ལྡི་ལི་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་དུས་ཡུན་རིང་པོའི་རྩོད་རྙོག་ཅིག་ལྷག་ཡོད་པ་དེ། བདུན་ཕྲག་འདིའི་རེས་གཟའ་ཕུར་བའི་ཉིན་ཐག་གཅོད་བྱས་འདུག
རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་། དབྱིན་ཡིག་ཐོག་ ( Bureau of his Holiness The Dalai Lama) ཟེར་བ་དེར་ལོ་ངོ་ ༡༦ རིང་གི་ཁ་མཆུ་ཞིག་ལྷག་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༧༣ ལོའི་ཟླ་ ༡༡ ཚེས་ ༩ ཉིན་ལྡི་ལི་གསར་པའི་ལཱཇི་པཊི་ནཱ་གྷར་ Lajpat Nagar ས་གནས་ཀྱི་རྒྱ་གར་ཡུལ་མི་ཨོམ་པི་རཱ་ཀཱཤི་ Om Prakash Baldev ཟེར་བ་ཞིག་གིས་ས་ཁྱོན་ལ་སྤྱི་མི་གྲུབཞི་མ་ ༦༠༠ ཡོད་པའི་ཁོ་རང་གི་ཁང་པ་དེར་ཧིན་སྒོར་དྲུག་འབུམ་ ༦༠༠༠༠༠ བྱས་ཏེ། སྐབས་དེའི་བོད་གཞུང་སྐུ་ཚབ་དོན་གཅོད་ཕུན་ཚོགས་དོན་ལྡན་ལགས་སུ་བཙོང་ཡོད།
འོན་ཀྱང་། ཁྲིམས་ཐོག་ནས་རྒྱ་གར་ཡུལ་མི་ཞིག་གིས་ཕྱི་མི་ལ་ས་ཁང་ཉོ་ཚོང་གི་དབང་ཚད་མེད་སྟབས། སྐབས་དེར་ཕྱོགས་གཉིས་ཐད་ནས་ཁང་ཡིག་ཐོག་མཚན་རྟགས་བསྐྱོན་ཐུབ་མེད་ཡོད་མི་འདུག ཕྱི་ལོ་ ༡༩༨༤ ལོ་ནས་ཁང་བདག་རྒྱ་གར་བ་དེས་ངན་སེམས་བཅིངས་ཏེ། བསྐྱར་དུ་ས་གནས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཁང་པ་དེ་ཁོ་རང་གི་ཡིན་པ་མ་ཟད། དུས་ཡུན་རིང་པོར་གཞན་གྱིས་བེད་སྤྱོད་བཏང་དེ་ཁང་པར་སྐྱོན་ཆག་ཤོར་ཡོད་པའི་ཉེས་འཛུགས་བྱས་ཡོད། ཁྲིམས་ཁང་གིས་ཞིབ་བཤེར་ཡང་ཡང་བྱས་པ་བརྒྱུད་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ས་གནས་རྫོང་གི་ཁྲིམས་དཔོན་སྐུ་ཞབས་རཱཇིན་ཌར་ Rajender Kumar Shastri ལགས་གྱིས་རྒྱ་གར་བ་དེའི་ཁྲིམས་གཏུག་ཞུ་ཡིག་རྩིས་མེད་བཏང་སྟེ། གཞུག་ཕྱོགས་ཁ་མཆུ་རྒྱག་མཆོག་གི་མེད་པའི་ཐག་གཅོད་བྱས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
ཡིག་སྐྱོན་ཉིན་རེ་ནས་ཉིན་རེར་ཇེ་མང་རེད། ད་དུས་བབས་ཚང་གི་གནས་བབས་འདི་ངོ་མ་སེམས་ཁྲལ་སྐྱེ་གཞི་ཞིག་རེད། ལོ་ངོ་དུ་མའི་རིང་གི་དཀའ་སྤྱད་ཀྱི་འབྲས་བུ་འདི་དེ་ལྟར་ཆུད་ཟོས་སུ་བཏང་ན་ལས་རྒྱུ་འབྲས་ལའང་མི་རུང་། གོང་དུ་ཡིག་སྐྱོན་ཐེར་འདོན་བྱེད་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་༼་སྤྱི་མི་གྲུབཞི་མ༽ཞེས་པའི་༼མི༽་དེ་ལྟར་བྲིས་པ་མ་ཡིན་པར་༼རྨི༽ཞེས་བྲིས་པ་མང་དུ་མཐོང་། ༼སྤྱི་མི་གྲུ་བཞི་མ་༽ཞེས་བྲིས་ན་དགོད་བྱེད་ཅིག་ཏུའང་འགྱུར་ཉན་འདུག སྐད་ཡིག་གི་ཆེད་དུ་འཐབ་རྩོད་ཀྱི་རྦ་རླབས་འཕྱུར་བཞིན་པའི་དུས་སུ། རང་དབང་གི་ཁོར་ཡུག་ནས་འདི་ལྟར་སྐད་ཡིག་ལ་རྨ་ཁ་བཟོས་ན་ནག་ཉེས་ཀྱི་ནང་ནས་ཀྱང་ནག་ཉེས་ཤིག་མ་རེད་དམ།
ལྡི་ལི་བོད་གཞུང་དོན་གཅོད་ལ་གྱོད་དོན་འདི་མ་གཏོགས་མེད་ཚེ་ཨོ་ཙི་རེད། ཡིན་ཡང་ངས་ཤེེས་གསལ་ལྟར་ན་ཕྱི་སྐྱོད་ལག་འཁྱེར་སེར་རོའི་རྩོད་རྙོག་འདི་ལས་ཀྱང་མང་བ་ཡོད་པ་འདྲ།
ཚིག་ཕྲེང་ལྔ་ལ་ཡིག་སྐྱོན་ལྔ་འདུག དག་བཅོས་རེ་ཐུགས་ལ་འདོགས་འཚལ། ཡིག་སྐྱོན་ཡོད་སའི་ཚིག་ཕྲེང་དྲུག་དང་དེའི་ནང་གི་ཡིག་ནོར་རྣམས་ཟུར་འདོན་ཞུས་ཡོད་པ་འདི་ལགས།
ཁང་ཡིག་ཐོག་མཚན་རྟགས་བསྐྱོན་ཐུབ་༼མེད་ཡོད་མི་འདུག༽ ཕྱི་ལོ་ ༡༩༨༤ ལོ་ནས་ཁང་བདག་རྒྱ་གར་བ་དེས་ངན་སེམས་༼བཅིངས༽་ཏེ། བསྐྱར་དུ་ས་གནས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཁང་པ་དེ་ཁོ་རང་གི་ཡིན་པ་མ་ཟད། དུས་ཡུན་རིང་པོར་གཞན་གྱིས་བེད་སྤྱོད་བཏང་༼དེ་༽ཁང་པར་སྐྱོན་ཆག་ཤོར་ཡོད་པའི་ཉེས་འཛུགས་བྱས་ཡོད། ཁྲིམས་ཁང་གིས་ཞིབ་བཤེར་ཡང་ཡང་བྱས་པ་བརྒྱུད་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ས་གནས་རྫོང་གི་ཁྲིམས་དཔོན་སྐུ་ཞབས་རཱཇིན་ཌར་ Rajender Kumar Shastri ལགས་༼གྱིས༽་རྒྱ་གར་བ་དེའི་ཁྲིམས་གཏུག་ཞུ་ཡིག་རྩིས་མེད་བཏང་སྟེ། གཞུག་ཕྱོགས་ཁ་མཆུ་རྒྱག་༼མཆོག༽་གི་མེད་པའི་ཐག་གཅོད་བྱས་ཡོད་འདུག
སྤྱི་ལེ་གྲུ་བཞི་མ་ ༦༠༠ ཡོད་ན། ཕལ་ཆེར་ལྡི་ལི་ཡོངས་རྫོགས་ཁང་པ་དེའི་ནང་དུ་འདུས་ཡོད་རྒྱུ་རེད་ལ།