མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུ་བརྒྱའི་དུས་དྲན་དབུ་འབྱེད་མཛད་སྒོ་ཚོགས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་སིལ་བུའི་སྐབས་རྒྱལ་བསྟན་ཉག་ཕྲ་བའི་སྐབས་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་རྒྱ་ནག་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་ཏེ། བསྟན་པ་བསྐྱོངས་པའི་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་བསྐྱངས་ཏེ། ད་བར་མི་ལོ་ ༩༠༠ འགྲོ་བཞིན་ཡོད་དུས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་ཞིང་། ཁྱད་པར་ཀརྨ་པ་སྐུ་ཕྲེང་དགུ་པ་ནས་བཟུང་༧གོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་དམ་ཟབ་བྱུང་ཡོད་ཟེར།

དེ་རིང་ཞོགས་པ་གནས་མཆོག་རྡོ་རྗེ་གདན་དུ་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༩༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་དབུ་འཛུགས་གནང་ཡོད་ཅིང་། ཞོགས་པའི་ཆུ་ཚོད་ ༨ སྟེང་དགེ་འདུན་པ་རྣམས་པས་གཙོས་སྐུ་མགྲོན་སེར་སྐྱ་ཚང་མ་རྡོར་གདན་གཏེར་སྒར་དགོན་གྱི་ཉེ་འགྲམ་གྱི་༼ དགུ་བརྒྱའི་དུས་དྲན༽ མཛད་སྒོའི་ཚོགས་ཁང་དུ་ཚང་འཛོམས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་ཚོགས་མགོན་དུ་ཕེབས་ཏེ། མཆོད་པའི་སྤྲིན་ཕུང་འཁྲིགས་པའི་དབུས་རྗེ་དུས་གསུམ་མཁྱེན་པའི་སྐུ་གསུང་བྱོན་མ་གདན་འདྲེན་ཞུས་ཤིང་། མཛད་སྒོའི་གཙོ་སྐྱོང་པ་གོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཤིས་ཚིག་ཕུལ་བ་དང་སྦྲགས་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུས་ཡོད་འདུག

 མཛད་སྒོ་དེར་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཆོས་རིང་བཀའ་བློན་ཚེ་རིང་ཕུན་ཚོགས། འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་གོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། རྒྱུད་སྟོད་མཁན་རིན་པོ་ཆེ། གཞན་ཡང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བླ་སྤྲུལ། མཁན་པོ། གྲྭ་ཚང་ཁག་གི་ཕྱག་མཛོད་སོགས་སྐུ་མགྲོན་ ༣༠༠ ཙམ་ཆེད་ཕེབས་གནང་ཡོད་ལ། ཁྱོན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་སེར་སྐྱ་ ༦༠༠༠ ལྷག་འཛོམས་ཡོད་འདུག  

ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་བོད་མདོ་ཁམས་ཏྲེ་ཤོད་དུ་སྐུ་འཁྲུངས་ཏེ། མི་ལོ་ཧྲིལ་པོ་ ༩༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་དེ་ལོ་ངོ་གཅིག་ཧྲིལ་བོར་འཛམ་གླིང་རྒྱལ་ཁབ་དུ་མར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་དངོས་སུ་དབུ་འཛུགས་གནང་སྟེ། དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ནས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་ཕྱེས་ཤིང་། དགུ་བརྒྱའི་དུས་དྲན་དང་འབྲེལ་བའི་དཔེ་དེབ་ཁག་གཉིས་དབུ་འབྱེད་དང་། ལྷོ་ཕྱོགས་ནས་གདན་དྲངས་པའི་སྲོལ་རྒྱུན་རོལ་དབྱངས་དང་ལྷག་པར་དོ་ཧཱ་རྡོ་རྗེའི་མགུར་དབྱངས་བ་ཁག་ཅིག་གིས་དོ་ཧཱ་རྡོ་རྗེའི་མགུར་ལེགས་སྦྱར་གྱི་སྐད་ཐོག་ནས་གདངས་སུ་གྱེར།

ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་༧གོང་ས་མཆོག་གིས་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོར་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་རྗེས་ས་སྐྱའི་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་། དེ་ནས་རུམ་བཏེག་ཕྱག་མཛོད་ཀརྨ་ཅུང་རྒྱལ་པ་ལགས་ཀྱིས་རྒྱ་གར་བྷེ་ཧཱར་མངའ་སྡེའི་བློན་ཆེན་དང་། འབྲས་ལྗོངས་མངའ་སྡེའི་བློན་ཆེན་གཉིས་ཀྱིས་ཐེངས་འདིའི་མཛད་སྒོར་གནང་བའི་གསུང་འཕྲིན་སྒྲོག་སྦྱང་གནང་།

སྐབས་དེར་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དུས་དྲན་མཛད་སྒོ་འདི་ཚོགས་དགོས་པའི་རྒྱུ་མཚན་སྐོར་ངོ་སྤྲོད་གནང་དོན། ད་རེབ་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་དང་སྦྲགས་ང་རང་ལྟ་བུར་མཚོན་ན་ལོ་ ༩༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་རྗེ་ཀརྨ་པའི་ཐུགས་རྗེའི་གྲིབ་བསིལ་འོག་འཚོ་མཁན་ཞིག་ཡིན་པའི་ཆ་ནས་ད་རེབ་ཀྱི་མཛད་སྒོ་འདི་ལོ་རྒྱུས་ཀྱི་བྱུང་རབས་ནང་རྗེ་ཀརྨ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཅི་བསྐྱངས་རྣམས་གསལ་འདེབས་དང་། མ་འོངས་པར་ཡང་བསྟན་པ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན། ཞེས་དང་། གཞན་ཡང་ད་ལྟའི་དུས་རབས་འདིར་ཚན་འཕྲུལ་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་། ནང་སེམས་ཀྱི་བདེ་བ་དེ་ཙམ་ཡར་རྒྱས་ཡོང་གི་མེད་སྟབས། གཞོན་རབས་ཚོས་ནང་ཆོས་ལས་གསུངས་པའི་ཡ་རབས་བཟང་སྤྱོད་ལས་བརྩམས་ཏེ། ནང་སེམས་ཀྱི་བདེ་བ་སྐྲུན་ཐབས་ལ་འབད་འབུངས་ཡོང་བའི་རེ་བའི་ཐོག་ནས་མཛད་སྒོ་འདི་གོ་སྒྲིག་གནང་བ་ཡིན། ཞེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་གྲུབ་རྗེས་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་དོན། ཐེངས་འདིའི་མཛད་སྒོ་འདི་ཉིད་ལོ་རྒྱུས་ཀྱི་བྱུང་རབས་ནང་དོན་སྙིང་ལྡན་པ་དང་། མ་འོངས་པར་རྒྱལ་བསྟན་སྤྱི་དང་ཁྱད་པར་བཀའ་བརྒྱུད་པའི་བསྟན་པ་འཛིན་སྐྱོང་གནང་ཕྱོགས་སྐོར་ཚང་མས་ཐུགས་ལ་འཛིན་དགོས་པའི་གསལ་འདེབས་ཤིག་ཆགས་ཀྱི་ཡོད་ཚུལ་དང་། གཞན་ཡང་ཀརྨ་པ་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་གཙོ་བོ་ཁག་རེ་རེ་བཞིན་ངོ་སྤྲོད་དང་སྦྲགས་ང་ཚོ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ནས་ལོ་ངོ་ཆིག་སྟོང་ལྷག་སོང་ཡོད་པ་དང་། བོད་སིལ་བུའི་སྐབས་རྒྱལ་བསྟན་ཉག་ཕྲ་བའི་སྐབས་སུ་རྗེ་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་རྒྱ་ནག་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་ཏེ། བསྟན་པ་བསྐྱས་པའི་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་བསྐྱངས་ཏེ། ད་བར་མི་ལོ་ ༩༠༠ འགྲོ་གི་ཡོད་དུས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་ཞིང་། ཁྱད་པར་ཀརྨ་པ་སྐུ་ཕྲེང་དགུ་པ་ནས་བཟུང་༸གོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་དམ་ཟབ་བྱུང་ཡོད།

ལྷག་པར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རྣམ་གཉིས་ཕན་ཚུན་ཐུགས་སྣང་གཅིག་འདྲེས་ཀྱིས་རྒྱ་དཀར་ནག་སོགས་ཡུལ་གྲུ་དུ་མར་ལྷན་ཅིག་ཏུ་ཕེབས་པ། བཙན་བྱོལ་དུའང་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་ཡོད་པས་མཚོན་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་མང་པོ་བསྐྱོན་ཡོད་པ་དང་། ད་ལྟའི་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཁོང་ལྟ་བུར་མཚོན་ན་ད་ལྟ་བར་དུ་སྐུ་ཕྲེང་བཅུ་དྲུག་བར་ཕེབས་པའི་མཛད་པ་ཚང་མ་བདག་གིར་བཞེས་ཐུབ་པའི་རེ་བ་དང་གོ་སྐབས་གཉིས་ཀ་ཡོད་པ་རེད། ཅེས་དང་། མཇུག་ཏུ་བཀའ་ཁྲི་མཆོག་གིས། མཛད་སྒོ་འདིར་ངོ་བཅར་ཐུབ་པ་དེ་ཆེས་སྐལ་པ་བཟང་པོ་ཞིག་བྱུང་ལ། ང་ད་ལྟ་བཀའ་ཁྲིའི་ལས་ཡུན་རྫོགས་མེད་སྟབས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་བྱ་བ་རླབས་ཆེན་ཞིག་ཀྱང་ཆགས་པ་རེད། ཅེས་གསུངས་སོང་།

གོང་གི་གནས་ཚུལ་དེ་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 7

  1. གངས་སྨྱུག says:
    ལོ་ 15 སྔོན།

    ཀརྨ་པ་དགུ་བརྒྱད་དུས་དྲན་ལ་བཀྲ་ཤིས་བདེ་ལེགས་དང་།
    ཀམ་ཚང་བཀའ་བརྒྱུད་བསྟན་པ་རྒྱས་གྱུར་ཅིག

    Reply
  2. རྨོངས་སད་སྒྲོན་མེ། says:
    ལོ་ 15 སྔོན།

    ༸ བཀའ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀ་རྨ་པ་དུས་གསུམ་མཁྱེན་པ་འཁྲུངས་ནས་མི་ལོ་༩༠༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་ཀྱི་མཛད་སྒོ་འདི་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ། ཀ་རྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་མཁྱེན་ནོ།

    Reply
  3. Karma Namgyal says:
    ལོ་ 15 སྔོན།

    སྤྱི་ཟླ་༡༢པའི་ཚེས་༢ཉིན་ལྡི་ལི་ཀརྨ་དགོན་ནས་བརྗེ་དུས་གསུམ་མཁྱེན་པ་ལོ་༩༠༠འཁོར་བའི་དུས་དྲན་གནང་འདུག་པ་ཡང་གཟིགས་ལམ་ཞུ།
    http://frontierindia.net/saba-celebrates-900-years-of-karma-kagyu-lineage

    Reply
  4. གངས་ཕྲུག says:
    ལོ་ 15 སྔོན།

    བཀའ་བརྒྱུད་བསྟན་པ་ཡུན་རིང་བརྟན་གྱུར་ཅིག

    བཀྲ་ཤིས་སྨོན་འདུན་ཞུ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་བརྒྱུད་བསྟན་པ་རྟག་གནས་བསྟན་འཛིན་ཡུན་བརྟན་ཤོག །

    Reply
  6. བཀྲ་ཤིས། says:
    ལོ་ 15 སྔོན།

    དེང་སང་བོད་ནང་གི་བླ་ཆེན། སྤྲུལ་སྐུ་ངོས་འཛིན་གནང་མཁན་གཙོ་བོ། ཁྲོམ་གི་མཁན་པོ་ཨ་ཁྱུག་ཚང་ནས་་ད་ལོ་ནས་སྤྲུལ་སྐུ་ངོས་འཛིན་ཡིན་པའི་ངོས་སྦྱོར་སྤྲོད་ཀྱི་མཚམས་འཇོག་བྱས་པ་ཡིན་ཞེས་གསུངས་འདུག དེའི་རྒྱུ་མཚན་ནི་བོད་བོད་མི་ཚོ་གོ་རྟོགས་སད་པ་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་འདུག མི་མང་གང་མང་ནང་ནས་དང་། གྲ་བཙུན་ཁག་གཅིག དགེ་ལུགས་པའི་དགེ་བཤེས། རྒྱ་ནག་སྲིད་གཞུང་བཅས་ཚང་མས་ཁོང་ལ་སྤྲུལ་སྐུ་ངོས་འཛིན་བྱེད་ཆོག་པའི་ངོ་རྒོལ་བྱུང་ཡོད་པ་རེད། གཞིས་ལུས་མི་མང་ནང་སྤྲུལ་སྐུ་ངོས་འཛིན་མི་ཆོག་ཟེར་ནས། བསམ་ཚུལ་འདོན་མཁན་ཉིན་རེ་་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་ཡང་འདུག

    Reply
  7. གཉན་ཕུན་ཚོགས། says:
    ལོ་ 15 སྔོན།

    བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ།།།།།།་་་་་་་་་་་་་ཀརྨ་པ་མཁྱེན་ནོ་།།།།།།།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese