔེར་ན་མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་ཆོས་སུ་ཐུབ་བསྟན་ལུང་རིགས་འདེམས་པ་ལ་འོས་ཆོས་དང་པོ་གསུམ་ཚང་མེད་པར་འདོད། དང་པོ། བོད་གཞུང་དམངས་ཛ་དྲག་ཚོགས་འདུའི་མཇུག་སྡོམ་དུ་༸གོང་ས་མཆོག་གིས་ཤེས་ཡོན་ཉམས་ཆགས་ཕྱིན་སྐོར་གྱི་བཀའ་བསྩལ་ནའང་ཐུབ་བསྟན་ལུང་རིགས་ཀྱིས་༸གོང་ས་མཆོག་གིིས་དེ་ལྟར་གསུང་ནའང་ངས་ཤེས་ཡོན་ཉམས་ཆགས་སུ་ཕྱིན་པ་ཤེས་མ་སོང་ཞེས་བརྗོད་པ་མ་ཟད་སྐབས་དེར་ཤེས་རིག་ལས་ཁུངས་སུའང་དེའི་སྐོར་ལ་བསམ་ཚུལ་འདྲ་མིན་ཐོན་ཡོད། ཕྱིས་སུ་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་མ་བཟོད་པར་ཁས་ལེན་བྱེད་ཁུལ་བྱས་པ་ཙམ་ལས་ད་ལྟའང་སེམས་གཏིང་ནས་ཁས་ལེན་བྱས་ཡོད་མེད་ཀྱི་དོགས་པ་ཡོད། དེར་བརྟེན་འོས་ཆོས་དང་པོ་དེ་མི་ཚང་། གཉིས། སློབ་གྲྭ་ཁག་དང་ཤེས་ཡོན་དང་འབྲེལ་བའི་ཚོགས་སྡེ་གང་ཞིག་གིས་ཚོགས་ཐོག་ལ་སྐད་བཏང་གིས་སྐད་ཆ་བཤད་དུ་བཅུག་ནའང་རྙིང་དྲི་ཁ་བའི་གཏམ་བཤད་རྣམས་བསྐྱར་ཟློས་བྱེད་པ་ལས་ཤེས་རིག་བཀའ་བློན་ཞིག་གི་མིང་ཐོག་ནས་དོན་སྙིང་ལྡན་པའི་གཏམ་བཤད་ཅིག་ནམ་ཡང་སྤེལ་མྱོང་མེད་ལ་ཤེས་རིག་བཀའ་བློན་གྱི་ལས་འགན་བླངས་ནས་ཧ་ལམ་ལོ་ངོ་བཅུ་ཟིན་ལ་ཉེའང་ལས་ཀ་ཆེན་པོ་ཞིག་ག་ནས་འཇོན། ཐ་ན་གསོག་སྒར་སློབ་གྲྭའི་དཀའ་རྙོག་དེའང་མཇུག་བསྡུས་མ་ཐུབ་པར་ད་དུང་ལྷག་ཡོད་པའི་གནས་ཚུལ་འདུག དེ་བས་འོས་ཆོས་གཉིས་པ་དེ་མི་ཚང། གསུམ། བཀའ་བློན་གྱི་ལས་འགན་འཁུར་བའི་ལོ་ངོ་འདི་དག་གི་རིང་ལ་བཀའ་བློན་ཁྲི་བའི་ཤམ་ཐབས་ཀྱི་འོག་ནས་རང་ཉིད་ཀྱི་ལྟ་ཚུལ་སེན་མོ་ཙམ་ཡང་བརྗོད་ཐུབ་མེད་པས་འོས་ཆོས་གསུམ་པ་དེ་མི་ཚང།
གཞན་ཡང་རྒྱ་གར་ལ་འདུག་འདོད་མེད་ཅིང་ཕྱི་རྒྱལ་ལ་ཡོད་པའི་ལུང་རིགས་རྒྱལ་མདོ་སྨད་ཀྱི་སྤྱི་འཐུས་སུ་ཡོང་ཐབས་མེད་ནའང་ཨུ་ཚུགས་ཀྱིས་འོས་མི་ལ་འཇོག་དོན་ཅི།
གྲྭ་རྒོད་ཟེར་བ་དེས་རྫིན་བཤད་དེ་དམིངས་སེམས་དཀྲིགས་ཀྱིན་འདུག
ཁོས་བཤད་པ་དེ་བདེན་མིན་ཐད་སྐད་ཆ་དྲིས་བ་ཡིན། སྦད་དེ་བདེན་པ་མ་རེད།
ཐེང་འདི་ང་ཚོ་བོད་པ་ཚང་ལ་དགོས་ངེས་ཀྱི་བཀའ་ཁྲི་དེ་ནི་མཁས་དབང་བློ་བཟང་སེངྒེ་ཉིད་ལས་གཞན་ཞིག་མེད་པ་ནི་གཞུང་སྒེར་ཚང་མས་ཤེས་དགོས་པ་ཞིག་རེད།
བློ་བཟང་སེང་གེས་ལོ་མང་བོ་ཞིག་གི་རིང་ལ་༼རང་བཙན་ལག་དེབ་བམ་བོད་མི་དཔྱ་ཁྲལ་ལག་ལེག༽་གི་དཔྱ་དངུལ་སྤྲད་ཡོད་མ་རེད་ཟེར་གྱིན་འདུག་ན་དྲ་གྲོགས་སུས་དེ་ལྟར་ཡིན་མིན་གསལ་བོ་ཧ་གོ་ན་འདིར་གསལ་བཤད་ཞིག་གནང་རོགས་ཞུ།
ང་ཚོ་བོད་གཞི་བྱེས་གཉིས་ཀྱི་རེ་བ་བྱེད་ས་ནི།
བོད་རྒྱ་ཆེའི་མི་མང་ལ་ཞབས་འདེབས་ཞུ་ཐུབ་ཞིག་དགོས་ཀྱི་ཡོད།
བཀའ་བློན་ཁྲིའི་འོས་གཞི་བློ་བཟང་སེངྒེ།
ཚང་མས་མཁྱེན་གསལ་ལྟར་བཀའ་ཁྲིའི་འོས་འགན་དང་འོས་གཞི་ནི། བཙན་བྱོལ་བོད་མི་མང་གིས་ཐག་གཅོད་དགོས་པ་དང་། དེ་ཡང་མང་གཙོ་ཡང་དག་པའི་ལམ་ཁར་འགྲོ་དང་མི་འགྲོ་ང་ཚོར་རག་ལས་པས་ཐུགས་འཇགས་གནང་དགོས། དེས་ན་ངས་སྐད་གསེང་མཐོན་པོས་མ་འོངས་པའི་བཀའ་ཁྲི་དེ་བློ་བཟང་སེངྒེ་རེད་ཅེས་བརྗོད་ཐུབ། གང་ཡིན་ཟེར་ན།
༡ མང་གཙོ་ཡང་དག་པའི་རྣམ་པ་ཕྱིར་མངོན་ཐུབ་ལ། རྒྱ་དམར་ལ་སྔོན་བརྡ་ཞིག་ཀྱང་སྤྲད་ཡོད།
༢ ན་གཞོན་ཤེས་ཡོན་པ་ཞིག་དགོས་པ་ནི་༧གོང་ས་མཆོས་ནས་བཟུང་སློབ་ཆུང་བར་དུ་གཅིག་ མཚུངས་ཡིན་པ།
༣ ཁྱིམ་བརྒྱུད་རིང་ལུགས་པའི་ལྟ་གྲུབ་འཛིན་མཁན་མ་ཡིན་པ།
༤ རྒྱལ་སྤྱིའི་གནས་སྟངས་དང་ཁྲིམས་ལུགས་ལེགས་པར་མཁྱེན་པ།
༥ དུས་རབས་ཉེར་གཅིག་པའི་ལྟ་བའི་ཁ་ཕྱོགས་དང་མཐུན་པ།
༦ ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་ཉམས་མྱོང་མེད་པ།
༧ ཕྱི་རྒྱལ་ཡུལ་གྲུ་གང་དུ་ཕྱིན་ཀྱང་སྐད་སྒྱུར་མི་དགོས་པ།
༨ ལྐོག་ཟ་རུལ་སུངས་དང་གོང་འོག་ངན་འབྲེལ་གྱིི་དགག་བྱ་མེད་པ།
༩ ཕྱི་རྒྱལ་ཁག་གིས་རྒྱ་སྐྱོར་དང་ཁྲིམས་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ།
༡༠ ལས་འགུལ་སྤེལ་ཕྱོགས་ཐད་གཞོན་སྐྱེས་ཚོ་དང་ལྟ་གྲུབ་མཐུན་པ།
གོང་འཁོད་ཀྱི་ཁྱད་ཆོས་དེ་དག་ལྡན་པའི་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འོས་ཤོག་བླུགས་རོགས་ཞེས་འབོད་སྐུལ་དང་བཅས། བལ་ཡུལ་ནས་དཔལ་ཆེན་ཧེ་རུ་ཀ༔ས།།
ཕྱི་སོ་༢༠༡༠ཟླ་༡༠་ཚེས་༡ལ།
ཡར་སྔོན་ཞིག་ལ། འགའ་ཞིག་གིས་བོད་ནང་གི་མི་མང་བོ་ཞིག་གི་ཟམ་གདོང་རིན་པོ་ཆེ་མངོན་འདོད་བྱེད་ཀྱིན་འདུག་གསུངས་ནས་འུར་ལངས་སོང་། ད་ཡང་བློ་སེང་བོད་མི་མང་བོ་ཞིག་གི་མངོན་འདོད་རེད་བཤད་ཀྱིན་འདུག ཚང་མ་རང་ཉིད་ཀྱི་འདོད་དོན་འགྲུབ་ཆེད་རེད། གླེན་པ་ལུག་རང་རེད།
སེར་བྱེས་སྨད་གཉིས་ཁ་ལ་ཁྱེར་ནས་བྱ་བ་ཞིག་འགྲུབ་ཆེད་བརྩམ་པ་ཞིག་ཡིན་ཀྱང་དོན་ངེས་ལྟར་འགྲོ་ཐུབ་མེད་པ་གསལ་བོ་རེད།དེ་ཡང་མདོ་སྨད་ཀྱི་ཚོགས་མི་དག་གི་གནད་དོན་དེ་ཤེས་ནས་མ་ཡོངས་པ་ཞིག་རེད་།འདིའི་ལས་དོན་ཐལ་གྲྭ་མང་ལ་ལབ་གླེང་གང་ཡང་མེད་ལས་དོན་རྩོམ་པ་པོ་དག་ལ་གནད་དོན་ཡོད་པ་འདྲ།ལས་དོན་དེའི་རྐྱེན་བྱས་གདན་སའི་གྲྭ་བ་དག་ལ་ཁ་གཏོང་མི་རུང་།ཉེས་པ་གང་ཡང་མེད།གདན་ས་ཁག་གི་གྲྭ་མང་ནི་ཕྱི་གསལ་ནང་གསལ་གྱི་ངོ་བོ་གནས་ཡོད་པ་མི་མཐོང་ལག་ཟིན་རེད།
ལྷག་པར་དུ་གདན་སའི་གྲྭ་བའི་མི་མང་ལ་འགོ་སྐོར་གཏན་ནས་བཏང་མེད་ཟེར་ཐུབ་ལ་ཚིག་ཐེག་ཡང་བཅད་ཆོག་འོན་ཀྱང་མི་འགའ་ཞིག་ལ་སྐྱོན་ཡོད་འདོག་ཁ་པོ་རེད།དེ་དག་གྲྭ་མང་ལ་ཁ་མ་གཡོག་རོགས་ཞུ།
སེར་བྱེས་སྨད་གཉིས་ཁ་ལ་ཁྱེར་ནས་བྱ་བ་ཞིག་འགྲུབ་ཆེད་བརྩམ་པ་ཞིག་ཡིན་ཀྱང་དོན་ངེས་ལྟར་འགྲོ་ཐུབ་མེད་པ་གསལ་བོ་རེད།དེ་ཡང་མདོ་སྨད་ཀྱི་ཚོགས་མི་དག་གི་གནད་དོན་དེ་ཤེས་ནས་མ་ཡོངས་པ་ཞིག་རེད་།འདིའི་ལས་དོན་ཐལ་གྲྭ་མང་ལ་ལབ་གླེང་གང་ཡང་མེད་ལས་དོན་རྩོམ་པ་པོ་དག་ལ་གནད་དོན་ཡོད་པ་འདྲ།ལས་དོན་དེའི་རྐྱེན་བྱས་གདན་སའི་གྲྭ་བ་དག་ལ་ཁ་གཏོང་མི་རུང་།ཉེས་པ་གང་ཡང་མེད།གདན་ས་ཁག་གི་གྲྭ་མང་ནི་ཕྱི་གསལ་ནང་གསལ་གྱི་ངོ་བོ་གནས་ཡོད་པ་མི་མཐོང་ལག་ཟིན་རེད།
ལྷག་པར་དུ་གདན་སའི་གྲྭ་བའི་མི་མང་ལ་འགོ་སྐོར་གཏན་ནས་བཏང་མེད་ཟེར་ཐུབ་ལ་ཚིག་ཐེག་ཡང་བཅད་ཆོག་འོན་ཀྱང་མི་འགའ་ཞིག་ལ་སྐྱོན་ཡོད་འདོག་ཁ་པོ་རེད།དེ་དག་གྲྭ་མང་ལ་ཁ་མ་གཡོག་རོགས་ཞུ།
བོད་ནང་གི་མི་མང་པོས་བློ་བཟང་སེང་གེ་བཀའ་ཁྲི་ལ་རེ་བ་བྱེད་ཀྱི་ཡོད་བཟོ་འདུག།
དེ་ནི་ཆབ་སྲིད་ཐོག་ལ་ཧ་ཅང་གི་གོ་སྟོབས་ཆེན་པོ་རེད། བོད་ཕྱི་ནང་གཉིས་ཀྱི་
མི་རབས་གསར་པའི་རྣམ་དཔྱོད་དང་སྙིང་སྟོབས་ཐམས་ཅད་ཁ་ཕྱོགས་གཅིག་ལ་
སྒྱུར་རྒྱུ་དང་འབུར་དུ་ཐོན་རྒྱུའི་ཆེད་དུ་ཡིན་ས་འདུག།
འང་ཀྱང་བཙན་བྱོལ་ནང་ལ་ཕྱོགས་ལྷུང་གི་རྣམ་པ་ཙམ་ལས་གོང་གི་དམིགས་ཡུལ་ནང་བཞིན་ཨེ་ཡོད་། ལས་བྱེད་རྒན་པ་མང་པའི་བསམ་ཚུལ་གོང་དང་འདྲ་བ་ཡོད་ཀྱང་།
ལས་བྱེད་ཀླད་རྙིང་འགས། བློ་བསང་སེང་གེ་ལ་ཉམས་མྱོང་མེད་སྐོར་བཤད་པ་དང་། བཀྲས་མཐོང་བཀའ་ཁྲིའི་འོད་གཞིར་ལང་པ་དེ་དག་བོད་སྤྱི་དོན་ཆེད་དུ་ཡིན་པ་ཁག་པོ་རེད།
སློབ་སྟོན་དང་ཟབ་སྦྱོང་སྤྲད་མྱོང་ཡོད་པ་བདེན་པ་རེད།
འོན་ཀྱང་སློབ་སྟོན་པ་དང་ལས་བྱེད་པ་པོའི་བར་ལ་ཐག་ཅུང་ཙམ་ཡོད
དེ་ལག་ལེན་རེད།
སེ་ར་བྱེས་སྨད་གཉིས་ཀྱི་ཤེས་ལྡན་སློབ་གཉེར་བ་བཀའ་སྤྱིའི་འོས་དམིགས་འདོན་སྤེལ་དང་བླངས་ཚོགས་པ་ཞེས་པས་ཆོལ་གསུམ་གྱི་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་མི་བཏོན་གཞག་པའི་འོས་མི་དེ་དག་ལ་ངོས་ལེན་རྩ་བ་ཉིད་ནས་མེད་ཞུ་རྒྱུ་དང་།མ་ཚད་དང་ལེན་བྱེད་དགོས་དོན་གང་ཡང་མི་འདུག
རྒྱུ་མཚན་ནི།ཁོང་ཚོས་བོད་མི་མང་ལ་ལྷག་བསམ་དང་དྲང་ལྡན་ཡོད་འཁུར་གྱི་རྣམ་པ་ཙམ་གྱི་མི་སྣ་དེ་དག་ལ་ཤེས་ཡོན་ཏོག་ཙམ་ཡོད་རེད་ཟེར་ནས་འོས་མི་རུ་གཞག་པ་ནི་ཐལ་ཆེ་བ་མ་ཡིན་ནམ།
སྐབས་བཅུ་བཞི་པའི་ཚོགས་དུས་བཅུ་པའི་བརྙན་འཁོར་ཆ་ཚང་ལ་གཟིགས་དང་མཐོང་ངེས་རེད།འོས་མི་དེ་དག་ནང་ལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་དུས་ཡུན་ཆ་ཚང་ལ་གསུང་བཤད་དང་གྲོས་གླེང་ཅི་ཡང་མི་བྱས་མཁན་དེ་དག་གཙོ་བོར་རུ་བཏོན་འདུག
སྐབས་བཅུ་བཞི་པའི་ཚོགས་དུས་བཅུ་པའི་བརྙན་འཁོར་ཆ་ཚང་ལ་གཟིགས་དང་མཐོང་ངེས་རེད།ཡང་ན་ཁོ་རང་ཚོ་མིག་མེད་མཁན་དང་འོན་པ་ཡིན་པ་འདྲ།འོས་མི་དེ་དག་ལ་ཞིབ་དཔྱད་གཏན་ནས་མ་བྱས་ནས་འོས་མི་རུ་གཞག་པ་ནི་བོད་མི་མང་ལ་འགན་མ་འཁུར་བ་ཞིག་རེད་འདུག་པའི་དེ་དོན་ངོས་ལེན་རྩ་བ་ཉིད་ནས་མེད་ཞུ་རྒྱུ་དང་བསྒྲགས།ལྷག་བསམ་དང་དྲང་ལྡན་ལ་ཁ་ཕྱོགས་མཁན་དག་གི་དེ་ཚོ་རིག་ལ་གཟབ་ནན་ངེས་པར་དུ་གནང་གལ་ཆེ།
ཞུ་དག་བྱས།
རྒྱུས་མངའ་ཡོད་དང་ཡོད། ཆབ་སྲིད་དང་ཁྲིམས་ལུགས། ལྷག་པར་ཞི་བའི་ལས་འགུལ་སྤེལ་སྟངས་ཁག་གི་སྐོར་ལ་མཚོན་ན། བློ་བཟང་སེང་གེས་བོད་གཞུང་གི་ལས་བྱེད་དེ་ཚོ་ལ་ཕར་སློབ་སྟོན་དང་ཟབ་སྦྱོང་སྤྲད་དང་སྤྲོད་བཞིན་པ་རེད། དེ་ཚོ་ལས་གལ་ཆེ་བ་ཞིག་བཀའ་བློན་ལ་ག་རེ་དགོས་ཀྱི་ཡོད་རེད།
གཞུང་དང་ལས་བྱེད་ཀྱི་སྒྲིག་གཞི་ལ་ཆ་མཚོན་ན་ཡང༌། སྒྲིག་གཞི་ཚང་མ་ཁྲིམས་ལུགས་ཀྱི་ཁོངས་སུ་གཏོགས་པ་དང༌། ནུབ་ཕྱོགས་ཀྱི་དེང་རབས་དང་མཐུན་པའི་སྡེ་ཚན་ནང་ཕྱག་ལས་གནང་ནས་ཡོང་བ་ཡིན་དུས་ཉམས་མྱོང་ཡོད་དང་ཡོད། ག་རེ་ལ་ཉམས་མྱོང་ཡོད་མ་རེད་གསུང་གིན་ཡོད། ངས་ངོ་མ་ཤེས་མ་སོང༌།
རྒྱུས་མངའ་ཡོད་དང་ཡོད། ཆབ་སྲིད་དང་ཁྲིམས་ལུགས། ལྷག་པར་ཞི་བའི་ལས་འགུལ་སྤེལ་སྟངས་ཁག་གི་སྐོར་ལ་ནི། བློ་བཟང་སེང་གེས་བོད་གཞུང་གི་ལས་བྱེད་དེ་ཚོ་ལ་ཕར་སློབ་སྟོན་དང་ཟབ་སྦྱོང་སྤྲད་དང་སྤྲོད་བཞིན་པ་རེད། དེ་ཚོ་ལས་གལ་ཆེ་བ་ཞིག་བཀའ་བློན་ལ་ག་རེ་དགོས་ཀྱི་ཡོད་རེད།
གཞུང་དང་ལས་བྱེད་ཀྱི་སྒྲིག་གཞི་ལ་ཆ་མཚོན་ན་ཡང༌། སྒྲིག་གཞི་ཚང་མ་ཁྲིམས་ལུགས་ཀྱི་ཁོངས་སུ་གཏོགས་པ་དང༌། ནུབ་ཕྱོགས་ཀྱི་དེང་རབས་དང་མཐུན་པའི་སྡེ་ཚན་ནང་ཕྱག་ལས་གནང་ནས་ཡོང་བ་ཡིན་དུས་ཉམས་མྱོང་ཡོད་དང་ཡོད། ག་རེ་ལ་ཉམས་ཡོད་མ་རེད་གསུང་གིན་ཡོད། ངས་ངོ་མ་ཤེས་སོང༌།
ཤེས་ལྡན་པ་ཚོས་བསྟན་སྲིད་ལ་དོ་སྣང་གནང་བར་བསྔགས་བརྗོད་ཡོད་དེ། བློ་བཟང་སེང་གེ་ཟེར་བ་དེས་བོད་པའི་སྤྱི་ཚོགས་ལྷག་གཞུགས་སྒེར་གྱི་ལས་ཁུངས་ཁག་ལ་རྒྱུས་མངའ་གང་ཡང་མེད་པར་མིག་གི་མཐོང་ཞིང་གཡང་ལ་མཆོངས་དགོས་དོན་གང་ཡིན་ནམ། བློ་བཟང་སེང་གེ་བཀའ་ཁྲིར་འོས་ཟེར་བ་ཁྱེད་ཚོས་ཤེས་ཡོན་ཁོ་ནའི་ཕྱོགས་གཅིག་མཐོང་བ་ལས་ཕྱོགས་ཞན་མེད་དུ་མི་རུང་བའི་རྒྱུས་མངའ་དང་ཉམས་མྱོང་མེད་པས་ཁོ་ལ་འོས་འཕེན་ཟེར་བ་ནི་བོད་ཀྱི་རྩ་དོན་ངོ་མར་འགན་ལེན་མེད་པའི་རྟགས་རེད།
མདུང་རྩེ་ཟེར་བའི་ཕྱོགས་ཞེན་པ། ངས་ས་གདན་སའི་སྐོར་ལ་དེ་ཙམ་རྒྱུས་མངའ་མེད་ཀྱང་། གོང་དུ་གྲྭ་རྒོད་ཟེར་བ་འདིས་ཁ་གསལ་བོར་བྱས་ནས་བྲིས་འདུག་པ་ལ་ལན་ཞིག་གནང་རོགས། དེ་མིན་ངས་དགེ་འདུན་པ་ཡོད་ཚད་སྡུག་ཆགས་རེད་རྩ་བ་ནས་ལབ་མེད། འོན་ཀྱང་ཆབ་སྲིད་འཁྲབ་མཁན་ཚོ་ལ་ལབ་ཡིན། མ་གཞི་མདོ་སྨད་ལ་བཤད་རྒྱུ་ཅང་མེད། ཁྱེད་ཚོ་གསར་འགོད་པ་དང་ལས་ཀ་བྱེད་མཁན་ཚང་མས་གདན་སའི་སློབ་གཉེར་བ་དཔེ་ཆ་བ་ཞེས་མིང་དང་གཞན་ཆོལ་ཁ་རེ་རེ་ནས་མི་མང་ལ་མགོ་བསྐོར་གཏོང་སྟངས་འདི་ཡག་པོ་མི་འདུག ཆོལ་ཁ་རེ་རེ་སུ་སུ་ཡོད་ཕྲིས་དང་འགྲིག་སོང་ནི་ཡིན།
ངས་བཤད་པ་དེ་རྒྱུ་མཚན་ཞིག་འདུག་བསམ་ནས་བཤད་པ་ཡིན། ང་ཚོའི་ཁ་ནས་གཞིས་ལུས་བོད་མི་དང༌། གཞིས་ལུས་བོད་མི། དོན་གྱི་བདག་པོ་སོགས་བཤད་བཞིན་པ་ལྟར་ཁོང་ཚོའི་བམངོན་འདོད་དང་བསྟུན་དགོས་སྙམ་པ་ཡིན།
བཀའ་སྤྱི་གནང་མྱོང་མཁན་ཞིག་དགོས་ན། འཇུ་ཆེན་ལ་འོས་བླུགས། བཀའ་བློན་རྒྱུན་རིང་ཤོས་དེ་ཁོང་རེད། དེ་ནས་བསོད་སྟོབས་སྐྲ་རིང་པོ་བླུགས། སྤྱི་འཐུས་རྒྱུན་རིང་ཤོས་ཁོང་རེད་ལོ།
སེར་བྱེས་སེར་སྨད་གཉིས་ཀྱི་ལས་དོན་ཞིག་ཡིན་ན་འང་འདྲ་དེ་མིན་འགའ་ཞིག་གི་བརྩམ་པ་ཞིག་ཡིན་ནའང་འདྲ་གང་ལྟར་ཀྱང་འདིའི་ནང་ཚོགས་མི་ཆོལ་ཁ་རེ་ནས་མི་ལྔ་རེ་ཡོད་ཞེས་བགོད་ཡོད་ཀྱང་ངོ་བོ་གནས་ཚུལ་ལ་དེ་ལྟར་ཚང་མེད་པ་གསལ་པོ་རེད།ཁོང་ཚོ་འཚོགས་ཐངས་གསུམ་ནས་བཞི་འཚོགས་ཡོད་ཀྱང་འཚོགས་སྐབས་རེ་རེ་ལ་མདོ་སྨད་འཚོགས་མི་ཡོངས་མེད་པ་རེད་ཟེར་བ་དེ་བདེན་པ་རེད།ལྷག་པར་དུ་ཐ་མའི་ཐེག་གཅོད་ཀྱི་གཏན་ཁེལ་བྱས་པའི་ཉིན་ཀྱི་འཚོགས་འདུས་ནང་མདོ་སྨད་ཀྱི་འཚོགས་མི་གཅིག་ཀྱང་མེད་པ་གསལ་བོ་ཡིན་པའི་མདོ་སྨད་ཀྱི་འོས་གཞི་དེ་མདོ་སྨད་མི་མང་གི་བསམ་ཚུལ་ལྟར་འགྲོ་དགོས་པ་ལས་དབུས་གཙང་དང་མདོ་སྟོད་གཉིས་ཀྱི་ངོས་ནས་མདོ་སྨད་ཀྱི་འོས་གཞི་བཏོན་པ་དང་མདོ་སྨད་ཀྱི་འོས་གཞི་སྒྲིག་པ་གསལ་སྒྲག་གནང་བ་སོགས་ནོར་བ་རང་ལ་རྩི་དགོས་པ་ཞིག་རེད་བསམ་སོང་།གྲྭ་དམངས་གི་བསམ་ཚུལ་ཡིན་ན་གྲྭ་མང་ནང་བསམ་ཚུལ་ལེན་པ་ཁྲིམས་ཀྱི་འགྲོ་ལུགས་ཞིག་རེད།དེ་ལྟར་གང་བྱས་མེད་པ་གསལ་པོ་རེད།
བོད་ནས་མང་པོ་ཞིག་གིས་མངོན་འདོད་རེད་ཞེས་ཚིག་ལྕི་མོ་ཞིག་གསུངས་འདུག་པ་དེ་།བདུད་ཀྱི་ཆོ་འཕྲུར་ཞིག་དུ་འདོད
ད་ཐང་ངའི་འོས་ཤོག་གཅིག་པོ་བློ་སེང་ལ་མི་འཕེན་ཐག་ཆོད་ཡིན
རྒྱུ་མཚན་བཤད་བདེ་པོ་ཡིན། སློབ་དེབ་གྱི་གདེངས་ཆ་ལས་བརྒལ་མྱོང་མེད་པས་སོ། དེ་ལས་བཀའ་བློན་དང་ཡང་ན་སྤྱི་མཐུས་གང་རུང་ཞིག་གིས་ཕྱག་ལས་གནང་བཟང་།དེ་ལྟར་བྱས་ན་སྐབས་༤་བཀའ་ཁྲི་ལ་ཐེ་ཚོམ་མེད།སྐབས་དེར་ངའི་འོས་ཤོག་གཅིག་པོ་ཡང་ཁོང་གི་ཡིན་ཡིན་པ་རེད
བོད་ནང་ལོག་ནས་བློ་བཟང་སེང་གེ་བཀའ་ཁྲིར་འོས་ཐོབ་པའི་རེ་བ་ཡོད་ཅེས་འཕྲུལ་སྒྲ་ཁག་ནང་བྲིས་ཡོང་གི་འདུག སོང་ཙང༌། ངས་ཁོང་རྣམ་པའི་ཚབ་ཞུས་ནས་བློ་བཟང་སེང་གེ་ལ་འོས་དེ་བླུགས་ཀྱི་ཡིན།
བློ་བཟང་སེང་གེ་འོས་དེ་ཐོབ་པ་ཡིན་ན། བོད་ནང་གི་གཞོན་སྐྱེས་བོད་རིགས་ཀྱི་ལ་རྒྱ་ཅན་དེ་ཚོ་ལ་ཁྱད་པར་ཞིག་ཡོད་ཏན་རེད་འདུག གཅིག་བྱས་ན་རྒྱ་མི་མདུན་དུ་ཁོང་ཚོར་མེད་པའི་དམངས་གཙོའི་ཁྱད་ཆོས་དེ་ངོམས་འདོད་པ་ཡིན་ནམ་མི་ཤེས།
བོད་ནས་བསྐུར་བའི་ལན་“བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་་གིཔ་དེ་བློ་སེང་གེ་ལགས་ལཐོབ་རྒྱུའི་རེ་བ་ཞུ་གི་ཡོད་གཞིས་སྡོད་བོད་མི་མང་ཆེ་བས་རེ་བ་ཞུ་གི་འདུག་about 4 hours ago via web”
གོང་གི་ལན་དེ་འཕྲུལ་སྒྲ་གཤམ་གསལ་འདིའི་ནང་བྲིས་འདུག ཁོང་གིས་བོད་ནང་གི་གནས་ཚུལ་གསར་པ་གསར་པ་མང་པོ་སྤྲོད་ཀྱི་རེད། http://twitter.com/lhayak2008
དེ་ཡིན་འདི་ཡིན་མེད་པར་ཁ་ནས་ཤོང་ཚད་ཞིག་བཤད་ཀྱིན་པས་དམར་ཁ་ཚ་ལགས
ཁུངས་ལུང་ཅི་ཡང་མེད་པའི་གཏམ་ཡན་རེ་བཤད་འདུག་པ་ལས་ཁྱེད་ཀྱིས་བཤད་པས་བླ་རྒན་ཚོའི་
ཅི་ཞིག་མ་འགྲིག་པ་བྱས་འདུག་ རྒྱུ་མཚན་ཞིག་གསུངས་ན་ཅི་འདྲ་འདུག
གཞན་རང་ཉིད་ཀྱི་ཕྱོགས་གང་ཐད་ནས་བྱེད་ཐུབ་རྒྱུ་གཅིག་ཀྱང་མེད་པར་གཞན་ལ་འགྲམ་ཆུ་ཤོར་ནས་སྡུག་སྐད་རེད་བརྒྱབ་དེ
ཉིན་གཅིག་གིས་ལྟོ་གོས་ཚོལ་ཐུབ་མིན་ཙམ་གྱི་ཉི་མ་འཆོལ་ཐབས་བྱེད་རྒྱུ་ལས་གཞན་འོས་མེད་སམ།
ཁྱེད་ཀྱི་ཉོན་ཅིག ཁྱེད་ཀྱིས་གསུངས་པའི་བླ་རྒན་ཚོའི་གང་བྱས་བྱ་བ་དེ་དག་བྱེད་འོས་པའི་གནད་དམ་པ་སྟེ།
སྤྱིར་རྒྱ་ཆེ་ས་ནས་དང་།ནང་དགོས་སུ་བོད་མི་རིགས་ སོགས་ཀྱི་འགྲོ་དོནནམ་བྱ་བ་ཅི་ཞིག་བསྒྲུབ་པ་ལ་སྐྱ་སེར་གྱི་དབྱེ་བ་མེད་པ་མ་ཟད་བྱེད་ཐབས་སྣ་ཚོགས་པའི་སྒོ་ནས་བྱེད་རྒྱུ་ཡོད་པ་དང་བྱེད་འོས་པ་ཞིག་ཡིན་པ། རྒྱལ་ཁབ་གྱི་རྩ་ཁྲིམས་དང་ཆོས་པའི་ཆོས་ཁྲིམས་གང་ལ་ཡང་མི་འགལ་པའི་རྒྱུ་མཚན་ཁུངས་དང་ལུངས་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།། གཞན་དེ་ཡང་ཁས་མི་ལན་འདི་ཡང་ཁས་མི་ལན་པའི་ང་རང་རྐྱ་བའི་བླུན་པོ་རང་མདོག་སྟོན་མཁན་ཞིག་ཡིན་ན་་ འདི་སྨྲ་སྟེ།།། མཁས་པ་བརྒྱ་ལ་མི་སྐྲག་ཅིང་།བླུན་པོ་གཅིག་ལ་ཅེས་མི་སྐྲག་ཞེས་པ་ལྟར་རང་འགར་འཇོག་རྒྱུ་ལས་གཞན་མེད་མོད།
ཡག་པོ་འདུག་ལ་ས་དགེ་བཀའ་རྙིང་གདན་སའི་རྣམས་པའི་སྲིད་དོན་ལ་དོ་སྣང་བྱེད་པ་འདི་ད་ཐེངས་དང་པོ་གཏན་ནས་མིན།
དམར་ཁ་ཚ་དང་། ཨ་རིའི་བུ་ཞེས་པ་འདི་གཉིས་ཀྱི་གདོང་རིས་ངོ་མ་མཐོང་།
མཐའ་ལ་དེད་ན་ཁོང་གཉིས་ཆོས་བྱེད་དགེ་འདུན་པ་དགྲ་རུ་ལྟ་བའི་གུན་ཁྲན་གཉིས་པ་ཞིག བོད་མི་རིགས་འདི་ད་བར་འཛམ་གླིང་སྒང་དུ་གནས་ཐུབ་པ་དང། ལྷག་པར་སྙན་གྲགས་ཉིན་རེ་ནས་ཉིན་རེར་རྒྱས་པ་འདི་གདན་སའི་སློབ་གཉེར་བ་རྣམས་ཀྱིས་སྔར་ཡོད་ནང་བསྟན་ཆོས་ལུགས་དར་སྤེལ་བྱས་པའི་མཐུ་ལས་བྱུང་བ་ཞིག་རེད། དེར་མི་བཟོད་མཁན་རྒྱ་དམར་དང་ཁོའི་རྗེས་འབྲངས་རྣམས་ལས་གཞན་སུ་གང་མེད།
༧གོང་ས་མཆོག་གིས་འདི་ལོའི་སྤྱི་ཆོས་གདན་སའི་སློབ་གཉེར་བ་རྣམས་ཀྱིས་འོས་བསྡུའི་ཐད་དོ་སྣང་དགོས་པ་དང་། དེ་སྔོན་དེའི་ཐད་འཐུས་ཤོར་སོང་ཡོད་ཚུལ་གསུངས་ཡོད། ད་ལྟའི་སློབ་གཉེར་འདི་དག་གིས་མགོན་པོ་མཆོག་གི་བཀའ་སྤྱི་བོར་བསླངས་ཏེ་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་རླབས་ཆེན་བསྒྲུབ་དེར་མི་བཟོད་མཁན་ཡོད་ན་དེ་ནི་ང་ཚོའི་སྤུན་ཟླ་མ་ཡིན་པ་མ་ཟད་དགྲ་ཡིན་པ་ཁོ་ཐག་རེད།
ཨ་རིའི་བུ་ཟེར་བ་འདིས་གསང་གཅིག་པུ་ལ་བལྟས་ན་ཀླད་མེད་ར་མ་ལུག་ཅིག་ཡིན་ཚོད་གདའ།
སེ་ར་བྱེས་སྨད་གཉིས་ཀྱི་སློབ་གཉེར་བ་རྣམས་ཀྱིས་འགན་ཁུར་གྱི་ལས་ཀ་ཞིག་བྱེད་པ་དེ་ལ་། གུས་ཀྱིས་བསྔགས་བརྗོད་ཡོད། འང་ཀྱང་ལས་འགུར་
སྤེར་སྟོངས་ཐོག་ལ་བསམ་ཚུལ་ཁ་ཤས་ཡོད་། དང་པོ་ནི་། དེང་སྐབས་བཀའ་ཁྲིའི་འོད་མི་མང་པོ་ཡོད་པའི་ནང་ནས་། ཁྱོད་རང་ཚོའི་ཚོགས་པའི་ངོང་
ནས་། སུ་ཞིག་བཀའ་བློན་ཁྲི་པར་མོས་མཐུན་ཆེ་བ་ཡོད་པ་དེ་འདི་ཡིན་ཟེར་ནས་གསལ་བཤད་དང་བཅས་མི་མང་ལ་སྟོན་རྒྱུའི་དུས་ལ་བབས་ཡོད་།
ད་ཡོད་ཁྱོད་རང་ཚོས་སྟོན་པའི་འོད་མི་གསུམ་གྱི་ནང་ནས། གཅིག་ལ་མོས་མཐུན་ཆེ་བ་ཡོད་པ་ནི་ཐག་གིས་ཆོད། གང་ཡིན་ཟེར་ན་། གསུམ་ག་ལ་
མོས་མཐུན་ཆ་སྙམ་ཞིག་དང་གསུམ་ག་སྐབས་འདིའི་བཀའ་བློན་ཁྲི་པ་ལ་ཡོང་མི་ཐུབ་པས་ཡིན། དེ་ལྟར་བྱེད་པ་ཡིན་ན་། ལས་འགུར་ཁ་གསལ་པོ་
ཞིག་དང་ཐག་ཆོད་པོ་ཞིག་ཡོང་རྒྱུ་ཡིན་པ་མ་ཚད་། ལས་འགུར་དེའི་ནང་ལ་ཡོད་པའི་མི་སྣ་དག་ལ། དེང་རབས་ཀྱི་ཤེས་ཡོན་ཡོད་པའི་རྣམ་པ་ཞིག་
མཐོང་ཐུབ།
གཉིས་པ་ནི། འོད་ཆོས་སྐོར་ཡིན། འོད་ཆོས་ལྔ་པ་དེ་ནི་། སྤྱི་ཚོགས་ནང་ལ་ཁུངས་ལྡན་རྙོག་གླེང་མེད་པ་ཞེས་བྲིས་འདུག། འདི་ནི་
གནད་ཆེ་པོ་རེད་བསམ། སྤྱིར་མང་གཙོའི་རྒྱལ་ཁབ་ཀྱི་ལམ་སྲོལ་ལ། འོད་གཞིའི་ནང་ལ་ཡོད་པའི་མི་རྣམས་ཀྱི་བཟང་སྤྱོད་ཐོག་ལ་ཞིབ་འཇུག་
ཧ་ལས་པ་བྱེད་ཀྱི་ཡོད། ཞིབ་འཇུག་བྱེད་སའི་བཟང་སྤྱོད་ནང་ལ། སོ་སོའི་ནང་མི་འམ་བཟའ་ཚང་ནང་གི་བཟང་སྤྱོད་དང་འགལ་བའི་སྤྱོད་ལམ་
ཚང་མ་ཚུད་ཡོད་པ་དང་། བཟའ་ཚང་བར་ལ་ལྷག་པའི་རྙོག་གླེང་ཡོད་པའི་མི་དེ་ནི་། སྤྱི་མི་ཚད་ལྡན་ཞིག་དུས་ནམ་ཡང་ངོང་འཛིན་བྱེད་ཐུབ་ཀྱི་མེད།
ད་ལྟ་བར་དུ་ང་ཚོའི་སྤྱི་ཚོགས་ནང་ལ་བཀའ་ཁྲིའི་འོད་མིའི་སྐོར་ལབ་གླེང་མང་པོ་བྱས་ཚར་རེད། ཡིན་ན་ཡང་བཟང་སྤྱོད་ཐོག་ལ་ཞིབ་འཇུག་དང་
བགྲོ་གླེང་ཧ་ལམ་བྱས་མེད་པ་འདྲ། འདི་ནི་ཞན་ཆ་ཆེན་པོ་ཞིག་རེད་བསམ།
གསུམ་པ་ནི་། སེ་ར་བྱེས་སྨད་གཉིས་གྱི་ཤེས་ལྡན་སློབ་གཉེར་བས་སྟོན་པའི་འོད་མི་རྣམས་ལ་གོང་གི་འོད་ཆོས་ལྔ་ག་ཚང་ཡོད་པའི་རྒྱུ་མཚན་ག་རེ་
བཤད་རྒྱུ་ཡིན་ན་། ལྷག་པར་དུ་བཀྲས་མཐོང་ལ་དཔལ་འབྱོར་གྱི་རྙོག་གླེང་དང་། ཚོགས་བཙོ་སྤེན་པ་ཚེ་རིང་ལ་གཞན་གྱི་བཟའ་ཚང་བར་གྱི་
རྙོག་གླེང་ཞིག་ཟིན་བྲིས་མང་པོའི་ནང་ལ་ཐོན་བཞིན་པ་རེད་། འདིའི་སྐོར་ཤེས་ལྡན་སློབ་གཉེར་པས་ཞིབ་འཇུག་ཞིག་གནང་དགོས་པ་དང་།
འདི་དག་ཁུམས་ལྡན་ཡིན་མིན་གྱི་སྐད་ཆ་ཚིག་ཁ་ཤས་བཤད་དགོས་འདུག་།
ང་རང་གིས་གོ་ཚུལ་ལ། བཀའ་ཁྲི་ལས་ཐོག་ ཟམ་གདོང་རིན་པོ་ཆེས་འདི་འདྲ་ཞིག་གསུང་འདུག།
གནད་དོན་རྣམས་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་མ་ཐུབ་པར་སྣང་བ་གདོང་དེད་དང་། སེམས་ཚོར་ཁོ་ནར་བརྟེན་པའི་ལྟ་ཕྱོགས་དང་བྱེད་ཕྱོགས་གྲུབ་འབྲས་མེད་ཅིང་རྒྱུན་གནས་མི་ཐུབ་པའི་རིགས་ལ་ཧར་རྒྱུགས། ཞེས་པ་འདི་ནི་།
ང་ཚོའི་གཞོན་སྐྱེས་རྣམས་ལ་གསུང་པ་རེད་། འདི་ནང་བཞིན་ལས་ཀ་བྱེད་ཀྱི་མེད་པའི་རེ་བ་ཡོད།
སེ་ར་བྱེས་སྨད་གཉིས་ཀྱི་སློབ་གཉེར་བ་རྣམས་ཀྱིས་འགན་ཁུར་གྱི་ལས་ཀ་ཞིག་བྱེད་པ་དེ་ལ་། གུས་ཀྱིས་བསྔགས་བརྗོད་ཡོད། འང་ཀྱང་ལས་འགུར་
སྤེར་སྟོངས་ཐོག་ལ་བསམ་ཚུལ་ཁ་ཤས་ཡོད་། དང་པོ་ནི་། དེང་སྐབས་བཀའ་ཁྲིའི་འོད་མི་མང་པོ་ཡོད་པའི་ནང་ནས་། ཁྱོད་རང་ཚོའི་ཚོགས་པའི་ངོང་
ནས་། སུ་ཞིག་བཀའ་བློན་ཁྲི་པར་མོས་མཐུན་ཆེ་བ་ཡོད་པ་དེ་འདི་ཡིན་ཟེར་ནས་གསལ་བཤད་དང་བཅས་མི་མང་ལ་སྟོན་རྒྱུའི་དུས་ལ་བབས་ཡོད་།
ད་ཡོད་ཁྱོད་རང་ཚོས་སྟོན་པའི་འོད་མི་གསུམ་གྱི་ནང་ནས། གཅིག་ལ་མོས་མཐུན་ཆེ་བ་ཡོད་པ་ནི་ཐག་གིས་ཆོད། གང་ཡིན་ཟེར་ན་། གསུམ་ག་ལ་
མོས་མཐུན་ཆ་སྙམ་ཞིག་དང་གསུམ་ག་སྐབས་འདིའི་བཀའ་བློན་ཁྲི་པ་ལ་ཡོང་མི་ཐུབ་པས་ཡིན། དེ་ལྟར་བྱེད་པ་ཡིན་ན་། ལས་འགུར་ཁ་གསལ་པོ་
ཞིག་དང་ཐག་ཆོད་པོ་ཞིག་ཡོང་རྒྱུ་ཡིན་པ་མ་ཚད་། ལས་འགུར་དེའི་ནང་ལ་ཡོད་པའི་མི་སྣ་དག་ལ། དེང་རབས་ཀྱི་ཤེས་ཡོན་ཡོད་པའི་རྣམ་པ་ཞིག་
མཐོང་ཐུབ།
གཉིས་པ་ནི། འོད་ཆོས་སྐོར་ཡིན། འོད་ཆོས་ལྔ་པ་དེ་ནི་། སྤྱི་ཚོགས་ནང་ལ་ཁུངས་ལྡན་རྙོག་གླེང་མེད་པ་ཞེས་བྲིས་འདུག། འདི་ནི་
གནད་ཆེ་པོ་རེད་བསམ། སྤྱིར་མང་གཙོའི་རྒྱལ་ཁབ་ཀྱི་ལམ་སྲོལ་ལ། འོད་གཞིའི་ནང་ལ་ཡོད་པའི་མི་རྣམས་ཀྱི་བཟང་སྤྱོད་ཐོག་ལ་ཞིབ་འཇུག་
ཧ་ལས་པ་བྱེད་ཀྱི་ཡོད། ཞིབ་འཇུག་བྱེད་སའི་བཟང་སྤྱོད་ནང་ལ། སོ་སོའི་ནང་མི་འམ་བཟའ་ཚང་ནང་གི་བཟང་སྤྱོད་དང་འགལ་བའི་སྤྱོད་ལམ་
ཚང་མ་ཚུད་ཡོད་པ་དང་། བཟའ་ཚང་བར་ལ་ལྷག་པའི་རྙོག་གླེང་ཡོད་པའི་མི་དེ་ནི་། སྤྱི་མི་ཚད་ལྡན་ཞིག་དུས་ནམ་ཡང་ངོང་འཛིན་བྱེད་ཐུབ་ཀྱི་མེད།
ད་ལྟ་བར་དུ་ང་ཚོའི་སྤྱི་ཚོགས་ནང་ལ་བཀའ་ཁྲིའི་འོད་མིའི་སྐོར་ལབ་གླེང་མང་པོ་བྱས་ཚར་རེད། ཡིན་ན་ཡང་བཟང་སྤྱོད་ཐོག་ལ་ཞིབ་འཇུག་དང་
བགྲོ་གླེང་ཧ་ལམ་བྱས་མེད་པ་འདྲ། འདི་ནི་ཞན་ཆ་ཆེན་པོ་ཞིག་རེད་བསམ།
གསུམ་པ་ནི་། སེ་ར་བྱེས་སྨད་གཉིས་གྱི་ཤེས་ལྡན་སློབ་གཉེར་བས་སྟོན་པའི་འོད་མི་རྣམས་ལ་གོང་གི་འོད་ཆོས་ལྔ་ག་ཚང་ཡོད་པའི་རྒྱུ་མཚན་ག་རེ་
བཤད་རྒྱུ་ཡིན་ན་། ལྷག་པར་དུ་བཀྲས་མཐོང་ལ་དཔལ་འབྱོར་གྱི་རྙོག་གླེང་དང་། ཚོགས་བཙོ་སྤེན་པ་ཚེ་རིང་ལ་གཞན་གྱི་བཟའ་ཚང་བར་གྱི་
རྙོག་གླེང་ཞིག་ཟིན་བྲིས་མང་པོའི་ནང་ལ་ཐོན་བཞིན་པ་རེད་། འདིའི་སྐོར་ཤེས་ལྡན་སློབ་གཉེར་པས་ཞིབ་འཇུག་ཞིག་གནང་དགོས་པ་དང་།
འདི་དག་ཁུམས་ལྡན་ཡིན་མིན་གྱི་སྐད་ཆ་ཚིག་ཁ་ཤས་བཤད་དགོས་འདུག་།
ང་རང་གིས་གོ་ཚུལ་ལ། བཀའ་ཁྲི་ལས་ཐོག་ ཟམ་གདོང་རིན་པོ་ཆེས་འདི་འདྲ་ཞིག་གསུང་འདུག།
གནད་དོན་རྣམས་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་མ་ཐུབ་པར་སྣང་བ་གདོང་དེད་དང་། སེམས་ཚོར་ཁོ་ནར་བརྟེན་པའི་ལྟ་ཕྱོགས་དང་བྱེད་ཕྱོགས་གྲུབ་འབྲས་མེད་ཅིང་རྒྱུན་གནས་མི་ཐུབ་པའི་རིགས་ལ་ཧར་རྒྱུགས། ཞེས་པ་འདི་ནི་།
ང་ཚོའི་གཞོན་སྐྱེས་རྣམས་ལ་གསུང་པ་རེད་། འདི་ནང་བཞིན་ལས་ཀ་བྱེད་ཀྱི་མེད་པའི་རེ་བ་ཡོད།
བོད་པ་ལགས་ཀྱིས་དྲང་པོ་གསུངས་འདུག ས་འོག་གི་འོས་གཞི་གཏོང་བ་ཁོ་ཚོས་སྔ་མོ་ནས་བྱེད་ལམ་ཞིག་རེད། ཁོང་ཚོ་གྲངས་མང་གི་རྒྱལ་ཁ་འཐོབ་པའི་སེམས་འཚབས་མི་དགོས། དེང་སང་མི་མང་རྣམས་སྔར་དང་མི་འདྲ་བའི་ཤེས་རྒྱ་ཆེན་པོ་ཡོད། གང་ལྟར་སྒེར་ནད་རྒྱུན་འཛིན་སྤྱི་སེམས་གྱི་དྲི་མ་དང་བྲལ་བ་རྣམས་ལ་ལྷག་བསམ་གྱི་བློ་མིག་འཕྲལ་དུ་སྩོལ་ཅིག་ལྷ་ཆོས་སྐྱོང་སྲུང་མ་རྣམས།
ཕྱོགས་གཞན་ཞིག་ནས་ལྟས་དུས་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྐྱིད་སྡུག་དང་བླངས་ཚོགས་པ་མང་དག་ཞིག་གི་རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསམ་ནས་བཀའ་སྤྱི་གཉིས་ཀྱི་འོས་མི་ཤོག་བུ་འདྲ་མིན་སྣ་ཚོགས་སྟེང་དཔར་བཀོད་མིང་དང་ལོ་རྒྱུས་སྟོན་སྐབས་མི་དམངས་རྣམས་གཞན་གྱི་གཡོ་སྒྱུ་དང་བསླུ་བྲིད་འོག་ཏུ་འགྲོ་བའི་ཉེས་ཁ་ཆེན་པོ་ཡོད། ལྷག་པར་དུ་ས་གནས་ཁག་ཏུ་མི་དམངས་བསྐོང་ཚོགས་བྱས་ཏེ་བཀའ་ཁྲི་སྐོར་ལ་བགྲོ་གླེང་རབ་དང་རིམ་པ་གནང་སྐབས་བཀའ་ཁྲི་འདི་འོས་པ་དང་དེ་མིན་འོས་པས་སྐད་ཆ་བཤད་ཏེ་ཁོ་མི་ཚང་དཀྱུས་མ་ནས་ཚར་ལོངས་བྱུང་རེད། ཁོ་ཚོ་སྐུ་དྲག་གི་མི་བརྒྱུད་རེད། སྤྱི་ཚོགས་རྙིང་པ་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་རེད་ཟེར་མཁན་མང་དག་ཅིག་གོ་རྒྱུ་འདུག འདི་ཚོའི་ཐོག་མི་དམངས་ཚང་མ་གཟབ་ནན་བྱེད་དགོས་པ་གལ་ཆེན་མཐོང་། བོད་ཀྱི་སྤྱི་པའི་རྩ་དོན་ཐོག་ལྷག་བསམ་རྣམ་དག་་བསམ་བློ་གཏོང་མཁན་ཞིག་གདམ་དགོས། བཙན་བྱོལ་རྒྱལ་ཁབ་ཅིག་ནང་ཡོད་དུས་རང་ཉིད་འོས་ཤོག་ཐོབ་ཐང་ལ་གཞན་གྱི་གཡོ་སྒྱུ་དང་བསླུ་བྲིད་འོག་ཏུ་མི་འགྲོ་བ་ལོངས་སུ་སྤྱོད་རྒྱུར་གོ་སྐབས་བརྟན་པོ་བབཟུང་དགོས།
མདུང་རྩེ་ཟེར་བ་འདི་ཡང་བླ་རྒན་འཁྲབ་མཁན་ཞིག་ཡིན་ས་རེད། གཙོ་བོ་ངས་འོས་མི་བཏོན་མཁན་གྱི་མིང་འདིར་བཀོད་ན་ལེགས་ཀི་ལབ་ཡིན། དེ་མིན་སློབ་གཉེར་བ་དང་ཤེས་ཡོན་པ་ཞེས་མིང་རྫིག་པོ་བཏགས་མ་གཏགས་ཡོད་མ་རེད། བླ་རྒན་འདི་ཚོས་འཁྲབ་སྟོན་ལ་སུན་ནི་ཞིག་རེད། འདི་ཚོ་ཕྱོགས་ཞེན་གྱི་མེ་ལྕེ་འབར་མཁན་ཅན་དག་ཡིན་ངེས་ཡིན་རེད། མདུང་རྩེ་ལོ་ལགས། ཁྱེད་ཀྱིས་མུ་མཐུད་དུ་ཤོད་ངས་བླ་རྒན་ཚོའི་ནག་ཉེས་ཐེར་འདོན་བྱེད་ངེས་ཡིན་དཱ།
སེ་ར྄་བྱེས་སྨད་གཉིས་ཀྱིས་ཁོང་གིས་ཤེས་ཡོན་པའི་ཚོགས་ཆུང་གིས་།
ཁུར་མཉམ་ལན་གྱིས་་་་བཀའ་སྤྱའི་འོས་གཞི་སྟོན་གནང་བར་
གུས་པས་ཡིད་རང་དང་ཐུགས་རྗེ་ཆེ་ཞུ།།
སྐབས་ལ་ཉེ་བའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཐོག་བཙན་བྱོལ་སྤྱི་ཚོགས་ནང་འཁྲུག་ཆ་དོད་པའི་མང་གཙོ་འཕེལ་རིམ་ལ་ལོངས་སུ་སྤྱོད་སྐབས་བརྩིགས་ངོས་ཡོངས་སུ་བཀའ་སྤྱི་གཉིས་ཀྱི་ལོ་རྒྱུས་སོགས་སྦྱར་ཡིག་འདྲ་མིན་སྣ་ཚོགས་མཐོང་དུས་འདི་ནི་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོའི་ལམ་ལུགས་ཡང་དག་ཞིག་ཡིན་པ་མཚོན་ཐུབ།
ཆོས་འཐུས་འོས་མི་ཡག་པོ་ཡོང་ན་ཁོ་ཚོ་ཆོལ་གསུམ་བར་གི་ཟམ་པ་དང་སྤྱར་རྩི་ལྟ་བུ་ཡིན། ད་ལོ་ཆོས་རྒྱུད་ཁག་གི་ལྷོད་ཡང་ཤོར་ས་རེད། ས་འོག་གི་འོས་གཞི་གང་སར་བསླེབས་འདུག
ཆོས་རྒྱུད་འཐུས་ལ་འོས་འདོན་མཁན་བོན་པོའི་ཆོས་རྒྱུད་མ་གཏོགས་མཐོང་མ་སོང་། ད་དུང་བཙན་བྱོལ་བོད་པ་ཚོས་ནད་ཀྱི་འབྱུང་རྩ་ཤེས་མི་འདུག ད་ལོའི་སྤྱི་འཐུས་ནང་གི་རྩོད་ཉོག་དེ་ཆོས་རྒྱུད་ཁག་གི་སྤྱི་འཐུས་འདེམས་ཐོན་སྐབས་ཕྱོགས་ཁག་ཆུང་ཆུང་ཞིག་ལག་ལ་ཆོས་སྤྱི་མང་ཆེ་བ་ཤོར་བས་རེད། ཆོས་རྒྱུད་ཁག་གིས་རང་རང་གི་སྤྱི་འཐུས་ཡག་པོ་འདེམས་མ་ཐུབ་པར་ཆོས་རྒྱུད་སྤྱི་འཐུས་དགུ་ཕྱོགས་ཁག་ཅིག་(འཇུ་ཆེན་ཕྱོགས་)གི་ལག་ལ་ཤོར་བ་རེད།སྤྱི་འཐུས་སྐབས་༡༤་ནང་ཕྱོགས་ཁག་དེས་ས་འོག་དར་སྐུད་འཐེན་པའི་དབང་གིས་དེང་སྐབས་ཡོད་བཞིན་པའི་སྤྱི་འཐུས་ནང་ཕྱོགས་ཁག་དེ་ལ་སྤྱི་འཐུས་༡༩ བྱུང་ཡོད་པ་རེད། སྐབས་༡༥་པའི་ནང་ཡང་ཁོ་ཚོར་ཆོལ་ཁ་ཞིག་གིས་སྤྱི་འཐུས་༡༠་ཆ་ཚང་དང་ཆོས་སྤྱི་ཆ་ཚང་༡༠། མངའ་རིས་འཐུས་མི་༥་ལྷག་དང་ཕྱོགས་མཐའི་འཐུས་མི་འགའ་ཅེས་སྤྱི་འཐུས་༢༨་ཐོབ་སྲིད་པ་རེད། དེ་ལྟར་བྱུང་ན་ཚོགས་གཙོ་ཡང་ཁོ་ཚོར་ཐོབ་གི་རེད་ལ། མ་འོངས་བའི་ལོ་ལྔའི་ནང་གི་བོད་ཀྱི་ལས་དོན་ཆེ་ཆུང་ཡོད་ཚད་ཕྱོགས་ཁག་ཆུང་ཆུང་དེས་ཐག་གཅོད་བྱེད་གི་རེད། གསང་བ་ཡིན་ད་ཧ་ཧ།
སེ་ར་བྱེས་སྨད་གཉིས་ཀྱི་ཤེས་ལྡན་སློབ་གཉེར་བ་བཀའ་སྤྱི་འོས་དམིགས་འདོན་སྤེལ་དང་བླངས་ཚོགས་པས་བཏོན་གནང་བའི་འོས་དམིགས་རྣམས་ལས་སྤྱི་འཐུས་འོས་དམིགས་རེ་གཉིས་ང་རང་གི་སེམས་ངོར་མ་བབ་པ་ཙམ་ལས་གཞན་ཚད་ལྡན་ཞེ་ཅིག་འདོན་གནང་འདུག་པས་ཐུགས་རྗེ་ཆེ། རྒྱ་ཆེའི་མང་ཚོགས་ནས་དེ་དོན་འོས་འཕེན་གནང་བའི་རེ་བ་ཡོད།
བོད་ཕྲུག་ལགས་ནས་དགེ་འདུན་པ་ཆབ་སྲིད་ནང་མ་ཞུགས་ན་ལེགས་གསུངས་པར་རྒྱབ་སྐྱོར་མེད། ང་ཚོ་བོད་རིགས་ཡོངས་རྫོགས་ཆོས་མེད་ཀླ་ཀློ་ཆགས་ན་ལས་ཆོས་སྲིད་ཟུང་འབྲེལ་ནམ་ཡང་དོར་ཐབས་མེད། འདི་རྒྱ་ཆེའི་བོད་རིགས་བྱིངས་ཀྱི་མངོན་འདོད་རེད། གང་ཟག་རེ་གཉིས་ཀྱི་སྤྱོད་ཚུལ་ལ་བལྟས་ནས་དགེ་འདུན་ཡོངས་ལ་སྡང་ཟུག་བྱེད་དོན་ཨེ་ཡོད་སྙམ། ལར་དགེ་འདུན་པའམ་གྲྭ་པ་གྲྭ་མང་པོ་བཤད་ན་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་བཀའ་དྲིན་ཅན་འདི་ཡང་ཞེ་ས་མ་ཞུས་ན་གྲྭ་པ་ཡིན་པས་ཁྱེད་ཀྱི་དམིགས་འབེན་གང་ཡིན་ཡང་ཆ་མ་གཏོགས་པས་དེ་རྩིས་གཟབ་གཟབ་གནང་གལ།
འོས་མི་གང་འདྲ་ཞིག་འདེམས་ཀྱང་གཙོ་བོ་ཕྱོགས་རིས་བྲལ་ལ་ཞིག་ཡིན་དགོས།
བླ་རྒན་ཚོས་ཆབ་སྲིད་འཁྲབ་ཀྱིན་འདུག
བླ་རྒན་ཚོས་ཆོལ་ཁ་དཀྲུགས་ཀྱིན་འདུག
ད་སྔ་བར་བླ་རྒན་ཚོས་ཆོས་ལུགས་ནང་ཁུལ་ནས་དཀྲུགས་རེས་བྱས་པ་རེད།
ད་ནི་དངོས་སུ་སྤྱི་ཚོགས་དཀྲུགས་པའི་འགོ་འཛུགས་ཀྱིན་འདུག
བླ་རྒན་འདི་ཚོས་དཀྲུགས་སྟངས་དེ་ཧ་ཅང་གི་མཁས་པོ་རེད།
སློབ་གཉེར་བའི་མིང་ཐོག་ནས་དཀྲུགས་ཤིང་གཡག་རོ་འདྲ་རྒྱག་གིན་འདུག
༧གོང་ས་མཆོག་གི་བཀའ་དགོངས་ལྟར་ལས་དོན་རླབས་ཆེན་བསྒྲུབས་པ་འདི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཨ་རིའི་བུ་དང་། བོད་ཕྲུག་ཟེར་བ་འདི་གཉིས་ཀྱིས་སྤྱི་ཚོགས་ལ་མཐོང་ཆུང་དང་།
ལྷག་པར་༧གོང་ས་མཆོག་གི་བཀའ་སློབ་རྡོལ་རུལ་བཏང་འདུག་པས་དྲ་གྲོགས་རྣམས་ཀྱིས་ཁོ་གཉིས་སུའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་མེད་བྱ་ར་ངེས་པར་བྱེད་དགོས་པར་མཐོང་།
སྤྱི་དོན་ལ་བསམ་བློ་བཏང་བ་ཡིན་ན་དི་ཡག་པོ་རེད་རྗེས་སུ་ཡི་རང་ཡོད་གོང་གི་འོས་ཆོད་འདི་འདྲ་འཚང་དགོས་པ་གལ་ཆེན་དུ་མཐོང་ཡིན་ན་ཡང་ཁོང་རྣམས་ཀྱིས་སྟོན་གནང་པའི་འོས་གཞི་ནང་འོས་ཆོད་འདི་ལྟར་འཚང་བ་མང་པོ་མ་མཐོང་པས་བོད་པའི་སྤྱི་ཚོགས་ནང་དེ་ལས་མེད་པ་ཡིན་ནམ་
ཁ་སང་ཚེས་ ༢༤ ཉིན་བོད་ནང་གི་འཕྲུལ་སྒྲ་འབྲི་མཁན་ཞིག་གིས་བཀའ་ཁྲི་བློ་བཟང་སེང་གེ་ལ་རེ་བ་བྱེད་ཀྱིན་ཡོད་ཟེར།
(བོད་ནང་ལ་བཀའ་བློན་ཁྲི་པའི་འོས་མི་ལ་བློ་སེང་གེ་ལགས་ལ་་རེ་བ་ཞུ་མཁན་མང་པོ་འདུག་དེ་ཡང་མང་ཆེ་བ་ཞོན་སྐྱེས་ཤ་སྟག་རེད་6:24 AM Sep 24th via web)
གོང་གི་དེ་མ་ཡིག་ངོ་མ་རེད། ད་དུང་འདི་ལ་གཟིགས་དང་བོད་ནང་གི་གནས་ཚུལ་མང་པོ་ཞིག་ཤེས་ཐུབ་ཀྱི་རེད། http://twitter.com/lhayak2008
བོད་ཀྱི་ཆབ་སྲིད་ཀྱི་ནང་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་འདོད་ན་དགེ་འདུན་པ་ཆབ་སྲིད་ཀྱི་ནང་དུ་མ་ཞུགས་ན་ལེགས་པར་འདུག
ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་སྔོན་ལ་ལགས་པ་བསྐྱངས་མཁན་དེ་དགེ་འདུན་པ་རེད་འདུག་དེའི་ཕྱོགས་ལ་བསམ་འཆར་རེ་བཤད་ན་ག་འདྲ་རེད།
སྤྱིར་བཏང་སེམས་ཤུགས་ཀྱི་ངོས་གནས་འོས་གཞི་བཏོན་པ་ཡིན་ན་ཐུགས་རྗེ་ཆེ་ཞུ།
འོན་ཀྱང་མགོ་ནས་མཇུག་དབར་དུ་ཞིབ་ཀློག་ཅིག་བྱས་དུས་བླ་རྒན་འདི་ཚོས་འཁྲབ་ཀྱི་ཡོད་པ་ཧ་གོ་ངེས་རེད། དངོས་གནས་སློབ་གཉེར་བ་སུ་དང་གང་ཡིན་གྱི་མི་བཏོན་དགོས་པ་རེད། དེ་མིན་གདན་ས་དང་གྲྭ་ཚང་གི་མིང་ཐོག་ནས་འདི་འདྲ་སྤེལ་ན་ཡག་པོ་མི་འདུག ད་ལྟ་ཕྱོགས་ཡོངས་ཀྱི་གསལ་བསྒྲགས་དག་གོ་དུས་ཆོལ་གསུམ་རིས་མེད་ཀྱི་གཞོན་སྐྱེས་ཁག་ཅིག་ཟེར་བ་འདྲ་བོ་དང་། ཡང་ཚོགས་པ་ག་གེ་མོ་ཞིག་གི་མིང་བཤད་ནས་སྤེལ་བ་འདྲ་པོ་མང་གི
དངོས་གནས་ཁྱེད་ཅག་ཀློག་པ་པོ་དག་གིས་བསམ་གཞིག་ཅིག་ཐོངས་དང་འོས་ཆོས་ལྔ་རྟོགས་མཁན་འོས་་མི་དེའི་ནང་དུ་ག་ཚོད་འདུག རྫུན་མ་རང་རེད།
ཡིན་ན་སྤྱི་འཐུས་འདེམས་དུས་ཉོན་མོངས་དུག་གསུམ་སྤངས་འགྲོ་པ་འདི་གྲྭ་བས་ཆབ་སྲིད་མགོ་མ་ཚོས་རྟགས་རེད། གྲྭ་བ་ཚོ་ལ་ཕྱོགས་ཞེན་ག་ཚོད་འདུག མི་ཚེ་ནང་ཆོས་ལ་འབད་རེད། མི་སྐྱ་ཚོ་ལ་ཁག་མེད། སྐད་ཆ་རྫུན་མ་བཤད་ནས་མི་མང་མགོ་མ་འགོར་རོགས། གཤམ་གྱི་འོས་ཆོས་ལྔ་ལ་གཟིགས་ནས་ངའི་སྐད་ཆ་བདེན་པ་ཨེ་རེད་བསམ་བློ་ཐོངས།
འོས་ཆོས་ལྔ་ནི། ༡ ༧གོང་ས་མཆོག་གི་བཀའ་དགོངས་རྟོགས་པ། ༢ ཤེས་འཇོན་ལྷག་བསམ་ལྡན་པ། ༣ རང་ཚུགས་འཕེར་བ། ༤ ཆོས་རྒྱུད་དང་ཆོལ་ཁའི་ཕྱོགས་འཐེན་མེད་པ། ༥ སྤྱི་ཚོགས་ནང་ཁུངས་ལྡན་རྙོག་གླེང་མེད་པ་བཅས་ཡིན་འདུག