སྐྱོན་བརྗོད་བྱེད་རུང་བའི་བྱ་སྤྱོད་ནི་བལ་ཡུལ་དུ་བོད་མིའི་འོས་སྒམ་ཕྲོགས་པ་དེ་ཡིན་ཞིང་། བལ་ཡུལ་གཞུང་གིས་བོད་མིའི་འོས་སྒམ་ཕྲོགས་པ་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས་གཏོར་བཤིག་བཏང་པ་ཞིག་རེད། དེང་སྐབས་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་ཁག་མི་འདྲ་བ་༣༠ ཙམ་གྱི་ནང། བོད་མི་ཚོས་འོས་འཕེན་གྱི་ཡོད་པ་དང། གཞུང་དེ་དང་དེས་གུས་བརྩི་དང་ལྡན་པའི་ཐོག་ནས། བོད་མི་ཚོར་འོས་འཕེན་གྱི་ལས་དོན་བྱེད་བཅུག་གི་ཡོད་པ་རེད། བལ་ཡུལ་གཞུང་གིས་རྒྱུ་མཚན་གང་ལ་བརྟེན་ནས་དེ་ལྟར་བྱེད་བཅུག་གི་ཡོད་མ་རེད། གནད་དོན་འདི་ནི་མང་གཙོའི་སྒྲིག་གཞི་གཏོར་བཤིག་བཏང་བ་ཞིག་ཡིན་པས། འཛམ་གླིང་འདིའི་ནང་གི་མང་གཙོ་རྒྱལ་ཁབ་དང་རང་དབང་ལྡན་པའི་མི་མང་ཚོས། ཁྲིམས་འགལ་གྱི་བྱ་སྤྱོད་འདི་ལ་སྐྱོན་བརྗོད་བྱེད་དགོས་ཞེས་ངས་ནན་བརྗོད་བྱེད་རྒྱུ་ཡིན།
རང་དབང་ལ་དགའ་བའི་བལ་ཡུལ་མི་མང་གིས། མང་གཙོའི་ལམ་ལུགས་དེ་ཇི་ལྟར་གལ་ཆེ་ཚུལ་དང་། འོས་འཕེན་དེ་མང་གཙོའི་ལམ་ལུགས་དང་ཁ་བྲལ་ཐབས་མེད་པ་ཤེས་ཀྱི་ཡོད་པ་རེད། འོས་སྒམ་ཕྲོགས་སའི་བོད་མི་དེ་དག་གིས། ཞི་བའི་ཐོག་ནས་རང་ཉིད་ཀྱི་འོས་བསྡུའི་ཐོབ་ཐང་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་ནའང། བལ་ཡུལ་གཞུང་གིས་རང་ཉིད་ཀྱིས་གང་བརྗོད་ཀྱི་ཡོད་པ་དེ་ལག་བསྟར་བྱེད་ཀྱི་ཡོད་མ་རེད། ཕྱོགས་ཅིག་ནས་བལ་ཡུལ་གཞུང་གིས་རང་ཉིད་ཀྱི་མི་མང་གི་འོས་འཕེན་དེ་ཁྲིམས་མཐུན་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་བོད་མི་ཚོའི་གཞི་རྩའི་ཁྲིམས་ཀྱི་ཐོབ་ཐང་དང། ཞི་བའི་ལས་དོན་འདི་དག་བཀག་འགོག་བྱས་ཡོད་པ་རེད། བོད་མི་ཚོས་བལ་ཡུལ་གྱི་ཁྲིམས་ལུགས་གཏོར་བཤིག་བཏང་པ་དང་ཁྲིམས་དང་མི་མཐུན་པ་བྱས་པ། ཡང་ན་བྱེད་བཅུག་པ་བཅས་གང་ཡང་བྱས་མེད། སྐྱོ་བ་སྐྱེས་དགོས་པ་ཞིག་ལ་བོད་མི་ཚོའི་འོས་འཕེན་གྱི་ཐོབ་ཐང་དེ་བཀག་འགོག་བྱས་པའི་བཙན་གནོན་གྱི་བྱ་སྤྱོད་འདི་དག རྒྱ་ནག་གཞུང་ཕྱོགས་ནས་གནོན་ཤུགས་ཡོང་བ་ཞིག་ཡིན་པ་དང། འདས་པའི་ལོ་རྒྱུས་ནང་བལ་ཡུལ་དང་བོད་གཉིས་ཀྱི་དབར། སྲོལ་རྒྱུན་གྱི་གཉེན་སྒྲིག་སོགས་ཀྱི་འབྲེལ་ལམ་དམ་པོ་ཡོད་པ་དང་། དེ་བཞིན་ནང་ཆོས་ཀྱི་བརྒྱུད་རིམ་བཅས་ཀྱི་ཐད་ལའང་འབྲེལ་ལམ་དམ་པོ་ཡོད་པས། ད་ལྟའི་སྐབས་བྱ་སྤྱོད་འདི་འདྲ་སྤེལ་བ་དེ་རྒྱུ་མཚན་དང་ལྡན་པ་ཞིག་མིན།
བྱ་སྤྱོད་འདི་ཚུལ་དང་མཐུན་པ་བྱེད་པའི་ལམ་གཅིག་ཡོད་པ་ནི། བལ་ཡུལ་གཞུང་གིས་འོས་སྒམ་ཕྱིར་ལོག་བྱེད་རྒྱུ་དེ་རེད། དེ་ནས་བོད་མི་ཚོས་འོས་འདེམས་བྱས་པ་རྣམས་གྲངས་བཤེར་ཐུབ་ངེས་ཡིན་པ་ལས། དེ་མིན་ན་ངས་གནད་དོན་འདིའི་ཐད་ལ་བལ་ཡུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིབ་དཔྱོད་པ་གཏོང་དགོས་པའི་སྙན་ཞུ་འབུལ་གྱི་ཡིན། གལ་སྲིད་འོས་སྒམ་དེ་ཕྱིར་སློག་མ་བྱས་ན། བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་རང་ཉིད་ཀྱི་འོས་ཤོག་དེ་མྱུར་འཕྲིན་བརྒྱུད་ནས་ས་གནས་འོས་བསྡུ་ལས་ཁང་ངམ། ཡང་ན་དྷ་རམ་ས་ལ་གཏོང་ཐུབ་རྒྱུའི་བསམ་གཞིག་བྱེད་དགོས། རྙོག་འཛིང་འདིའི་འོག་ཏུ་དབུས་འོས་བསྡུ་ལས་ཁང་གི་ངོས་ནས། བལ་ཡུལ་ཕྱོགས་ཀྱི་འོས་ཤོག་ཚང་མ་གྲངས་བཤེར་ཐུབ་ཐབས་ཀྱི་ལམ་ཁ་ཞིག་ངེས་པར་དུ་རྙེད་པ་བྱེད་དགོས། ཕྱོགས་གང་ནས་བསམ་ཡང་བལ་ཡུལ་ནང་གི་བོད་མི་ཚོའི་འོས་ཤོག་དེ་ངེས་པར་དུ་གྲངས་བཤེར་ཐུབ་པ་བྱེད་དགོས།
མང་གཙོའི་ལམ་ལུགས་ནི་ང་ཚོས་བོད་རང་དབང་གི་ལས་འགུལ་སྤེལ་བཞིན་པ་འདིའི་རྨང་གཞི་ཡིན་ཞིང་། བཙན་བྱོལ་བོད་གཞུང་འདི་གསོན་གནས་དང་སྲ་བརྟན་གནས་དང་མི་གནས་ནི། ཁྲིམས་ལུགས་ལྡན་པའི་མང་གཙོའི་འོས་འཕེན་གྱི་བརྒྱུད་རིམ་འདི་ལ་རག་ཆེན་པོ་ལས་ཡོད་པས། ང་ཚོའི་ངོས་ནས་ཕྱི་རོལ་གྱི་གནོན་ཤུགས་ལ་རང་ཉིད་ཀྱི་མང་གཙོའི་ཐོབ་ཐང་གི་གཞི་རྩ་ལ་བར་ཆད་གཏོང་བཅུག་རྒྱུ་མེད་ལ། དེ་བཞིན་བོད་ཀྱི་མང་གཙོའི་ལམ་ལུགས་འདི་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གྱི་ཆེད་དུ་དར་ཁྱབ་གཏོང་དགོས་པ་ཡིན་ནོ།
ཨ་ཁ་ཁ་ཁ་སངས་རྒྱས་བཅོམ་ལྡན་གྱི་ཡང་གང་ཟག་ཆ་ཚང་གི་བསམ་དོན་སྒྲུབ་མི་ཐུབ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཡང་མི་དགའ་མཁན་མང་བ་ལ་སེམས་པ་རེ་སྐྱོ་་སྐྱོ་སྐྱོ་འདི་འཚོ་མང་ཆེ་བ་སོ་སོ་མ་གཏོག་ཤིས་མཁན་དང་ལོ་ཟེར་མི་འདུག་ཟེར་མཁན་ཞིག་ཡིན་པ་ཐག་ཆོད་མ་ཚད་མི་དེ་སོ་ཆོ་ག་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཁོ་ན་ལས་མེད་པ་ཡང་འདི་ནས་ཤིས་ཐུབ།ཨ་ཁ་ཁ་ཁ། མ་འོང་པ་དེ་འདྲའི་རིགས་མི་ཡོང་བའི་རེ་ཨེ་ཡོད་ནམ༎
མི་ཤིས་ཡོན་དང་འཇོན་ཐང་ཅན་ལ་མི་དགའ་སོ་སོ་ནི་མི་འཇོན། ཨ་ཁ་ཁ་ཁ་ཁ་།
ངག་དབང་བཀྲི་ནས།
བོད་པ་ཡིན་བསམ་པའི་ཚོར་བ་ཞིག་་མེད་ན་བོད་ཀྱི་རིགས་གཞུང་ཤེས་པ་དང་
བོད་སྐད་ཤེས་པ་ཙམ་ཞིག་གི་ཕན་ཐོག་མེད་སྙམ།་
བློ་བཟང་སེངྒེ་ལགས་མ་གཏོགས་བཀའ་ཁྲི་ལོངས་མཁན་གཞན་དག་གཉིད་ཁུག་ཡོད་པ་མ་ཡིན་ནམ།
བོད་ཀྱི་ཤེས་རིག་མ་ཤེས་པའི་མཁས་དབང་དེས་གཟིགས་ལྤགས་གཡོག་པའི་བུང་བུ་ལྟར་གཞན་རོགས་སུ་བསྟེན་ནས་དྲ་གྲོགས་ཚོར་མི་ཤེས་ཤེས་ལྡོག་གི་བསམ་ཚུལ་སྤེལ་ཁུལ་བྱས་འདུག་པ་ཡ་མཚན་བྱུང་སོང་།
མི་ཉག་སྐལ་བཟང་ལ། ངས་ཤར་བ་དང་རྟ་དམག་སོགས་བོད་པ་ཡིན་མིན་དང་ནང་བ་ཡིན་མིན་སོགས་བཤད་ཀྱི་མེད། ངས་བཤད་འདོད་པ་གཙོ་བོ་ཁོ་རང་ཚོས་ག་རེ་བྱས་ནས་བོད་པ་དང་ནང་ཆོས་ཀྱི་དོན་ལ་རང་སྲོག་གཏོང་དགོས་པ་རེད། བོད་པ་ཡིན་པ་དང་ནང་བ་ཡིན་པ་ཙམ་གྱིས་རང་སྲོག་གཏོང་དགོས་ཡོད་ན་ཁྱོད་ཀྱིས་ག་རེ་བྱས་ནས་བཏང་མེད་དམ། རིག་པ་ཆུང་ཆུང་འདི་འདྲ་ཞིག་ཁྱེད་རང་གིས་ཤེས་ཐུབ་པའི་རེ་བ་ཡོད། དེའི་སྒང་ལ་གཞན་ལ་བཤད་པའི་ལྕེ་ཡོད་ན་རང་ལ་བལྟ་བའི་མེ་ལོང་དགོས་ཟེར་བ་དེ་ཁྱེད་རང་ལ་དགོས་འདུག
གསལ་བོ་བྱེད་རྒྱུ་ཞིག་ལ་ཁྱེད་རང་གིས་༼ང་ཚོའི་ཆེད་དུ་སྲོག་ཀྱང་བཏང་མ་ཆོག་པ་མེད་༽ཟེར་ནས་བྲིས་འདུག་ག དེ་ཙང་ངས་ཁྱེད་རང་གི་ཆེད་དུ་སུས་སྲོག་གཏོང་གི་རེད་ཟེར་ནས་བྲིས་པ་ཡིན། དེ་ལ་ཞིབ་བལྟ་ཞིག་བྱེད་རོགས།
ང་རང་ལུང་པ་ཁུག་ཀྱོག་དང་བསམ་བློ་གུ་དོག་ཡིན་པར་སེམས་ཁུར་བྱས་པ་བཟང་འདུག
གྲ་གྲོགས་ཚོས་ཉོན་དང་། གསར་འགྱུར་ཡོད་ད། འཇིགས་བྲལ་ཟེར་བ་དེས་བློ་བཟང་སེ་གེ་ལ་གནོད་སྐྱེད་གུན་འདུག། ཁོས་འདི་ལྟར་བཤད་འདུག སྦེལ་ཀོབ་ཁུལ་གྱི་འོས་བསྡུའི་དཀའ་ངལ།
ཁ་སང་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་དང་། མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུ་དེར་སྤྱི་ཡོངས་ཀྱི་ཆ་ནས་སེར་སྐྱ་མི་མང་ཚང་མས་འོས་བསྡུའི་ཆ་ཤས་ཤུགས་ཆེན་པོ་བླངས་སོང་། ཡིན་ནའང་སྦེལ་ཀོབ་བོད་ཁྱིམ་ལྟ་བུར་མཚོན་ན་ཆ་རྐྱེན་ཚང་བའི་སློབ་མ་ཕལ་ཆེ་བའི་འོས་བསྡུའི་ཆ་ཤས་ལེན་ཐུབ་ཡོད་པ་མ་རེད།
དེ་ཡང་ཉིན་འདིར་སྔ་དྲོ་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་ཐེངས་འདིའི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་དང་། གོ་སྒྲིག་གི་ངོས་ནས་བཤད་ན་གསང་བའི་འོས་བསྡུ་ཞིག་གི་ངོ་བོར་འོས་བསྡུ་བྱེད་ཐུབ་ཡོད་པ་མ་རེད། དེ་ཡང་མང་ཚོགས་ཚང་མས་དུས་གཅིག་ཏུ་ཕན་ཚུན་སྐད་ཆ་ཤོད་བཞིན་དང་། སུ་ལ་འོས་བླུག་དགོས་མིན་འདྲི་བཞིན་འོས་བླུག་ཡོད། ཡིན་ནའང་ཐེངས་འདིར་མང་ཚོགས་ཀྱི་ངོས་ནས་རང་ཚུགས་གང་འཚམས་བཟུང་འདུག་ལ། མི་མང་པོ་ཞིག་གིས་རང་ངོས་ནས་སོ་སོའི་འདོད་པའི་མི་རེ་གཉིས་ཀྱི་མིང་ལས་བྲི་གི་མི་འདུག ཉིན་འདིར་སྔ་དྲོ་ཆུ་ཚོད་ ༨ དང་ ༩ ནས་འགོ་འཛུགས་ཀྱིས་དགོང་མོ་ཆུ་ཚོད་ལྔ་པ་བར་འོས་བླུག་ཡོད་ལ། ཉིན་གང་པོར་འོས་བླུག་མཁན་གྱི་མི་འཚང་ཀ་ཤིག་ཤིག་བྱུང་ཡོད་ཅིང་། ཉིན་འདིར་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་གྱི་མཐོ་སློབ་ཀྱི་སློབ་མ་སྐོར་ཅིག་ས་གནས་སུ་འོས་བསྡུ་ཚོགས་ཆུང་མེད་སྟབས་ཆུ་ཚོད་གཉིས་ལྷག་གི་ལམ་ཐག་བརྒྱུད་ནས་སྦེལ་ཀོབ་གཞིས་ཆགས་སུ་འོས་བླུག་པར་འབྱོར་འདུག་ལ། ཁོང་ཚོ་མང་ཆེ་བའི་དོ་སྣང་དེ་བཀའ་ཁྲིའི་འོས་བསྡུ་ལ་བྱེད་ཀྱི་འདུག གཞན་ཡང་ཉིན་འདིར་གོ་ཐོས་བྱུང་དོན་ལ། ཕ་མ་སྐོར་ཅིག་གིས་བུ་ཕྲུག་ལ་མི་འདིར་འོས་བླུག་དགོས་སྐོར་སོགས་བརྗོད་སྐབས། བུ་ཕྲུག་ཚོས་སུ་ལ་བླུག་མིན་དེ་མི་སྒེར་གྱི་ཐོབ་ཐང་ཞིག་ཡིན་པས་བྱུས་ཏོག་མ་བྱས་ན་ཡག་པོ་ཡོད་རེད་ཅེས་བཤད་ཚུལ་འདུག་པ་དང་། ཡང་ཁྱོ་ག་ཞིག་གིས་སྤྱི་འཐུས་འོས་མིང་བཏོན་ཏེ་འདི་ཚོ་བླུག་ན་ཞེས་ལབ་དུས་བཟའ་ཟླས་ཁྱོ་གས་བཏོན་པའི་ནང་ནས་ཁ་ཤས་ཁས་ལེན་བྱས་ཡོད་མི་འདུག ཡང་ཕ་གཅིག་གིས་བུ་མོར་འོས་མི་ངོ་སྤྲོད་བྱེད་སྐབས་བུ་མོ་དེས་བུད་མེད་ཀྱི་མིང་མང་ཙམ་དགོས་པའི་ཨུ་ཚུགས་བྱས་སྟབས་གློ་བུར་དུ་བུད་མེད་ཁག་གི་མིང་དང་། ཕ་ཡུལ་སོགས་བརྩད་གཅོད་བྱེད་དགོས་བྱུང་ཡོད་འདུག དེ་ལྟར་སྤྱི་ཡོངས་ཀྱི་ཆ་ནས་ཐེངས་འདིའི་འོས་བསྡུའི་ནང་ཆ་ཤས་གང་ལེགས་བླངས་འདུག
ཡིན་ནའང་སྦེལ་ཀོབ་བོད་ཁྱིམ་ལ་མཚོན་ན། ལོ་ཚོད་དང་རང་དབང་གཅེས་འཛིན་ལག་དེབ་གཉིས་ཀའི་ཆ་རྐྱེན་ཚང་བའི་སློབ་མ་ཕལ་ཆེ་བས་འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་མེད་ལ། ཉིན་འགའི་སྔོན་དུ་སློབ་ཕྲུག་སྐོར་ཅིག་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང་འབྲེལ་བ་བྱས་པ་བརྒྱུད་དབུས་འོས་བསྡུའི་འགན་འཛིན་ལ་འབྲེལ་བ་བྱས་ཏེ་འོས་འཕེན་པ་དང་དེབ་སྐྱེལ་གཉིས་ཀ་དུས་གཅིག་ཏུ་ཡོང་ཐབས་བྱས་འདུག་ཀྱང་དབུས་འོས་བསྡུ་ལས་ཁང་གིས་ཁས་ལེན་བྱས་ཡོད་མི་འདུག དེར་བརྟེན་སྔོན་འགྲོའི་འོས་བསྡུའི་ཉིན་སློབ་མ་སྐོར་ཅིག་གིས་དེབ་སྐྱེལ་བྱེད་མ་ཐུབ་པའི་བོད་མིའི་རང་དབང་གཅེས་འཛིན་ལག་དེབ་བཅོ་ལྔ་བཅུ་དྲུག་ལག་ཏུ་བཟུང་ནས་སྦེལ་ཀོབ་གཞིས་གྲོང་དང་པོར་འགྲོ་བཞིན་འདུག ཐེངས་འདིར་དེབ་སྐྱེལ་གྱི་གོ་སྐབས་ཤོར་བའི་སློབ་མ་ཁག་གིས་བསམ་ཚུལ་གསུང་དོན་ལ། སྤྱིར་དུས་རྒྱུན་ཡིན་ན་རྩེད་མོ་རྩེ་ས་དང་། བོད་དོན་གློག་བརྙན་ལྟ་བ་ཚུན་ཆད་ལ་བོད་ཁྱིམ་སྒྲིག་འཛུགས་བརྒྱུད་འགྲོ་གི་ཡོད་པ་རེད། སྒྲིག་འཛུགས་ཀྱིས་སྣེ་ཁྲིད་བྱེད་ཀྱི་ཡོད་རེད། ཡིན་ནའང་ད་ལན་དེ་གནང་མ་སོང་ཟེར་གྱི་འདུག་ལ། གནས་ཚུལ་འདི་ལ་ཕྱིར་བལྟས་བྱེད་སྐབས་ཟླ་འགའི་དུ་ང་ཚོའི་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་པའི་སློབ་མ་ཚོས་སློབ་གྲྭའི་ནང་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་སྐོར་ཤོག་བུ་བཀྲམ་ནས་ཚོད་ལྟའི་ཉམས་ཞིབ་ཞིག་བྱས་པའི་མཐའ་འབྲས་སུ། དགེ་ལས་མང་ཆེ་བས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། སློབ་མ་བརྒྱ་ཆ་ ༨༠ ཡིས་མཁས་དབང་བློ་བཟང་སང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་སློབ་མའི་འདུས་ཚོགས་ནང་གཏམ་བཤད་བྱས་པ་རེད། གནས་ཚུལ་འདི་ཚོ་སློབ་གྲྭའི་ངོས་ནས་ང་ཚོར་ལམ་སྟོན་དང་གསལ་བཤད་ཡག་པོ་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ་གྱི་ཡོད། ཅེས་བཤད་ཀྱི་འདུག་ལ། གནས་ཚུལ་འདིའི་ཐད་བོད་ཁྱིམ་འགན་འཛིན་གྱིས་གསལ་བཤད་གནང་དོན་ལ། ཐེངས་འདིའི་འོས་བསྡུའི་དེབ་སྐྱེལ་དེ་བཞིན་རང་ངོས་ནས་བྱེད་དགོས་པ་ཞིག་ཡིན་སྟབས་གསལ་བསྒྲགས་འབྲེལ་ཡོད་ལས་བྱེད་བརྒྱུད་བཏང་བ་ཡིན། ལས་བྱེད་ཚོ་ནི་དུས་རྒྱུན་རང་དབང་གཅེས་འཛིན་ལག་དེབ་ཀྱི་དཔྱ་ཁྲལ་དང་འབུལ་བབ་བོད་ཁྱིམ་ལས་ཁུངས་བརྒྱུད་འབུལ་བསྡད་ཀྱི་ཡོད་སྟབས་ཐེངས་འདིར་ཡང་དེབ་སྐྱེལ་དེ་བཞིན་ལས་ཁུངས་ཀྱི་ངོས་ནས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། སློབ་མ་ཚོས་འོས་བསྡུའི་དེབ་སྐྱེལ་བྱེད་ཡག་ཡོད་པའི་སྐབས་སུ་དེབ་སྐྱེལ་བྱེད་ཡག་གི་ཆེད་དུ་སློབ་མར་དེབ་སྐྱེལ་བྱེད་ཕྱོགས་ཀྱི་ལམ་སྟོན་དང་དམིགས་བསལ་དུས་ཚོད་བཏོན་ཡོད་མེད་ཐད་བོད་ཁྱིམ་འགན་འཛིན་གྱིས་བརྗོད་དོན་ལ། ང་ཚོས་ལམ་སྟོན་གྱི་ལས་རིམ་སྤེལ་བ་ཏན་ཏན་བྱུང་ཡོད་མ་རེད། ང་ཚོའི་ངོས་ནས་འོས་བསྡུའི་དེབ་སྐྱེལ་བྱེད་ཡག་གི་ཆེད་དུ་དམིགས་བསལ་དུས་ཚོད་བཏོན་མེད། ཅེས་འགྲེལ་བརྗོད་གནང་སོང་། ཐེངས་འདིའི་བོད་ཁྱིམ་གྱི་གནས་ཚུལ་ལ་ལྷོ་ཕྱོགས་ཁུལ་གྱི་སེར་སྐྱ་མང་ཚོགས་ལ་ཚོར་སྣང་ཧ་ཅང་ཆེན་པོ་འདུག་ལ། གནས་ཚུལ་གང་ཡིན་གསལ་པོ་ཤེས་རྟོགས་ཆེད་གུས་པ་གསར་འགོད་པ་ཡིན་སྟབས་ཉིན་གཅིག་གི་ནང་ཁ་པར་ཐེངས་མང་བཏང་བྱུང་ལ། གནས་ཚུལ་དངོས་གང་འདྲ་ཡིན་མིན་སྐད་ཆ་འདྲི་གི་འདུག་ཅེས་བཤད་འདུག ལྟོས་དང་འཇིགས་བྲལ་གྱིས་བཤད་པ་བཞིན་དབུས་གཙང་ཆོལ་ཁ་དེ་དེ་འདྲེའི་ཞེན་ཁོག་ཆེན་དང་མ་རབ་ཞིག་ཡིན་ན་བློ་བཟང་སེང་གེ་འོས་ཐོབ་ཡ་རེ་བ་ཡོད་པ་རེད་དོ། མི་ལ་མ་ཉེས་ཁག་གཡོག་མ་བྱས་བཟང་གི་རེད་ད། ལྷག་པར་དུ་ཨ་རིའི་གསར་འགོད་པ་ཞིག་གི་ངོས་ནས་ཆོལ་ཁའི་ཕྱོགས་ཞེན་དེ་འདྲའི་ནང་ཞུག་ན་གསར་འགོད་པའི་ལས་གནས་ཤོར་རྒྱུ་ཉག་གཅིག་མ་རེད་དམ། ཧཧཧཧཧཧཧཧཧཧཧ
དྲ་གྲོགས་ཚོ་ཁམས་བཟང་། བཙན་འཕྲོག་བྱས་པའི་འོས་སྒམ་༡༩ དེ་དག་ད་ལྟ་ཚུར་སྤྲད་ནའང་ང་ཚོས་བརྩི་མེད་གཏོང་དགོས། དེ་ནི་དོགས་གནས་ཅན་གྱི་ཁྲིམས་དང་མི་མཐུན་པ་ཞིག་ཆགས་ཟིན་སྟབས་དབུས་འོས་བསྡུ་ལས་ཁང་ནས་བརྩི་མེད་གཏོང་རྒྱུ་ཡིན་ཞེས་ཕྱིར་བསྒྲགས་གནང་བ་དེ་འགྲིག་ཡོད།
འོས་སྒམ་བཙན་འཕྲོག་བྱས་པའི་དོན་རྐྱེན་འདི་གནད་དོན་ཆ་ཚང་རྒྱ་ནག་གཞུང་དང་། བལ་ཡུལ་གཞུང་ཁོ་ན་ཡིནཔའི་ངེས་པའང་ཐ་གཅིག་ཏུ་མེད།
འོས་སྒམ་བཙན་འཕྲོག་བྱས་པའི་དོན་རྐྱེན་འདི་དང་འབྲེལ་བ་ཡོད་པའི་བོད་རིགས་བློ་མཐུན་འགའ་ཤས་ཡོད་སྲིད། དེར་བརྟེན་ང་ཚོས་དོན་རྐྱེན་འདིའི་བརྒྱབ་ལྗོངས་ཀྱི་རྣམ་པ་དེ་གང་འདྲ་ཞིག་ནས་བྱུང་ཡོད་མེད་ཐད་ལའང་རྩད་ཞིབ་ཡག་པོ་བྱེད་ཐུབ་པ་དགོས།
གཅིག་ནས་ང་ཚོར་འོས་བསྡུའི་ལས་རིམ་ལ་འགོག་རྐྱེན་བཟོས་ཡོད་མོད། གཉིས་ནས་ང་ཚོས་དངོས་གཞིའི་འོས་བསྡུའི་ཐད་ལས་ཀ་ཞིབ་ཚགས་དང་། གོ་སྒྲིག་མཐུས་ཚང་། འཆར་གཞི་ཚད་ལྡན། རིགཔ་དངྭང་གསལ། ལས་དོན་ལེགས་གྲུབ་བཅས་ཡོང་པའི་ཆ་རྐྱེན་ཞིག་དུ་བསྐྲུན་ཐུབ་རྒྱུར་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་། ལའ་འཕར་འགན་འཛིན་གཉིས་ཀྱིས་བཀོད་ཁྱབ་འོག་ས་གནས་ཁྱོན་ཡོངས་ཀྱིས་རིག་པ་དངྭང་གསལ་དང་ལས་དོན་ཚགས་ཚུད་ཡོང་སླད་ལ་ཤུགས་གནོན་རྒྱག་དགོས།
སྐུ་ཞབས་བློ་བཟང་སེང་གེ་ལགས།
བལ་ཡུལ་གཞུང་གིས་བལ་ཡུལ་བོད་མིའི་འོས་སྒམ་ཕྱིར་ལོག་མི་བྱེད་ན། ངས་གནད་དོན་འདིའི་ཐད་ལ་བལ་ཡུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིབ་དཔྱོད་པ་གཏོང་དགོས་པའི་སྙན་ཞུ་འབུལ་གྱི་ཡིན། ཞེས་ཕྲུ་གུ་ཆུང་ཆུང་ཚོར་ཤེད་སྣང་སྔོག་གི་ཡོད་པའི་སྲོལ་འདྲ་བྱེད་དགོས་དོན་མེད། ཞིབ་དཔྱོད་པ་གཏོང་རྒྱུ་ཡོད་ན་འདྲ། ག་རེ་བྱ་རྒྱུ་ཡོད་ན་ད་བྱ་རན་རེད་མ་གཏོགས། བཤད་སྡོད་སྐབས་མ་རེད། སྐུ་མཁྱེན།
ནཱ་གྷཱ་རཀྵ། གྲོགས་པོ་ལགས། རིགས་རྒྱུད་དེ་དག་མཁྱེན་འདོད་ན་བོད་ཀྱི་སྲིད་དོན་རྒྱལ་ཐེངས་ཤིག་ཀློགས། རིགས་རྒྱུད་ཚོས་ཀྱང་ཁོང་ཚོ་བོད་ཀྱི་རྒྱུད་པ་ཡིན་ཟེར་གྱིན་ཡོད་པ་མ་ཟད། རིགས་རྒྱུད་དེ་ཚོས་ངོ་མ་དང་རྫུན་མ་གང་ཡིན་ཡང་ཁོང་ཚོས་ང་ཚོའི་རང་བཙན་ལག་དེབ་བརྒྱུད་ནས་ཁེ་སང་ཟ་མཁན་མི་ཉུང་བ་ཞིག་ཀྱང་ཡོད་རེད། གང་ལྟར་ཁོང་ཚོ་ནི་ནང་པ་ཡིན་འཁྲུལ་མེད་རེད། སྟོན་པ་གཅིག་གི་རྗེས་འཇུག་པ་ཡིན་པ་གཅིག་པ་རེད། བོད་ཀྱི་གནད་དོན་ནི་ནང་པ་སངས་རྒྱས་པའི་ཆོས་ཆགས་འཇིག་པའི་གནད་དོན་ཞིག་ཡིན་པས་ཁོང་ཚོ་དེའི་ཆེད་དུ་རང་སྲོག་ཚུད་ཆད་ནས་གཏོང་ཐུབ་པ་དགོས་ངེས་རེད། གལ་ཏེ་སྲོག་བློ་གཏོང་ཟེར་བ་ནི། ཁྱོད་དང་ང་གཉིས་ཙམ་གྱི་ཆེད་དུ་སུས་ཀྱང་རང་སྲོག་བློ་གཏོང་གིན་མ་རེད། རྒྱ་ཆེ་ས་དང་ཆུང་སའི་ས་མཚམས་ཤེས་པར་གྱིས། མ་གཞི་ཁྱེད་རང་གུ་དོག་པོའི་ལུང་པ་ཞིག་ནང་ཡོད་ས་རེད། བསམ་བློ་ཆུང་ཆུང་དང་གུ་དོག་ཞེ་དྲག་རེད་འདུག་ལོ
མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་མཁན་ཞིག་གིས་དགོས་པའི་དུས་ལ་མདུན་དུ་ཐོན་པར་སྙིང་ནས་ཡི་རང་ཞུ། ཁྱེད་ཀྱིས་མུ་མཐུད་དེ་བོད་ཀྱི་སྐྱོ་སྡུག་ཡོངས་ལ་ཐུགས་འགན་ཁུར་བའི་རེ་བ་ཧ་ཅང་ཆེ། ཁྱེད་ནི་བོད་གངས་ཅན་གྱི་མི་རབས་གསར་བའི་དབུ་འཁྲིད་འཚམ་ཤོས་དེ་རེད།
བློ་སེང་གི་གཏམ་དང་དེའི་མཆན་ཚང་མ་བཀླགས་པ་ཡིན། གཙོ་བོ་བལ་ཡུལ་གྱི་བོད་མི་དེ་ཚོའི་འོས་ཤོག་འཕྲོ་བརླག་ལ་མི་འགྲོ་བ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད། གལ་སྲིད་བལ་གཞུང་གིས་འོས་སྒམ་དེ་ཚོ་ཕྱིར་སྤྲོད་རྒྱུ་མིན་ན་འོས་བསྡུ་ལས་ཁུང་གིས་ཐབས་ཤེས་གསར་བ་ཞིག་བཙལ་ནས་བལ་ཡུལ་བོད་མི་ཚོར་འོས་ཤོག་བླུགས་བཅུག་དགོས།
མི་ཉག་སྐལ་བཟང་ཟེར་བ་དེས་ཆོ་མེད་པ་དང་བསམ་བློ་་མ་བཏང་བའི་སྐད་ཆ་རང་བཤད་འདུག ༼ང་ཚོའི་ཆེད་དུ་སྲོག་ཀྱང་གཏོང་མི་ཆོག་པ་མེད་ཅིང་།༽མི་སུས་ཁྱེད་རང་གི་ཆེད་དུ་སྲོག་གཏོང་གི་རེད་དམ། གལ་སྲིད་མི་ཉག་སྐལ་བཟང་གིས་མཆན་འདི་མཐོང་ན་ལན་ཞིག་སྤྲོད་རོགས།
བརྗོད་གཞི་དང་འབྲེལ་བ་བྱུང་མ་སོང་པས་དགོངས་དག་ཞུ་། །དྲ་གྲོགས་ཚོ་དེ་རིང་དགོངས་མོ་ཕྷ་རན་སི་རྒྱལ་ས་པ་རི་སི་བལ་ཡུལ་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་ བལ་ཡུལ་གཞུང་གིས་འོས་སྒམ་བཙན་འཕྲོགས་བྱས་པ་ལ་ངོ་རྒོལ་སྐད་འབོད་ཆུ་ཚོད་གཉིས་མ་ཟིན་རིང་བྱས་སོང་། དེ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པ་ཞིག་རེད་ལ་ ད་དུང་གཟའ་སྤེན་པའི་ཉིན་ལའང་སྐད་འབོད་གནང་རྒྱུ་རེད་འདུག་། མཁྱེན་རྟོགས་ཙམ་ཡོང་སླད་ཞུས་པ་ཡིན་། བོད་རྒྱལ་ལོ་།
སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་ལངས་མཁན་མི་གྲངས་ཉི་ཤུ་ལྷག་ཙམ་ཡོད། སྔོན་འགྲོའི་འོས་བསྔུའི་འགོ་མ་བཙུགས་གོང་ང་ཡང་བཀའ་བློན་ཁྲི་པ་བྱ་རྒྱུ་ཡིན་ཟེར་བ་མང་དག་གཅིག་ཐོན་ཡོང་གི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོའི་ལམ་ལུགས་ལྟར་ཐད་དཀར་མི་དམངས་ཀྱི་འོས་འདེམས་ཉིན་དེར་བཀའ་ཁྲི་གཅིག་དང་ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་ཐམ་པ་རང་གི་འོས་ཤོག་ལོངས་སུ་སྤྱོད་སྐབས་སྟབས་མ་ལེགས་པར་བལ་ཡུལ་ནང་དུ་ནང་སྲིད་ལས་ཁུངས་བཀའ་རྒྱ་འོག་ཏུ་འོས་སྒམ་བཙན་འཕྲོག་བྱས་པ་དེར་སེམས་འཚབ་དང་ཡིད་སྐྱོ་བ་ཞིག་རེད། ཡིན་ནའང་། གནས་ཚུལ་དེ་འདྲ་ཞིག་ཡོང་དུས་གོང་དུ་ང་བཀའ་ཁྲིའི་འོས་མི་ལངས་པ་ཡིན་ང་བཀའ་བློན་ཁྲི་པ་ཆགས་པ་ཡིན་ན་༧གོང་ས་མཆོག་གིས་དབུ་ཁྲིད་འོག་བོད་ཀྱི་རྩ་དོན་ཐོག་ངས་དེ་བྱ་རྒྱུ་ཡིན་ངས་དེ་ལྟར་ལག་བསྟར་བྱ་རྒྱུ་ཡོད། ད་དུང་ཡང་བོད་ཀྱི་མི་རིགས་དང་རྩ་དོན་ཐོག་བྱ་རྒྱུ་དང་སྒྲུབ་མང་པོ་ཡོད་ཟེར་ནས་མི་དམངས་འདུ་འཛོམས་སྟེང་དུ་གཏམ་བཤད་གནང་མཁན་དང་བླང་གི་བཀའ་ཁྲི་དེ་ཚོའི་ནང་མཁས་དབང་བློ་བཟང་སེང་གེ་མ་གཏོགས་བལ་ཡུལ་གནས་ཚུལ་དེ་ཧ་མ་གོ་རེད་དམ། ཡང་ན་དམངས་གཙོའི་ལམ་ལུགས་ལ་གཏོར་བཤིག་བཏང་བ་དེར་ཁྱེད་ཚོས་རྒྱབ་སྐྱོར་བྱེད་འདོད་མེད་པ་རེད་དམ། ང་བཀའ་བློན་ཁྲི་པ་བྱ་རྒྱུ་ཡིན་ཟེར་བ་དེ་རྫུན་མ་ཡིན་ནམ། བྱེད་འདོད་ཡོད་ན་རྒྱ་ནག་གིས་གནོད་ཤུགས་སྤྲད་པ་དེ་བལ་ཡུལ་འོས་སྒམ་གྱི་གནས་དོན་དེ་སེལ་དང་། ཁྱེད་རང་བཀའ་ཁྲི་འོས་དང་མི་འོས་གནས་དོན་དེ་ནས་ཤེས་ཐུབ་
ད་ཆར་བལ་ཡུལ་གྱི་ཁོངས་སུ་འཚུད་ཡོད་པའི་ཤར་པ་དང་རྟ་དམག གུ་རུ་ཟེར་བ་དེ་ཚོ་བོད་ཀྱི་རིགས་རྒྱུད་ཡིན་ཟེར་བ་བདེན་ན། ཁོང་ཚོའི་སྙིང་ལ་ཁྲག་རྩ་མེད་པ་ཤ་སྟག་ཡིན་པ་དང་བོད་རིགས་ཡིན་ཞེས་ཟེར་སྲོལ་ཙམ་ཡིན་པ་འདྲ། ངོ་མ་བཤད་ན། ཁོང་ཚོས་ང་ཚོར་རྒྱབ་སྐྱོར་གྱིས་བལ་ཡུལ་གཞུང་ལ་ངོ་རྒོལ་བྱ་ཆོག་ལ། ང་ཚོའི་ཆེད་དུ་སྲོག་ཀྱང་གཏོང་མི་ཆོག་པ་མེད་ཅིང་། ཡིན་ནའི་དེ་ལྟར་ལ་རྒྱ་དང་བློ་སྟོབས་ཆུང་དྲགས་བའི་འབུ་སྲིན་དང་དུད་འགྲོ་འདྲ་བའི་མི་རིགས་དེ་ཚོ་བོད་རིགས་ཟེར་བ་ནི་རྒྱུ་མཚན་དུ་མཐོང་མ་སོང།
བློ་བཟང་སེང་གེ་མཆོག་གིས་དཀར་ནག་དབྱེ་བ་འབྱེད་ནས་བསམ་ཚུལ་འདི་འདྲ་ཞིག་སྟོན་པ་བསྔགས་བརྗོད་དང་རྗེ་ས་སུ་ཡིད་རང་ཡོད་།
དྲུག་ཏུ་རྒྱ་ནག་དབུས་དམར་ཤོག་ཚོགས་པས་གུང་ཁྲན་ཏང་གི་ནང་དུ་ད་ཆ་གུང་ཁྲན་ཏང་གི་ཤོག་ཁག་གཉིས་པ་ཞིག་གསར་དུ་འཛུགས་རྒྱུར་གྲ་སྒྲིག་ཨང་གསར་བྱེད་བཞིན་པ་དང་སྤྲགས་རྒྱ་ནག་གི་སྟོབས་ཤུགས་དེ་གླིང་ཆེན་ཨེ་ཤ་ཡའི་ནང་ངོམ་ཤུགས་ཆེ་རུ་བཏང་ཡོད་པ་དེ་ར་སྤྲོད་བྱེད་བཞིན་ཡོད།
བདུན་ནས་བལ་ཡུལ་གྱི་སྲིད་གཞུང་རང་ཉིད་ད་ལྟ་རྒྱ་མིའི་ཆབ་སྲིད་ཀྱི་གཡོ་བྱུས་འོག་ཚུད་ནས་བལ་ཡུལ་སྲིད་གཞུང་དང་། བལ་པོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་བརྟན་བརླིང་མེད་པར་ཉམ་ཉེས་སམ་ཕམ་ཉེས་འགྲོ་གཞིའི་གནད་དོན་ཕྱིར་རུ་མངོན་བཞིན་ཡོད།
བརྒྱད་ནས་བལ་ཡུལ་ཙམ་མ་ཟད་ད་ལྟ་རྒྱ་གར་གྱི་ས་མཚམས་དང་འབྲེལ་ཡོད་སྟབས་རིང་མིན་རྒྱ་གར་སྲིད་གཞུང་གིས་མཇའ་མཚམས་ས་ཁུལ་ཁག་ལ་དོ་ཕོག་དང་བརྟན་བརླིང་མེད་པའི་དཀའ་ངལ་མང་དག་གཅིག་གཞི་ནས་མགོ་བཙུགས་བྱེད་བཞིན་ཡོད།
དགུ་ནས་རྒྱ་ནག་གི་དམག་དོན་དང་། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་སྟོབས་ཤུགས་དེ་ད་ཆ་གླིང་ཆེན་ཨེ་ཤ་ཡའི་ཁྱོན་ཡོངས་ལ་སྔར་བས་ཇེ་ཤུགས་ཆེ་རུ་བཏང་ནས་འབྱུང་འགྱུར་ཕྱི་ལོ་༢༥ ནས་ ༣༥ བར་ཐད་ཀར་སྟོབས་ཆེན་ཨ་རི་སོགས་ལའང་འགྲན་རྩོད་ཀྱི་རྣམ་པ་དེ་མངོན་གསལ་དོད་པོར་མཐོ་རུ་འགྲོ་བཞིན་ཡོད།
བཅུ་ནས་བོད་ཀྱི་གནད་དོན་དང་། ཤིང་ཅང་གྱི་གནད་དོན་སོགས་ཚུད་པའི་ཉི་ཧོང་དང་། རྒྱ་གར། བལ་ཡུལ་སོགས་ཕྱོགས་གང་ས་སྤྱི་ཐད་ལ་རྒྱ་ནག་གིས་དཀའ་ངལ་དང་དབང་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་སྟབས་ྸ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་དག་ལའང་རིམ་པས་ཕྱི་ ༢༠༥༠ ནང་ཚུད་དུ་རྒྱ་ནག་གིས་དྲག་པོའི་དཔའ་དང་དཔུང་གིས་དབང་ཤུགས་རིམ་བཞིན་སླེབས་རྒྱུར་ཐེ་ཚོམ་ཁྱོན་ནས་མེད།
དེར་བརྟེན་དཀའ་ཚེགས་འདི་དག་ལའང་སྣང་མེད་དུ་རང་དགར་བཞག་ཚེ་འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་ཤིག་གི་ནང་འཛམ་གླིང་ནང་ཆེས་ཉེན་ཁའི་རང་བཞིན་ཅན་གྱི་གནད་དོན་གཅིག་དང་ཞི་བདེ་མེད་པའི་འཛམ་གླིང་ཞིག་ཏུ་འགྱུར་རྒྱུར་འཇིགས་སྣང་ཆེན་པོ་སྐྱེ་གཞི་ཆགས་ཡོད་སྟབས་ཚང་མས་ངོ་རྒོལ་དང་ཁ་གཏད་དུ་དུས་ཐོག་ལངས་ཐུབ་པ་ཞིག་བྱེད་དགོས།
གཅིག་ཏུ་བལ་ཡུལ་གཞུང་གི་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པ་དེས་ཐད་ཀར་བོད་མི་རིགས་ཀྱི་རྩ་དོན་དོན་སྨིན་ཡོང་བར་འགོག་རྐྱེན་བཟོ་བཞིན་ཡོད་པའི་བྱེད་བབ་མངོན་གསལ་དོད་པོར་གསལ་སྟོན་བྱས་ཡོད་སྟབས་ང་ཚོས་ཐ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་དུས་ཐོག་ཏུ་བྱེད་དགོས།
གཉིས་སུ་འོས་སྒམ་བཙན་འཕྲོག་བྱས་པ་དེས་འཛམ་གླིང་འགྲོ་མིའི་རིགས་ཀྱི་དམངས་གཙོ་དང་རང་དབང་ལ་གུས་བརྩི་མེད་པའི་བྱེད་བབ་གསལ་སྟོན་བྱས་ཡོད་པས་ང་ཚོས་གང་སར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་དགོས།
གསུམ་དུ་བལ་ཡུལ་རྒྱལ་ཁབ་དང་བལ་མི་རིགས་ཀྱི་ཆབ་སྲིད་དང་། དམངས་གཙོ། རང་དབང་། བདེ་སྐྱིད་བཅས་ལ་སྲུང་བརྩི་བྱེད་མ་ཐུབ་པར་བལ་ཡུལ་རང་ཉིད་རྒྱལ་ཁབ་དེ་ད་ཆ་རྒྱ་མིའི་ངན་བྱུས་འོག་འགྲོ་བཞིན་ཡོད་པ་དེ་གསལ་སྟོན་བྱས་ཡོད་སྟབས་ང་ཚོས་བལ་གཞུང་ཙམ་མ་ཟད་ལྷག་དོན་བལ་ཡུལ་མི་དམངས་ལ་ངོ་སྤྲོད་དང་གསལ་བཤད་བྱེད་ཐུབ་པ་དགོས།
བཞི་ནས་བོད་དང་བལ་ཡུལ་གཉིས་ཀྱིས་ལོ་རྒྱུས་དེ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་འབྲལ་ལམ་ཟབ་མོ་ཡོད་པའི་རྒྱལ་ཁབ་དང་མི་རིགས་གཉིས་ཡིན་སྟབས་ང་ཚོའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ཟབ་རྒྱས་གཏོང་རྒྱུར་བསྐུལ་དེད་གཏོང་དགོས།
དེ་ནི་བོད་ཀྱི་རྩ་དོན་གཅིག་བུ་མ་ཡིན་པར་བལ་ཡུལ་རང་ཉིད་ཀྱི་རྩ་དོན་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་དེར་གསལ་བཤད་དང་ངོ་རྒོལ་མཉམ་དུ་བྱེད་དགོས།