རིག་གཞུང་ལ་བཙན་འཛུལ་བྱེད་པ་ནི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཡིན།
རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་ལ་བོད་གངས་ཅན་གྱི་ས་ཁུལ་སོ་སོར་མངོན་ཤུགས་བརྒྱུད་གསུམ་གྱི་ཐབས་ཚུལ་སྣ་ཚོགས་ཀྱིས་བོད་མི་རིགས་ཀྱི་མི་རིགས་འདུ་ཤེས་ཉམས་དམས་སུ་བཏང་ནས་རིམ་བཞིན་མི་རིགས་ཀྱི་ངོ་བོ་མེད་པར་གཏོང་རྩིས་བྱས་དང་བྱེད་ཀྱིན་ཡོད་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་མི་རབས་གསར་བའི་མི་རིགས་ཀྱི་འདུ་ཤེས་དེ་སྔར་ལས་ཤུགས་ཆེ་རུ་གྱུར་བར་མ་ཟད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཕོད་པའི་སྙིང་སྟོབས་གསར་བ་ཞིག་རྒྱས་ཡོད། ཉིས་སྟོང་བརྒྱད་ནས་ལར་ཞེན་དང་སྙིང་སྟོབས་འདི་བླ་ལྷག་གིས་མངོན་འགྱུར་བྱུང་ཞིང་རྣམ་དཔྱོད་དང་དཔའ་ངར་ལྡན་པའི་ཤེས་ཡོན་པ་མི་ཉུང་བ་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་སྙུག་རྩེ་གནད་དོན་འདིར་གཏད་ཐུབ་པ་ནི་རྒྱལ་ཁ་གསར་བ་ཞིག་ཡིན།
ཉེ་ཆར་བོད་མདོ་སྨད་ཀྱི་ས་ཁུལ་མང་པོ་ཞིག་ལ་བོད་ཀྱི་སྐད་ཡིག་སློབ་ཚན་ཙམ་ལས་ལོ་རྒྱུས་ཀྱིས་གཙོས་རིག་གཞུང་གཞན་དག་འཆད་གླེང་འབྲི་གསུམ་མི་ཆོག་པའི་བཙན་བཀའ་ཞིག་འབེབས་བཞིན་པ་ནི་མངོན་སུམ་འཛེམ་མེད་ཀྱིས་མི་རིགས་ཀྱི་རིག་གཞུང་ལ་བཙན་ གནོན་བྱས་པའི་ཐབས་ཟད་འུ་ཐུག་གི་བྱེད་ཐབས་དེ་ཡིན། མི་རིགས་ཀྱི་རིག་གཞུང་བཙན་གནོན་དང་ཞོར་དུ་རྒྱའི་སྐད་ཡིག་དང་ལོ་རྒྱུས་སོགས་ཤུགས་ཆེ་གཏོང་བཞིན་པས་བཙན་འཛུལ་གྱི་རྣམ་པ་ཡང་མངོན་གསལ་དུ་གྱུར།
དྲག་པོ་དམག་གི་བཙན་འཛུལ་གྱིས་བོད་མི་རིགས་རྩ་མེད་གཏོང་མ་ཐུབ་པ་དང་། ཞི་བ་ལྐོག་གཡོའི་སྲིད་ཇུས་ཅི་རིགས་ཀྱིས་ཀྱང་མགོ་སྐོར་གཏོང་མ་ཐུབ་པའི་གནས་སྐབས་འདིར་མངོན་སུམ་དུ་ཞི་དྲག་གཉིས་ཀྱི་བཙན་འཛུལ་ཤུགས་ཆེར་གཏོང་བཞིན་པ་འདིས། མི་རིགས་འདྲ་མཉམ་དང་དམངས་གཙོ་ཟེར་བ་དག་དོན་གྱིས་སྟོང་བའི་ཁ་གཡང་ཙམ་ཡིན་པ་དངོས་སུ་ར་སྤྲོད་ཀྱིན་པ་རེད།
འོན་ཀྱང་བཙན་འཛུལ་གྱི་མེ་ལྕེ་འདིས་བོད་མི་རིགས་ཀྱི་འཁོན་སེམས་དང་ལར་ཞེན་གྱི་མེ་རུ་འབར་གས་ཀྱིས་བཙན་འཛུལ་པ་རང་ཉིད་བསྲེག་རྐྱེན་དུ་འགྱུར་ངེས། ང་ཚོས་མུ་མཐུད་དེ་དངོས་ལུགས་དང་ཁྲིམས་མཐུན་གྱི་ཞི་བའི་ངོ་རྒོལ་གྱི་ཆུ་ལོག་ཕྱོགས་ཡོངས་ནས་རྟོལ་དགོས། མི་རིགས་ལ་རང་དབང་འདྲ་མཉམ་གྱི་ཐོབ་ཐང་མེད་ལ་མི་དམངས་ལ་དམངས་གཙོ་མེད་པའི་ཏང་སྲིད་འདིའི་ཚེ་སྲོག་མྱུར་དུ་འཆད་ངེས། འཆད་དགོས། འཆད་པར་ཤོག།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་སྤེལ།
དྲག་ཤུགས་དང་མེ་མདའི་སོ་བར་ནས་མིའི་རིགས་ཀྱི་འཚོ་གནས་རང་དབང་གི་འདུ་ཤིས་ཉམས་དམས་སུ་གཏོང་འདོད་པ་ནི་ཐབས་ཟད་འུ་ཐུག་གི་ལས་སྦྱོར་ཞིག་ལས། དམིགས་དོན་བདེ་ལེགས་ངང་འགྲུབ་ཐབས་ཀྱི་སྲིད་ཇུས་ཡང་དག་ཅིག་དང་། འཚོ་གནས་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་དུ་འཛིན་ཐུབ་པའི་ཁྲིམས་སྒྲིག་ཡང་དག་ཅིག་ཇི་ལྟར་ཡིན།
མ་གཞི་མིའི་རིགས་དྲག་པོ་དམག་གི་གཏུམ་སྤྱོད་ལ་ཧ་ཅང་འཇིགས་སྣང་དང་སྐྲག་སྣང་ཆེ་ནའང་། ངས་བསམ་ན་འདི་ནི་མངོན་གྱུར་གྱི་བཙན་འཛུལ་ཞིག་དང་། མངོན་གྱུར་གྱི་བཅོམ་འཕྲོག་ཅིག། མངོན་གྱུར་གྱི་གཏོར་བཤིག་ཅིག་དང་། མངོན་གྱུར་གྱི་དྲག་གནོན་ཞིག་ལས་གཞན་གང་ཡང་མ་རེད་འདོད་གི
དེ་ལས་ང་ཚོ་འཇིགས་སྣང་དང་སྐྲགས་སྣང་ཆེས་ཆེ་ས་ཞིག་ཡོད་པ་ནི། ཁ་འཇམ་ཁོག་རུལ་གྱི་གཡུལ་འཐབ་ལྟ་བུའི་ལྐོག་ལྐོག་སབ་སིབ་ཀྱི་གཡོ་ཇུས་མགོ་དགུ་མའི་ལས་སྦྱོར་འདི་རེད། འདིས་མིའི་འཚོ་གནས་ཀྱི་མ་རྐང་གཅོག་ངེས་ཡིན་པ་མ་ཟད། མི་དང་མིའི་བར་གྱི་དམ་ཚིག་ཤེལ་དཀར་གྱི་སྒོ་ང་ཡང་དཀྲུག་ངེས་རེད། མ་ཟད་མིའི་རིགས་ཀྱི་སྐད་དང་ཡི་གེ་རང་སྟེང་ནས་ཉམ་ཉེས་སུ་འགྲོ་རུ་འཇུག་ངེས་ཡིན་པ་མ་ཟད། མི་རིགས་རང་ལུགས་ཀྱི་རྐང་འདྲེན་པ་ཚོ་གཡོ་སྦྱོར་གྱི་ལམ་ལ་ཁྲིད་ངེས་རེད།
ཡིན་ནའང་ང་ཚོ་སད་སོང་། ང་ཚོ་ཚང་མ་སད་སོང་། གནའ་མི་ཞིག་གིས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་གྱི་རང་དབང་སྒྲགས་གཏམ་སྤེལ་བ་དེ། ང་ཚོས་ཐོས་སོང་། ང་ཚོ་ཚང་མས་ཐོས་སོང་། བདེན་དོན་དང་གནས་ལུགས་ཀྱི་རྒྱབ་རི་བརྟན་པོ་དེས། ང་ཚོར་རང་ཉིད་རང་སྟེང་ནས་འཚོལ་དགོས་པའི་སྙིང་སྟོབས་དང་སེམས་ཤུགས་ཤིག་བྱིན་སོང་།
ཁོ་བ་ཚང་གིས་མི་རིགས་འཚོ་གནས་ཀྱི་བཙན་འཛུལ་དང་སྐད་ཡིག་རང་དབང་གི་གཉའ་གནོན་ཇི་ལྟར་བྱས་རུང་། ང་ཚོ་ནི་ཤེས་རྟོགས་ཀྱིས་སད་ཡོད་ལ། བདེན་དོན་གྱིས་སད་ཡོད། གནས་ལུགས་ཀྱིས་སད་ཡོད་ལ། དོགས་དཔྱོད་ཀྱིས་སད་ཡོད། ལག་ལེན་གྱིས་སད་ཡོད་ལ། མདུན་བསྐྱོད་ཀྱིས་སད་ཡོད། དུས་བབ་ཀྱིས་སད་ཡོད་ལ། རིག་སྟོབས་ཀྱིས་སད་ཡོད།
བོད་ཀྱི་མི་རབས་གསར་པའི་་སྣྙིང་སྟོབས་དང་དཔའ་རུས་ལ་ནམ་ཡང་ཞུམ་པ་མེད།རྨ་འབྲི་རྡྫ་གསུམ་གྱི་ཆུ་རྒྱུན་ཇི་བཞིན་བཞུར་རྒྱུན་ཇེ་རིང་དང་རྒྱུག་ཤུགས་ཇེ་དྲག་ཡིན།ང་ཚོས་ནམ་ཡང་མགོ་མི་སྨད་གཉའ་མི་སྒུར།
ནད་པ་ནི་ནད་པ་རང་རེད།
སྐད་ཆ་བཤད་སྟངས་ལ་བལྟས་ན་ཁོའི་ན་ཚ་དེ་སྙིང་ནད་ཁ་ལེ་ནག་པོ་ཡིན་ཚོད་འདུག
སྨན་པ་མཁས་པ་ཞིག་མིན་ན་ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བའི་ནད་གཞི་འདི་རིགས་ཉེན་ཁ་ཆེ།
ཞི་བ་ལྐོག་གཡོའི་སྲིད་ཇུས་ཅི་རིགས་ཀྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་མགོ་སྐོར་ཚད་མེད་གཅིག་བཏང་ཡོད། དྲག་པོ་དམག་གིས་བཙན་འཛུག་གྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་འདི་ཁ་བཏོར་དུ་བཏང་ཡོད།
འོན་ཀྱང་ཕམ་ཁའི་ཁྲོད་ན་རྒྱལ་ཁ་ཡོད་ལ་ཉེན་ཁའི་ཁྲོད་ན་བདེ་འཇགས་ཡོད།
རྒྱལ་ཁ་བླངས་དགོས་ན་ཕམ་ཁ་ཁུར་དགོས། བདེ་འཇགས་ཐོབ་བསམས་ན་ཉེན་ཁའི་ནང་འཛུལ་དགོས།
རང་དབང་མེད་པའི་ཏང་སྲིད་འདིའི་སྲོག་རྩ་གཅོད་དགོས་ན་ལེ་བར་ཁྲི་ཕྲག་གིས་ས་ནས་བསམ་ཚད་སྟོང་བསམ་ཡིན། བཤད་ཚད་དོན་མེད་ཡིན། བྱས་ཚད་འབྲས་མེད་ཡིན།
ད་ཐེང་ཆབ་བྲག་ལྷ་མོ་སྐྱབས་ཡག་པོ་བྲིས་འདུག་ ཡིན་ནའང་༧ གོང་ས་མཆོག་ནས་ཚེས་༡༢ཉིན་བྱང་ཁེ་ལེ་ཧྥོ་ནི་ཡའི་བོད་མི་ཚོར་གནང་བའི་བཀའ་སློབ་ནང་དོན་ཆབ་བྲག་ལྷ་མོ་སྐྱབས་ལ་རེད་འདུག ༼དེང་སང་བོད་མི་མི་ཉུང་བ་ཞིག་ཕྱི་རྒྱལ་ཁག་ཏུ་ཁྲིམས་འགལ་གྱིས་འགྲོ་མཁན་མང་དུ་སོང་ཡོད་པ་དང། ལྷག་པར་དུ་ཉེ་ཆར་བོད་རིག་པའི་ཚོགས་འདུར་རྒྱ་གར་ནས་བོད་པ་ཁག་ཅིག་ཞུགས་ཐུབ་ཐབས་བྱས་པར་རིགས་ཅིག་ཕྱིར་ལོག་མ་བྱས་པའི་གནས་ཚུལ་གོ་རྒྱུ་འདུག དེ་ཚོ་ནི་མགོ་བདེ་ཕྲན་འཕྲུལ། སྐྱག་རྫུན་མ་བིས་ཁོ་ནར་བཤད་དེ་བོད་སྤྱི་པའི་མཚན་མཐོང་ཆུང་དུ་གཏོང་གི་ཡོད་རེད། ༽ པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འམ་ people smuggler ཀྱི་ཚོགས་གཙོ། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་སྤེལ། ཧ་ཧ་ཧ་ཧ་ ཧ་ཧ་ཧ་ཧ་ཧ་
བོད་མི་རིགས་འདི་ཡི་ལས་དབང་དེ་ཉམས་མེད་དངོས་གསལ་དོད་པ་ཞིག་རེད་འདུག བོད་ནང་བོད་རིགས་སྤུན་ཟླ་རྣམ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད།
(ང་ཚོས་མུ་མཐུད་དེ་དངོས་ལུགས་དང་ཁྲིམས་མཐུན་གྱི་ཞི་བའི་ངོ་རྒོལ་གྱི་ཆུ་ལོག་ཕྱོགས་ཡོངས་ནས་རྟོལ་དགོས།)ཞེས་པའི་སྐུལ་མ་གནང་བ་འདི་ཉེན་ཀ་འདྲ་ཞིག་ཏུའང་མཐོང་སོང་། ཡང་ཚིག་འདིའི་ནང་དུ་༼ང་ཚོ་༽ཟེར་བ་འདི་འདུ་གི་མ་རེད། ང་ཚོས་འདི་ན་ཅང་བ་གི་ཡོད་ནི་མ་རེད། ད་བོད་ནང་ནས་འདི་ལྟར་རྒོལ་གྱི་ལས་ཀ་འདྲ་མིན་རིམ་གྱིས་བྱས་ཡོང་ན་༼ངོ་ཚོས༽ཁོང་ཚོས་བྱས་པ་དག་བརྒྱུད་སྒྲོག་བྱེད་པ་ཁོ་ན་ལས་གཞན་ཅི་ཞིག་བྱེད་ཀི་ཡོད།
བོད་ནང་དུ་སྐུལ་མ་བྱེད་པ་དང་ང་ཚོ་རང་གིས་ལས་ཀ་བྱེད་པ་གཉིས་དམའ་མཐའ་ཡང་དོ་མཉམ་ཡོང་དགོས་པ་འདུག་སྙམ། དེ་མིན་ང་ཚོ་སྟེ་བཙན་བྱོལ་བ་ཚོ་ནི་རྒྱང་སྒྲོན་བྱེད་པའི་ཝ་ཁ་ལྟ་བུ་ཞིག་ལས་ཅི་ཡང་བྱེད་ཐུབ་ཀྱི་མ་རེད།
ད་ཐེངས་རྒྱ་ནག་གི་ཁོག་ནག་བཅིང་ནས་བོད་མགོ་ནག་གི་རིག་གཞུང་རྩ་མེད་གཏོང་བའི་ཇུས་ངན་དེ་མངོན་འགྱུར་བྱུང་བ་རེད། ཡང་ཅིག་བཤད་ན་རྒྱ་ནག་གི་ས་གནས་མི་རིགས་རང་སྐྱོང་ཁུལ་དག་ལ་བཟོས་བའི་ཁྲིམས་ལུགས་དེ་དོན་ལ་མ་གནས་བ་རེད། ས་གནས་མི་རིགས་རང་སྐྱོང་ཁུལ་གྱི་ཁེ་ཕན་དང་བཅའ་ཁྲིམས་འདི་སྐྱག་རྫུན་ཡིན་པ་མངོན་གྱུར་བྱུང་བ་རེད། མི་རིགས་ས་ཁུངས་རང་སྐྱོང་ཁུལ་གྱི་ལས་བྱེད་མཐོ་དམན་གང་ཡིན་རང་ས་ཁུལ་དེའི་སྐད་ཡིག་བེད་སྤྱོད་གཏོང་དགོས་ཞེས་བཤད་པ་མ་རེད་དམ།
རྒན་ལགས་ཀྱི་རྩོམ་ཡིག་དེ་ཚིག་བསྡུས་དོན་གནད་ཁེལ་བ་ཞིག་རེད། ལྷག་པར་མཇུག་གི་སྐད་ཆ་འདི་བློར་འབབ་ཀི།
༼དྲག་པོ་དམག་གི་བཙན་འཛུལ་གྱིས་བོད་མི་རིགས་རྩ་མེད་གཏོང་མ་ཐུབ་པ་དང་། ཞི་བ་ལྐོག་གཡོའི་སྲིད་ཇུས་ཅི་རིགས་ཀྱིས་ཀྱང་མགོ་སྐོར་གཏོང་མ་ཐུབ་པའི་གནས་སྐབས་འདིར་མངོན་སུམ་དུ་ཞི་དྲག་གཉིས་ཀྱི་བཙན་འཛུལ་ཤུགས་ཆེར་གཏོང་བཞིན་པ་འདིས། མི་རིགས་འདྲ་མཉམ་དང་དམངས་གཙོ་ཟེར་བ་དག་དོན་གྱིས་སྟོང་བའི་ཁ་གཡང་ཙམ་ཡིན་པ་དངོས་སུ་ར་སྤྲོད་ཀྱིན་པ་རེད།
འོན་ཀྱང་བཙན་འཛུལ་གྱི་མེ་ལྕེ་འདིས་བོད་མི་རིགས་ཀྱི་འཁོན་སེམས་དང་ལར་ཞེན་གྱི་མེ་རུ་འབར་གས་ཀྱིས་བཙན་འཛུལ་པ་རང་ཉིད་བསྲེག་རྐྱེན་དུ་འགྱུར་ངེས། ང་ཚོས་མུ་མཐུད་དེ་དངོས་ལུགས་དང་ཁྲིམས་མཐུན་གྱི་ཞི་བའི་ངོ་རྒོལ་གྱི་ཆུ་ལོག་ཕྱོགས་ཡོངས་ནས་རྟོལ་དགོས།༽་འདི་ཡིད་ལ་འཛིན་རྒྱུའི་ཚིག་ཅིག་རེད།
བོད་དུ་མ་འོངས་པའི་གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་དགོས་ན་མི་རིགས་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར་བྱེད་རྒྱུ་ནི་གུང་ཁྲན་ཏང་གི་དམིགས་ཡུལ་མཐར་ཐུག་རེད།ཡིན་ནའང་།བོད་མི་རིགས་ཀྱིས་དམིགས་ཡུལ་དེ་བཀག་འགོག་བྱས་ཏེ་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ཡང་སོ་སོའི་ལས་འགན་རེད། སྲོག་ཆགས་གྲོག་མ་བདེ་བའི་ཆེད་དུ་རྒྱུག །ས་འབུ་ནག་རིང་བདེ་བའི་ཆེད་དུ་རྒྱུག །ཅེས་སོ།།
བཀུར་འོས་ཆབ་བྲག་ལྷ་མོ་སྐྱབས་ནས་གོ་བདེ་ལ་དོན་གསལ་བའི་བསམ་ཚུལ་མཇལ་བར་སྤྲོ་བ་བརྟས། རྒན་ལགས། འོན་ཀྱང་ཁ་གཡང་ཞེས་པའི་གོ་དོན་ཇི་མ་ཇི་བཞིན་མ་ཤེས་པས་འགྲེལ་བཤད་ཞིག་གནང་རོགས།
སྐུ་ཞབས་ལྷ་ལགས།
རིག་གཞུང་ལ་བཙན་འཛུལ་བྱེད་པ་ནི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཡིན།ཟེར་ན། རྒྱལ་ཁབ་བཙན་བཟུང་བྱས་ཟིན་པས། མི་རིགས་དང་རིག་གཞུང་ནི་རྩ་མེད་གཏོང་རྒྱུ་ནི་བཤད་མི་དགོས་པ་ཞིག་ཡིན།
ནོར་བཅོས།
ངས་རྩོམ་ཡིག་འདི་ཚོ་ཀློག་དུས་་་་་་་་་་་་་་་་་་་་་་་་་
རྒན་ལྷ་སྐྱབས་ལགས།
སྐུ་ཁམས་བཟང་། ངས་རྩོམ་ཡིག་འདི་ཚོ་ཀློག་དེ་ནི་རྒན་ལགས་ཉིད་ཀྱི་དུས་རྒྱན་ཚོར་ཤུགས་ཧ་ཅང་ཆེ་བའི་གནད་དག་ཡིན་པའི་སྣང་བ་འགོག་མེད་དུ་སྦྱིན་ཞིང། འདི་ནི་ཆེད་ལས་ཀྱི་རྩོམ་པ་པོ་ཞིག་འདོར་དུ་མེད་པའི་ལས་དོན་ཞིག་ཀྱང་ལོས་ཡིན།
མུ་མཐུད་ང་ཚོ་དང་མཉམ་དུ་ཕེབས་རོགས།
རེ་སྐུལ།
བར་སྐབས་ཕྱི་ནང་གི་རྐྱེན་སྣ་ཚོགས་པ་ཞིག་གི་དབང་ལས་གངས་ལྷ་མེ་ཏོག་གི་དུས་དེབ་དེ་འདོན་མཚམས་ཆད་སོང་ཡང་།
བར་སྐབས་སློབ་མ་རང་གི་ངོས་ནས་སྐུལ་སློང་གསར་པ་ཞིག་བཅངས་ཏེ་ད་ཆ་བསྐྱར་སྐྲུན་བྱ་རྒྱའི་ཐག་གཅོད་བྱུང་བ་བཞིན།
ས་རཱ་མཐོ་སློབ་ཀྱི་རྩོམ་དགེ་རྒན་ཨ་འཁཽར་དང་གུས་རང་དེའི་རྩོམ་སྒྲིག་པར་གཏན་འཁེལ་བྱུང་བས།
རྒན་གྱིས་དུས་ཀྱི་ཁོམ་པ་འདྲ་བྱུང་ཚེ་དུས་དེབ་དེའི་འདོན་ཆེད་རྩོམ་ཡིག་གནང་རོགས་ཞཱུ།
བཞུགས་གདན་འཇགས།
མི་རིགས་ལ་རང་དབང་འདྲ་མཉམ་གྱི་ཐོབ་ཐང་མེད་ལ་མི་དམངས་ལ་དམངས་གཙོ་མེད་པའི་ཏང་སྲིད་འདིའི་ཚེ་སྲོག་མྱུར་དུ་འཆད་ངེས། འཆད་དགོས། འཆད་པར་ཤོག
ཞེས་དངོས་གནས་དེ་རིང་ཡིན་ན་བྲག་ཆབ་བས་སྐྱེས་ཕ་བཟང་གི་བུ་ཡི་སྐད་ཆ་འདྲ་ཅིག་བཤད་འདུག་ད།
ཏང་གི་ཆབ་སྲིད་འདིའི་སྲོག་རྩ་འཆད་དགོས།
ཏང་གི་རྩ་ཁྲིམས་འདིའི་སྲོག་རྩ་འཆད་དགོས།
ཞེས་ལབ་པ་ཡིན་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་ཇི་ལྟར་སྡོད་ཀྱི་ཡིན་ནམ།
གྲོགས་ལྷ་མོ་སྐྱབས་ལགས། ཁྱེད་དབུ་མའི་ལམ་པ་ཡིན་པས་བཙན་འཛུལ་པ་རང་ཉིད་བསྲེག་རྐྱེན་དུ་འགྱུར་ན་དགའ་འབོད་བྱེད་འོས་སམ།
རྒན་ལགས། ཉིད་ཧ་ཅང་དྲན་གི
དུས་ཐོག་ཆེར་བ་ཟེར་བའི་ཚིག་འདི་མཐོང་ཡོང་ན་ཆུ་ངོག་གཏམ་རྒྱུད་ནང་གི་སུང་ཅང་དྲན་ཡོང་གི་འདུག
རྒན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།
འདི་ནི་དུས་ཐོག་ཆར་བ་རང་དུ་ཆགས་ཡོད།