མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཤག་བཅོས་བྱེད་རན་རེད། འཇམ་མགོན།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

རང་ཉིད་དྲང་མོ་མདའ་འདྲ་ཞིག་ཡིན་ཁུལ་དང་རང་གི་གཞུང་དེ་ཡང་དེ་བས་དྲང་ཞེས་བསྟོད་པ་འཐེན་བསྡད་ན་མི་རུང་སེམས། ད་ནི་ང་ཚོས་ཀྱང་རིག་པ་བརྡར་ནས་རང་ཉིད་ལ་གཤག་བཅོས་བྱེད་རན་རེད། འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་ནག་གིས་བོད་ཀྱི་རིག་གཞུང་དང་མི་རིགས་བཅས་རྩ་མེད་གཏོང་བའི་བྱེད་སྒོ་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བ་ནི་རྫུན་གནམ་ལ་མི་གཤོང་བ་ཞིག་བཏབ་ཡོད། ད་དུང་ཡང་བྱེད་བབ་འདི་བྱས་དང་བྱེད་མུས་རེད།

མི་ལོ་ངོ་ལྔ་བཅུའི་རིང་ལ་རྒྱ་ནག་གིས་བོད་ཀྱི་རིག་གཞུང་གཏོར་མགོ་ཚུགས་པའི་ལོ་ ༡༩༤༩ ནས་བཟུང་ ༡༩༥༩ ལོ་ཡོངས་སུ་གཏོར་ཟིན་པ་ཡིན་ལ། དུས་ཡུན་ཐུང་ངུ་ཞིག་གི་ནང་སྲོལ་རྒྱུན་རིག་གནས་གང་མང་ཞིག་ཤུལ་མེད་དུ་བཅོམ་ཟིན་པ་དང་། དེ་ནས་བོད་ཀྱི་སྐད་ཡིག་ལ་བཅོས་བསྒྱུར་བྱ་མགོ་བཙུགས་ནས་ཕྲད་རྣམ་དབྱེ་ལ་སོགས་པ་གང་མང་བཟོ་བཅོས་བྱས་མོད། ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་གཙོས་མེས་པོ་དམ་པ་ཚོའི་འཛིན་སྐྱོང་དང་ཤུགས་སྣོན་ལ་བརྟེན་ནས་བོད་ཡིག་གི་སྲོག་རྔ་ཡང་བསྐྱར་སོས་ནས་དབུགས་རྔ་མ་ཆད་བར་དར་བ་རེད། དམ་པ་སྐུ་དྲིན་ཅན་ཚོས་འབད་འབུངས་ལས་བོད་ཀྱི་ས་ཕྱོགས་གང་སར་བོད་ཡིག་འཛིན་སྐྱོང་སྤེལ་གསུམ་གནང་བའི་མཐུས་ལས་བོད་ཁུལ་དུ་རྒྱ་ཡིག་ལས་བོད་ཡིག་དར་ཁྱབ་ཆེ་ལ། བོད་ཡིག་མ་ལག་འཐུས་ཚང་དང་བཀོལ་སྤྱོད་ལེགས་པ། ནང་དོན་ཟབ་པ། རྒྱ་ནག་ལའང་གནོན་ཤུགས་འཕར་མ་ཞིག་སྤྲད་ཐུབ་ཡོད།

ལྷག་པར་དུ་བོད་ཡིག་དེ་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་གྱུར་བར་བརྟེན་ནས་བོད་པའི་བོད་ཀྱི་གནས་ཚུལ་མཁོ་སྤྲོད་དང་། རང་ཉིད་ཀྱི་འཛིན་སྐྱོང་སོགས་རང་ཉིད་ཀྱི་འཐུས་ཕྱིན་པ་ཞིག་འཁྱེར་བཞིན་པའི་མངོན་གསལ་གྱི་ཡར་བསྐྱེད་ཞིག་ཕྱིན་པས། རྒྱ་ནག་གི་མགོ་གཙོ་ཚོའི་སེམས་ལ་བོད་ཡིག་རྩ་མེད་གཏོང་བ་ལས་འཕེལ་རྒྱས་ཕྱིན་པ་དང་། འཕེལ་རྒྱས་ཕྱིན་པ་ལས་བཀོལ་སྤྱོད་འཐུས་ཚང་ཅན་ཞིག་ཏུ་གྱུར་བ་མཐོང་ཡོད་ལ། དེ་དག་མཐོང་ནས་བོད་མི་རྣམས་བོད་ཡིག་གིས་བཀོད་སྤྱོད་བརྒྱུད་རླབས་ཆེན་གྱི་བྱ་གཞག་ཅིག་གནང་བཞིན་པ་ཡང་རྩོམ་བྲིས་དང་། གླུ་གཞས། བཞད་གར། ཞབས་བྲོ་ལ་སོགས་པ་ནས་བོད་མི་རྣམས་ལ་བརྡ་ལན་གསལ་བོར་ཞིག་སྤྲོད་བཞིན་པ་མཐོང་། ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་བོད་ཡིག་རྩ་མེད་གཏོང་རྒྱུའི་ངན་སེམས། དབང་ཤུགས་དང་ཁྲིམས་གཞིའི་ཁྱབ་བསྒྲགས་ཀྱིས་བོད་ཡིག་བཙོན་དུ་དངོས་སུ་བཅུག་པ་རེད། འདི་ནི་རྒྱ་ནག་གི་བྱེད་བབ་ཡིན་ལ་བོད་རྩ་མེད་དུ་བཟོ་རྒྱུའི་གྲ་སྒྲིག་དེ་ཡང་འདི་ཡིན། འདི་ནི་མི་ལོ་ལྔ་བཅུའི་ཁྲོད་ནས་གཏོར་བཤིག་བཏང་བ་ལས་ཤུགས་ཆེ་བའི་གཏོར་སྐྱོན་དེ་ཡིན།

འོ་ན་བོད་ཕྱི་ཕྱོགས་ན་འདི་ལྟར་བཙན་གནོན་གཏོང་མཁན་མེད་མོད། མི་རེ་ངོ་རེ་ངོས་ནས་རང་བཞིན་གྱི་རྐང་འོག་ཏུ་བོད་ཡིག་བརྫིས་བཞིན་ཡོད། ང་ཚོ་ཚང་མ་ཁ་གཡར་ས་ཞིག་ཡོད་པ་ནི་ཁོར་ཡུག་གི་དབང་ཞེས་ལས་འདེད་འདི་ལ་མ་གཏོགས་མེད། དོན་ངོ་མ་རིག་གཞུང་གཏོར་བཤིག་གཏོང་མཁན་ང་ཚོ་ཡིན། ང་ཚོས་ཁ་ཕྱི་ཕྱོགས་སུ་གཡེང་ནས་རྒྱ་ནག་གིས་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་བཞིན་འདུག  བོད་མི་རྣམས་རང་སྐད་སྦྱོང་དབང་མི་འདུག ཚན་རིག་ལ་སོགས་རང་གི་སྐད་ཡིག་ནང་སྦྱོང་ཆོག་གི་མི་འདུག  བོད་ཡིག་ཙམ་ལས་གཞན་ཚང་མ་རྒྱ་ཡིག་ཐོག་སྦྱང་དགོས་པ་འདུག་ཞེས་སྡིག་ར་བྱེད་བཞིན་པ་ནི། དོན་དངོས་རང་ཉིད་ལ་མཛུབ་མོ་ཞིག་འཛུགས་སྐབས་ཁ་བཤད་དང་ལག་ལེན་གཉིས་འདིར་སྐྱག་རྫུན་ལྟ་བུ་ཞིག་མངོན།

གང་ཡིན་ཞེ་ན། ང་ཚོས་ལོ་ངོ་ལྔ་བཅུ་རིང་རྒྱ་ནག་གིས་འགྲིག་མ་སོང་བའི་ལོ་རྒྱུས་རྐྱང་ལས་རང་གི་སྐད་ཡིག་དང་རིག་གཞུང་ལ་ཅི་ཙམ་གྱི་ཡར་བསྐྱེད་དང་། ཅི་ཙམ་གྱི་ཞབས་འདེགས་ཞུས་ཡོད་པ་རེད།  རང་གི་སྐད་ཡིག་གི་གནས་བབ་དང་ཆེ་མཐོང་བཙན་བྱོལ་སྤྱི་ཚོགས་ནང་ཚད་འཛིན་གང་འདྲ་ཞིག་བཞག་ཡོད་དམ།  ༸གོང་ས་མཆོག་གིས་གསུངས་གསུངས་བས་འབྲས་པའི་ངོ་སོ་ལྟ་བུ་བོད་ཡིག་ཞིག་ལས་དོན་དངོས་ཐོག་བོད་ཡིག་གི་གནས་བབ་གང་འདྲ་ཡིན་མིན་ཚང་མའི་ཤེས་གསལ་རེད། གཞུང་འཛིན་ལས་ཁུངས་ཁག་ནང་དབྱིན་ཡིག་མ་ཤེས་ན་ལས་ཀྱི་སྣེ་མོ་བ་དག་གིས་ཕྱི་ཕྱོགས་འབྲེལ་བ་དང་། གང་ཅིས་ལས་གནས་ཚགས་ཚུད་མེད་པའི་དབང་དུ་ཐོངས། སློབ་གྲྭ་ཁག་གི་ནང་དགོས་པ་རྒྱུ་མཚན་གང་གིས་ཐོག་ནས་བོད་ཡིག་སྐད་ཡིག་རྣམས་ཀྱི་མཐའ་གྲལ་ཏུ་ལྷུང་བ་ཡིན། དཔེ་མཚོན་ཙམ་ཞིག་ཞུས་ན་བོད་ཀྱི་ལོ་རྒྱུས་ཡོད་ཚད་དགོས་པ་གང་ཞིག་ལ་བརྟེན་ནས་དབྱིན་ཡིག་ནང་འཁྲིད་དགོས་པ་རེད། རང་ཉིད་ཀྱི་ལོ་རྒྱུས་དགོས་པ་གང་ཞིག་གི་ཐོག་ནས་དབྱིན་ཡིག་ནང་བསླབ་དགོས་པ་ཆགས་རེད།

དེ་ལས་ཀྱང་འཚབ་ཆེ་བ་ཞིག་ནི་༸གོང་ས་མཆོག་གི་མཛད་རྣམ་ཡང་དབྱིན་ཡིག་ནང་འཁྲིད་བཞིན་ཡོད་པ་རེད། འདི་ལྟ་བུའི་གནས་ཚུལ་གང་མང་ཡོད་སྟབས་ཕྲུ་གུའི་བསམ་བློའི་ནང་རང་བཞིན་གྱིས་བོད་ཡིག་ནི་ཕན་མེད་ཀྱི་གདོན་རྫས་ལྟ་བུ་ཞིག་ཏུ་སྣང་བཞིན་ཡོད། འདི་སྐོར་ངས་དབྱིན་ཡིག་དགེ་རྒན་ཞིག་ལ་བརྗོད་སྐབས་ཁོང་གིས་ཀྱང་བོད་ཀྱི་རྒྱལ་རབས་དང་མཛད་རྣམ་སོགས་དབྱིན་ཡིག་ནང་བསླབ་ན་བསླབ་བདེ་བ་དང་། དོན་གོ་སླ་བ་འདུག་ཞེས་བརྗོད་བཞིན་འདུག འདི་ལྟར་བསམ་བློ་རེ་བཏང་ཚེ་རྒྱ་ནག་གིས་བོད་ཡིག་ལས་གཞན་ཚང་མ་རྒྱ་ཡིག་ནང་འཁྲིད་བཞིན་པ་དགོས་དབང་དང་དམིགས་ཡུལ་ཡིན་དུ་བཏང་ཡང་། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་ཁོ་ན་ལས་གཞན་བོད་ཀྱི་ལོ་རྒྱུས་དང་༸གོང་ས་མཆོག་གི་མཛད་རྣམ་སོགས་དབྱིན་ཡིག་ནང་ཅི་ཕྱིར་བརྡ་འཕྲོད་མི་འཕྲོད་ངང་ཨུ་ཚུགས་ཀྱིས་སློབ་བཞིན་ཡོད།  གནད་དོན་འདི་འདྲ་བ་ཞིག་གོ་མེད་ཚོར་མེད་དུ་འཇོག་མི་རུང་ལ། བོད་མི་ཞིག་ཡིན་ན་རང་ཉིད་ནས་མགོ་བཙུགས་ཏེ་བོད་མི་རྣལ་མ་ཞིག་ཡོང་བར་གཤག་བཅོས་བྱེད་རན་རེད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 9

  1. འཇམ་མགོན། says:
    ལོ་ 16 སྔོན།

    གྲོགས་ཅོ་རི་ཉི་མ་ལགས། ཕེབས་ནས་གསུངས་གླེང་གནང་བ་ཐུགས་རྗེ་གནང་། རྒྱུན་ཏུ་ངེད་ཚང་ལ་ཕེབས་ནས་ངའི་ཇ་ཚ་མེད་འཐུང་བ་ངོ་མ་དགའ་ཡོད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    འཇམ་མགོན་ལགས་་་ད་གཤག་བཅོས་བྱེད་རན་གྱི་ཡོད་ན་དང་པོར་ཁྱེད་གཤག་དང་ང་གཤག་སུ་གཤག་དགོས་པ་ཡིན་ཡང་ཡག་པོ་ཞིག་ཤེས་མ་སོང་། ཤ་སུ་རྒྱས་བལྟས་ནས་གཤག་ན་ཕལ་ཆེ་བཙན་བྱོལ་ནང་གི་རྒྱུ་ཆེན་དེ་ཚང་མིན་འགྲོ་སྙམ།

    རྒན་འཇམ་མགོན་འདིས་གཅིག་གཤག་ནི་གཤག་ཐག་ཆོད་ཡིན་ས་རེད། སྐུ་རྩེད་ཡིན་ད།
    ངས་བལྟས་ན་གཤག་བཅོས་བྱེད་པ་ལས་ལྷན་པ་རྒྱབ་པ་ཡིན་ན་ཏོག་ཙམ་དབྱིན་རླུང་གྲང་མོ་དེ་དང་རྒྱ་རླུང་བཙོག་པ་དེས་ཤུགས་རྐྱེན་འགོག་ཐུབ་པ་མི་ཡོང་ངམ།

    གཞན་གཤག་བཅོས་འདྲ་བྱེད་ནའང་སུ་གཤག་འདིར་གཤག་མེད་པ་འདྲ་གཅིག་དང་གཤག་རན་དུས་མི་ཚང་མས་ང་མ་གཤག་དང་ང་མ་གསོད་གསུང་མཁན་མ་གཏོགས་ཨེ་ཡོད་སྙམ།

    སྨན་པ་མཁས་པ་འདྲ་ཡོད་ན་ཕེབས་རན་ཚར་འདུག ངོ་མ་གཤག་བཅོས་བྱེད་ནའང་འདྲ་ལྷན་པ་རྒྱབ་ནའང་འདྲ་ཅིག་བྱེད་རན་ཚར་བ་ནི་བདེན་པ་རེད་དོ་ཞེས་ཞུ་རྒྱུ་ལས་མེད།

    Reply
  3. འཇམ་མགོན། says:
    ལོ་ 16 སྔོན།

    གྲོགས་མི་ནག་ལགས། འདི་ལྟར་གློ་བུར་དུ་ཡོང་གི་རེད་བསམ་བསམ་མ་བྱུང་། ངོ་མ་དགའ་བས་སྒོམ་མི་ཐུབ་གི ཁྱོད་འདི་ལྟར་སླེབས་ན་དོན་མེད་མིན་ལ་ལབ་གླེང་དང་སྦྲེལ་ནས་ལམ་སྟོན་གནང་བ་ནི་དེ་བས་ཀྱང་རིན་ཐང་ཆེ་ལ། བློ་གསལ་ཡང་མི་དམན་པ་བྱུང་། ད་དུང་ཡང་ར་འོར་གི་སླེབས་ནས་ལམ་སྟོན་དང་སྣེ་འཁྲིད་བྱེད་རྒྱུ་བརྗེད་མི་ཉན།

    Reply
  4. འཇམ་མགོན། says:
    ལོ་ 16 སྔོན།

    གྲོགས་ངོས་པོའི་ལྷ་སྲས་ལགས། སྐུ་ཉིད་འདི་ལྟར་ཕེབས་ནས་རྒྱབ་སྐྱོར་དང་གནད་ལ་འཁེལ་བའི་དོན་ཞིག་གླེང་འདུག་པས། ཉིད་ཀྱི་བརྗོད་བཞིན་པའི་དོན་འདི་རྒྱ་ཁྱབ་དང་ཁ་ཇེ་གསལ་དུ་བཏང་ནས་འདོན་དགོས་པ་འདུག སྐུཉིད་ནས་མུ་མཐུད་ལམ་སྟོན་དང་སྣེ་འཁྲིད་གནང་རོགས།

    Reply
  5. འཇམ་མགོན། says:
    ལོ་ 16 སྔོན།

    གྲོགས་གཟུ་གནས་བློ་ལྡན་དང་ཁྲ་གླག་སྤྱང་གསུམ་ལགས་གཉིས་ནས་འདི་ལྟར་ཕྲན་ལ་དགའ་འོས་པའི་འཕྲིན་བཟང་ཞིག་འཁྱེར་ཡོང་པ་ཧ་ཅང་དགའ་ཡོད་ལ། ང་ཚོའི་སྐད་ཡིག་འདི་དང་མི་རིགས་འདི་དོན་མེད་ཤི་མི་ཐུབ་པ་དང་ཤི་མི་རུང་བ་ཡང་གསལ་འདོན་གནང་འདུག་པས་ཤིན་ཏུ་བཀའ་དྲིན་ཆེ་ཞུ།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ད་ཡིན་ན་ང་ཚོས་ཅི་ཞིག་དང་སུ་ཞིག་ཡིན་དང་མིན་བཤད་པའི་དུས་ཚོད་ནས་ཕར་གོམ་པ་གང་སྤོས་ཏེ། ཇི་ལྟར་དང་གང་ནས་ཞེས་པ་དེའི་ཕྱོགས་ནས་གླེང་དགོས་པར་འདོད།

    དཔེར་ན། སུ་ལན་པ་དང་སུ་ནོར་བ། ཅི་ཞིག་ནོར་བ་སོགས་མིན་པར། འོ་ན། ད་གང་ཞིག་ཇི་ལྟར་བྱ་རྒྱུ་ཡིན་ཅེས་པའི་ཐབས་ཀྱི་ཕྱོགས་ལ་འབད་པའི་དུས་རེད།

    སྐྱོན་ངོས་འཛིན་གྱི་རིམ་པ་ནས་བརྒལ་ཏེ་སྐྱོན་ཡོ་བསྲང་ཇི་ལྟར་བྱེད་པའི་སྐབས་ལ་བབ་འདུག

    ཐབས་ཤེས་གཅིག་ཤོད། ཐབས་ཤེས་གཉིས་ཤོད། ཐབས་ཤེས་གསུམ་ཤོད། ང་ཚོ་རེ་རེས་ཐབས་ཤེས་རེ་རེ་བཤད། ཐབས་ཤེས་དེ་དག་གི་ནང་ནས་ཐབས་ཤེས་ཡག་ཤོས་དེ་ཚོ་འདེམ། དེ་ནས་ལག་ལེན་ལ་བསྟར་བ་ཡིན་ན། མི་རབས་ནས་མི་རབས་བར་གྱི་ཆོ་ངེ་དང་ཀི་ཧོ་དེ་དག་དགོས་དོན་ཡོད་པ་མ་རེད། མ་རེད་དམ།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    དངོས་གནས་ང་ཚོའི་ངོ་ཚ་དགོས་པ་ཞིག་རེད།
    གཞུང་གི་ལས་བྱེད་གསར་བསྡུ་སྐབས་བོད་ཡིག་གི་བརྒྱ་ཆ་མཐོ་བོ་ལོན་ན་ཡང་དབྱིན་ཡིག་གི་བརྒྱ་ཆ་དམའ་བོ་ཡིན་ན་ལས་གནས་འཛིན་རྒྱུར་རྒྱུགས་མི་འཕྲོད་པ་རྩིས་པ་དང།
    དབྱིན་ཡིག་བརྒྱ་ཆ་མཐོ་བོ་ཡིན་ན་བོད་ཡིག་བརྒྱ་ཆ་དམའ་བོ་ཡིན་ནའང་རྒྱུགས་འཕྲོད་པ་རྩིས་པ་སོགས་བྱེད་ཀྱིན་འདུག
    དེ་ནི་རང་གི་སྐད་ཡིག་ཡར་རྒྱས་གཏང་རྒྱུར་བཀག་རྡོ་ཆེན་པོ་ཞིག་རེད་བསམ།

    Reply
  8. ཁྲ་གླག་སྤྱང་གསུམ། says:
    ལོ་ 16 སྔོན།

    ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་བོད་ཡིག་སྙིང་རྗེ་མོ་བཅུག་འདུག ད་ངས་ཀྱང་ཀུ་ཤུ་རྟགས་ཅན་ཞིག་ནོས་ན་མ་གཏོགས། མི་དེ་ཚོའི་ལག་རྩལ་ལ་ཡ་མི་འདུག གཅིག་དེ་བོད་ཡིག་ཁོ་རང་ཚན་རིག་དང་མཐུན་པ་ཡོད་ཙང་རེད། རྒྱ་ཡིག་དང་འཇར་པན་ཡི་གེ་འདྲ་པོ་ཡོད་ཅིང༌། འཇར་པན་གྱིས་ཚན་རིག་པ་ཚོས་རང་གི་ཡི་གེ་གློག་ཀླད་ནང་སྤྱོད་ཐུབ་པ་བཟོས་པ་ལ་དཔེ་བཤུ་བྱས་པ་རེད་མ་གཏོགས། རྒྱ་རྒན་ཁོ་རང་ཚོ་ཡིན་ན་ད་དུང་ཡང་རང་གི་ཡི་གེ་གློག་ཀླད་ནང་སྤྱོད་ཐུབ་ཡོད་མ་རེད་ཟེར་མཁན་འདུག

    Reply
  9. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    ཀུ་ཤུ་རྟགས་ཅན་ཁ་པར་ནང་བོད་ཡིག་བེད་སྤྱོད་བཏང་བའི་དཔེ་རིས་དང་བཅས།

    http://www.tibetcm.com/html/news/201011252715.html

    བོད་རང་ཉིད་ཀྱི་སྐད་ཡིག་གཅེས་སྐྱོང་དང་དར་སྤེལ་ཟེར་ན་འདི་འདྲ་བ་ཞིག་ཡིན་པ་ལས། བཙན་འབྱོལ་བོད་གཞུང་གིས་ད་བར་བོད་ཡིག་ཡར་རྒྱས་གཏོང་གི་ཡིན་ཞེས་པའི་ཁ་གཡང་ཁོ་སྟོང་མང་པོ་བསྒྲགས་པས་ཅི་ཕན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese