མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ཉེ་འཁྲིས་ཀྱི་གོང་ས་༧ཏཱ་ལའི་བླ་མ་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ཉིན་འདི་འགར་བོད་ནང་དུ་སློབ་ཕྲུག་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གྱིན་ཡོད་པ་དེར་རྒྱབ་རོགས་དང་། གདུང་སེམས་མཉམ་སྐྱིད་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་འདུག

ལས་འགུལ་གྱི་ཐོག་མར་བོད་དགེ་པ་སངས་ལགས་ཀྱིས་ལས་རིམ་ངོ་སྤྲོད་དང་། བོད་ཡིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་སྐད་ཡིག་གི་རིན་ཐང་དང་ཁྱད་ཆོས། ད་ལྟའི་བོད་སྐད་ཡིག་གི་གནས་བབ་དང་མ་འོངས་པའི་འཕེལ་ཕྱོགས། དེ་བཞིན། བོད་སྐད་ཡིག་རིག་གནས་ལ་རྒྱ་དམར་གྱིས་རིག་གནས་གསར་བརྗེ་སྐབས་གཏོར་བཅོམ་བཏང་བ་སོགས་ཀྱི་འདས་པའི་ལོ་རྒྱུས་དང་སྦྲགས། བོད་སྐད་ཡིག་སྲུང་སྐྱོབ་དང་མྱུར་སྐྱོབ་ཀྱི་གལ་ཆེའི་རང་བཞིན་སྐོར་གསུངས་ཡོད། དེའི་རྗེས་རྩོམ་དགེ་ཨ་འཇམ་ལགས་ཀྱིས། ཐེངས་འདིའི་བོད་ནང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་གྱི་བྱུང་རིམ་དང་དེའི་ཁྱབ་ཚད། དེ་དང་འབྲེལ་ཏེ་བོད་ནང་གི་མི་རབས་གསར་པའི་སེམས་ཤུགས་དང་། བོད་རང་གི་སྐད་ཡིག་རིག་གནས་ལ་གཅེས་འཛིན་གྱི་བསམ་བློའི་སྙིང་སྟོབས་སོགས་གླེང་ཡོད་འདུག

ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་ངག་དབང་རྡོ་རྗེ་ལགས་ཀྱིས། ང་ཚོས་བོད་སྐད་ཡིག་གི་གནས་བབ་དང་ཉེན་ཁ་ངེས་པར་དུ་ཤེས་དགོས་པར་མ་ཟད། བོད་ནང་འདི་ལྟ་བུའི་ལས་འགུལ་རླབས་ཆེ་བ་ཞིག་སྤེལ་བ་ལ་རྒྱབ་སྐྱོར་བྱ་དགོས་ཤིང་། ང་ཚོའི་སློབ་ཕྲུག་སོ་སོའི་ངོས་ནས་ཀྱང་། བོད་ནང་གནོན་ཤུགས་དང་རང་དབང་མེད་པ་ལ་མ་འཛེམ་པར་རང་གི་སྐད་ཡིག་དང་རིག་གཞུང་གི་ཕྱིར་དུ་ལས་འགུལ་རྒྱ་ཆེན་སྤེལ་བཞིན་ཡོད་པའི་སྙིང་སྟོབས་ལས་བསླབ་བྱ་བླངས་ཏེ། རང་ཉིད་ཀྱི་སྐད་ཡིག་ལ་ཡིག་རྒྱུགས་འཕྲོད་ཙམ་དང་། སློབ་གྲྭ་ཐོན་ཙམ་གྱི་དམིགས་ཡུལ་མ་བཅངས་པར། ངེས་པར་དུ་སྐད་ཡིག་ནི། མི་རིགས་ཀྱི་སྲོག་རྩ་ཡིན་སྙམ་པའི་སྤོབས་པ་དང་ཡིད་ཆེས་ཀྱི་སྒོ་ནས་སྦྱོང་བརྩོན་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ། རེད་ཅེས་སོགས་གསུངས་ཡོད་འདུག  གཏམ་བཤད་ཁག་གྲུབ་རྗེས་དགེ་སློབ་ཡོངས་ཀྱིས་བོད་ནང་གི་སློབ་མའི་འབོད་ཚིག་བཀོད་པའི་འཕྲེད་དར་འཕྱར་བཞིན་ཞི་བའི་ངག་བཅད་གོམ་བགྲོད་བྱས་ཡོད་ཅིང་། མཇུག་ཏུ་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་མཚན་རྟགས་བསྡུ་རུབ་བྱས་ཡོད་འདུག

༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལས་འགུལ།

༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལས་འགུལ།

༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལས་འགུལ།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 19

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཁོ་བོས་གང་ཟེར་གྱིན་ཡོད་ཟེར་ན་ རང་མི་རིགས་ཀྱི་སྐད་ཡིག་ལ་བདག་གཅེས་བྱེད་དགོས་པ་སྨོས་མེད་ཐོག་མཐོ་སློབ་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ཀྱི་མ་འོངས་མདུན་ལམ་ལ་ཡང་བསམ་བློ་ཅི་ནས་གཏང་དགོས་པ་ཡང་གལ་ཆེ་ ཁོ་བོས་ཟེར་ན་སློབ་དེབ་ཡོངས་རྫོགས་བོད་ཡིག་ཐོག་སློབ་པ་དེ་ལས་གལ་ཆེ་བ་ནི་ སློབ་མ་རྣམས་བོད་ཡིག་ཐོག་རང་སྐྱ་འཕེར་བ་བཟོ་བའི་སྟེང་དུ་ད་ཡོད་སློབ་དེབ་རྣམས་དབྱིན་སྐད་ནང་ཡོད་པ་རྣམས་རང་འཇག་འཇོག་རྒྱུ་གལ་ཆེ་བ་མཐོང་

    Reply
  2. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    གྲོགས་ཉི་ཟླའི་མགྲོན་ལགས་སུ་ཐུགས་རྗེ་ཆེ་ཞུ།
    ཡིན་ན་ཡང་ཁྱེད་རས་རྒྱ་ཁོག་ལ་ཡོད་ན་གང་ཞིག་མ་གཏོགས་ང་མ་ཚད་བོད་རིགས་ཡོངས་ལ་འདི་སེམས་ཕྲལ་དེ་ཡོད་ཡོད་རེད་ལོ།
    རིགས་དང་རུས་གཉིས་དབྱེ་ན་དགེ་མཚན་ཆེ།།

    Reply
  3. བོད་པ་ says:
    ལོ་ 15 སྔོན།

    བཙན་བྱོལ་བ་ཟེར་འདིས་་་་་་་་བོད་ཡིག་གི་གཙོ་ཕལ་བཤད་དུས་སློབ་དེབ་ཡོངས་རྫོགས་བཤད་ཡོང་གི་འདུག བོད་ཡིག་ཐོགས་ནས་ཚན་རིག་སློབ་མི་ཐུབ་པ་ཁྱོད་ལ་སུ་བཤད་སོང། ཨ་མདོ་ན་ད་བར་ཚན་རིག་བོད་ཡིག་ཐོགས་སློབ་ཀིན་འདུག མདོར་ན་རྒྱ་ནག་གཞུང་གིས་ཚན་རིག་བོད་ཡིག་ཐོག་ཁྲིད་མི་ཆོག་ཟེར་གི་ཡོད་པ་རེད། ཁྱེད་ཡང་རྒྱ་གཞུང་གི་རྒྱབ་སྐྱོར་བ་ཞིག་རེད་འདུག་ག ང་ཚོས་སློབ་སྤྱོང་བྱས་ནས་ང་ཚོས་ང་ཚོར་ལས་དཀའ་བཟོ་དགོས་པ་རེད། བོད་གཞུང་གི་ལྷན་ཁང་ཁག་དང་སློབ་གྲ་ཁག་ན་བོད་ཡིག་དགེ་རྒན་མ་རག་པར་བསྡད་ཡོད་པ་རེད། དཔེར་ན་གསོག་གར་སློབ་གྲའི་ནང་གོ་གསུམ་གི་རིང་བོད་དགེ་ཚད་ལྡན་ཞིག་རག་མ་ཐུབ་པ་རེད། དེ་མིན་ཧི་ལ་ཡའི་རི་རྒྱུད་ལ་ཡང་བོད་དགེ་མང་པོ་དགོས་མཁོ་ཡོད་པ་རེད།
    ད་བར་དབྱིན་ཡིག་བསློབས་ནས་མཐོ་སློབ་ཐཽན་མཁན་ཚོས་བརྒྱ་ཆའི་བརྒྱད་ཅུ་ཤི་སོང་བ་དང་གཅིག་པ་རེད། ཁོ་ཚོ་རྒྱ་གར་དང་ཕྱི་རྒྱལ་གྱི་གྲོང་ཁྱེར་ཁག་ལ་ཁ་འཐོར་ནས་གཞེས་ཆགས་སྟེ་་ལས་དཀའ་ལས་བསྡད་ཡོད། ་ཁོ་ཚོའི་བུ་ཕྲུག་ཚོའི་བོད་སྐད་མི་ཤེས་པར་མ་ཟད་།ནམ་རྒྱུན་ཁོ་ཚོས་དབྱིན་སྐད་དང་རྒྱ་གར་སྐད་བཤད་ནས་བསྡད་ཡོད།

    Reply
  4. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    དྲ་གྲོགས་ཤཱ་རིའི་བུ་ལགས་རི་བོང་གནམ་ལྡིབ་ཀྱི་སེམས་ཁྲལ་མ་བྱེད་ལོ།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་འགའ་ཞིག་གིས་གསུངས་པ་བདེན་པ་རེད། མིང་དོན་མཚུངས་པའི་ཏཱ་ལའི་བླ་མའི་མཐོ་སློབ་ཞིག་ཆགས་ཐུབ་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། དེ་ལས་གཞན་ཏཱ་ལའི་བླ་མའི་སློབ་གྲྭ་ལ་གཅིག་མི་འདུག་གཉིས་མི་འདུག གཅིག་བྱས་འདུག་གཉིས་བྱས་འདུག་ཅེས་ལབ་རྒྱུ་གླེང་རྒྱུ་མང་པོ་བྱུང་ན་མཚན་དེ་ཡག་པོ་ཆགས་ཐབས་མེད། དེར་བརྟེན་དགེ་སློབ་ཚང་མས་དམིགས་བསལ་གྱི་ཧུར་བརྩོན་གནང་རོགས།།

    Reply
  6. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སྤྱིར་བཏང་སློབ་དེབ་ཡོངས་རྫོགས་བོད་ཡིག་ཐོག་བསྒྱུར་རྒྱུ་དེར་བསམ་བློ་མང་དག་གཅིག་གཏོང་དགོས་པ་ཡིན་ གལ་སྲིད་ང་ཚོ་དུས་རབ་ཀྱི་རྗེས་ཟིན་པ་དགོས་ན་དབྱིན་ཡིག་གི་ལམ་ནས་རཙལ་ངོམས་རྒྱུ་ལས་གཞན་རང་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་གཞན་ལས་འབུར་དུ་ཐོན་ཐབས་བྱེད་ན་ཡང་ོམི་ཐུབ་པ་ཡིན་ དེ་བས་སྔོན་ལ་རང་གི་རྒྱལ་ཁབ་དེ་ཚུར་རག་པ་བྱེད་དགོས་ དེ་ནས་མཐོ་སློབ་ཀྱི་སློབ་དེབ་ཡོངས་རྫོགས་རང་མི་རིགས་ཀྱི་སྐད་ཡིག་ཐོག་སྒྱུར་ནས་ལག་བསྟར་བྱ་དགོས་པ་ཡིན་ སྤྱིར་སློབ་མ་རྣམས་མཐོ་སློབ་ནང་སློབ་སྦྱོང་བྱས་པ་ནི་མཐར་རང་ཉིད་མི་ཚེ་བཟང་པོ་ཡོང་བ་དང་ ལས་ཀ་རག་ཐབས་བྱ་རྒྱུ་དེ་ཡིན་ གལ་སྲིད་སློབ་དེབ་རིགས་ཡོངས་རྫོགས་བོད་སྐད་ནང་འཇོག་ནས་སློབ་ན་ཁོང་ཚོར་མ་འོངས་པར་བོད་སྐད་ཀྱི་ལམ་ནས་མཐོ་སློབ་ཀྱི་སྦྱོང་ཚན་རིགས་གང་དུ་སློབ་ཏུ་འགྲོ་རྒྱུ་ཡིན་ ཡང་ན་བསན་བྱོལ་གཞུང་གིས་དེ་ཐམས་ཅད་ལ་ལས་ཀ་གྲ་སྒྲིག་བྱེད་ཐུབ་བམ་ མཐོ་སློབ་ཟེར་བ་དེ་ང་ཚོ་བོད་ས་ཁུག་ལུང་ཁུག་སྤྱི་ཚོགས་དང་དགོན་སྡེ་གྲྭ་ཚང་ལྟ་བུ་མ་ཡིན་ རེད་ཡ་རང་མི་རིགས་ཀྱི་སྐད་ཡིག་ཤེས་དགོས་པ་དང་པོ་ཡིན་ འོན་ཀྱང་སློབ་དེབ་རིགས་ཚང་མ་བོད་སྐད་ཀྱི་ལམ་ནས་སློབ་དགོས་ཟེར་བ་ནི་དུས་ཚོད་དང་འཚམས་པ་ཞིག་མ་ཡིན་པར་ཁོ་བོས་འདོད་

    Reply
  7. མེ་ says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་གིས་བོད་ཡིག་ཕལ་བ་བཞག་པ་ཡིན་ན་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་གོ་གནས་གཅིག་ལ་འཇོགས་དགོས།

    Reply
  8. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    དྲ་གྲོགས་འགའ་ཡིས་གནས་ལུགས་སྒོ་ནས་རྒྱས་བཤད་གནང་བ་ལ་ཐུགས་རྗེ་ཆེ། ཡིན་ན་ཡང་མཁྱེན་དགོས་པ་ཞིག་ནི་མཚན་བཏགས་པ་ཇི་བཞིན་སློབ་གྲྭ་དེ་ཡིས་དགེ་སློབ་ཚང་མ་ལ་ལས་འགན་ཡོད། དཔེར་ན་བོད་ནང་པཎ་ཆེན་སློབ་གྲྭ་མིང་དོན་མཚུངས་པ་ཡིན་དུས་འདི་ཕྱོགས་དེ་འདྲ་ཟུར་ཙམ་ཡང་མི་ཡོང་བ་ཤེས་དགོས།
    དེ་འདྲ་ཡིན་དུས་བླ་མའི་མཚན་དེ་གང་འབྱུང་བེད་སྤྱོད་ན་དགེ་སྐྱོན་གཉིས་ལས་སྐྱོན་མང་བ་མཐོང་ལ།

    Reply
  9. མི་ says:
    ལོ་ 15 སྔོན།

    ཧ་ཧ་། ཁྰ་ཏ་ནག་པོ་ཞིག་གིས་ཕག་པ་ནག་པོ་ཞིག་ལ་མདོག་ནག་པོ་རེད་ཟེར་བ་གཅིག་འདྲ་འདུག་ག

    Reply
  10. མི་ says:
    ལོ་ 15 སྔོན།

    བཙན་བྱོལ་བོད་པའི་སློབ་གྲ་མང་ཆེ་བས་བོད་ནང་གི་སློབ་མ་ཚོར་རྒྱབ་སྐྱོར་མ་བྱས་པ་ནི་ཁོ་ཚོ་ཡང་རྒྱ་གཞུང་ནང་བཞིན་བོད་ཡིག་ཕལ་བར་བཞགས་པ་ལ་ངོ་ཚ་བ་ཨེ་རེད།

    Reply
  11. བོད་པ་ says:
    ལོ་ 15 སྔོན།

    ཨ་མདོ་ཁུལ་ནས་བོད་ཡིག་སློབ་གཞི་གཙོ་བོ་བྱས་པ་དེས་བོད་ཡིག་འཕེལ་རྒྱས་ལ་ཕན་་ཐོགས་ཆེན་པོ་བྱུང་ཡོད་པ་རེད། ཡིན་ནའང་བཙན་བྱོལ་བོད་གཞུང་རྒྱ་ནག་གཞུང་ལས་ཀྱང་བོད་ཡིག་གཏོར་བཤིག་གཏོང་མཁན་རེད། ཁོ་ཚོས་ད་བར་བོད་ཡིག་ཕལ་བ་བཞག་པ་རེད། ལོ་ཤས་སྔོན་ཟམ་གདོང་བླ་མས་བོད་ཡིག་ གཙོ་བོར་བཞག་ཡོད་ན་ཡང་དབང་འཛིན་པ་མང་པོ་ཞིག་གིས་འདི་ལ་འདོད་པ་ཡོད་པ་མ་རེད། ཕལ་ཆེར་ལོ་རྗེས་མ་ནས་བོད་ཡིག་ཡང་བསྐྱར་རྒྱ་གཞུང་ནང་བཞིན་ཕལ་བར་འཇོགས་གི་རེད།

    Reply
  12. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་དགེ་སློབ་ཡོངས་ལ་ལས་འགུལ་འདི་ལྟར་སྤེལ་བ་ལ་བསྔགས་བརྗོད་ཡོད་ དུས་ཚོད་གཉན་འཕྲང་འདི་འདྲའི་སྐབས་སུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ་ནི་འོས་ཤིང་འཚམས་པ་ཡིན་ ཁོ་བོས་བལྟས་ན་ཏཱ་ལའི་མཐོ་སློབ་འདི་ཝཱར་ན་སའི་མཐོ་སློབ་ལྟ་བུ་ཡོང་བ་ཡིན་ན་ཡང་ཞེ་དྲག་ཡིན་ དེ་ལྟ་བུ་ཡོང་ཁག་པོ་ཡིན་ གང་ཡིན་ཟེར་ན་ ད་ལྟའི་གནས་སྐབས་སུ་མཐོ་སློབ་འདིའི་སློབ་དེབ་མང་ཆེ་བ་དབྱིན་ཡིག་ཐོག་ན་ཡོད་པ་དང་ ཁོར་ཡུག་ལ་མཚོན་ན་སྦེང་ལོར་རྒྱལ་ས་དང་ཉེ་བས་རང་བཞིན་གྱིས་ཡུལ་གྱི་གོམས་པའི་གཤིས་ལུགས་ཀྱི་ཤན་གྱིས་ཝཱ་ར་ན་སི་ལྟ་བུ་ཁག་པོ་ཡིན་ ཝརྣ་མཐོ་སློབ་ནི་བོད་ཀྱི་རིག་གནས་སྦྱོང་སའི་སྡེ་ཚན་ཞིག་ཡིན་ འོན་ཀྱང་ཏཱ་ལའི་བླ་མའི་མཐོ་སློབ་འདི་ནི་དེང་དུས་ཀྱི་སྦྱོང་ཚན་ཁག་སློབ་ཡུལ་ཞིག་ཡིན་པས་བོད་ཡིག་སྐྱོ་བོ་རེད་འདུག་ཟེར་ནས་སྐྱོན་བརྗོད་པ་གཅིག་པུས་མི་ཕན་

    Reply
  13. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    མཐོ་སློབ་འདིའི་ནང་ནས། བོད་ཀྱི་ཆོས་དང་རིག་གཞུང་གི་གཏིང་ཚུགས་པ་རེ་ཡོང་བ་ཞིག་བྱ་རྒྱུ་གལ་ཆེ། དེ་ཙམ་མ་བྱུང་བ་ཡིན་ནའང་། སྐད་ཡིག་གི་གཞི་རྩའི་གནས་ཚད་ཡག་པོ་ཡོད་པ་རེ་སྐྱེད་བསྲིང་གནང་ཐུབ་པའི་རེ་བ་རྒྱག་གིན་ཡོད། བཙན་བྱོལ་ནང་གི་སློབ་གྲྭ་གསར་ཤོས་ནི་རྡ་ཤོད་ཀྱི་དཔེ་སྟོན་སློབ་གྲྭ་རེད། དེ་ན་བོད་སྐད་བཤད་མཁན་བོད་ཡིག་འབྲི་ཀློག་ཤེས་མཁན་བསྐྱེད་བསྲིང་བྱེད་ཀྱིན་པར་མང་པོས་བསྔགས་བརྗོད་མེ་ཏོག་འཐོར་གྱིན་པའི་སྒང་རེད། དེ་ནས་སློབ་གྲྭ་གསར་པ་གཉིས་པ་དེ་ཏཱ་ལའི་བླ་མ་མཐོ་སློབ་རེད། དེ་ན་བོད་སྐད་བོད་ཡིག་གི་གནས་ཚད་ལྡན་པའི་སློབ་མ་བསྐྱེད་བསྲིང་བྱེད་པ་གཙོ་བོར་འཇོག་གི་ཡོད་པའི་རེ་བ་ཡོད། དེ་ཡང་ཝ་ར་ན་སི་འདྲ་ཞིག་ལས་མ་བྱུང་བ་ཡིན་ན། གོང་ས་མཆོག་གི་མཆན་གནས་རྗེས་འབྲེལ་གྱི་ཞབས་འདྲེན་ལ་འགྲོ་གི་རེད། དེར་དགེ་སློབ་ཚང་་མས་གཟབ་ནན་བྱས་པ་ཡིན་ན། དེ་ནི་བོད་ནང་གོ་སློབ་མ་ཚོའི་ད་ལྟའི་ལས་འགུལ་འདིའི་རྒྱབ་གནོན་དང་། སེམས་ཚོར་མཉམ་བསྲེས། བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ལས་འགུལ་ངོ་མ་དེ་ཆགས་རྒྱུ་རེད། དེ་མིན་དྲན་ཚོད་དྲན་ཚོད་ལ་སྐད་འབོད་རེ་བྱས་པ་ཙམ་གྱིས་ཆེན་པོ་ཆེན་པོ་ཞིག་དཀའ་བར་མཐོང་།

    Reply
  14. ལས་བྲས says:
    ལོ་ 15 སྔོན།

    རང་དབང་ལུང་པ་ཡོད་པའི་བོད་པ་ཚོའི་སོ་སོར་རང་ཉིད་ཀྱིས་རང་གི་སྐད་ཡིག་ལ་དོ་གནང་མ་བྱས་ན་སྐད་ཡིག་བདག་དབང་སྤྲོད་དགོས་ཟེར་བ་རྒྱུ་མཚན་གང་འདྲ་ཡིན་ནམ་བོད་ནང་གི་་བོད་མི་ཚོ་ཡིན་ན་རང་གི་ལས་དབང་མི་ཡི་ལག་འོག་ཏུ་ཡོད་པ་རེད།
    ང་ཚོའི་ལས་དབང་ང་ཚོ་ལ་ཡོད་པ་ཡིན་དུས་ང་ཚོའི་རང་རང་གི་སྐད་ཡིག་ལ་དུས་རྒྱུན་དུཡར་རྒྱས་དང་གོང་ཕེལ་བཏང་དགོས་དེ་ནི་ནུས་པ་ཆེ་པོ་སྟོན་ཐུབ་ནུས་པ་དེ་ལྷག་པར་དུ་རང་དབང་ལུང་པ་ཡོད་པའི་བོད་མི་ཚོར་ཆེ་ཡོད།།

    Reply
  15. གངས་རྡེའུ། says:
    ལོ་ 15 སྔོན།

    ཤཱ་རིའི་བུ་ཁྱོད་ཀྱིས་བཤད་པར་གནས་ལུགས་མི་འདུག
    བླ་ཆེན་འདི་དག་གིས་རང་མིང་སྟང་ནས་མཐོ་སློབ་ཅི་ཙམ་རྒྱག་ཐུབ་ན་དེ་ནི་དགའ་འོས་པའི་ལས་དོན་ཞིག་རེད།
    ཡིན་ཡང་ཡིག་ལོག་མི་འབྲི་ནས་མཐོ་སློབ་ཞིག་ཡིན་པར་སྨོན།

    Reply
  16. འབྲོང་བུ་ཟླ་བ། says:
    ལོ་ 15 སྔོན།

    ཤཱ་རིའི་བུ་ལགས།
    ཁྱེད་ཀྱིས་གསུངས་བ་དེར་གནས་ལུགས་ཅུང་ཙམ་འདུག འོན་ཀྱང་ཚིག་མགོ་ཐོན་ཡོང་དུས་ཡ་མཚན་པའི་ཚུལ་ཞིག་ཐོན་འདུག མཁྱེན་དགོས་པ་ཞིག་ནི་མཐོ་སློབ་ཀྱི་མཚན་འདི་ནི་༧ གོང་ས་མཆོག་གིས་གནང་བ་ཞིག་ཡིན་པ་འདི་རེད།
    གཞན་བླ་མ་ཆེ་ཁག་གི་མཚན་ཐོག་ནས་མཐོ་སློབ་མང་པོ་ཡོད་ན་བཟང་དང་བཟང། ཡེ་ཤུའི་ཆོས་ལུགས་ཀྱི་རྒྱུད་འཛིན་པ་ཚོས་དེང་རབས་རིག་གནས་སློབ་སའི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་མང་པོ་བཙུགས་ཡོད་པ་ནི་ང་ཚོས་མིག་དཔེ་བལྟ་འོས་པ་ཞིག་རེད། འདིས་སྤྱི་ཚོགས་ལ་ཕན་ཆེན་པོ་ཐོག་ཐུབ་ཀྱི་ཡོད་པ་རེད།

    Reply
  17. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    དགེ་སློབ་ཡོངས་ཀྱི་སེམས་ཤུགས་ལ་རྗེས་སུ་ཡི་རིང་བྱེད།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཡིག་བདག་དབང་ཕྱིར་སྤྲོད་དགོས་ཀྱི་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད།

    Reply
  19. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    ཏྰ་ལའི་བླ་མའི་མཐོ་སློབ་ཟེར་དུས་རྗེས་སུ་ས་སྐྱ་གོང་མ་དང་སྐར་མ་པ་སོགས་གྱིས་མཚན་ནས་མཐོ་སློབ་འཛུགས་ན་གང་འདྲ་ཡིན་ནམ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese