མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞི་རྒོལ་བ་གསུམ་ངྷ་སར་འབྱོར་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕ་ཡུལ་ཁམས་སྡེ་དགེ་རྫ་ཁོག་དགོན་གསར་ནས་ཡིན་པའི་ཞི་རྒོལ་བ་གསུམ་ངྷ་གསར་འབྱོར་ཏེ། ས་བྱི་ཞི་རྒོལ་ཆེན་མོའི་སྔ་ཕྱིའི་ལོ་རྒྱུས་དང་འབྲེལ་ད་ལྟའི་བོད་ནང་གི་གནས་བབ་སྐོར་གསལ་བསྒྲགས་བསྐྱངས་ཡོད།

དེ་རིང་སྔ་དྲོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག  བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་།  ༢༠༠༩ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་ཁམས་དཀར་མཛེས་ཁུལ་སྡེ་དགེ་རྫ་ཁོག་དགོན་གསར་དུ་བོད་ཀྱི་རྒྱལ་དར་དང་སྤྱར་ཡིག་བཀྲམས་མཁན་གྱི་དགེ་འདུན་པ་བློ་བཟང་ནོར་བུ་དང་མཁས་གྲུབ་རྒྱ་མཚོ། ཀུན་དགའ་རིན་ཆེན་གསུམ་གྱིས་ཞི་རྒོལ་གྱི་སྔ་ཕྱིའི་གནས་ཚུལ་དང་། ད་ལྟའི་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་ཁག་ཅིག་གི་ཐད། གསར་འགོད་གསལ་བསྒྲགས་གནང་ཡོད།   

གསར་འགོད་གསལ་བསྒྲགས་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་མི་ཞི་རྒོལ་བ་གསུམ་གྱི་ལོ་རྒྱུས་ངོ་སྤྲོད་གནང་རྗེས།   གྲྭ་བློ་བཟང་ནོར་བུ་ལགས་ཀྱིས་འདས་པའི་ལས་འགུལ་གྱི་བྱུང་རིམ་སྐོར་ནས་བརྗོད་དོན། བོད་ནང་ལ་མཚོན་ན་འདས་པའི་ལོ་ངོ་དུ་མའི་རིང་ནས་བཟུང་རྒྱ་གཞུང་གིས་དམ་དྲག་འོག་བོད་ས་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས། སྨྲ་བརྗོད་རང་དབང་སོགས་ཕྱོགས་ཡོངས་ལ་དམ་དྲག་དང་རང་དབང་རྩ་བ་ནས་མེད་པ་ལྟར། ང་ཚོ་དགེ་འདུན་པ་ ༢༠༠ ལྷག་ཡོད་པའི་དགོན་གསར་དགོན་པར་མཚོན་ནའང་། རྒྱལ་བའི་ཞབས་རྟེན་དང་ཁོང་གི་སྐུ་པར་བཤམ་པ་སོགས་ཀྱི་ཐད་ལ་དམ་དྲག་དང་བྱས་པར་མ་ཟད། དགོན་པའི་གྲྭ་བ་ ༦༠ ལྷག་དགོན་པ་ནས་ཕྱིར་ཕུད་བཏང་སྟེ་རང་ཡུལ་དུ་ལོག་བཅུག་པ་སོགས་སུན་གཙེར་དང་དྲག་གནོན་རབ་དང་རིམ་པ་བྱས་པ་རེད།

ཐབས་གདུག་གི་གནས་སྟངས་དེ་དག་གི་ཐད། ང་ཚོའི་དགོན་པའི་རྒན་བློ་བཟང་མཐའ་ཡས་དང་ཁྲི་ཟུར་བཀྲ་རྒྱ་གཉིས་གཙོས་དགེ་འདུན་པ་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། ཁོང་གཉིས་ལ་ལོ་  ༦ དང་ལོ་ ༢ ཀྱི་ཁྲིམས་ཐག་བཅད་པ་དང་། ཕྱིས་སུ་དགོན་པའི་གྲྭ་བ་ཡོངས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པའི་སྐབས་སུ་འང་གྲྭ་བ་ ༡༡ འཛིན་བཟུང་བྱས་ཏེ་ལོ ༥ ནས་ལོ་ ༣ བར་གྱི་ཁྲིམས་ཐག་བཅད་པ་སོགས་ཡ་ང་བའི་གནས་ཚུལ་མང་དག་ཅིག་བྱུང་བ་རེད། གནས་སྟངས་དེ་དག་ལ་གཞིགས་ཏེ། ང་ཚོ་གསུམ་མཉམ་རུབ་ཀྱིས་ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད། སྨྲ་བརྗོད་རང་དབང་། ༸གོང་ས་མཆོག་བོད་ལ་ཕེབས་ཏུ་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་བྲིས་ཏེ་སྤྱར་ཡིག་བཀྲམས་པར་མ་ཟད། བོད་ཀྱི་རྒྱལ་དར་ ༤༠ དཔར་བསྐྲུན་བྱས་ཏེ་སྦྱར་ཡིག་དང་མཉམ་དུ་ཞང་སྲིད་གཞུང་ནང་རྒྱ་དར་གཉིས་དང་དགོན་གསར་དགོན་པའི་ནང་རྒྱ་དར་གཅིག་བཅས་བསྒྲེངས་འཛུགས་བྱས་པ་ཡིན་ལ། དགོན་པའི་གྲྭ་གཞན་ལ་སུན་གཙེར་དང་མནར་གཅོད་མི་ཡོང་ཆེད་མཇུག་ཏུ་ངེད་གསུམ་གྱི་མིང་ཡང་བཀོད་དེ། སྦྱར་ཡིག་དང་རྒྱ་དར་བསྒྲེངས་འཛུགས་བྱས་པ་ཡིན། ཞེས་ལས་འགུལ་གྱི་བརྒྱུད་རིམ་ངོ་སྤྲོད་གནང་བྱུང་ལ།

ཡང་ཁོང་གིས། ༢༠༠༩ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་སྤྱར་ཡིག་དང་རྒྱ་དར་བསྒྲེངས་རྗེས་ངེད་གསུམ་གྱིས་རང་ཡུལ་ནས་འདུག་ཐབས་མེད་པ་ཤེས་ཏེ་རི་བྱོལ་དུ་ཕྱིན་པ་ཡིན། ཕྱིས་སུ་རྒྱ་ནག་གཞུང་གིས་ངེད་གསུམ་འཛིན་བཟུང་བྱས་ཏེ་རྩིས་སྤྲོད་བྱེད་མཁན་གྱི་མི་ཡོད་ཚེ་རྒྱ་སྒོར་ཁྲི་ ༢ སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་འདུག་ལ། རྗེས་སུ་ང་ཚོ་གར་ཡོད་ཀྱི་གནས་ཚུལ་ཅི་ཡང་མ་ཤེས་བར་ཡུན་རིང་ཕྱིན་རྗེས་རྒྱ་སྒོར་ཁྲི་ ༥ སྤར་ཏེ་བྱ་དགའ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ངེད་གསུམ་རི་བྱོལ་བྱེད་སའི་འབྲོག་ཁུལ་གྱི་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་བྱུང་། རྗེས་སུ་ང་ཚོ་གར་ཡོད་ཀྱི་གནས་ཚུལ་མ་ཤེས་སྟབས། རྒྱ་གཞུང་གིས། ངའི་ཕ་རྒན་དང་ཁོང་གཉིས་ཀྱི་གཅིག་གི་ཕ་དང་གཅིག་གི་མ་བཅས་རང་ཁྱིམ་ནས་བཙན་འཁྲིད་བྱས་ཏེ། ཟླ་ ༢ ལྷག་གི་རིང་དམག་མི་ ༣༠༠ ལྷག་ལ་འབུད་ཤིང་འཐུ་བ་དང་ཆུ་ལེན་པ། ཟས་གཡོར་སྦྱོར་སོགས་ཀྱི་གཡོག་པོར་བཀོད་སྦྱོད་བྱས་པར་མ་ཟད། ཕ་རྒན་ལ་མནར་གཅོད་དང་སུན་གཙེར་འདྲ་མིན་བཟོས་ཏེ་རྨས་སྐྱོན་ཕོག་རྗེས་ཀློད་གྲོལ་བཏང་འདུག་ལ།  ཕྱིར་རང་ཁྱིམ་དུ་ལོག་ཏེ་ཉིན་ ༢ འགོར་རྗེས་ངའི་ཕ་རྒན་འདས་གྲོངས་སུ་ཕྱིན་འདུག གནས་ཚུལ་དེ་དག་གོ་རྗེས་ང་ཚོ་ཕྱིར་ལོག་པའི་ལམ་ཁ་མེད་པ་གསལ་བོར་ཤེས་ཏེ་བལ་ཡུལ་སྣེ་ལེན་ཁང་དུ་མ་འབྱོར་བར་དུ་ལོ་གཅིག་མ་ཟིན་ཙམ་ལ་ལྟོགས་སྐོམ་དང་གྲང་ངར་སོགས་ཀྱི་དཀའ་སྡུག་མང་པོ་ཞིག་མྱངས་ཏེ། ནང་མི་སོགས་ལ་ཐུག་འཕྲད་ཀྱི་གོ་སྐབས་གཅིག་ཀྱང་མ་བྱུང་བར་རི་བྱོལ་བྱས་ནས་བསྡད་པ་ཡིན། ཞེས་བརྗོད་བྱུང་།

མཐའ་མར་ཁོང་གིས། འདི་ལོ་ཕྱི་ཟླ་ ༧ པའི་ནང་ངེད་གསུམ་གྱིས་སེམས་ཐག་གཙང་བཅད་ཀྱིས་རྒྱ་གར་ལ་ཡོང་རྒྱུ་བྱས་པ་ཡིན། ཟླ་ ༡༠ བའི་ཚེས་ ༧ ཉིན་ལྷ་སར་འབྱོར་རྗེས་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་བོད་མི་ཞིག་གི་རོགས་རམ་ལ་བརྟེན་ནས་ཉིན་གྲངས་ ༢༣ རིང་ཤར་ཁམ་བུ་བརྒྱུད་དེ་བལ་ཡུལ་ལ་འབྱོར་སོང་། མ་འོངས་པར་ང་ཚོ་གདན་ས་ཁག་ཏུ་ཕྱིན་ཏེ་སློབ་གཉེར་བྱ་འཆར་ཡིན་ལ། དེ་དང་སྟབས་བསྟུན་ཏེ་བོད་ནང་གི་བོད་མི་ཚོའི་མངོན་འདོད་བསྒྲུབ་ཐབས་ལ་རང་ངོས་ནས་འབད་པ་བྱ་འཆར་ཡོད། ཅེས་བརྗོད་བྱུང་།

རང་ལོ་ ༣༠ ཡིན་པའི་གྲྭ་བློ་བཟང་ནོར་བུ་དང་རང་ལོ་ ༢༤ ཡིན་པའི་མཁས་གྲུབ་རྒྱ་མཚོ། རང་ལོ་ ༢༦ ཡིན་པའི་གྲྭ་ཀུན་དགའ་རིན་ཆེན་བཅས་གསུམ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫ་ཁོག་ཤང་ཁོངས་སུ་ཡོད་པའི་དགོན་གསར་དགོན་པའི་གྲྭ་བ་ཡིན་ཞིང་། ༢༠༠༩ ལོར་སྦྱར་ཡིག་དང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པའི་དབང་གིས་ལོ་གཅིག་མ་ཟིན་ཙམ་གྱི་རིང་རི་བྱོལ་བྱས་མཐར་ད་ལོའི་ཟླ་ ༡༡ པའི་ཚེས་ ༡༥ ཉིན་བཞུགས་སྒར་དུ་འབྱོར་ཡོད་ལ། དེ་རིང་གསར་འགོད་གསལ་བསྒྲགས་ཀྱི་གོ་སྐབས་དང་སྟབས་བསྟུན་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱིས་ཁོང་གསུམ་ལ་འཚམས་འདྲི་དང་སྦྲགས་ཁོང་ཅག་གི་སྙིང་སྟོབས་དང་ལྷག་བསམ་ལ་ཆེ་མཐོང་གི་ཁ་བཏགས་སྒྲོན་འབུལ་ཞུས་ཡོད།    

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༠ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 10

  1. ཐོགས་མེད says:
    ལོ་ 16 སྔོན།

    སྙིང་ནས་བཀྲིས་བདེ་ལེགས་དཔའ་བོ་གསུམ་་་་་་་་་་་་་་་་་ཁྱོད་གསུམ་དང་ཁྱོད་གསུམ་འདྲ་བའི་བོད་རིགས་དཔའ་བོ་དང་དཔའ་མོ་ཀུན་སྐུ་ཚེ་རིང་ནད་མེད་བསམ་དོན་ལྷུན་གྱིས་འགྲུབ་པ་ཤོག

    Reply
  2. migyur says:
    ལོ་ 16 སྔོན།

    དག་བཅོས་པ་ཁོ་རང་ཡང་ནོར་འདུག་བ།
    དག་བཅོས་ཤིག་དགོས་༼ནས་༽འདུག་ཟེར་བ་སུ་ཡི་སྐད་རེད།
    དག་བཅོས་ཤིག་དགོས་ཀྱི་འདུག་ཟེར་རྒྱུ་མིན་ནམ།

    Reply
  3. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།

    གཤམ་གྱི་འདི་ཚོ་ནོར་འདུག དག་བཅོས་ཤིག་དགོས་ནས་འདུག མཐོང་ཆུང་དང་ཁྱད་གསོད་ཞུས་པ་གང་ཡང་མིན། བོད་ཀྱི་དུས་བབ་འདི་བདེ་འཇགས་རྐང་ཚའི་རྗེས་སུ་མི་འགྲོ་བ་ཞིག་གི་རེ་བས་སྡོད་མ་ཚུགས་པར་ཟུར་འདོན་ཞུས་པ་ཙམ་ལགས་ཞུའོ།།

    ངྷ་༼གསར༽་འབྱོར།
    རྒྱལ་དར་དང་༼སྤྱར༽་ཡིག
    རྒྱལ་བའི་ཞབས་༼རྟེན།༽
    ཐབས་༼གདུག༽
    ༼སྤྱར༽་ཡིག་བཀྲམས།
    ༼སྤྱར༽་ཡིག་དང་༼རྒྱ༽་དར།
    ཅི་ཡང་མ་ཤེས་༼བར༽་ཡུན་རིང་ཕྱིན།
    ཟས་༼གཡོར༽་སྦྱོར།
    གཡོག་པོར་༼བཀོད༽་སྦྱོད།
    ཕྱིར་རང་ཁྱིམ་དུ་ལོག་༼ཏེ།༽

    Reply
  4. ནེ་ཤོད་གྲུ་ཁ། says:
    ལོ་ 16 སྔོན།

    ཁོང་རྣམ་པ་གསུམ་བདེ་ཐང་ངང་རྡ་སར་འབྱོར་ཐུབ་པར་དགའ་བསུ་ཞུ།

    Reply
  5. བློང་བཟང་དངོས་སྒྲུབ། says:
    ལོ་ 16 སྔོན།

    བཀྲིས་བདེ་ལེགས་ཞུ

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ཁྱེད་རྣམ་པ་བདེ་འབྱོར་བྱུང་བར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།

    Reply
  7. ནོར་འཛིན་དོན་འགྲུབ། says:
    ལོ་ 16 སྔོན།

    དེ་ནི་དངོས་ནས་དགའ་དགོས་པ་རེད་ལ་་བོད་མི་གསུམ་སྲོག་འཐར་བ་རེད་་་་་་་ཁྱོད་ཚོ་ནི་དཔའ་བོ་དངོས་ནས་རེད་་་་་་་་་བཀྲ་ཤིས་བདེ་ལེགས་ཞུ་་

    Reply
  8. འཁེར་སྐྱ། says:
    ལོ་ 16 སྔོན།

    ཡང་བོད་ཀྱི་དཔའ་བོ་གསུམ་ངྷ་་སར་འབྱོར་འདུག་་ཁྱེད་རྣམས་པ་བདེ་ལགས་ངང་རང་དབང་ལུང་བར་འབྱོར་བ་སྔགས་བརྗོད་དང་བཀྲ་ཤིས་བདེ་ལགས་ཞུ།

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཁྱེད་རྣམ་པ་གསུམ་ལབཀྲིས་བདེ་ལེགས་ཞུ

    གྲི་རིང་པོ་རེ་འཕྲེད་ལ་བཏག་དེ་རང་ཉིད་དཔའ་རྒོད་ཡིན་པ་རློམ་པས་གླེན་པ་ཚོ་ངོ་ཚ་དགོས་ཚོད་ཡིན

    ངོ་མ་དཔའ་རྒོད་རེད་་་་་་

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཁྱེད་རྣམ་པ་གསུམ་རང་དབང་གི་ཡུལ་དུ་བདེ་འབྱོར་བྱུང་བ་སྙིང་ནས་འཚམ་འདྲི་ཡོད། རང་དབང་ཡོད་ས་ནས་སྔར་ལས་ལྷག་པའི་ལས་འགུལ་གྱི་སྐོར་འདྲ་བྱེད་རྒྱུུའི་སྐོར་ལ་གོམ་པ་རེ་སྤོ་ཐུབ་པར་རེ་རྒྱགས་ཀྱི་ཡོད། རྣམ་པ་གསུམ་གཙོ་བའི་ཞི་རྒོལ་དབའ་བོའི་མིང་ཐོབ་མཁན་གྱི་བོད་རིགས་སྤུན་ཟླ་གང་ན་སུ་ཡོད་པ་དག་གིས་མུ་མཐུད་དུ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་ནས་སྣེ་ཁྲིད་བྱེད་ཐུབ་པར་རེ་བ་རྒྱགས་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese