མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་གསོའི་འཚམས་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་བཀའ་ཤག་གི་ཚབ་ཞུས་ཏེ། ཉེ་ཆར་སྔ་རྗེས་སུ་འདས་གྲོངས་སུ་སོང་བའི་ཨ་རིའི་བོད་རིག་པའི་མཁས་དབང་བོད་མིའི་རྒྱུན་རིང་གི་གྲོགས་པོ་སྐུ་ཞབས་ཇིན་སི་མི་ཐི་ E.Gene Smith ལགས་ཀྱི་ནང་མི་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སུའུ་རན་ཌ་མོ་ཧན་ Surendra Mohan ལགས་ཀྱི་ལྕམ་སྐུ་མན་ཅི་མོ་ཧན་བཅས་ཁག་སོ་སོར་ཐུགས་གསོའི་འཚམས་འཕྲིན་རེ་ཕུལ་འདུག

 

ཨ་རི་བ་སྐུ་ཞབས་ཇིན་སི་མི་ཐི E.Gene Smith མཆོག་གི་ནང་མར་ཕུལ་བའི་ཐུགས་གསོའི་འཚམས་འཕྲིན་ནང་བསྟན་དོན། སྐུ་ཞབས་ཇིན་སི་མི་ཐི་ལགས་ནི་བོད་ཀྱི་གྲོགས་པོ་དང་བོད་རིག་པའི་མཁས་དབང་ཞིག་ཡིན་པ་མ་ཟད། ཁོང་གིས་དུས་ཡིན་རིང་པོར་བོད་ཀྱི་རིག་གཞུང་སྐོར་གྱི་གནའ་དཔེ་སྟོང་ཕྲག་དུ་མ་འགྲེམས་སྤེལ་དང་། གནའ་དཔེ་རིགས་རྩ་ཆེའི་རིགས་གློག་ཀླད་འཕྲུལ་ཆས་ digital format ཐོག་བཅུག་ཡོད་སྟབས། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་ཕན་ནུས་ཆེན་པོ་ཐོན་ཐུབ་ཡོད་ལ་འཕྲུལ་ཆས་ཀྱི་དཔེ་མཛོད་དེ་ནི་འཛམ་གླིང་ཐོག་རྒྱ་ཆེ་ཤོས་ཤིག་ཆགས་ཡོད།  ཁོང་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་ནི་འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་དུ་བོད་མི་རིགས་ལ་གྱོང་གུན་ཆེན་པོ་ཞིག་ཕོག་ཡོད། འདིར་ང་ཚོས་སྐུ་ཞབས་ཇི་ནི་སི་མི་ཐི་མཆོག་ལ་རྗེས་དྲན་དང་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་འདུག

 

དེ་བཞིན། རྒྱ་གར་བ་སྐུ་ཞབས་སུའུ་རན་ཌ་མོ་ཧན་ Surendra Mohan སྐུ་མཆོག་གི་ནང་མར་ཕུལ་བའི་ཐུགས་གསོའི་འཚམས་འཕྲིན་ནང་བསྟན་སྟོན། སྐུ་ཞབས་སུའུ་རིན་ཌ་མོ་ཧན་ལགས་འདས་གྲོངས་སུ་ཕྱིན་པར་བོད་གཞུང་མང་གཉིས་ཀྱིས་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། སྐུ་ཞབས་སུའུ་རིན་ཌ་མོ་ཧན་ལགས་ནི་རང་གི་རྒྱལ་ཁབ་ཀྱི་ཆབ་སྲིད་ཐོག་ལྷག་བསམ་རྣམ་དག་གི་འགན་འཁུར་མཁན་ཞིག་དང་། ཕུགས་རྒྱང་རིིང་པོའི་དགོངས་པ་བཞེས་ཐུབ་མཁན་གྱི་གྲགས་ཅན་མི་སྣ་ཞིག་ཡིན་པ་མ་ཟད། བོད་མིའི་གནས་སྟངས་དང་བོད་ཀྱི་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་གནང་མཁན་ཞིག་ཀྱང་རེད། ཁོང་གིས་རྒྱ་གར་ཡུལ་མི་ཚོར་ལྷག་བསམ་ཆེན་པོས་གཟེངས་སུ་ཐོན་པའི་ཞབས་འདེགས་བསྒྲུབས་ཡོད་སྟབས། ཁོང་སྐུ་མ་བཞུགས་པ་དེས་རྒྱ་གར་ཡུལ་མི་ཚོར་གྱོང་གུན་ཆེན་པོ་ཕོག་ཡོད། ང་ཚོས་དམ་པ་དེར་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ཅེས་འཁོད་ཡོད།

 

དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།

 

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༩ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 1

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༼ སྐུ་ཞབས་སི་མེ་ཐི་ལགས་སུ་བོད་ནང་གི་རྩོམ་པ་པོ་ཞིག་གིས་མྱ་ངན་གྱི་ཞུ་འཕྲིན་ཕུལ་བ། ༽

    རྗེན་སི་མི་ཐི་ལགས་དགོངས་པ་རྫོགས་པར་མྱ་ངན་ཞུ་ཡིག
    རྡོ་སྦིས་བློ་བཟང་ཡོན་ཏན།

    བྱང་ཆུབ་སེམས་དཔའ་ཆེན་པོ་གཞན་གྱི་དོན་ཁོ་ན་བསམ་པ་དག་ནི། སྙིགས་མའི་དུས་འདིར་བསམ་བཞིན་དུ་རྒྱལ་པོའི་ཚུལ་དང། མཁས་པའི་ཚུལ་དང། དེ་བཞིན་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཕེབས་པ་ཡིན་ཞིང། ཁོ་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ནི་གཞན་གྱི་དོན་དུ་ཁོ་ན་ཡིན་པ་དང། སྐྱབས་མེད་མགོན་མེད་སྙིགས་དུས་ཀྱི་ཉམ་ཐག་པ་ལ་སྐྱབས་བྱེད་པ། ཁྱད་པར་རྒྱལ་བའི་བསྟན་བཅོས་སོགས་ཀྱི་བཀའ་བསྡུ་བ་དང། པར་དུ་འདེབས་པ། དོན་གཉེར་ཅན་དང་ཐར་འདོད་རྣམས་ལ་ཚུལ་བཞིན་དུ་སྤྲོད་པ་སོགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་དངོས་ཡིན། འདིར་ཆེད་དུ་བརྗོད་པར་བྱ་བ་ནི། བོད་ཀྱི་ཤེས་རིག་དང་བོད་མི་མང་ལ་བྱས་རྗེས་བླ་མེད་འཇོག་མཁན། མི་ཚེའི་ཧྲིལ་བོ་བོད་ཀྱི་གླེགས་བམ་ནང་དུ་བསྐྱལ་པའི་མཁས་པའི་དབང་པོ། ཨ་རི་བ་འཇམ་དབྱངས་རྣམ་རྒྱལ(E. Gene Smith)མཆོག་ནི་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་གི་༼༢༠༡༠༽ལོའི་ཕྱི་ཟླ་༡༢པའི་ཚེས་༡༦་ཉིན་གཟིམ་ཁྲི་མཐའ་ཅན་དུ་གྱུར་ཅིང། བོད་མི་མང་དང། འཛམ་གླིང་བོད་རིག་པའི་ཞིབ་མཇུག་གི་ཐད་ལ་མི་ཟད་པའི་གྱོང་གུད་བླ་མེད་ཅིག་ཐེབས།
    དམ་པ་ཁོང་ནི། རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོ་༼༡༩༣༦༽ལ། བྱང་ཨ་རིའི་ནུབ་ཀྱི་མངའ་སྡེ་ཆེན་པོ་ཡུའུ་ཏལ་(Utah)གྱི་་ཨོག་འདན་(Ogden)གྲོང་དུ་འཁྲུངས་ཤིང་། ཆུང་ངུའི་དུས་ནས་བྱང་ཨ་རིའི་ཡུལ་གྱི་རྣམ་དཔོན་ཅན་གྱི་ཁྱེའུ་ཡོངས་དང་འདྲ་བར་སློབ་གྲྭར་ཚུལ་བཞིན་དུ་ཞུགས། དེ་ནས་ལྕགས་བྱི་ལོ་ནས་༼༡༩༦༠༽སྐྱེས་བུ་དམ་པ་ཉིད་རང་སད་ཀྱི་ཚུལ་དུ། ས་སྐྱའི་སྡེ་གཞུང་རིན་པོ་ཆེའི་འགྲམ་ནས་བོད་ཀྱི་རིག་པའི་གནས་མཐའ་དག་ལ་སྦྱངས་པ་ཆེན་པོ་མཛད། ལྕགས་བྱ་ལོ་ནས་བཟུང། ཡོ་རོབ་དང། རྒྱ གར། བལ་ཡུལ་སོགས་ལ་འགྲིམས་ཏེ། བོད་ཀྱི་རིག་པའི་གནས་བཅུས་མཚོན་པའི་བསྟན་བཅོས་ཕྱོགས་གཅིག་ཏུ་བསྡུ་བའི་མགོ་ཚུགས། ཤིང་འབྲུག་གི་༼༡༩༦༤༽བོད་ཀྱི་རིག་གཞུང་ཐད་རབ་འབྱམས་པའི་(Ph.D)དམ་བཅའ་བཞག། ལོ་དེ་ལ་ཡོ་རོབ་ཀྱི་ལེས་ཏེ(Leiden) ཟེར་བའི་སློབ་གྲྭ་ཆེན་པོར་ཕེབས་ཏེ། ལེགས་སྦྱར་གྱི་སྐད་སོགས་སྦྱངས། ཤིང་སྤྲུལ་ལོ་ནས་༼༡༩༦༥༽ཨ་རིའི་ཚོགས་པ་ཧྥོ་དི་མཐུན་རྐྱེན་འོག། རྒྱ་གར་སོགས་ནས་བོན་གྱི་སྐོར་ལ་སློབ་གཉེར་དང། འདི་དུས་དགའ་ལྡན་བྱང་རྩེའི་དགེ་བཤེས་བློ་བཟང་ལུང་རྟོགས་དང། འབྲུག་པ་ཐུགས་སྲས་རིན་པོ་ཆེ། མཁན་པོ་ནོར་གཡང། དིའུ་མགོན་མཁྱེན་བརྩེ་སོགས་ཀྱི་དྲུང་ནས། བོད་ཀྱི་རིག་པའི་གནས་བཅུ་ལ་སྦྱངས་པ་གང་སྨིན་མཛད། ས་སྤྲེལ་ལོ་༼༡༩༦༨༽ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་ཆེན་པོ་(the Library of Congress)རུ་ལས་ཀ་བྱས་ཏེ། བོད་ཡིག་གི་ཐོག་ནས་བརྩམས་པའི་དཔེ་དེབ་བསྡུ་སྒྲིག་དང། དཔར་སྐྲུན་བཅས་བྱེད་པའི་མགོ་བརྩམས། 1999ལོ་ལ། ཨ་རིའི་གྲོང་ཁྱེར་ཆེན་པོ་ཉིག་ཡོ་རུ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཟེར་བ་བཙུགས་ཏེ། རང་གི་དཔྲལ་བའི་མིག་དང། ཁོག་པའི་སྙིང་ལྟར་མི་ཚེ་གཅིག་གི་ལ་བསྡུ་སྒྲིག་བྱས་པའི་དཔེ་དེབ་སྟོང་ཕྲག་མང་པོ་ཡོད་པ་རྣམས་དག་སྦྱོར་དང། གློག་ཀླད་ནང་དུ་བསྡུ་བ་སོགས་བྱས་ཏེ། འཛམ་གླིང་ཡོངས་སུ་སྤེལ་མགོ་བརྩམས།
    དམ་པ་འདིས་ལོ་རྒྱུས་གནད་འགག་འདི་འདྲའི་སྐབས་སུ། བོད་ཀྱི་དཔེ་དེབ་གཅིག་པོ་བསྡུ་སྒྲིག་བྱས་པ་ཙམ་མ་ཡིན་པར། བོད་ཀྱི་རིག་པའི་རྣམ་བཞག་གང་ཡིན་ལ་མཁས་པ་ཆེན་པོ་ཡིན་པ་དང། དམ་པ་འདིས་བསྡུ་སྒྲིག་བྱས་པའི་དཔེ་དེབ་འཛམ་གླིང་ཐོག་ཏུ་ཆེས་མང་ཤོས་དེ་ཡིན་པར་བསམ་ཞིང། པོ་ཏི་མི་འདྲ་བ་སྟོང་བདུན་ཙམ་ལ། རྣམ་ཐར་གཅིག་པོ་ཡང་སྟོང་ཕྲག་གཅིག་ཙམ་ཡོད་ཅེས་དང་། དུས་རབས་ཉི་ཤུ་བའི་མགོ་སྟོད་ལ་ཨ་ཤེ་ཡའི་ནང་དུ་བོད་ལྟ་བུ་བསྟན་བཅོས་མང་པོ་གཅིག་ཀྱང་མི་འདུག་ཅེས་ཕྲན་ལ་གསུངས་མྱོང། ཁོང་གིས་བཙུགས་པའི་དཔེ་མཛོད་ཁང་དེ་རུ་འཛམ་གླིང་གང་དུ་ཡང་མཐོང་དཀོན་པའི་དཔེ་ཆ་ཡང་མང་པོ་འདུག་ཅིང། དེ་ཚོ་མཐོང་དུས་དངོས་གནས་དྲང་གནས་ཀྱི་སེམས་དྲོ། གཞན་དམ་པ་འདི་ལ་གནད་དོན་གང་ཞིག་གི་དོགས་གཞི་བཅར་འདྲི་ཞུ་སྐབས། དཔེ་དེབ་འདི་དང་འདིའི་ནང་དུ་འདི་འདྲ་ཡོད་ཅེས་གསུང་རྒྱུ་ཡོད་པ་མ་ཟད། དཔེ་མིང་དང་རྩོམ་པོ། དཔར་སྐྲུན་ཁང་སོགས་ཀྱི་མིང་སོགས་ཡང་མ་ནོར་བར་དྲངས་ཡོང་བ་ཞིག་འདུག། གང་གི་ཐད་ནས་དྲིས་ཀྱང། མི་ཤེས་པ་མེད་པ་ལྟ་བུ་ཞིག་སྣང། ཉིན་ཞིག་ཕྲན་གྱིས། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་འཛམ་གླིང་སྤྱི་བཤད་ནང་གི་ཡུལ་གུ་མ་ཆ་དང། ཡ་གོང། ཁེམ་ཆི་སོགས་སོགས་གང་ལ་ངོས་འཛིན་དགོས་པ་རེད་དམ། ཞེས་དོགས་གཞི་བཅར་འདྲི་བྱས་དུས། ཁོང་གིས་ “འོ་དེ་གལ་ཆེན་པོ་རེད། སུམ་པས་ས་ཆ་འདི་སོགས་གསུང་དོན་ནི། འཛམ་གླིང་བྱང་མཐའ་རུ་དགུང་དབྱར་ཉི་མ་དམར་ཐག་མ་ཆོད་པར་། ཤར་ནས་སྐྱ་རེངས་ཤར་ཡོང་བའི་གནས་ཚུལ་དེ་ལ་ཟེར་བཞིན་ཡོད་པ་རེད། དེ་ནི་འཛམ་གླིང་གི་བྱང་མཐའ་(Antarctic Circle) བྱུང་བའི་དངོས་ཚུལ་ཞིག་རེད། སུམ་པས་འདི་ལ་དོ་སྣང་བྱས་པ་དང། རྗེས་སུ་བོད་ཀྱི་མཁས་པ་འགའ་ཤས་ཀྱི་འདིའི་ཐོག་ལ་རྩོད་པ་རྒྱབ་ཡོང་བ་ནི་དངོས་གནས་ཡ་མཚར་བ་རེད་”ཅེས་གསུངས་ཏེ་ཕྲན་གྱི་བློ་སྒོ་ཆེན་པོ་ཞིག་ཕྱེས། འདི་ལྟ་བུ་གསུང་ཁྱད་པར་ཅན་མང་པོ་ཕྲན་ལ་གསུངས་མྱོང། ཕྱིས་སུ་འདི་ཐམས་ཅད་ཚུལ་བཞིན་དུ་འདོན་ཐུབ་པའི་རེ་བ་ཡོད།
    ཕྲན་ལ་བོང་བར་གསེར་གཟིགས་ཀྱི་ཚུལ་དུ། ཐེངས་མང་པོ་ཐུག་འཕྲད་ཀྱིས་བཀའ་སློབ་མང་པོ་གནང་མྱོང་བ་མ་ཟད། བཙན་པོ་འཛམ་གླིང་རྒྱས་བཤད་སོགས་ལས་འཕྲོས་བའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར་ལ། བུམ་པ་གང་བྱོའི་ཚུལ་དུ་གཏིང་ཟབ་པ་དང། དོགས་གཅོད་མང་པོ་མང་པོ་གནང་མྱོང། ཁྱད་པར་དུ་ཁོང་གིས་ཕྲན་ལ་ཁོང་གི་དཔེ་དེབ་ཆ་ཚང་བ་ཀློག་ཐུབ་པའི་གསང་གྲངས་ཀྱང་བསྩལ་ནས། ཐུགས་རྗེ་བླ་མེད་བསྐྱངས། ད་ལོ་ཁ་ན་ཏ་ལ་ཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཚོགས་འདུའི་སྟེང་དུའང། ཕྲན་གྱིས་བསྡུ་སྒྲིག་བྱེད་བཞིན་པའི་དཔེ་དེབ་དག་གི་སྐོར་ལ་བཀའ་འདྲི་དང། བསླབ་བྱ་མང་པོ་གནང་སོང་བ་མ་ཟད། སང་ལོ་ཉོག་ཡོ་རུ་ཕེབས་ཤོག་ཅེས་བཀའ་གནང་བ་ད་དུང་དུ་རྣ་ལམ་དུ་གསལ་ལྷང་ངེ་འདུག།
    དེ་བཞིན་གསུང་རྩོམ་གྱི་ཐད་ནས། ཡེ་ཤེས་དཔར་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་། དཔེ་མིང་ལ་བོད་ཀྱི་བསྟན་བཅོས་ཁྲོད་དུ་ (Among Tibetan Texts) ཟེར་བ་མཛད་དེ། བོད་ཀྱི་དཔེ་དེབ་ངོ་སྤྲོད་ཀྱི་གསུང་ཐུན་མོང་མ་ཡིན་པ་ཤིག་ཆགས་བསྡད་ཡོད། ཁོང་གི་རྣམ་ཐར་རྣམས་རྗེས་སུ་ཐོན་འཆར་ཡོད་པའི་གློག་བརྙན་སོར་མོའི་འཕྲུལ་རྩལ་གྱི་ནང་ཆོས (Digital Dharma)་ཟེར་བ་ཞིག་ཐོན་བཞིན་ཡོད་པས། དེ་རུ་ཞིབ་ཏུ་གཟིགས་འཐུས།
    མདང་དགོང་གྲོགས་པོ་ཞིག་གི་ངག་ནས། རྒན་ཉིད་མྱ་ངན་ལས་འདས་པའི་གཏམ་དེ་ཐོས་དུས། སེམས་སུ་མི་ཟད་པའི་སྐྱོ་བ་དང། སྡུག་བསྔལ་ཆེན་པོ་བྱུང། འཕྲལ་དུ་ས་འདིར་བཞུགས་པའི་མཁས་པ་འགའལའང། གཏམ་མི་སྙན་པ་དེ་བརྒྱུད་སྒྲོག་བྱས་པ་དང། སྐུ་འབུམ་གསེར་གདུང་ཆེན་པོ་སོགས་ཀྱི་མདུན་དུ། མཆོད་འབུལ་སྙན་ཤལ་སོགས་བྱས་དང་བྱེད་མུས་ཡིན། རྐྱེན་ལམ་སྣ་ཚོགས་ཀྱི་དབང་གིས་ཨ་རིའི་གདུང་མཆོད་ལ་ཡོང་མ་ཐུབ་ཀྱང། ཁ་བའི་ལྗོངས་ཀྱི་ཆོས་སྡེ་ཆེན་པོ་ལྷ་ལྡན་གཙུག་ལག་ཁང་། སེར་འབྲས་དགེ་གསུམ། སྐུ་འབུམ་བྱམས་པ་གླིང་སོགས་གཙོ་བྱས་བའི་གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་དག་ནས་བསྔོ་བ་དང་སྨོན་ལམ་ཇི་ནུས་ཀྱིས་བྱེད་དང་བྱ་ངེས་ཡིན། དེ་བཞིན་དམ་པ་ཁོང་གི་མ་གཅིག་ཕ་གཅིག་གི་སྲིང་མོ་རྣམས་ལའང། སེམས་གསོ་ཞུ་བ་དང། གཞན་མཁས་པ་དག་ལ་དམ་པ་ཁོང་གི་སྐྱེས་ཆེན་གྱི་རྣམ་ཐར་རྒྱུན་འཛིན་དང། གདུང་མཆོད་ཞིག་གི་ཚུལ་དུ། སྐུ་ཉིད་ཀྱི་སློབ་ཕྲུག་རྡོ་སྦིས་པ་བློ་བཟང་ཡོན་ཏན་གྱིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་སེམས་དུང་དུང་བ་ཞིག་དང་ལྷན་འཕྲལ་མར་གྲོང་ཁྱེར་ཟི་ལིང་ནས་བྲིས་པའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese