མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ལ་འཐབ་རྩོད་ཀྱི་འདུན་པ་མེད་པ་རྩ་བ་ནས་མིན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ཆར་༧གོང་ས་མཆོག་གིས་ཟླ་དྲུག་ནང་ཚུན་དུ་ཁོང་བགྲེས་ཡོལ་དུ་ཕེབས་འདུན་ཡོད་སྐོར་གསུངས་པ་དེར་བོད་གཞིས་བྱེས་གཉིས་ནང་སེམས་འཚབ་དང་གླེང་སྣ་ཚོགས་ཡོང་གི་ཡོད་པ་ལྟར། ཉེ་ཆར་༧གོང་ས་མཆོག་གིས་གསལ་བཤད་གནང་བ་སོགས་ཀྱི་གནས་ཚུལ་ཁག་ཅིག་བསྡུ་སྒྲིག་བྱས་ཡོད། 

ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་སེས་ཨན་ཨན་ཡན་ལག་གསར་ཁང་ (CNN-IBN)གིས་༧གོང་ས་མཆོག་ལ་བཅར་འདྲི་ཞིག་གི་སྐབས། གསར་འགོད་པས་ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་ལ་དགོངས་པ་བཞེས་ཕྱོགས་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། ངོས་རང་བགྲེས་ཡོལ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་ཅེས་དང་། ༢༠༠༡ ལོ་ནས་ང་ཚོར་འོས་འདེམས་བྱས་པའི་སྲིད་དོན་གྱི་མགོ་ཁྲིད་ཅིག་ཐོན་པ་དང་། གལ་གནད་ཆེ་བའི་བྱེད་སྒོ་ཁག་ཐག་གཅོད་བྱེད་དབང་ཡང་སྲིད་དོན་མགོ་ཁྲིད་དེའི་ལག་ཏུ་ཡོད་སྟབས། ངོས་ཀྱིས་མང་གཙོའི་ལམ་ལུགས་ཆ་ཚང་བེད་སྤྱོད་ཡོང་བ་ལ་སྲིད་དོན་རིགས་ལ་ཐེ་གཏོགས་མ་བྱས་ན་བཟང་གི་རེད་དྲན་ཡོད། ཅེས་བཀའ་ལན་གནང་ཡོད། ཡང་ཁོང་གིས་དང་ཐོག་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ལ་དམིགས་དོན་འདིའི་སྐོར་གྲོས་བསྡུར་བྱ་དགོས། ད་སྔ་རོབ་ཙམ་བརྗོད་ཟིན་པ་ཡིན་ཞེས་དང་། ངོས་ཀྱི་བསམ་པར་ཕལ་ཆེར་ཟླ་བ་དྲུག་གི་ནང་ཡོང་སྲིད་པ་རེད་སྙམ་གྱི་ཡོད་ཅེས་སོགས་གསུངས་ཡོད།

 

ད་ལྟ་མང་ཚོགས་ཁྲོད་ཁོང་ཉིད་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་གྱི་བཀའ་སློབ་དེར་གླེང་སློང་སྣ་ཚོགས་ཤིག་ཡོང་བཞིན་པར་མ་ཟད། ཁོང་གི་དགོངས་གཞི་དངོས་དེ་མ་རྟོགས་པར་ཁོང་ཉིད་བགྲེས་ཡོལ་དུ་ཕེབས་པ་ནི། བོད་མིའི་འཐབ་རྩོད་མུ་མཐུད་གནང་རྒྱུའི་ཐུགས་འདུན་བརླག་པའི་སེམས་འཚབ་ཀྱང་ཡོང་གི་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁོང་གིས་ཀ་ལོན་སྦུག་ཏུ་ཁོང་ཉིད་བགྲེས་ཡོལ་དུ་ཕེབས་ཕྱོགས་སྐོར་ལ་བསྐྱར་དུ་གསལ་བཤད་ཅིག་གནང་བའི་ནང་། ཉེ་ལམ་ངོས་རང་རྒས་ཡོལ་ཆ་ཚང་བྱ་རྒྱུའི་བསམ་བློ་ཡོད་སྐོར་བརྗོད་པའི་ཐད། བོད་ཕྱི་ནང་གི་བོད་མི་ཁག་ཅིག་ལ་ཐེ་ཚོམ་དང་སེམས་འཚབ་ཕྲན་བུ་བྱུང་ཡོད་འདུག ཁོང་ཚོའི་བསམ་པར་ད་ནི་ཏཱ་ལའི་བླ་མར་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་འགན་ཁུར་ལེན་རྒྱུའི་འདུན་པ་མེད་པ་རེད་སྙམ་འདུག དེ་འདྲ་རྩ་བ་ནས་མིན། ཞེས་བཀའ་གནང་འདུག

 

ཡང་སྐབས་དེར་ཁོང་གིས། ངོས་ལ་འགན་ཁུར་གསུམ་ཡོད་པའི་ནང་ནས་དང་པོ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། གཉིས་པ་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན། དེ་གཉིས་ངོས་རང་མ་ཤི་བར་འགན་ཁུར་ལེན་རྒྱུ་ཡིན། ངོས་ཀྱི་འགན་ཁུར་གསུམ་པ་ནི་བོད་ཀྱི་རྩ་དོན་རེད། དེ་ཡང་ངོས་རང་བོད་མི་ཞིག་ཡིན་པ་དང་། ལྷག་པར་ཏཱ་ལའི་བླ་མའི་མིང་གནས་ཤིག་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུར་ཉེ་བས་ངོས་ལ་ཡིད་ཆེས་བློ་གཏད་བྱེད་ཀྱི་ཡོད་པར་བརྟེན། བོད་རྒྱ་ཆེའི་མི་མང་ལ་ཞབས་འདེགས་བསྒྲུབ་རྒྱུར་ངོས་ལ་འགན་འཁྲི་ཡོད། ཅེས་དང་། ལྷག་པར་ངོས་ཀྱིས་གོང་དུ་བརྗོད་པ་ལྟར། ངོས་རང་བོད་མིའི་ཁྲོད་གང་ལ་གང་འཚམ་གྱི་དགའ་མོས་ཡོད་པ་ཞིག་དང་། བོད་མི་ཚོས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་སྟབས། ངོས་ལ་འགན་ཁུར་ཞིག་ཡོད། འོན་ཀྱང་ངོས་ཀྱིས་དུས་རྒྱུན་འཛིན་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྱི་ཡིག་ཆ་གལ་ཆེའི་རིགས་ལ་ས་རྟགས་འགོད་དགོས་པ་དེ་རིགས་ངོས་ཀྱིས་བྱེད་མི་དགོས་པར་འབྲེལ་ཡོད་ཁག་ལ་རྩིས་སྤྲོད་བྱ་རྒྱུའི་བསམ་བློ་ཡོད། དེས་ན་སྐབས་རྗེས་མའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། ངོས་རང་རྒན་ཡོལ་ཆ་ཚང་བྱ་རྒྱུའི་སྐོར་བརྗོད་རྒྱུ་ཡིན། ཞེས་སོགས་གསུངས་ཡོད།

 

འདི་གའི་གསར་འགོད་པས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་གནད་དོན་འདིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་ང་ཚོ་སྐུ་སྒེར་དྲུང་ཆེ་རྣམས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་འདིའི་སྐོར་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གང་ཡང་མི་བྱ་རྒྱུ་བྱས་ཡོད། དེ་ནི་ང་ཚོ་དྲུང་ཆེ་རྣམ་པ་སུ་ཡིན་རུང་༧གོང་ས་མཆོག་གིས་ད་བར་གསུངས་བཞག་པ་ལས་ལྷག་ཅིག་བཤད་རྒྱུ་མེད་ལ། ཁོང་གིས་སྔ་ཕྱི་རིམ་པར་གསུངས་པའི་བཀའ་སློབ་ཁག་ཏུ་ཧ་ཅང་གསལ་བོ་ཡིན་སྟབས། མི་མང་གིས་ཁོང་གི་བཀའ་སློབ་ལས་ཁོང་གི་དགོངས་གཞི་ངོ་མ་དེ་རྟོགས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་། གང་ལྟར་འབྱུང་འགྱུར་གྱི་ཟླ་བ་གསུམ་ནང་ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་ཐུགས་འདུན་སྐོར་གསལ་བོ་ཆགས་ཀྱི་རེད། ཅེས་གསུངས་བྱུང་།

 

ཕྱི་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་ཐེངས་འདིར་༧གོང་ས་མཆོག་གིས་ཁོང་མ་འོངས་པའི་ཟླ་བ་དྲུག་ནང་ཚུན་དུ་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་སྐོར་གསུངས་པར་མ་ཟད། དེ་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་དེ་ལ་དགོངས་བཞེས་གང་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས་གསུངས་དོན། ༧གོང་ས་མཆོག་གིས་བཀའ་སློབ་དེ་ཕེབས་པ་ནས་བཟུང་སྤྱི་འཐུས་རྒྱུན་ལས་ནང་དུ་བཀའ་བསྡུར་རིམ་པ་འགའ་ཤས་བྱུང་བ་དང་། དེའི་གྲུབ་འབྲས་ལྟ་བུར། ད་ལྟའི་བར་གྱི་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་ནང་དུ་ ༡༩༦༣ ལོའི་རྩ་ཁྲིམས་གཏན་འབེབས་དང་ ༡༩༩༡ ནས་སྤྱི་འཐུས་གྲོས་ཚོགས་ཁྲིམས་བཟོ་ལྷན་ཚོགས་མིང་དོན་མཚུངས་པ་ཞིག་ཆགས་པ། ༢༠༠༡ ནས་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱུང་བ་སོགས། དེ་དག་ཚང་མ་༧གོང་ས་མཆོག་གི་དགོངས་གཞི་དང་བཀའ་སློབ་ཕེབས་ཏེ་མང་གཙོའི་འཕེལ་རིམ་དུ་ཕྱིན་པ་གསལ་བོ་རེད། དེར་བརྟེན་༧གོང་ས་མཆོག་གིས་མང་གཙོའི་འཕེལ་རིམ་གྱི་སྟེང་དུ་དགོངས་བཞེས་གང་ཡོད་པ་དེ་ང་ཚོས་རླབས་ཆེན་དུ་བརྩི་བཞིན་ཡོད།

ད་ལྟའི་བཀའ་སློབ་གནང་སྟངས་དེ་ཡང་། རླབས་ཆེན་གྱི་དགོངས་བཞེས་ཡིན་པ་ཞིག་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ངོས་འཛིན་གནང་ཐོག བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་ལ་རྒྱུན་ལས་རྣམ་པས་སྤྱི་མོས་ཀྱི་ཐོག་ནས་བསམ་ཚུལ་བྱུང་བ་དང་། ལྷག་པར་དུ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་དང་། ད་ལོའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་ཀྱི་བསམ་ཚུལ་ཕྱོགས་སྡོམ་ཚང་མའི་ནང་། ༧གོང་ས་མཆོག་ལ་ཕྱེད་བགྲེས་ཡོལ་གྱི་བཀའ་སློབ་མ་གནང་རོགས་ཞེས་ཞུས་ཡོད་པ་ལྟར། ༧གོང་ས་མཆོག་ལ་མཚན་བཀོད་སྙན་ཞུ་ཞིག་འབུལ་རྒྱུ་གཏན་འཁེལ་བྱུང་ཡོད། སྙན་ཞུ་དེ་འབུལ་ལམ་ཞུ་ཕྱོགས་ཐད་ཚོགས་གཙོ་སྦྲེལ་པོ་གཉིས་ཁོང་ལ་མཇལ་ཁ་ཞུ་རྒྱུའི་དུས་ཚོད་ཞུས་ཡོད། ཁོང་ཕྱོགས་སྐྱོད་ལས་ཕྱིར་འཁོར་མཚམས་སྙན་ཞུ་དེ་འབུལ་རྒྱུ་ཡིན།

 

ཡིན་ནའང་། ཉེ་ཆར་གྱི་བཀའ་སློབ་རིམ་པར་བལྟས་ན། རང་བཞིན་གྱིས་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་འདུག་ལ། ལྷག་པར་དུ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བློས་གཏོང་གནང་རྒྱུ་མིན་པ་ཁ་གསལ་ཆགས་ཡོད། ཐུགས་འགན་དེ་མ་བཞེས་ཐབས་མེད་ལྟ་བུ་རེད། དེ་མིན་གཞུང་གི་འགན་འཛིན་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་ཐོག་ནས་ཕྱག་ལས་གནང་བསྡད་པ་ཁག་ཅིག་ཡོད། ཁོང་གི་བཀའ་སློབ་ནང་གསུངས་པ་ལྟར། རྩིས་ཀྱི་ཡིག་ཆའི་སྟེང་དུ་མཚན་རྟགས་བསྐྱོན་པ་དང་། བཅའ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་ལ་མཚན་རྟགས་བསྐྱོན་པ། ཁྲིམས་དཔོན་དང་རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་བསྐོ་བཞག་གནང་རྒྱུ་སོགས་རེད། ཅེས་གསུངས་སོང་།

 

ཡང་ཁོང་གིས། གང་ལྟར་༧གོང་ས་མཆོག་གིས་སྤྱི་འཐུས་རྒྱུན་ལས་སྐབས་བཅུ་བཞི་བའམ། ཡང་ན་སྐབས་བཅོ་ལྔ་བ་གང་རུང་ལ་གསུང་འཕྲིན་ཞིག་ཕེབས་རྒྱུ་ཡིན་པ་གསལ་བོ་རེད། གསུང་འཕྲིན་དེ་འབྱོར་མཚམས་ནང་དོན་རེ་རེ་བཞིན་ཞིབ་ཚགས་པོས་བལྟས་ཏེ། བཅའ་ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་པ་གང་འཚམ་ཡོང་སྲིད། ཅེས་དང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་དེ་བཞེས་དགོས་པ་གལ་ཆེན་པོ་རེད་ལ། དེའི་ཐད་དུ་གྲོས་ཚོགས་ནང་དུའང་གཅིག་གྱུར་ཡོང་གི་རེད་བསམ་ཡོད། གཞན། རྒྱལ་ཁབ་ཀྱི་གཞུང་གི་དབུ་ཁྲིད་ཀྱི་འགན་དབང་གི་ཐོག་ནས་མཚན་རྟགས་བསྐྱོན་པའི་རིགས་དེ་གནང་གི་མེད་ཅེས་བཀའ་ནན་པོ་ཕེབས་ཚེ། དེ་གཞིར་བཟུང་གིས་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད། ཅེས་སོགས་གསུངས་ཡོད།

   

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༠ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 6

  1. རྩམ་དགའ་བོད་དགའ། says:
    ལོ་ 14 སྔོན།

    ངོས་ཀྱིས་གདན་ས་བཀྲ་ཤིས་ལྷུན་པའི་ཞུ་སྙན་དེ་ཟུར་བཀོད་བྱས་པ་དེ་གཡུ་མཚོ་ཡིག་གཟུགས་ཡིན་པས། དྲ་རྒྱའི་སྟེང་ཡིག་གཟུགས་ཀྱི་དཀའ་ངལ་འཕྲད་འདུག་པར། ད་ལྟ་སྙན་ཞུ་དེ་ UDP མཉེན་ཆས་བེད་སྤྱད་ནས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་ཡིག་གཟུགས་ཧི་མ་ལ་ཡར་བརྗེ་བསྒྱུར་བྱས་ནས་ཟུར་བཀོད་བྱས་ཡོད།

    ༄༅། །ལུགས་ཟུང་ཆོས་སྲིད་གཉིས་ཀྱི་མངའ་བདག་དཔལ་ལྡན་རང་གཞུང་བཀའ་སྤྱི་ལྷན་རྒྱས་ྋཞབས་ཁྲིའི་དྲུང་དུ།

    གུས་འབངས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་ཡོངས་ནས་ཞུ་གསོལ་འདེབས་སྙིང༌། རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་འཕོག་པའི་ལྷ་སྐལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྔ་སེ་ར་ཆོས་སྒར་དུ་མང་ཚོགས་སུ་བགྲེས་ཡོལ་དུ་བཞུགས་རྒྱུ་ཡིན་ཞེས་བཀའ་བསྩལ་གནང་བ་དང༌། དེང་སྐབས་གསར་ལམ་ཁག་ནང་ྋགོང་ས་མཆོག་གི་ཞལ་སྔ་ནས་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་དམངས་གཙོའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་སྐོར་གྱི་གནས་ཚུལ་མི་སྙན་པ་འདྲ་མིན་ཐོས་སྐབས༌། སྤྱིར་ནང་པའི་དད་ལྡན་པ་ཁག་དང༌། ལྷག་པར་གཞིས་བོད་མི་ཡོངས་དང༌། བདག་ཅག་གདན་ས་བཀྲ་ཤིས་ལྷུན་པོའི་འདུས་མང་བཅས་ཀྱི་ཡིད་ལ་ཟུག་རྔུ་འབྱིན་ཞིང༌། ལག་གཉིས་ཐལ་མོ་སྙིང་ཁར་ཟུམ་སྟེ་གསོལ་བ་ཕུར་བཙུགས་སུ་འདེབས་སྙིང༌།
    མགོན་པོ་གང་ཉིད་འཛམ་གླིང་སྤྱི་སྒོས་བསྟན་འགྲོའི་དོན་དུ་དུས་ཀྱི་སྐར་ཆ་གཅིག་ཀྱང་བཞུགས་ཁོམ་མེད་པར་ངལ་མེད་རླབས་ཆེན་མཛད་བརྒྱ་ལྷུར་བཞེས་གནང་དང་གནང་བཞིན་པར་བཀའ་དྲིན་ལན་བརྒྱར་ཆེ་ཆེ་ཞུ་བ་དང༌། དེང་སྐབས་བོད་ཀྱི་ཆབ་སྲིད་ཤིན་ཏུ་ཛ་དྲག་གི་གནས་སྟངས་སུ་གྱར་བ་དང༌། ལྷག་པར་བོད་ཀྱི་རྩ་དོན་ནི་རང་ཅག་ནང་པ་སངས་རྒྱས་པ་དང་གཡུང་དྲུང་བོན་བཅས་ཀྱི་བསྟན་པ་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་ཅིང༌། ཆོས་ལུགས་ཀྱི་གནད་དོན་ནི་བོད་མི་རིགས་ཀྱི་གོམས་གཤིས་དང་ནམ་ཡང་ཁ་བྲལ་ཐབས་མེད་པའི་མི་རིགས་ཀྱི་གྲུབ་ཆ་ཆེ་ཤོས་ཤིག་ཡིན། ད་ལྟའི་བོད་མི་རིགས་ཀྱི་གནད་དོན་ཐག་གཅོད་ཀྱི་བདག་དབང་ནི་ྋགོང་ས་མཆོག་ཁོ་ན་ལས་ལྷག་པའི་གང་ཟག་གཅིག་ཀྱང་མེད་པས། དེ་སྐོར་བོད་ནང་རྒྱའི་དབང་འོག་ཏུ་ཡོད་པའི་གཞིས་ལུས་བོད་མི་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ནས་མགོན་པོ་གང་ཉིད་ལ་གསོལ་བ་བཏབ་ཅིང༌། བཙན་བྱོལ་དུའང་མང་གཙོའི་ཁེ་དབང་ཅི་འགར་ལོངས་སུ་སྤྱོད་བཞིན་པའི་བོད་མི་མང་གིས་འདི་ལོར་མང་གཙོའི་ལུགས་མཐུན་བོད་གཞུང་དམངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་གྲོས་ཀྱི་རྩེ་མོར་ྋགོང་ས་མཆོག་ནས་བོད་ཀྱི་བསྟན་སྲིད་ཐུགས་འགན་མུ་མཐུད་བཞེས་པ་ནས་བགྲེས་ཡོལ་དུ་བཞུགས་རྒྱུའི་བཀའ་ནམ་ཡང་མི་གནང་བ་ཞུ་རྒྱུའི་སྤྱི་མོས་བྱུང་བས། དེ་དོན་མགོན་པོ་མཆོག་ནས་ད་དུང་ཡང་བོད་ལྗོངས་བསྟན་སྲིད་གཉིས་ཀའི་ཐུགས་འགན་ཆ་ཚང་མུ་མཐུད་བཞེས་པ་ནས་བགྲེས་ཡོལ་ཐོག་ཆབ་སྲིད་ཀྱི་ཐུགས་འགན་གཙང་མ་རྩིས་སྤྲོད་གནང་རྒྱུའི་དགོངས་པ་རྩ་བ་ནས་མི་བཞེས་པར། ད་ལྟའི་ཕྱེད་བགྲེས་ཡོལ་གྱི་རྣམ་པར་སོར་གནས་ཡོང་ཐབས་སུ་བདག་ཅག་གདན་ས་བཀྲ་ཤིས་ལྷུན་པོའི་འདུས་མང་ཡོངས་ཀྱིས་སླར་ཡང་གསོལ་བ་ཕུར་བཙུགས་སུ་འདེབས་པ་ལགས་ན། རང་གཞུང་བཀའ་སྤྱི་ལྷན་རྒྱས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རིང་མིན་ང་ཚོའི་ཞུ་དོན་གྱི་འབྲས་བཟང་སྤྱི་བོའི་རྒྱན་དུ་སྨིན་པའི་སྐྱབས་འཇུག་ཡོང་བ་ནས་དེ་དོན་བཀའ་ལན་ཞིག་ཀྱང་གསོལ་སྩལ་ཡོང་བ་མཁྱེན། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་དགེ་འདུན་འདུས་མང་ཡོངས་ཀྱིས་ས་ཡིག་རྟགས་སྦྱར་དང་བཅས། སྤྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༣༠ ཉིན་ཕུལ།། །།

    ཞུ་སྙན་འབུལ་ཡུལ།
    དཔལ་ལྡན་རང་གཞུང་བཀའ་ཤག་དང༌།
    སྤྱི་མཐུས་ལྷན་ཁང་བཅས།
    ངོ་བཤུས་འབུལ་ཡུལ། སྐུ་སྒེར་ཡིག་ཚང༌།
    རང་གཞུང་ལྷོ་སྤྱི་ལས་ཁུངས།
    ས་གནས་བདེ་སླར་གཞིས་འགོ གསར་ཤོག་རྒྱུད་ལམ་ཁག་བཅས།

    Reply
  2. རྩམ་དགའ་བོད་དགའ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ཚོ། དེ་སྐོར་ཁ་སྔོན་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་འདུས་མང་ནས་བཀའ་སྤྱི་གཉིས་ལ་གསོལ་འདེབས་སྙན་ཞུ་ཞིག་ཕུན་འདུག་ ངའི་འདིར་སྙན་ཞུའི་འདྲ་བཤུས་ཆ་ཚང་ཞིག་བཀོད་ཡོད་པ་གཟིགས་པར་འཚལ།།

    {}ü ü¾ÞGÅ-¸ÞP-VôÅ-ÆÛh-GZÛÅ-ˆÛ-¤Pº-zhG-hq¾-¿km-¼P-GŸÝP-z;º-uÛ-¿Ëm-MÅ-&ŸzÅ-FÛºÛ-iâP-hÝü

    GÝÅ-ºzPÅ-‚ïÅ-ˆÛ-Ghm-Å-z=-ÁÛÅ-¿Ëàm-qôºÛ-¤Dm-„À-ºhÝÅ-¤P-»ôPÅ-mÅ-ŸÝ-GÅô¾-ºhïzÅ-ljÛP.ü ¼P-TG-GPÅ-Tm-q-n¤Å-ˆÛ-¤ï-bôG-GP-¾-ºwôG-qºÛ-¿Ë-Ç+¾-uÛ-mô¼-&GôP-Å-&BzÅ-¤Gôm-Vïm-qô-¤VôG-mÅ-hï-ÇS-Åï-¼-VôÅ-ÇK¼-hÝ-¤P-±ôGÅ-ÅÞ-zIïÅ-»ô¾-hÝ-zŸÝGÅ-Mã-»Ûm-ŸïÅ-z;º-z°¾-GmP-z-hP.ü hïP-Ç+zÅ-Gż-¾¤-DG-mP-&GôP-Å-¤VôG-GÛ-Ÿ¾-ÇS-mÅ-Vz-ÆÛh-ˆÛ-fÞGÅ-ºGm-V-±P-h¤PÅ-G®ôºÛ-ºGô-ºFÛh-¾-¯ÛÅ-vôh-GmP-MãºÛ-Ç+ô¼-HÛ-GmÅ-±ß¾-¤Û-ljm-q-ºi-¤Ûm-fôÅ-Ç+zÅ.ü uÛ¼-mP-qºÛ-hh-¿km-q-DG-hP.ü ¿ËG-q¼-GŸÛÅ-zôh-¤Û-»ôPÅ-hP.ü zhG-TG-Ghm-Å-z=-ÁÛÅ-¿Ëàm-qôºÛ-ºhÝÅ-¤P-zTÅ-ˆÛ-»Ûh-¾-¸ÞG-Qâ-º‚Ûm-ŸÛP-ü ¾G-GZÛÅ-f¾-¤ô-ljÛP-D¼-¸Þ¤-Çeï-GÅô¾-z-wÞ¼-z®ßGÅ-ÅÞ-ºhïzÅ-ljÛP.ü
    ¤Gôm-qô-GP-ZÛh-º²¤-JÀÛP-uÛ-ÇKôÅ-zÇem-ºIôºÛ-hôm-hÝ-hÝÅ-ˆÛ-Ç+¼-V-GTÛG-ˆP-zŸÝGÅ-Dô¤-¤ïh-q¼-P¾-¤ïh-½ÀzÅ-Vïm-¤²h-zM-¿Ëà¼-zŸïÅ-GmP-hP-GmP-zŸÛm-q¼-z;º-iÛm-¾m-zM¼-Vï-Vï-ŸÝ-z-hP.ü hïP-Ç+zÅ-zôh-ˆÛ-Vz-ÆÛh-ÁÛm-bà-²-iG-GÛ-GmÅ-ÇePÅ-ÅÞ-H¼-z-hP.ü ¿ËG-q¼-zôh-ˆÛ-¯-hôm-mÛ-¼P-TG-mP-q-ÅPÅ-MÅ-q-hP-G»ÞP-iâP-zôm-zTÅ-ˆÛ-zÇem-q-hP-fh-;¼-ºƒï¾-z-h¤-¸z-»ôh-TÛP.ü VôÅ-¾ÞGÅ-ˆÛ-Gmh-hôm-mÛ-zôh-¤Û-¼ÛGÅ-ˆÛ-Gô¤Å-GÁÛÅ-hP-m¤-»P-D-ƒ¾-fzÅ-¤ïh-qºÛ-¤Û-¼ÛGÅ-ˆÛ-Iâz-V-Vï-ÁôÅ-ÁÛG-»Ûmü h-¿eºÛ-zôh-¤Û-¼ÛGÅ-ˆÛ-Gmh-hôm-fG-GTôh-ˆÛ-zhG-hzP-mÛ-&GôP-Å-¤VôG-Dô-m-¾Å-¿ËG-qºÛ-GP-¸G-GTÛG-ˆP-¤ïh-qÅü hï-Ç+ô¼-zôh-mP-MºÛ-hzP-ºôG-bà-»ôh-qºÛ-GŸÛÅ-¾ÞÅ-zôh-¤Û-n¤Å-ˆÛÅ-¼P-ÆôG-ºzïm-¾-z®ßGÅ-mÅ-¤Gôm-qô-GP-ZÛh-¾-GÅô¾-z-zbz-TÛP.ü z®m-‚ô¾-hݺP-¤P-G®ôºÛ-Dï-hzP-TÛ-ºG¼-¾ôPÅ-ÅÞ-uôh-zŸÛm-qºÛ-zôh-¤Û-¤P-GÛÅ-ºhÛ-¾ô¼-¤P-G®ôºÛ-¾ÞGÅ-¤fÞm-zôh-GŸÝP-h¤PÅ-h¤ÛGÅ-zž-±ôGÅ-Vïm-fïPÅ-hP-qôºÛ-IôÅ-ˆÛ-¯ï-¤ô¼-&GôP-Å-¤VôG-mÅ-zôh-ˆÛ-zÇem-ÆÛh-fÞGÅ-ºGm-¤Þ-¤fÞh-zŸïÅ-q-mÅ-zIïÅ-»ô¾-hÝ-zŸÝGÅ-MãºÛ-z;º-m¤-»P-¤Û-GmP-z-ŸÝ-MãºÛ-uÛ-¤ôÅ-‚ãP-zÅü hï-hôm-¤Gôm-qô-¤VôG-mÅ-h-hÝP-»P-zôh-¿YôPÅ-zÇem-ÆÛh-GZÛÅ-;ºÛ-fÞGÅ-ºGm-V-±P-¤Þ-¤fÞh-zŸïÅ-q-mÅ-zIïÅ-»ô¾-fôG-Vz-ÆÛh-ˆÛ-fÞGÅ-ºGm-G®P-¤-¯ÛÅ-vôh-GmP-MãºÛ-hGôPÅ-q-¯-z-mÅ-¤Û-zŸïÅ-q¼ü h-¿eºÛ-xïh-zIïÅ-»ô¾-HÛ-n¤-q¼-Åô¼-GmÅ-»ôP-fzÅ-ÅÞ-zhG-TG-Ghm-Å-z=-ÁÛÅ-¿Ëàm-qôºÛ-ºhÝÅ-¤P-»ôPÅ-ˆÛÅ-ÇÀ¼-»P-GÅô¾-z-wÞ¼-z®ßGÅ-ÅÞ-ºhïzÅ-q-¾GÅ-mü ¼P-GŸÝP-z;º-uÛ-¿Ëm-MÅ-mÅ-fzÅ-ÁïÅ-»ôh-LÝ-¯¾-væGÅ-ˆÛÅ-¼ÛP-¤Ûm-P-±ôºÛ-ŸÝ-hôm-HÛ-ºƒÅ-z¸P-uÛ-zôºÛ-Mm-hÝ-ǨÛm-qºÛ-BzÅ-ºWâG-»ôP-z-mÅ-hï-hôm-z;º-¾m-ŸÛG-ˆP-GÅô¾-°¾-»ôP-z-¤Eïmü ‚ïÅ-ˆÛ-Ghm-Å-z=-ÁÛÅ-¿Ëàm-qôºÛ-¤Dm-„À-hGï-ºhÝm-ºhÝÅ-¤P-»ôPÅ-ˆÛÅ-Å-»ÛG-dGÅ-¢¼-hP-zTÅü uÛ-¾ô- 2010 ¹- 11 ±ïÅ- 30 ZÛm-wÞ¾üü üü

    ŸÝ-ljm-ºzÞ¾-»Þ¾ü hq¾-¿km-¼P-GŸÝP-z;º-ÁG-hP.ü uÛ-¤fÞÅ-¿Ëm-DP-zTÅü
    Pô-zÁÝÅ-ºzÞ¾-»Þ¾ü Ç+Ý-ÇKï¼-»ÛG-±P.ü ¼P-GŸÝP-¿Ëô-uÛ-¾Å-DÞPÅü Å-GmÅ-zhï-ÇÀ¼-GŸÛÅ-ºGô Gż-ÁôG-Mãh-¾¤-DG-zTÅü

    Reply
  3. ཐ་ཧྭར་སྐལ་བཟང་། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་འགྲེས་ཡོལ་ལ་ཕེབས་རྒྱུར་རེ་བ་ཡོད། གཅིག་ཐང་ན་བརྟན་ཞུགས་མང་པོ་ཕུལ་བ་ལས་འགྲེས་ཡོལ་ལ་ཕེབས་ནས་སྐུ་ངལ་སོས་ན་སྐུ་ཚེ་བརྟན་པར་ཕན་ཐོག་མེད་འགྲོ
    བཀའ་ཁྲི་གསར་རྙིང་དང་སྤྱི་འཐུས་གསར་རྙིང་ཚོས་ལག་གཉིས་ཐལ་མོ་སྦྱར་ནས་མ་བསྡད་པར། མཇོན་ན་མ་མཇོན་ན་བོང་བུ་དར་ཐོག་ལ་འདེད་རན་རེད།

    Reply
  4. དྲང་སྲོང་། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གིས་མི་ལོ་༥༧རིང་ལ་བཙན་གཤོས་མི་དང་བོད་གཞུང་ལ་སློབ་སྟོན་དང་དབུ་ཁྲིད་བྱས་པ་རེད། ད་ནི་ངེས་པར་དུ་བཙན་གཤོལ་བོད་གཞུང་གིས་ཕ་ཤུལ་བུའི་བཟུང་ཐུབ་དགོས། གལ་སྲིད་ད་དུང་རང་ཚུགས་མ་ཐུབ་ན་འདི་ངོ་ཚ་བ་དང་ཡི་ཆད་པའི་གནས་ཞིག་རེད།
    ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་འདི་ད་ལྟ་ངེས་པར་ཏུ་དགོས་ངེས་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད།

    Reply
  5. བསེ་རུ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་རིམ་པར་བཀའ་སློབ་ཕེབས་དོན་ལྟར། ཕྱེད་བགྲེས་ཡོལ་དང་། བགྲེས་ཡོལ་ཆ་ཚང་ཞེས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་གཞིས་བྱེས་གཉིས་ཀྱི་བོད་མི་མི་ཉུང་བ་ཞིག་གིས་གོ་བ་ལེན་སྟངས་ཤིག་གི་དབང་གིས་སེམས་ཁྲལ་དང་འཇིགས་སྣང་སྣ་ཚོགས་ཤིག་བྱུང་ཡོད། འདི་ནི་དགོངས་གཞི་ངོ་མ་ངོས་འཛིན་མ་ཐུབ་པའི་རྐྱེན་གྱིས་བྱུང་བ་ཞིག་རེད་སྙམ།

    ཡང་ཕྱོགས་གཅིག་ནས་བཤད་ན། ང་ཚོས་རྒྱུན་གཏན་ངག་ནས་འདོན་བཞིན་པ་ནི། ཅི་གསུང་བཀའ་སྒྲུབ་ཅེས་པའི་ཚིག་དེ་རེད། ཅི་སྟེ་བོད་མི་ཚོས་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུའི་འདུན་པ་ཤུགས་དྲག་ཅིག་ཡོད་ན། ཁོང་གིས་བཀའ་བསྩལ་དང་སྩོལ་བཞིན་པའི་ཕྱེད་བགྲེས་ཡོལ་དང་། བགྲེས་ཡོལ་ཆ་ཚང་ཡོང་བའི་ཐུགས་འདུན་གནང་བཞིན་ཡོད་པ་ལྟར། ང་ཚོས་ཀྱང་རང་འགན་རང་གིས་ཁུར་ཏེ། འགྱེལ་ཡང་ལངས་ཀྱིན་ལངས་ཀྱིན་མི་འགྲོ་ཀ་མེད་ལྟར། བོད་ཀྱི་རྩ་དོན་ཆེ་ཕྲ་ཆུང་གསུམ་གྱི་ཐོག་ལ་ནུས་ཤུགས་གཅིག་སྒྲིལ་གྱི་ཐོག་ནས་འབད་དགོས་པར་མཐོང་ཞིང་། ༸གོང་ས་མཆོག་གིས་ཀྱང་ང་མེད་པ་ལྟར་གྱི་འགན་ཐེག་ནུས་པ་ཞིག་བྱེད་དགོས་ཞེས་ཡང་ཡང་གསུངས་བཞིན་ཡོད་པས། དོན་དམ་དུ་བཀའ་གསུང་ཅི་སྒྲུབ་གནང་ཐབས་ལ་འབད་དགོས་པ་ནི། སྐབས་བབ་ང་ཚོའི་ཕྲག་ཏུ་བབས་པའི་གཡོལ་དུ་མེད་པའི་འོས་འགན་ཞིག་མ་རེད་དམ།།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸གང་གི་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese