༅༅།། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ནི་ང་ཚོ་བཙན་བྱོལ་བོད་མི་ཚོས་བོད་ཀྱི་ཡུལ་མིའི་ཐོབ་ཐང་དང་ལས་འགན་ཆེན་པོ་ཞིག་ཕྲག་ཏུ་ལེན་པའི་དུས་ཚོད་ཡིན། འདས་པའི་ལོ་ལྔའི་ནང་། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དེ་སྔར་བས་ཛ་དྲག་དང་དཀའ་ངལ་ཆེ་རུ་སོང་སྟེ། ད་ལྟ་བོད་འདི་འགག་འཕྲང་ནས་ཐར་དང་མི་ཐར་གྱི་སོ་མཚམས་ཤིག་ཏུ་ལྷུང་ཡོད།
གནས་སྟངས་འདིའི་འོག་ཉུང་མཐར་བོད་མི་མང་ལ་ཞབས་འདེགས་ཞུ་མ་ཐུབ་ཀྱང་ཞབས་འདྲེན་མི་ཞུ་མཁན་གྱི་གྲོས་ཚོགས་ཤིག་དང་། བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་དང་སྣེ་འཁྲིད་ཀྱི་ནུས་པ་འདོན་ཐུབ་པའི་བཀའ་ཤག་ཅིག་དགོས་ཀྱི་ཡོད། དེ་ལྟར་འབྱུང་ཐུབ་པ་ཞིག་བཟོ་དང་མི་བཟོ་ནི། མཐར་གཏུགས་ན། ང་རང་ཚོའི་ལག་པར་ཡོད་པའི་འོས་ཤོག་དེ་ཚོར་ཐུག་ཡོད།
ང་ཚོའི་འདས་པའི་སྤྱི་འཐུས་ཚོར་བལྟ་སྐབས། འདོད་པར་མ་བབས་པའི་སྤྱི་འཐུས་མང་པོ་མཐོང་རྒྱུ་ཡོད། སྤྱི་འཐུས་དེ་ཚོ་ཇི་ལྟར་སླེབས་པ་རེད། དེ་ནི་ཁྱེད་རང་གིས་འོས་ཤོག་འཕངས་ནས་སླེབས་པ་མིན་ན། འོས་ཤོག་མ་འཕངས་པའི་དབང་གིས་སླེབས་པ་རེད། དེ་ཡང་ཁྱེད་རང་གིས་གཟབ་ནན་མ་བྱས་པར་འོས་ཤོག་འཕངས་ཚེ། མི་ངན་དེ་འདྲ་སྤྱི་འཐུས་སུ་སླེབས་སྲིད་པ་རེད། གལ་ཏེ་ཁྱེད་རང་གིས་འོས་ཤོག་མ་འཕངས་ཚེ། ཁྱེད་རང་གིས་འདོད་མོས་ཡོད་པའི་མི་ཡག་པོ་དེ་ཚོ་སྤྱི་འཐུས་སུ་སླེབས་དཀའ་བ་རེད།
མི་རེ་ཟུང་གིས། རང་གི་འོས་ཤོག་གཅིག་དེའི་ནུས་པ་ལ་མཐོང་ཆུང་ངམ་སྣང་མེད་བྱེད་ཀྱི་ཡོད། དོན་དངོས་སུ་འོས་བསྡུའི་རྒྱལ་ཁ་ནི་འོས་ཤོག་གཅིག་ཐོག་གཅིག་བསྣན་གྱིས་ཁྱད་པར་འགྲོ་བཞིན་ཡོད་པས། ཁྱེད་རང་གི་འོས་ཤོག་དེར་འོས་ཤོག་གཞན་ཚང་མ་དང་འདྲ་མཚུངས་ཀྱི་ནུས་པ་ལྡན་ཡོད། འཛམ་གླིང་འདིར་འོས་ཤོག་རྐང་གཅིག་གི་བར་ཁྱད་ཤོར་ཏེ། ཧང་སངས་དགོས་པའི་འགྱུར་བ་སོང་བའི་དཔེ་མཚོན་མང་པོ་ཡོད།
དཔེར་ན། འོས་ཤོག་གཅིག་མང་བ་ཐོབ་པས། སྐུ་ཞབས་ཨོ་ལི་ཝར་ ཁོ་རོམ་ཝེལ་(Oliver Cromwell) མཆོག་ལ་དབྱིན་ཡུལ་ཡོངས་ཁ་ལོ་བསྒྱུར་ཆོག་པའི་དབང་ཆ་རག་པ་རེད། དེ་བཞིན་འོས་ཤོག་གཅིག་མང་བ་བྱུང་བས་རྐྱེན་བྱས་ཏེ། དབྱིན་ཡུལ་གྱི་ཅལ་ལེ་སེ་དང་པོ་ (Charles I) སྲོག་ཐོག་ཏུ་བཏང་བ་རེད། འོས་ཤོག་གཅིག་གི་བར་ཁྱད་དབང་གིས་སྐུ་ཞབས་ཨཱ་རོན་ བྷུར་ (Aaron Burr) ཨ་རིའི་སྲིད་འཛིན་ཆགས་མ་ཐུབ་པར་སྲིད་འཛིན་ཐཱོ་མ་སེ་ ཇེ་ཕར་སོན་ (Thomas Jefferson 1801–1805) གྱི་འོག་ཏུ་སྲིད་འཛིན་གཞོན་པ་བྱས་ནས་སྡོད་དགོས་བྱུང་བ་རེད། དེ་བཞིན་འོས་ཤོག་གཅིག་གི་རྒྱལ་ཁའི་དབང་གིས་ཡུལ་ཊེག་སཱེ་སེ་ (Texas) ཞེས་པ་དེ་ཨ་རིའི་མངའ་ཁོངས་ཆགས་པ་རེད། འོས་ཤོག་གཅིག་གི་བར་ཁྱད་དབང་གིས་ཧྥ་རན་སི་དེ་རྒྱལ་རྒྱུད་ཀྱིས་སྐྱོང་བའི་རྒྱལ་ཁབ་ནས་སྤྱི་མཐུན་རྒྱལ་ཁབ་ཏུ་བསྒྱུར་བ་རེད། འོས་ཤོག་གཅིག་རང་གི་ཁྱད་པར་ཐོག་ནས་མི་ངན་ཧི་ཏ་ལར་(Adolph Hitler)ཞེས་པ་དེ་ནཱ་ཛི་ཚོགས་པའི་ (Nazi Party)འགོ་གཙོར་གྱུར་ནས་མི་འབུམ་མང་པོའི་ཚེ་སྲོག་ཤོར་པ་རེད། འདི་ལྟར་འོས་ཤོག་རྐང་གཅིག་གིས་ཁྱད་པར་གྱིས་བཟོས་པའི་དཔེ་མཚོན་བཟང་ངན་ཆ་ཚང་དྲངས་ན། ཐོ་གཞུང་ཧ་ཅང་རིང་པོ་ཞིག་ཆགས་རྒྱུ་རེད། རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུའང། འོས་ཤོག་གཅིག་གི་ཁྱད་པར་གྱི་དབང་གིས་ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་ཚོ་ད་བར་གནས་ཐུབ་པ་བྱུང་བ་རེད། སྤྱི་འཐུས་གཅིག་གིས་རང་གི་འོས་ཤོག་དེ་ཕྱོགས་གང་རུང་གཅིག་ལ་མ་འཕངས་པའི་དབང་གིས། སྤྱི་འཐུས་སྤེན་པ་ཚེ་རིང་དང་ཀརྨ་ཆོས་འཕེལ་གྱི་དབར་ཚོགས་གཙོའི་ལས་ཡུན་བགོ་དགོས་བྱུང་ཡོད།
གོང་གསལ་དཔེ་མཚོན་གྱི་ཐོག་ནས། འོས་ཤོག་རེ་རེ་བཞིན་རྩ་ཆེན་ཡིན་པ་དང་འོས་ཤོག་རེ་རེ་ལ་ནུས་པ་ཡོད་པ་མཐོང་ཐུབ། དེས་ན། ཚེས་ ༣ ཉིན་ཁྱེད་རང་གི་རིན་ཐང་དང་ནུས་པ་ཆེ་བའི་འོས་ཤོག་དེ་རིན་མེད་དང་ནུས་མེད་ཅིག་ཏུ་འཇོག་མི་རུང་། འདི་ནི་རང་རེར་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་འབྱུང་བའི་གོ་སྐབས་ཤིག་ཡིན་ལ། ཡུལ་ལུང་ལ་ལས་ཤ་ཁྲག་གི་འགྲོ་སོང་བཏང་ཞིང་། ཡུལ་ལུང་ལ་ལས་ད་ལྟའང་ད་དུང་རེ་སྒུག་བྱེད་བཞིན་པའི་རྩ་ཆེའི་གོ་སྐབས་ཤིག་རེད།། །།
འོས་ཤོག་གལ་ཆེན་པོ་རེད། དེ་ནང་བཞིན་འོས་ཤོག་གི་འགྲོ་ལུགས་འགྲོ་སྟངས་དེ་ལས་ཀྱང་གལ་ཆེ་བ་ཡིན། གང་ཡིན་ཞེ་ན། ཆོལ་ཁ་རེ་རེར་འོས་ཤོག་གི་ཐོབ་ཐང་བཅུ་རེ་ཡོད་པ་དེ་རེད། སྤྱིར་བཏང་མདོ་སྨད་ཀྱི་འོས་མི་མང་ཆེ་བ་བོད་ནས་གསར་དུ་སླེབས་པ་རྐྱང་རེད། དེ་དག་ལས་ཁ་ཤས་ཡག་པོ་ཡོད་ཀྱང་མང་ཆེ་བ་ཤེས་ཡོན་དང་ཉམས་མྱོང་གང་གི་ཕྱོགས་ནས་ཀྱང་ཚད་གཞི་མེད་པ་རྐྱང་རེད། འདིས་ག་རེ་སྟོན་གྱི་འདུག་ཅེས་ན་ང་ཚོའི་མི་ཉུང་ཉུང་དེའི་ནང་དུ་ཆོལ་ཁ་གཞན་ནང་བཞིན་གྱི་འོས་མིའི་སྤུས་ཚད་འདྲ་མཚུངས་མེད་པ་དེ་རེད། དཔེར་ན། ངས་ངོ་ཤེས་པའི་འོས་མི་དེ་ཚོའི་ནངག་དུ་དེང་དུས་ཀྱི་ཤེས་ཡོན་དང་བོད་མིའི་གནའ་རབས་ཀྱི་ཤེས་ཡོན་གྱི་ཚད་གཞི་གཉིས་ཀ་ལོངས་བ་ཁ་ཤས་ལས་མེད་པ་རེད། ང་རང་ལས་ཀྱང་གནའ་དེང་གི་ཤེས་ཡོན་སྐྱོ་བོ་ཡིན་པ་དེ་དག་སྤྱི་འཐུས་ལ་འདེམ་དགོས་བྱུང་ན་ཧ་ཅང་སྐྱོ་བོ་རེད་དྲན་ཡོད། དེར་བརྟེན་ང་འོས་མི་ཚད་ལྡན་འགའ་ཤས་ལས་འདེམ་རྒྱུ་མི་འདུག གང་ལྟར་འོས་འདེམས་ཀྱི་འགྲོ་སྟངས་འགྲོ་ལུགས་འདི་ལ་ངེས་པར་དུ་འགྱུར་བ་ཞིག་དགོས་ཀྱི་འདུག དེ་མིན་སྤྱི་འཐུས་ཟེར་བ་དེར་ཡིད་ཆེས་རྩ་ནས་མེད།
འོས་བླུགས་རོགས་གནང༌། འོས་བླུགས་རོགས་གནང༌། རང་གི་འོས་མི་དེའི་མིང་གི་དག་ཆ་དང༌། ཁྱད་མིང་། སྡོད་གནས་སོགས་སྔོན་ནས་ཐུགས་ལ་བཞག་དགོས་པ་གལ་ཆེན་པོ་རེད། ལྷག་པར་རྒན་གོག་ཚོས་མི་བཅུ་གྲངས་གི་སྡོད་གནས་དང་ཕ་ཡུལ་སོགས་ངེས་དགོས་ན་ཁག་པོ་ཡིན་པས་སྔོན་ནས་གཟབ་གལ།
ཡང་མི་དེ་ཚོའི་རྒྱུས་མེད། གཡུག་ཤོག་བསམ་པ་དང༌། ཡང་ངས་ཡག་པོ་འབྲི་མི་ཤེས་པ་དང་སྡོད་གནས་སོགས་ཡག་པོ་མི་ཤེས་པས་འཕྲོ་བརླག་འགྲོ་རྒྱུ་རེད་བསམས་ནས་འོས་མ་བླུགས་པ་དེ་འདྲ་མ་གནང་རོགས། གལ་སྲིད་འཕྲོ་བརླག་སོང་ཡང་འོས་བླུག་མཁན་གྱི་གྲངས་ཀའི་ནང་ཚུད་རྒྱུ་ཡིན་པས། དེ་ཡང་ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེན་པོ་ཆགས་ཡོད། གང་ལྟར་འོས་བླུགས་པར་ཞུ།
ཁང་གསར་བུ་ཁྱོད་ཀྱིས་བཤད་ནོ་ངོ་མ་བདེན་གི དེ་བཞིན་ང་ལ་ཡང་སྤྱི་འཐུས་སྐོར་གྱི་བསམ་ཚུལ་ཞིག་འདི་ལྟར་ཡོང་གི་འདུག ང་ཚོས་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་ཁྲོད་དུ་ད་ལྟའི་སྐབས་བཅུ་བཞི་བའི་བོད་མི་མང་གི་སྤྱི་འཐུས་ལས་ཐོག་པ་ཚོ་ཡོང་ཐུབ་མིན་གཙོ་བོ། ད་ལྟའི་སྤྱི་འཐུས་ར་བའི་ནང་གི་གནད་དོན་གཉིས་ཀྱི་ཐོག་ལ་བསམ་བློ་གཏོང་དགོས་པར་འདོད། གང་ཡིན་ཞུས་ན་གནད་དོན་གཅིག་ནི་་་་་་་སྤྱིར་སྤྱི་འཐུས་སུ་དང་སུ་ཡིན་རུང་མི་བུ་རང་ཉིད་ཀྱི་ནུས་སྟོབས་ལ་བརྟེན་ནས་དམངས་ལ་ལས་དོན་སྒྲུབ་བྱེད་ཀྱི་སྟོབས་ཤུགས་ཡོད་ཚད་ཀྱི་རྨང་གཞི་ནི་སློབ་སྦྱོང་དང་མི་གཞི་འདི་རེད། དེའི་ཕྱིར་ད་ལྟའི་སྤྱི་འཐུས་ཚོས་བོད་ཀྱི་གྲོས་ཚོགས་ར་བའི་ནང་། རང་གི་ལྟ་སྤྱོད་དང་འབྲེལ་བའི་མི་གཞི་ལེགས་ཉེས་གང་མང་ཕྱི་ལ་སྟོན་བཞིན་ཡོད་སྟབས། འོས་འཕེན་མཁན་ང་དང་ཁྱོད་འཚུད་པའི་བོད་རྒྱ་ཆེའི་མི་དམངས་ཡོངས་ནས། ཁོང་ཚོའི་ལྟ་སྤྱོད་ལ་བལྟས་ནས་མི་བུ་སོ་སོས་བསམ་བློ་གཏོང་དགོས་པ་ཞིག་རེད། གནད་དོན་གཉིས་པ་ནི། སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་དགའ་བའི་བོད་ཀྱི་སྤྱི་འཐུས་མིང་འཛིན་པ་ཚོས་གནད་དོན་འདི་རེད། བོད་མི་ཞིག་ཡིན་ན་རང་གི་རྒྱལ་ཁབ་ཀྱི་གྲོས་ཚོགས་ར་བའི་ནང་རྐུབ་སྟེགས་ཀྱི་གྲངས་ཁ་ཅི་ཙམ་ཡོད་མེད་གསལ་བོ་མཁྱེན་རྒྱུ་རེད། དེ་བཞིན་ཟླ་དྲུག་རེའི་མཚམས་ཀྱི་བོད་མི་མང་སྤྱི་འཐུས་ཚོགས་དུས་ཀྱི་སྐབས་གང་དང་གང་ལ་ང་ཚོས་བལྟས་ན་གྲོས་ཚོགས་ར་བའི་ནང་རྐུབ་སྟེགས་ཅི་ཙམ་སྟོང་བ་ཡིན་མིན་ཁ་གསལ་ངང་ཤེས་ཐུབ། སྤྱིར་སྤྱི་འཐུས་ར་བའི་ནང་གི་རྐུབ་སྟེགས་སྟོང་བ་རྣམ། སྤྱི་འཐུས་ཚོགས་དུས་ཀྱི་སྐབས་གང་དང་གང་ལ་བལྟས་ན། ནམ་རྒྱུན་སྟོང་བ་ཡིན་ཡིན་པ་རེད། འདི་དག་ནི་སྤྱི་དོན་གྱི་ཆེད་དུ་དུས་ནམ་ཡིན་རུང་མི་བུ་རང་ཉིད་ཀྱི་དུས་ཚོད་གཏོང་མི་ཐུབ་པའི་སྤྱི་མི་རུལ་སུངས་པ་ཚོ་རེད། ཁོང་ཚོའི་རིགས་ནི་སྤྱི་འཐུས་ཀྱི་མིང་ལ་དགའ་མཁན་དང་སྤྱི་དོན་གྱི་ལས་ལ་ནམ་ཡང་ཁ་གྲག་འདོད་མེད་པའི་སྤྱི་མི་རྒྱལ་ཚོང་བ་ཚོ་རེད།
འོ་ངས་མདོར་བསྡུས་ནས་བཤད་ན་ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཚོ་སྐབས་བཅོ་ལྔ་བའི་བོད་མི་མང་གི་སྤྱི་འཐུས་ཀྱི་ཁྲོད་དུ་འོས་འཕེན་དང་མི་འཕེན་ལ་གཙོ་བོ་ལྟ་ས་གཉིས་ཡོད་ནི་རེད་ཟེར་གྱིན་ཡོད། གཅིག་སློབ་སྦྱོང་དང་མི་གཞི་ཡིན། གཉིས་པ་ཟླ་དྲུག་རེའི་མཚམས་ཀྱི་ཚོགས་དུས་སོ་སོ་ལ་ཆ་ཤས་ལེན་ཐུབ་ཀྱིན་ཡོད་མེད་ལ་ང་ཚོས་བལྟས་ནས་ད་གཟོད་འོས་འཕེན་གྱི་བྱ་བ་ལ་ཞུགས་དགོས་ཞེས་པ་འདི་གཉིས་ཡིན། འདི་གཉིས་ཀྱི་ནང་ནས་ཀྱང་གནད་དོན་ཕྱི་མ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། སྤྱི་འཐུས་ཀྱི་མིང་ཁུར་ནས་སྤྱི་འཐུས་ར་བའི་ནང་ན་གོམ་པ་སྤོ་འདོད་མེད་པའི་སྤྱི་འཐུས་ཤིག་ང་ཚོ་ལ་ནམ་ཡང་དགོས་གལ་ཡོད་ནི་མ་རེད། འདི་བོད་མི་ཚང་མས་ལྟ་དགོས་སའི་གནད་དོན་ཞིག་རེད་དྲན་གྱི་འདུག།
འོས་ཤོག་འཕངས་པའི་ཕན་ཡོན་དང་མ་འཕངས་པའི་ཉེས་དམིགས་གསུངས་པ་ལེགས། ད་དུང་རྒྱས་ཙམ་གསུང་ཐུབ་ན་འོས་བསྡུ་ལས་ཁང་ལ་ཕུལ་ཏེ་འོས་བསྡུའི་འགན་འཛིན་གྱིས་མང་ཚོགས་ལ་འདིའི་ཐོག་ནས་རིན་མེད་ཀྱི་གསུང་ཆོས་ཤིག་གནང་ཐུབ་ན་ལེགས་ངེས་སྙམ། ཨ་ལེ་ཀུ་རེ་ཡིན། ཡག་པོ་བྲིས་འདུག
འོས་ཤོག་འཕེན་པ་འདི་དངོས་གནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་ལྡེ་མིག་ལྟ་བུ་དང་ཐེམ་སྐས་ལྟ་བུ་རེད།
ཁང་གསར་ཁྱེད་ཀྱི་རྩོམ་འདིར་རྒྱབ་སྐྱོར་ཡོད། འདས་ཟིན་པའི་ལོ་རྒྱུས་དབྱིན་ཡུལ་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་འོས་ཤོག་རྒྱལ་ཁ་ཐོབ་ཐང་དང་སྐབས་བཅུ་བཞིའི་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཀརྨ་ཆོས་འཕེལ་དབར་སྤྱི་འཐུས་གཅིག་གིས་རང་གི་འོས་ཤོག་དེ་ཕྱོགས་གང་རུང་གཅིག་ལ་མ་འཕངས་པའི་དབང་གིས་ཚོགས་གཙོ་ལས་ཡུན་བགོ་དགོས་བྱུང་བ་དེ་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་སྔར་བྱུང་མྱོང་མེད་པར་སྤྱི་འཐུས་དབར་ཕྱོགས་ལྷུང་འཐེན་འཁྱེར་ཡོད་པ་གྲོས་ཚོགས་ཐེངས་བརྒྱད་པ་ཐོག་མངོན་བསལ་འདོད་ཤེས་རྟོགས་བྱུང་ཡོད། སྐབས་གསུམ་པའི་བཀའ་ཁྲི་གཅིག་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་བཅུ་ཐམ་པ་དགའ་གཉེན་ཞེན་ཁོག་ཕྱོགས་ལྷུང་འཐེན་འཁྱེར་སྤངས་ནས་བོད་སྤྱི་པའི་རྩྭ་དོན་ཐོག་ལྷག་བསམ་དང་དྲང་བདེན། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མཁན་གྲོས་ཚོགས་ནང་གཞན་གྱི་རྗེས་འབྲངས་སུ་མི་འགྲོ་བ་རང་ཚུགས་བརྟན་པོ་ཡོད་མཁན་བཅས་དགོས། རང་ཉིད་རང་གིས་བསམ་བློ་ཡག་པོ་བཏང་། བརྟག་དཔྱད་ཡག་པོ་བྱས། གཞན་གྱི་གཡོ་སྒྱུ་དང་བསླུ་བྲིད་འོག་ཏུ་མ་སོང་བར་འོས་ཤོག་བླུགས་རོགས་གནང་རེ་སྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་་མི་དམངས་ཚོར་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་ཤེས་ཀྱིན་འདུག གང་ཡིན་ཟེར་ན་ཚོགས་པ་དང་སྐྱིད་སྡུག་དང་བླངས་ཁག་ཅིག་གིས་བཀའ་ཁྲི་དང་སྤྱི་འཐུས་འོས་མི་ཤོག་བུ་འདྲ་མིན་སྣ་ཚོགས་སྟེང་དཔར་དང་མིང་ལོ་རྒྱུས་སོགས་འགྲེལ་བཤད་རྒྱས་ཤིང་ཞིབ་ཚགས་སྟོན་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་ཡི་འཕེལ་རིམ་ཡང་དག་པ་ཞིག་ཡིན་པར་མཚོན་ཐུབ། མི་དམངས་ཕལ་མོ་ཆེ་ཆབ་སྲིད་གོ་རྟོགས་མེད་པར་ཤེས་ཀྱི་འདུག བཀའ་ཁྲི་དང་སྤྱི་འཐུས་འོས་མི་མང་ཐག་ཅིག་སྟོན་སྐབས་རང་གི་འོས་ཤོག་དེ་གཞན་གྱི་གཡོ་སྒྱུ་དང་བསླུ་བྲིད་འོག་ཏུ་འགྲོ་བའི་ཉེས་ཁ་ཆེ།
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ་ཞུ་རྒྱུ་ཡིན།
ལོ་ལྔའི་ནང་ཉིན་གཅིག་གི་ཆུ་ཚོད་འདི་བོད་ཀྱི་འདས་མ་ད་གསུམ་ལ་ཆེས་གལ་ཆེན་ཞིག་ཡིན་པ་ཤེས་དགོས
དེ་མ་གཏོགས་ཁྱེད་ཀྱི་འོས་ཤོག་གཅིག་གིས་བོད་ཀྱི་འདས་མ་ད་གསུམ་ལ་ནག་ཐིག་བཟོ་མི་སྲིད་པ་མིན
རྒྱབ་སྐྱོར་ཡོད། ནུབ་ཕྱོགས་ཀྱི་བྲེལ་ཟིང་ཁྲོད་ནས་རང་གི་མི་རིགས་ཀྱི་ལས་དབང་ཐད། འདི་ལྟར་ཁ་ཚ་དགོས་གཏུགས་ཀྱིས་ཕྱིར་མིག་རེ་ལྟ་བཞིན་པར་ཐུགས་རྗེ་ཆེ།
ཁང་གསར་ལགས་ཀྱིས་གསུང་བ་བདེན་པ་རེད། ཉེ་འཆར་ཡང་དབྱིན་ཡུལ་དུ་ངལ་རྩོལ་ཚོགས་པའམ་ད་ལྟའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་འདེམས་སྐབས་འོས་ཤོག་གཅིག་གི་མང་ཉུང་གིས་ཕྱི་སྲིད་བློན་ཆེན་ཟུར་བ་ཌེ་ཝུས་ཌི་མ་ལེ་བྷན་ཌི་ཕམ་ཏེ་ཁོའི་ནུ་བོ་ལ་རྒྱལ་ཁ་ཐོབ་པ་རེད།