༼ བོད་
ལོ་འདི་འགར་༧གོང་ས་མཆོག་གིས་གནད་དོན་གལ་ཆེན་འགའ་ནན་གྱིས་གསུངས་ཡོད། དེ་ནི་ཤེས་རིག་ཚོགས་ཆེན་ཐེངས་དང་པོའི་སྟེང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཚན་ཡོངས་ཚད་མ་རིག་པའི་རྟགས་གསལ་གྱི་ལམ་ནས་འགྲོ་ཐུབ་པ་བཟོ་དགོས་པའི་སྐོར་དང་། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྟེང་། གདན་ས་ཁག་གིས་ཚན་རིག་ཀུན་བཏུས་དང་ལྟ་གྲུབ་ཀུན་བཏུས་ཀྱི་གཞུང་ལུགས་གསར་བཟོ་གནང་དགོས་པའི་སྐོར་སོགས་རེད། བཙན་བྱོལ་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་རྣམ་པ་དང་། འབྲེལ་ཡོད་འབྲེལ་ཆགས་ལས་རིགས་སོ་སོ་ནས་༧གོང་ས་མཆོག་གི་བཀའ་གསུང་དེ་དག་མ་གོ་བ་ཡིན་ནམ། གོ་ཡང་མ་གོ་ཁུལ་བྱས་པ་ཡིན། གང་ལྟར་རི་བོང་རྡོ་བརྫུས་བྱས་ཏེ། ད་སྔ་ཅི་མི་སྙམ་པར་བཞག་ཡོད་པའི་སྣང་ཚུལ་ཞིག་མཐོང་སོང་། བྱེད་སྟངས་འདིའི་སྣེ་རུ་ཡང་བསྐྱར་འཐུས་ཤོར་ཆེན་པོ་ཞིག་དང་། རྗེས་ལུས་ཆེན་པོ་ཞིག འགྱོད་གདུང་ཆེན་པོ་ཞིག་ཡོང་རྒྱུ་ཡོད་པ་རྒྱུ་དང་འབྲས་བུའི་ཆོས་ཉིད་ཡིན།
ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་ཁྲོད་རང་གི་ནུས་པ་རྒྱ་སྐྱེད་གཏོང་སྐབས་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་མགོ་གནོན་བྱེད་སྐབས། རང་གི་བྱས་ཉེས་ལ་དཀར་རྩི་བྱུགས་སྐབས་དང་། གཞན་གྱི་ལས་དོན་གྲུབ་འབྲས་ལ་ནག་སྒྲུབ་བྱེད་སྐབས་བཅས་སུ་༧གོང་ས་མཆོག་གི་བཀའ་དགོངས་ཡིན་ཟེར་ནས་ལུང་ཚིག་བདེན་རྫུན་གཉིས་ཀ་སྤུངས་པའི་སྲོལ་ཞིག་ཡོད། འདིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚབ་བྱེད་ཐུབ་ལ། ཚོགས་པ་སྐྱིད་སྡུག་ཁག་གི་སྒྲིག་གཞིའི་ཚབ་ཀྱང་མཚོན་ནུས། དགེ་རྒན་ཚོས་སློབ་ཕྲུག་ལ་བསླབ་བྱ་འདི་ཡིས་རྒྱག་ཅིང་། ཕ་མ་ཚོས་བུ་ཕྲུག་ལ་སློབ་གསོ་འདི་ཡིས་གཏོང་། ཐ་ན་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཟིན་མིན་ཡང་། ༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་མིན་གྱིས་ཐག་གཅོད་བྱེད།
ཉེ་ཆར་གྱི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་སྟེང་། ༧གོང་ས་མཆོག་གིས་བཀའ་སློབ་འདི་ལྟར་གནང་ཡོད། “ངས་ཁ་སང་གྲྭ་ཚང་ཁག་གི་མཁན་པོ་ཚོར་མངགས་ཡོད། སློབ་དཔོན་ཕྱོགས་གླང་གིས་༼ཚད་མ་ཀུན་བཏུས ༽ མཛད་འདུག འཕགས་པ་ཐོགས་མེད་ཀྱིས་༼ མངོན་པ་ཀུན་བཏུས ༽ མཛད་འདུག དེ་དང་དེ་ལྟ་བའི་གཞུང་མང་པོ་མཛད་པའི་སྲོལ་ཡོད་པ་རེད། དེང་སྐབས་ང་ཚོས་ཀྱང་ནང་པའི་ཆོས་ཀྱི་ནང་དུ་ཡོད་པའི་ཚན་རིག་དང་། མུ་སྟེགས་པའི་གཞུང་དུ་ཡོད་པའི་ཚན་རིག དེང་གི་རིག་གསར་གྱི་ཚན་རིག་བཅས་བསྡུ་བསྒྲིགས་བྱས་ཏེ། ༼ ཚན་རིག་ཀུན་བཏུས ༽ ཀྱི་གཞུང་ཞིག་དང་། སྔོན་རྒྱ་གར་དུ་ཡོད་པའི་མུ་སྟེགས་པའི་ལྟ་གྲུབ་དང་། ནང་པ་སངས་རྒྱས་པའི་ལྟ་གྲུབ། ནུབ་ཕྱོགས་གྷི་རིག་གི་ལྟ་གྲུབ་ནས་ཕྱིས་ཀྱི་བྷ་ཊན་རཱ་སིལ་བར་གྱི་ལྟ་གྲུབ་སོགས་བསྡུ་བསྒྲིགས་བྱས་ཏེ། ༼ ལྟ་གྲུབ་ཀུན་བཏུས ༽ ཀྱི་གཞུང་ཞིག་བཅས་བཟོ་དགོས་ཀྱི་འདུག” ཅེས་བཀའ་གནང་འདུག
འདི་ཡང་༧གོང་ས་མཆོག་གི་བཀའ་དགོངས་རེད། མགོ་ཇི་ལྟར་འཛུགས་རྒྱུ་ཡིན། མཇུག་ཇི་ལྟར་བསྐྱང་འཆར་ཡོད། ལས་དོན་འདི་དག་སྔར་མེད་ཀྱི་གསར་གཏོད་ཆེན་པོ་ཞིག་དང་། ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྱི་འགན་འཁྲི་ལྕི་མོ་ཞིག་ཀྱང་ཡིན་མོད། ད་སྔ་སྤྱི་ཚོགས་ནང་གླེང་སློང་ཙམ་ཡང་བྱུང་མེད་ལ། ཉེ་ཆར་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། གདན་ས་ཁག་གི་མཁན་པོ་རྣམས་ལྷན་འཛོམས་གནང་སྟེ། རི་བོ་དགེ་ལྡན་པའི་བཅའ་ཡིག་གཙོས་པའི་གྲོས་གཞི་དོན་ཚན་དགུ་ཡི་ཐོག་གྲོས་བསྡུར་གནང་སྐབས་ཀྱང་། “༧གོང་ས་མཆོག་གི་བཀའ་དགོངས་རྣམས་ཕྱག་ལེན་ཡོང་ཐབས་སོགས་ལ་ལྷན་ཚོགས་འདིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན” ཟེར་བ་ཙམ་ལས་༧གོང་ས་མཆོག་གིས་ཆེད་དུ་མངགས་པའི་ལས་དོན་དེའི་ཐད། ཁ་གསལ་ཁག་ཁུར་གྱི་ཚིག་ཟུར་ཙམ་མི་འདུག འདི་ཡང་རི་བོང་རྡོ་བརྫུས་ཀྱི་གཏམ་རྒྱུད་ཅིག་གི་དབུ་ཁྱུད་དང་། འཐུས་ཤོར་དང་བློ་འགྱོད་ཆེན་པོ་ཞིག་གི་ས་བོན་བཏབས་པ་རེད། །
ཁོང་རིན་པོ་ཆེའི་བཀའ་རེ་གནང་མཚམས་ལ་ཚོགས་འདུ་རེ་ཚོགས་པ་དང་བྱ་བའི་མགོ་རེ་བཙིག་ཡོད་པ་རེད། དེ་བདེན་པ་རེད། འོན་ཀྱང་བྱ་བ་དེའི་རིགས་ཚགས་ཚུད་པོ་དང་ཁོང་གིའི་དགོངས་གཞི་འགྲུབ་ཐུབ་པ་ཞིག་བྱུང་མེད་པ་ཟུར་བལྟས་ལེབ་མཐོང་ཡིན། ཕར་ཆེར་ཚོགས་འདུ་རེ་དང་བྱ་བའི་མགོ་རེ་བཙིག་པས་ཁོང་གིས་དགོངས་གཞི་བསྒྲུབ་ཡོད་པའི་ཁུར་བྱེད་བཞིན་ཡོད། དཔེར་ན་དུ་རབ་ཉེར་གཅིག་པས་གྲྭ་བ་བྱེད་དགོས་སྐོར་ཀྱི་བཀའ་སློབ་གནང་པ་དང་དགེ་ལུགས་སྤྱི་ལ་ཁྱབས་པའི་བཅའ་ཡིག་ཆེན་མི་ཞེས་པ་ཞིག་གཏན་འབེབས་གནང་ཡོད་པ་དེའི་ཁོང་གི་དགོངས་གཞི་བསྒྲུབས་ཡོད་ཤག་བྱས་པ་ལྟ་བུ་རེད།
ཡ་ཡ། འཇམ་ཚུལ་ལགས། སེ་ར་ན་གཞི་ནས་མགོ་བཙུགས་གི་ཡོད་རེད་དམ། ལས་ཀ་འདི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ནས་མགོ་བཙུགས་པ་རེད། ལྷག་པར་ཡང་རྒྱལ་བ་རིན་པོི་ཆེ་སྐུ་ཕྲེང་འདིས་ལོ་སུམ་ཅུ་ཙམ་གྱི་སྔོན་ནས་མགོ་བཙུགས་པ་རེད། སེ་ར་ན་ད་ལྟ་གཞི་ནས་མགོ་འཛུགས་གི་ཡོད་རེད། འདི་འདྲའི་སྙན་ཅོག་སྲ་བ་ལ།
ད་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་མཇིག་ཏུ་༸གོང་ས་མཆོག་སེ་རར་འཆིབ་སྒྱུར་གནང་སྐབས་སྤྱི་ཚེས་སོ་གཅིག་ཉིན་སེར་སྨད་གྲྭ་ཚང་གི་ཡང་སྟེང་རྒྱལ་བའི་ཕོ་བྲང་ནང་དུ་གདན་ས་ཁག་གི་དཔེ་ཁྲིད་རྒན་རྣམ་པ་དང་སེ་རའི་ཚན་རིག་འཛིན་གྲྭའི་སློབ་ཕྲུག་བཅས་སྐོང་ཚོགས་གནང་སྟེ་གཙོ་བོ་གནད་དོན་དེ་གཉིས་ཀྱི་སྐོར་ལ་བཀའ་སློབ་གནང་བ་མ་ཟད་བཀའ་སློབ་གྲུབ་ནས་༸གོང་ས་མཆོག་ཕྱིར་གཟིམ་ཆུང་དུ་འཆིབ་བསྒྱུར་གྲུབ་མཚམས་ད་ལྟའི་རྣམ་གྲྭའི་མཁན་པོས་གཙོ་སྐྱོང་འོག་ལས་དོན་དེ་གཉིས་བསྒྲུབ་ཕྱོགས་ལ་དཔེ་ཁྲིད་རྒན་རྣམ་པ་དང་ལྷན་ཏུ་བཀའ་སྡུར་དང་བྱ་བའི་འགོ་ཡང་བཙིགས་ཡོད་ཚོད་ཡིན་པས་གོ་མེད་ཚོར་མེད་དུ་བཞག་མེད་ཚོད་ཡིན། དེས་ན་བཀའ་སློབ་འདི་སྣང་མེད་དུ་བཞག་ཡོད་པར་འདོད་པ་དག་གིས་མ་མཐུང་ཕྱིར་ན་མེད་མ་ཡིན་ཞེས་པའི་དོན་ལ་སོམས། འོན་ཀྱང་ལས་དོན་འདི་བསྒྲུབ་པར་རིག་འདོན་པ་ནད་པས་གསུང་གསལ་ལྟར་དུས་ཡུན་ཐུང་ཐུང་ཞིག་གི་ནང་འགྲུབ་མི་ཐུབ་པ་མཁྱེན་གསལ་རེད།
མཁྱེད་དཔྱོད་མཁའ་ལྟར་ཡངས་བའི་རྩོམ་སྒྲིག་པ་ལགས།
ཐེངས་འདིར་ཁྱེད་ཀྱི་དཔྱད་སྟོབས་རིག་པའི་དཔལ་གྱིས་གནད་སྒང་ལ་གནམ་ལྕག་ལྟར་ཕངས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁྱེད་ཀྱིས་འབྱུང་འགྱུར་ལ་དཔྱོད་ཤེས་ཀྱི་རྒྱང་འཇལ་གྲུབ་དོན་དེ་མིག་མཐོང་ལག་ཟིན་གྱི་ཉེན་ཁ་ཞིག་ཆགས་ཡོད་སྟབས། སྐྱ་སེར་གཉིས་ཀྱིས་ཐེངས་འདིའི་རྩོམ་སྒྲིག་པའི་གཏམ་གྱི་ནང་དོན་དང་འབྲེལ་ཏེ་གླེང་སློང་དང་། དོ་སྣང་ཤུགས་ཆེ་ཙམ་བྱ་རྒྱུ་ཡིན་མིན་དེ་ང་ཚོ་འཐུས་ཤོར་ཆེན་པོ་དེ་དང་། འགྱོད་གདུང་ཆེན་པོ་དེ་ལས་སྐྱོབ་ཐུབ་མིན་ལ་རགས་ལས་འདུག
མཁས་དབང་བཀའ་ཁྲི་རིན་པོ་ཆེ་མཆོག་གིས་དགེ་ལུགས་སྤྱི་འཐུས་དང་ལྟ་གྲུབ་ཀུན་བཏུས་གཉིས་ལས་སྔ་མ་གདམ་ཡོད་པས། ལྷན་རྒྱས་ནས་སྤྱི་འཐུས་ཚོགས་གཙོ་གྲུབ་རྗེས་ད་གཟོད་སྐད་ཅོར་འདི་དག་བརྒྱབ་ཆོག་གི་རེད། མཁྱེན་སོང་ངམ།
ཆོས་སྐྱིད་སྒྲོལ་མ་ལགས། བཀྲིས་བདེ་ལེགས། ཁྱེད་རང་གིས་གསུངས་པར་རྒྱབ་སྐྱོར་ཡོད། ང་ལ་ཡང་ཤེས་ཡོན་སྲིད་ཇུས་གསར་པའི་སྟེང་ལྟ་ཚུལ་ཞིག་ཡོད་དེ་ནི་བཙན་བྱོལ་གྱི་ཤེས་ཡོན་སྡེ་
ཁག་ཚང་མའི་ནང་ནས་ཤེས་ཡོན་སྲིད་ཇུས་གསར་པ་ལག་ལེན་ལྟར་ཁག་ཤོས་དེ་དབུས་བོད།
སློབ་འཛིན་ཚོགས་འོག་ཡོད་པའི་སློབ་གྲྭ་རེད་འོན་ཀྱང་ཕན་ཐོག་ཆེ་ཤོས་ཡོང་ཐུབ་ས་ཡང་སློབ་གྲྭ་དེ་
དག་རེད། གང་ཡིན་ཟེར་ན་བོད་ཀྱི་སོན་རྩ་མང་པོ་ཞིག་གི་ཤེས་ཡོན་གྱི་ཚེ་སྲོག་སྐྱབས་ཐུབ་ཀྱི་རེད།
གཏམ་གནད་ལ་ཁེལ་བ་ཞིག་གསུངས་འདུག་
འོན་ཀྱང་ལག་ལན་ནི་ཉིན་མོའི་སྐར་མ་རེད།་རང་གཞན་སུ་ཡིན་ཀྱང་གཅིག་མཚུངས་རེད།
བཟང་རབ་རྒྱན་རབ་རྐྱང་རྐྱང་བཤད་བསྡད་པ་ལས་དངོས་ཡོད་ཀྱི་གཏམ་འདི་འདྲ་རེ་བཤད་ན་མི་བཟང་ངམ། ཐུགས་རྗེ་ཆེ་ཞུ།།།རྩོམ་སྒྲིག་པ་ལགས
༧་གོ་ས་མཆོག་གི་བཀའ་དགོངས་གཞིར་བཞགས་སམ་བཀའ་བསྒྲུབ་ཕྱིར་དགེ་ལུགས་བཅའ་ཡིག་ཆེན་མོ་ཞེས་པ་ཞིག་གཏན་ལ་ཕབས་ཡོད་ཀྱང་།དེ་ནང་དུ་དངོས་ཡོད་ཀྱི་དུས་རབ་འདི་དང་མཐུན་པའི་སློབ་སྦྱོང་གི་འཕེར་རིམ་ལ་ཁ་ཚ་དགོས་གཏུག་གིས་ཕན་པ་ཞིག་མི་འདུག་སེམ། དེ་ཡང་རང་གིའི་བསམ་ཚུལ་ཙམ་ལས་ མི་འདོད་པས་རྣམ་འགྱུར་གང་ཡང་མིན།
སྤོབས་མཐའ་ཡས་ལགས། སྤྱིར་བཏང་ཁྱེད་རང་ཟིན་བྲིས་པ་ལེགས་པོ་ཞིག་དང་མཆན་འདེབས་པ་གྲགས་ཅན་ཞིག་རེད། ཟམ་གདོང་བླ་མའི་སྐོར་ལ་དེ་འདྲ་མ་ལབ་ན་ཡག་པོ་འདུག སྤྱིར་བཏང་ཟམ་གདོང་རིན་པོ་ཆེས་དེ་ལྟར་མི་བྱེད་པ་ཁྱོས་ཤེས་ཡོད་ལ་ངས་ཀྱང་ཤེས་ཡོད་རེད། འོན་ཀྱང་མིང་དེའི་ཕྱོགས་ནས་མ་གླེང་ན་མཛེས་སོ།། གཞན་རྩོམ་སྒྲིག་པའི་གཏམ་ལ་ཆོས་འཇིག་རྟེན་གཉིས་ཐད་ནས་བསམ་བློ་གཏོང་རྒྱུ་འདུག ལྷག་པར་༧གོང་ས་མཆོག་གི་ཐུགས་དགོངས་གལ་ཆེན་ཞིག་ནང་དུ་བྲིས་འདུག་པས་དགའ་ཡོད།
འོད་ཡུག་པའི་འཁྱམས་པོའི་གསུངས་པ་བདེན།རྒྱ་འདྲེ་དོལ་རྒྱལ་སྐོར་ལ་བོད་གཞུང་ཤེས་རིག་གིས་ཡང་འགན་འཁྱེར་ཀྱི་ཨེ་ཡོད་ན།
ང་ལ་ཉིན་ཤས་གོང་ཐག་རིང་ཞིག་ནས་ཞལ་པར་འབྱོར། དེ་བཤད་ལེ་གདའ། གཏན་སློབ་ཅིག་གི་དབུ་འཛིན་གསར་བའི་སྐྱེ་དམན་ནང་མི་ཚང་མ་འདྲེ་དེ་གསོ་མཁན་རེད་ཟེར། དེ་བདེན་མིན་ཞིབ་འཇུག་བྱས་ན་ཤེས།
རི་བོང་རྡོ་རྩིས་ཀྱི་གཏམ་བརྒྱུད་འདི་བཀོད་པར་རྗེས་སུ་ཡི་རངས་ཡོད། ཡིན་ནའང་ཤེས་པ་རྣལ་དུ་ཕབ་ནས་ལེགས་པར་སོམས་ཤིག
༸ གོང་ས་མཆོག་གི་བཀའ་དགོངས་འདི་རྒྱ་ཆེ་ལ་གཏིང་ཟབ་ཅིང་མི་རིགས་དང་། རྒྱལ་ཁབ། སྤྱི་ཚོགས་བཅས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་མཛད་རྗེས་ཆེན་པོ་འཇོག་ཐུབ་པའི་ཆེས་རླབས་ཆེན་གྱི་བཀའ་སློབ་གཅིག་ཡིན།
འོན་བཏང་ཚན་རིག་ཀུན་བཏུས་དང་ལྟ་གྲུབ་ཀུན་བཏུས་ཞིག་བཟོ་རྒྱུ་དེ་ཟླ་བ་ཁ་ཤས་ཤིག་དང་ལོ་གཅིག་གཉིས་ནང་བཟོ་ཐུབ་པ་དེ་འདྲ་ཞིག་མ་རེད།
དང་པོ་ཚན་རིག་ཀུན་བཏུས་བཟོ་ན་ནང་པའི་ཚན་རིག་ཤེས་མཁན་གྱི་མཁས་དབང་དགོས་པ། གཉིས་པ་དེང་རབས་ཀྱི་ཚན་རིག་ཤེས་མཁན་དབང་དགོས་པ། གསུམ་པ་མུ་སྟེགས་པའི་གཞུང་གི་ཚན་རིག་ཤེས་མཁན་བཅས་ཀྱི་མཁས་དབང་དགོས།
དེ་བཞིན་ལྟ་གྲུབ་ཀུན་བཏུས་བཟོ་མཁན་ཐད་ལ་དང་པོ་ནང་པའི་ལྟ་གྲུབ་ཤེས་མཁན་གྱི་མཁས་དབང་དགོས་པ། གཉིས་པ་མུ་སྟེགས་པའི་ལྟ་གྲུབ་ཤེས་མཁན་གྱི་མཁས་དབང་དགོས་པ། གསུམ་པ་ནུབ་ཕྱོགས་གྷི་རིག་སོགས་ཀྱི་ལྟ་གྲུབ་ཚད་ལྡན་ཤེས་མཁན་གྱི་མཁས་དབང་དགོས།
དེ་ཚོ་ནི་དང་པོ་མིའི་ཆ་རྐྱེན་གལ་ཆེས་ཤོས་དེ་ཡིན། གཉིས་པ་ལས་གཞི་དེ་འཆར་འགོད་བྱེད་མཁན་གྱི་ལས་འཆར་འཆར་འགོད་ཚད་ལྡན་ཤེས་མཁན་ཞིག་དགོས།
གསུམ་པ་རྒྱ་ཆ་སྣ་ཚོགས་འཚོལ་ཞིབ་མཁན་འགའ་ཤས་དགོས། བཞི་པ་དུས་ཚོད་ཀྱི་ཚད་གཞི་ངེས་ཅན་ཡོད་དགོས་པ། ལྔ་པ་ལས་དོན་ལེགས་སྒྲུབ་ཀྱི་དཔུང་ཁག་དགོས་པ། དྲུག་པ་དངུལ་རྩ་མ་དངུལ་ལྡ་ང་ངེས་དགོས་པ། བདུན་བ་ལྟ་གྲརུབ་དང་ཚན་རིག་ཀུན་བཏུས་གཉིས་ཀྱི་ཐ་མའི་ཞུས་ཆེན་དགོས་པ་བཅས་རགས་ཟིན་ཙམ་ཞིག་རེད།
དེ་དག་ཚད་ལྡན་གཅིག་སྒྲིག་དགོས་བྱུང་ན་འཆར་གཞི་དང་། མིའ་ཆ་རྐྱེན། དུས་ཚོད། དཔལ་འབྱོར་བཅས་ཕྱོགས་ཡོངས་ནས་མཐུན་རྐྱེན་འཛོམས་དགོས།
དེ་འདྲ་སོང་ཙང་ལས་དོན་དེ་ལོ་གཅིག་གཉིས་ནང་ཡོངས་སུ་ལེགས་གྲུབ་བྱེད་པ་ཞིག་གཏན་ནས་མིན། ལེགས་པར་སོམས་ཤིག་གངས་ཅན་གྱི་བུ་རབསགཚ་བརྒྱུད་་་་ཚོ།
ཟམ་གདོང་བླ་མའི་བཀའ་སློབ་ཀྱི་དགོངས་དོན་མ་ལོན་པའམ། ཡང་ན་ཤེས་བཞིན་དུ་ལོག་འགྲེལ་བྱེད་ཆ་མ་འཚལ་བའི་གླེང་གཞི་བཟོ་མཁན་དང་ཐ་ན་རྩོམ་ཡིག་འབྲི་མཁན་ཡང་དགའ་རབ་བྱུང་སོང་། མ་ཟད་བཀའ་སློབ་དེའི་སྐོར་དང་འབྲེལ་བའི་ཟུར་ཟ་རང་བཞིན་གྱི་དྲི་བ་ཕུལ་ཏེ་༸གོང་ས་མཆོག་ཐུགས་འཁྲུགས་པའི་གོ་སྐབས་ཀྱང་བྱུང་ཞིང་། རང་གི་མི་ཚེའི་ནང་༸གོང་ས་མཆོག་ནས་ཐུགས་ཕམ་གྱི་རྣམ་འགྱུར་དང་བཅས་ཞལ་རས་ཀྱང་དམར་པོར་གྱུར་པའི་གནས་སྐབས་སྐབས་དེ་དུས་མ་གཏོགས་མཇལ་མྱོང་མེད། ཧ་ཅང་སེམས་ཕམ་བྱུང་།
འཇམ་ནོར་མིང་ཅན་སོགས་ཀྱི་རྗེས་བརྗོད་ལ་ཞུགས་མཁན་འགའ་རེས་ད་དུང་ཡང་ལོག་འགྲེལ་བྱེད་པ་མཚམས་འཇོག་གིན་མི་འདུག ག་རེ་ཡིན་ན།
ཞིབ་ཏུ་བལྟས་ན་ཟམ་གདོང་བླ་མའི་བཀའ་སློབ་དེའི་ནང་ན་བོད་མི་རིགས་ལ་ཤ་ཚ་བའི་སྐད་ཆ་ཞིག་མ་གཏོགས་བོད་མི་རིགས་ལ་དྲིན་ཆུང་དུ་འགྲོ་བའི་སྐད་ཆ་ཞིག་བཤད་མེད་པ་དེ་རིག་པ་རྣལ་དུ་ཕབ་ནས་ཉན་ན་ཤེས་སུ་ཡོད་པ་ཞིག་རེད།
གུང་ཚོགས་དང་དོལ་ཚོགས་གང་གིས་ཀྱང་བོད་མིའི་སེམས་པ་གསོད་ཐུབ་ཀྱི་མ་རེད། བོད་མིའི་སེམས་པ་གསོད་བྱེད་ཀྱི་འཇིག་རྒྱུ་གཅིག་རང་ཡོད་པ་ནི་བོད་མི་རང་ནང་ནས་ནང་རུལ་དུ་འགྲོ་བའི་གནས་སྟངས་འདི་ཉིད་དེ། སྟོན་པས་ཀྱང་། བསྟན་པ་འཇིགས་བྱེད་ཀྱི་རྒྱུ་རྐྱེན་ནི་ཕྱི་རོལ་ནས་འོང་རྒྱུ་མིན་པར་ནང་རོལ་ནས་ཐོན་འོང་བའི་གནས་ལུགས་བསྟན་ཡོད། ཟམ་གདོང་བླ་མས་འདི་འདྲ་ཞིག་གསུང་གི་ཡོད་པ་ཡང་ཁྱེད་ཚོས་གོ་ཡི་མེད་པ་ག་རེ་ཡིན་ན།
ཟམ་གདོང་བླ་མས་བོད་དང་བོད་མི་རིགས་ལ་བཅངས་པའི་གཅེས་པ་འདྲ་ཞིག་འཇིག་རྟེན་འདིར་ཕྱིན་ཆད་འབྱུང་དཀོན་པའི་ཚོད་དེ། འདི་ལྟ་བུའི་རིགས་ལ་ཡང་དོན་མིན་པའི་སྡང་ཞེན་བྱེད་པ་ནི་རང་ཉིད་ངན་སོང་གི་སྒོར་འཇུག་པའི་བྱ་སྤྱོད་ཙམ་སྟེ། ཁོག་ན་སྙིང་ཡོད་པ་རྣམས་ཀྱིས་ཕྱིན་ཆད་ལས་འདིའི་རིགས་ལ་བག་ཡོད་པར་བྱའོ།།
དགའ་ལྡན་ཁྲི་རབ་བརྒྱ་དང་གཅིག་པའི་སྐོར་བཤད་དུས་ཟིན་བྲིས་པ་ཚང་མ་འཇོམ་ཆག་གེ་འགྲོ་ནི་རེད་ད་
རི་བོང་རྡོ་བརྫུས་ང་ཚོ་ཚང་མས་བྱེད་ཀྱིན་འདུག དགའ་ལྡན་ཁྲི་རབས་བརྒྱ་དང་གཅིག་པས་རང་གི་ལས་དུས་མ་རྫོགས་གོང་ནས་དགོངས་པ་ཞུས་ཏེ་དོལ་ཚོགས་ལ་ཞུགས་པའི་གཏམ་ངན་ཞིག་ག་ས་གང་དུ་ཡང་གླེང་གིན་འདུ། ངས་ཟམ་གདོང་སྤྲུལ་སྐུས་ཀྱང་བཀའ་ཁྲིའི་ལས་ཡུན་རྫོགས་དུས་དོལ་ཚོགས་སུ་ཤོར་མི་འགྲོའམ་སྙམ་པའི་སེམས་ཁྲལ་ཆེན་པོ་ཞིག་འདུག ངོ་མ་ཡིན། ཟམ་གདོང་གིས་ཀྱང་དོལ་ཚོགས་ཀྱིས་དགོན་པ་འདེབས་དགོས་པའི་ལམ་སྟོན་བྱས་པས་རྒྱ་གར་ལྷོ་ཕྱོགས་སུ་ཤར་དགའ་ལྡན་འདི་བཏབ་ནས་ཁོང་ཚོའི་འདྲེ་ལག་ང་ཚོའི་སྤྱི་ཚོགས་ནང་དུ་བསྲེངས་ཐུབ་པ་བྱུང་བཅུག་སོང་། དོལ་ཚོགས་ལ་རྒྱ་མིས་རྒྱབ་སྐྱོར་ཡོད་པ་ཕྱི་གསལ་ནང་གསལ་རེད། དོལ་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་གུས་བཀུར་མེད་པ་ས་གྲགས་གནམ་གྲགས་རེད། ཡིན་ན་ཡང་ཚང་མས་རི་བོང་རྡོ་བརྫུས་བྱས་ནས་བསྡད་ཡོད་པ་རེད། ཁར་སང་ཟམ་གདོང་གིས་གཞོན་སྐྱེས་ཚོས་རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ལངས་ཕྱོགས་ལ་མོས་མཐུན་མི་བྱེད་པ་འདི་ལ་བལྟས་ན་དོལ་ཚོགས་སྡུག་ཅག་མིན་ལུགས་ཁྱབ་བསྒྲགས་བྱས་སོང་། ངས་སྔོན་མ་ཟམ་གདོང་སྡུག་ཅག་རེད་ཟེར་མཁན་ཚོར་འཁྲུག་པ་ཡན་ཆོད་བརྒྱང་ནས་ཟམ་གདོང་སྲུང་སྐྱོབ་བྱས་མྱོང་། ད་འདི་འདྲ་བལྟས་དུས་ཟམ་གདོང་འདི་ཡང་ཡིད་ཆེས་ས་ཞིག་མ་རེད། ངོ་མ་ཡི་ཆད་དགོས་པ་ཞིག་རེད།
རྩོམ་སྒྲིག་པས་གསུངས་པ་དེ་བདེན་པ་རེད།
དེ་སྔོན་གོང་ས་མཆོག་གིས་ལོ་ངོ་གསུམ་བཅུའི་ཤེས་ཡོན་འཐུས་ཤོར་སྐོར་ལ་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད། སྐབས་དེར་ཤེས་རིག་བཀའ་བློན་གཙོས་པས་ཚ་ཚ་འུར་འུར་གྱིས་ཤེས་རིག་ཚོགས་འདུ་ཞིག་འཚོགས་པ་རེད། དེ་ནི་གོང་ལ་མཆོག་ལ་ཤེས་ཡོན་སྐོར་ལ་གོ་བསྡུར་བྱས་པ་ཡིན་ཞེས་པའི་བརྡ་ལན་སྤྲད་པ་ཙམ་རེད། ཚོགས་འདུ་འཚོགས་སྒྲུབ་རྗེས་སྙན་བཞུ་སྙན་པོ་ཞིག་ཡར་གོང་ས་མཆོག་ལ་ཕུལ། སློབ་གྲྭ་ཁག་ནང་འགྱུར་མདོག་དང་ཡར་རྒྱས་ཅི་ཡང་གཏོང་ཐུབ་མེད། དེ་ནས་ལོ་ངོ་གསུམ་བཅུའི་འཐུས་ཤོར་གྱི་ལེའུ་དེ་སྒོ་བརྒྱབ་ཚར་བ་རེད་ལ། རིམ་བཞིན་ནམ་མཁའི་འཇའ་ལྟར་ཡལ། དེ་ནི་མི་ཆེན་དཔོན་ཆེན་ཚོས་གོང་ས་མཆོག་གི་བཀའ་གོངས་སྒྲུབ་སྟངས་རེད།
དངོས་གནས་རྩོམ་སྒྲིག་པས་བཤད་པ་དེ་གནད་དུ་འཁེལ་སོང་། རི་བོ་དགེ་ལུགས་པའི་བསྟན་བདག་དེ་ཚོས་སྔར་ནས་ཤེས་ཀྱང་མ་ཤེས་ཁུལ་དང་། མཐོང་ཀྱང་མ་མཐོང་ཁུལ་གྱི་༸གོང་ས་མཆོག་ལ་དབུ་བསྐོར་ཞུ་གང་ཐུབ་དང་རང་ཉིད་མིང་གྲགས་འདོད་ཁོ་ན་ལས་དོན་ངོ་མའི་༸གོང་ས་མཆོག་གི་དགོངས་གཞིར་ཤར་བསྐྱོད་ཀྱི་འབད་བརྩོན་བྱ་མཁན་ཞིག་ཉུང་བ་རེད། བར་སྐབས་ཞིག་ན་རྒྱལ་འདྲེ་དོལ་རྒྱལ་བསྐོར་གྱི་བཀའ་སློབ་ལ་ཡང་དགོན་སྡེ་ཁག་གི་མཁན་པོ་དང་། ཤར་བྱང་གི་ཆོས་རྗེ་རྣམ་པས་འགན་འཁུར་དེ་ཙམ་བྱས་མེད་པ་ཡང་གསལ་པོ་རེད། །