མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་རག་གི་སྲིད་བློན་གསར་པ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༡ ཉིན་ཨི་རག་ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྐུ་ཞབས་ནུརེ་ཨལ་མཱ་ལེ་ཀེ་ Nuri Al-Maliki ལགས་སྲིད་བློན་དུ་མཐའ་མའི་ཐག་གཅོད་བྱུང་ཡོད་འདུག་ལ། སྐབས་དེར་ཁོང་གིས་སྲིད་གཞུང་གསར་པའི་ཕྱི་སྲིད་བློན་ཆེན་དང་། རྡོ་སྣུམ་ཐོན་ཁུངས་བློན་ཆེན་སོགས་ཀྱི་མཚན་གཞུང་གསལ་བསྒྲགས་བྱས་པར་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད། དེ་མིན། ལྷན་ཁང་གཞན་ཁག་དག་གི་བློན་ཆེན་རྣམས་ད་དུང་ཐག་གཅོད་བྱུང་མི་འདུག ཐེངས་འདིར་ཨི་རག་གི་སྲིད་བློན་གསར་པ་བདམས་ཐོན་བྱུང་མ་ཐག ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཀྱང་གཞུང་འབྲེལ་གྱིས་སྲིད་བློན་གསར་པར་འཚམས་འདྲིའི་ཞུ་ཡིག་ཕུལ་འདུག

ཕྱི་ལོ་ ༢༠༠༣ ལོར་ཨ་རིས་ཨི་རག་ལ་དམག་འཁྲུག་བརྒྱབ་སྟེ། ཨི་རག་སཱ་ཌམ་སྲིད་གཞུང་མགོ་རྟིང་སློག་རྗེས། སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤི་ཡིས་དམངས་གཙོའི་ལམ་སྲོལ་ཐོག་ཨི་རག་གི་གཞུང་འཛིན་མི་སྣ་འོས་འདེམས་བྱ་རྒྱུར་སྐུལ་མ་བཏང་ཡོད་ལ། དེའི་རྗེས་ཨི་རག་སྲིད་གཞུང་གསར་པའི་སྲིད་བློན་དང་པོ་དེ་ཨ་ཡེཌ་ཨལ་ལཱ་ཝེ་ Iyad Allawi ཟེར་བ་ཁོང་ཆགས་ཡོད་ལ། སྐབས་གཉིས་པའི་གཞུང་འཛིན་འཕོ་འགྱུར་གྱི་འོས་བསྡུ་དེ་ད་ལོའི་ཕྱི་ཟླ་གསུམ་པའི་ནང་བྱས་ཡོད་ཀྱང་། ནང་ཁུལ་གྱི་རྙོག་གླེང་ཞིག་གི་དབང་གིས་ད་བར་ཟླ་དགུའི་རིང་སྲིད་བློན་བསྐོ་འཇོག་བྱེད་ཐུབ་མེད།  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༧ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༡ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 6

  1. ཇ་མ་ says:
    ལོ་ 16 སྔོན།

    གང་ལྟར་ཨེ་རག་མི་མང་ལ་ཕན་ན་འགྲིག་གི་ཡོད་པ་རེད། ཁོ་ལ་ཡང་བསྐྱར་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  2. བནྟེ་སྐྱབས། says:
    ལོ་ 16 སྔོན།

    ཀློག་པ་པོ་ནམ་མཁའ་བསྟན་འཛིན་ལགས་ཀྱིས་མཛུབ་སྟོན་གནང་བར་ཐུགས་རྗེས་ཆེ་ཞུ།
    བདེན་པ་རེད། Iyad Allawi ཟེར་བ་ཁོང་༢༠༠༤ ལོའི་ཟླ་༤ ཚེས་ ༢༨ ནས་༢༠༠༥ ལོའི་ཟླ་༤ ཚེས་ ༧ བར་དུ་བར་རྒལ་སྲིད་བློན་ཡིན་ཞིང་། ༢༠༠༦ ནས་སྐུ་ཞབས་ Nuri Al-Maliki ལགས་སྲིད་བློན་དུ་བདམས་ཐོན་བྱུང་ཞིང་། ད་ལོའི་ཟླ་ ༣ པའི་ནང་གི་འོས་བསྡུ་ལས་ཚོགས་པ་ཕྱོགས་ཁག་གང་ལའང་གཞུང་འཛིན་འོས་གྲངས་མ་ལོངས་པ་དང་། དེ་བཞིན་དབང་འཛིན་ཐད་ཀྱི་རྩོད་རྙོག་རིགས་ལ་བརྟེན་ནས། འདས་པའི་ཟླ་དགུའི་རིང་དེ་ལྟར་ལྷག་པ་རེད། ཁ་སང་ཕྱི་ཚེས་ ༢༡ ཉིན་རྗེས་ནས་སྐུ་ཞབས་ Nuri Al-Maliki ལགས་སྲིད་བློན་དུ་བསྐོ་བཞག་བྱས་པ་ཞིག་རེད།

    ཀློག་པ་པོ་པ་སང་ལགས། ཁྱེད་ཀྱི་བསམ་ཚུལ་ལ་དགའ་བསུ་ཡོད། དུས་བབ་ཀྱི་གསར་འགོད་པ་གཞན་ཚོར་ལོ་ངོ་གཉིས་གསུམ་རིང་གི་ཉམས་མྱོང་ཡོད་པར། ང་ཟླ་ངོ་གཉིས་གསུམ་རིང་གི་གསར་འགོད་པ་གསར་བ་ཞིག་གི་ངོས་ནས་སློབ་སྦྱོང་བྱ་དགོས་ས་མང་པོ་ཡོད་པ་བདེན་ངེས་རེད།

    བློ་བྷེ་དང་ཁྱེད་གཉིས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་རག་གི་སྲིད་བློན་གསར་བར་འཚམས་འདྲི་ཞུས་ཡོད་པ་དེ་ཆད་འདུག་པས་ནོར་འཁྲུལ་དང་དེའི་བརྗོད་དོན་ཐད་ནས་འབྲི་ཁུལ་བྱས་འདུག སྲིད་བློན་གསར་པར་འཚམས་འདྲི་ཞུ་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཙམ་མ་ཡིན་པར་མང་པོ་ཡོད། འོན་ཀྱང་། ཚང་མས་ག་རེ་བཤད་ཀྱི་ཡོད་མེད་སྐོར་ལ་སྒྲུང་འབྲི་རྒྱུ་དེ་གསར་འགྱུར་སྙིང་བསྡུས་ཞིག་ལ་མཚོན་ན་ཚིག་ཚོགས་ལས་དགོས་མཚན་མེད། ཨི་རག་དྲག་པོའི་གཞུང་མགོ་རྟིང་སློག་པ་ནས་ད་ལྟའི་བར་གྱི་བརྒྱུད་རིམ་ནང་ཕྱི་ཕྱོགས་ཀྱི་ཐེ་བྱུས་ཤུགས་ཆེ་ཤོས་ཨ་རི་གཞུང་གིས་བྱེད་ཀྱི་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་གྱིས་སྲིད་བློན་གསར་པར་འཚམས་འདྲི་བྱས་ཡོད་པ་དམིགས་འདོན་བྱས་པ་ཡིན། དེ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས་སོ།

    གོང་དུ་བློ་བྷེ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཅིག་པོས་གང་བཤད་ཡོད་པའི་སྐོར་ཞིག་བྲིས་འདུག་པ་དེ་ངའི་གསར་འགྱུར་ཧྲིལ་བོའི་མང་ཉུང་དང་གཅིག་པ་ཆགས་གྲབས་འདུག དེ་ན། འཚམས་འདྲི་ཞུ་མཁན་ཚང་མའི་བརྗོད་ཚིག་རེ་རེ་བཞིན་འབྲི་དགོས་བྱུང་ན། གསར་འགྱུར་འདི་གང་འདྲ་ཞིག་ཆགས་ངེས། དེ་བས་ཀློག་པ་པོ་དག་གིས་གསར་འགྱུར་གང་མང་ཞིག་ལ་བལྟ་ཀློག་བྱ་དགོས་སྟབས། དུས་ཡུན་ཐུང་ཐུང་ཞིག་གི་རིང་གནས་ཚུལ་གྱི་དོན་སྙིང་རྟོགས་ཐུབ་པ་ཞིག་འབྲི་དགོས་པ་ལས་སྒྲུང་འབྲི་རྒྱུ་དེ་མིན།

    གང་ལྟར། ཁྱེད་རྣམ་པའི་བསམ་ཚུལ་ལ་དགའ་བསུ་ཡོད། ཐུགས་རྗེས་ཆེ།

    Reply
  3. ལོ་བྷེ། says:
    ལོ་ 16 སྔོན།

    གོང་གི་གསར་འགྱུར་ནང་དོན་དག་གལ་ཆེན་རིག་ཚུད་མི་འདུག
    ཨི་རག་གི་གཞུང་འཛིན་གསར་འདེམས་ཐད། རྒྱལ་ཚོགས་ཀྱི་དྲུང་ཆེ་བྷེན་ཁེ་མོན་གྱིས་ཁོ་རང་གི་མགྲིན་ཚབ་པ་བརྒྱུད་དེ་རྟེན་འབྲེལ་ཞུ་བའི་གསལ་བསྒྲགས་ཤིག་སྤེལ་པའི་ནང་། ( ཨི་རག་གི་ཆབ་སྲིད་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པས་མཉམ་དུ་ འབད་བརྩོན་བྱས་ཏེ་སྲིད་གཞུང་གསར་བར་བཟོད་སྒོམ་རང་བཞིན་དང་རྒྱ་ཆེར་ཟབ་ཞུགས་རང་བཞིན་ལྡན་ལ། ཨི་རག་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པའི་བྱ་སྤྱོད་བསྟན་པར་རྟེན་འབྲེལ་ཞུ་བཞིན་ཡོད། ཨི་རག་གི་ཆབ་སྲིད་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་བཅངས་ནས་འབད་འབུངས་བྱས་ཏེ་གང་མགྱོགས་སྒོས་སྲིད་གཞུང་འཛུགས་པའི་བྱ་བ་ཡོངས་འགྲུབ་བྱས་ནས། རྒྱལ་ཁབ་ཀྱི་མི་རིགས་འགྲིག་མཐུན་དང་བསྐྱར་འཛུགས། ཡུན་རིང་བརྟན་འཇགས་སོགས་འདུས་པའི་འགྲན་རྩོད་གཙོ་བོ་ཐག་གཅོད་བྱ་དགོས། ཨི་རག་ཏུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པས་མུ་མཐུད་ཨི་རག་མི་མང་གི་བདེ་འཇགས་ཀྱིས་མཚོན་པའི་ཕྱོགས་ཡོངས་ལ་དོ་འཁུར་ནན་མོ་བྱ་དགོས་ལ། མ་འོངས་པའི་ཨི་རག་ཡར་རྒྱས་དང་ཞི་བདེ། རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ལ་མཐུན་འགྱུར་འབད་བརྩོན་ཞུ་དགོས ) ཞེས་བཤད་ཡོད་པ་རེད།

    འོ། ད་དུང་ཨོ་བྷ་མ་གཙོ་བྱས་ཏེ་རྒྱལ་ཁབ་ཁག་ཅིག་གི་སྲིད་འཛིན་དང་སྲིད་བློན་ཚོས་ཀྱང་འཚམས་འདྲི་ཞུས་འདུག་ཀྱང་། ཡིག་བསྒྱུར་བྱ་རྒྱུའི་དུས་ཚོད་རེག་མ་སོང་།

    Reply
  4. པ་སངས། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། ཁྱོད་ཀྱིས་ཨེ་རག་གི་སྲིད་འཛིན་འོས་འདེམས་སྐོར་ཡག་པོ་ཞིག་མགོ་འཚོས་ཀྱི་མེད་པ་འདྲ། ཞིབ་ཏུ་གཟིགས་དང་གོང་གི་གསར་འགྱུར་ནང་དོན་དག་འགའ་ཤད་ཅིག་ནོར་འདུག ཨོ་དེ་དུང་ཨེ་རེག་གི་སྲིད་བློན་གསར་བདམས་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་མཆོག་གིས་ཀྱང་འཚམས་ཞུའི་གསུང་འཕྲིན་ཞིག་བསྩལ་ཡོད་ས་རེད།
    གསར་འགོད་པ་བན་ཏེ་སྐྱབས་ལགས། ཁྱེད་རང་ད་དུང་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་གཞན་དག་གི་རྗེས་ཆོད་ས་མ་རེད།

    Reply
  5. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    གོང་གི་གསར་འགྱུར་ཅུང་འགོད་ནོར་ཐེབས་ཡོད་པ་འདྲ། Iyad Allawi ཟེར་བ་ཁོ་༢༠༠༣་ནས་༢༠༠༥བར་གྱི་བར་རྒལ་སྲིད་གཞུང་འཛུགས་སྐབས་ཀྱི་སྲིད་བློན་ཐོག་མ་དེ་རེད། ༢༠༠༦ནས་Nuri Al-Malikiལ་སྲིད་བློན་ཐོབ་ཡོད་པ་དང་ད་ལྟའི་འོས་འདེམས་འདི་ཁོ་ལ་ཐེངས་གཉིས་བའི་སྲིད་བློན་གྱི་འོས་ཐོབ་པ་རེད། Nuri Al Malikiཞིས་ཡ་མི་རིགས་སྟེ་ས་ཏམ་དང་དགྲ་ཟླར་ལངས་མཁན་གྱི་མི་རིགས་དེ་རེད། སྐུ་ཞབས་མ་ལེ་ཁེ་ལོ་ལ་༡༩༧༠ཡས་མས་སུ་སྲོག་ཁྲིམས་ཀྱི་བཅད་ཁྲ་བཏང་བ་ནས་ཁོ་ལོ་ངོ་༢༤ལྷག་ལ་ཨེ་རན་དང་སིའུ་རེ་ཡཱ་སོགས་སུ་བཙན་བྱོལ་དུ་སོང་ནས་བསྡད་པའི་རིང་ཁ་ཆེའི་ཌ་ཝ་ཞེས་བའི་ཆབ་སྲིད་ཚོགས་པ་དེ་བཙུགས་ནས་མཐར་ཁོང་ལ་ཆབ་སྲིད་ཚོགས་པ་དེའི་རྒྱབ་སྐྱོར་འོག་ཨེ་རག་གི་སྲིད་བློན་ཐོབ་པ་རེད།

    Reply
  6. ཨ་གཙང་གནས་རྒྱམ། says:
    ལོ་ 16 སྔོན།

    ཧ་ལམ་ཧྭོས་རིགས་ཅིག་ལོས་ཡིན་བསམ། འདི་ཁྲི་ཁ་འཇོག་མཁན་གཙོ་བོ་བྷོས་ཤི་ཡིན་པ་ཁོ་ཚོས་ནམ་ཡང་བརྗེད་མི་ཉན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese