མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་བཟའ་འབྲུའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་བཟའ་འབྲུའི་ཐོབ་དབང་རྟོག་ཞིབ་ཚན་པའི་དམིགས་བསལ་ཉམས་ཞིབ་པས་ཉིན་ ༩ རིང་རྒྱ་ནག་ཏུ་གཟིགས་ཞིབ་གནང་རྗེས། མ་འོངས་པར་རྒྱ་ནག་ལ་བཟའ་འབྲུའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་འདུག

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་བཟའ་འབྲུའི་སྐོར་ལ་རྟོག་ཞིབ་གནང་མཁན་སྐུ་ཞབས་ཌེ་སི་ཆོ་ཁྲེ་སི་ (Deschutes) ལགས།  ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ནས་བཟུང་རྒྱ་ནག་ནང་རྟོག་ཞིབ་ཏུ་བསྐྱོད་ཡོད་པ་དང་། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་མཉམ་དུ་རྒྱ་ནག་གི་ས་ཆའི་མཛད་སྤྱོད་ཀྱི་གནས་སྟངས་དང་།  བོད་དང་ཤིན་ཅང་སོགས་ནུབ་བརྒྱུད་ས་ཁུལ་གྱི་ཞིང་འབྲོག་མི་རིགས་དག་གི་བཟའ་ཆས་ཀྱི་ཐོབ་དབང་དང་ལྟོ་གོས་གནད་དོན། སྲིད་ནག་གི་འབྲུ་རིགས་དོ་དོམ་བྱེད་ཕྱོགས་སོགས་ཀྱི་ཐད་གླེང་མོལ་བྱས་ཡོད། ཐེངས་འདིའི་ཁོང་གི་ཉིན་ ༩ རིང་གི་གཟིགས་སྐོར་གྲུབ་རྗེས། ཕྱི་ཚེས་ ༢༣ པེ་ཅིན་དུ་རྒྱ་ནག་གི་ས་གཤིས་ཉམས་ཆག་དང་། ས་ཞིང་རྒྱ་ཁྱོན་ཇེ་ཆུང་དུ་འགྱུར་བཞིན་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་འདུག  

 ཁོང་གིས་གསར་འགོད་གསལ་བསྒྲགས་སྐབས། འདས་བའི་ལོ་ ༣༠ རིང་ལ་རྒྱ་ནག་མི་དམངས་ཀྱིས་བཟའ་ཆས་ཐད་ནས་རང་ཁ་རང་གསོ་ཐུབ་པ་བྱུང་སྟེ། འཛམ་གླིང་མི་འབོར་གྱི་ལྔ་ཆའི་གཅིག་གི་ལྟོ་རྒྱབ་ཀྱི་གནད་དོན་སེལ་ཐུབ་པ་བྱུང་ཡོད་ཀྱང་།  དེང་སྐབས་རྒྱ་ནག་གིས་གྲོང་ཁྱེར་ཅན་འཛུགས་སྐྲུན་དང་བཟོ་ལས་ཅན་དར་སྤེལ་གྱི་གཞི་རྒྱ་ཆེ་རུ་བཏང་བར་བརྟེན། རང་བྱུང་སྐྱེས་ཁམས་ཉམ་ཆག་དང་ས་ཞིང་གཞི་ཁྱོན་ཇེ་ཆུང་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༩༧ ནས་ད་ལྟའི་བར་རྒྱལ་ཡོངས་ཀྱི་ས་ཁྱོན་བརྒྱ་ཆ་ ༣༧ ཙམ་ཉམས་ཆག་ཏུ་གྱུར་ཅིང་། དེའི་ཁྲོད་ས་ཞིང་མུའུ་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ ༨༢༠༠༠༠༠༠༠ ཙམ་རྩ་བརླག་ཏུ་གྱུར་ཡོད།

དེར་མ་ཟད། གྲོང་ཁྱེར་གྱི་ངལ་རྩོལ་ཡོང་འབབ་དེ་ཞིང་བའི་ངལ་རྩོལ་ཡོངས་འབབ་ཀྱི་ལྡབ་  ༦  ལ་འཕར་ཏེ། ཞིང་གྲོང་གཉིས་བར་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཤོར་ཏེ། འདས་པའི་ལོ་བཅུའི་རིང་ཞིང་བ་མི་གྲངས་དུང་ཕྱུར་ ༡་༤༤ ལྷག་གིས་ས་ཞིང་གཡུགས་ཏེ་གྲོང་ཁྱེར་དུ་སྤོར་ཡོད། རྒྱུ་རྐྱེན་དེ་དག་གི་དབང་གིས་དེང་སྐབས་རྒྱ་ནག་ཏུ་བཟའ་འབྲུའི་རིན་གོང་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། གལ་སྲིད་མུ་མཐུད་འདི་མུར་བསྐྱོད་ན། གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཏེ། ཕྱི་ལོ་ ༢༠༣༠ ཙམ་ལ་རྒྱ་ནག་གི་ཞིང་ལས་ཐོན་དངོས་ཀྱི་བརྒྱ་ཆ་ ༥ ནས་ ༡༠ བར་མར་ཆག་རྒྱུ་ཡིན་པ་མ་ཟད། མ་འོངས་པར་རྒྱ་ནག་མི་མང་ལ་བཟའ་འབྲུའི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།  

 

ད་དུང་ཁོང་གིས། དེང་སྐབས་རྒྱ་གཞུང་གིས་ནང་སོག་དང་བོད་པའི་འབྲོག་ལས་སྲོལ་རྒྱུན་ཕྱུགས་སྐྱོང་གི་འཚོ་གནས་ལ་བཀག་སྡོམ་བྱས་ཏེ། བཙན་ཤུགས་ཀྱིས་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བཞིན་པའི་སྲིད་ཇུས་དེས། ཞིང་འབྲོག་མང་ཚོགས་ཀྱི་བཟའ་ཆས་ལ་གནོད་འཚེ་ཆེན་པོ་ཐེབས་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་ཞིང་འབྲོག་གྲོང་རྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་འདི་ནི། ཀྲུང་གོས་ངོས་ལེན་མཚན་རྟགས་བཀོད་ཟིན་པའི་༼ རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བདག་དབང་སྐོར་གྱི་ཆིངས་དོན། ༽ཞེས་ནང་། མི་རིགས་ཀྱི་སྐྱེ་འཕེལ་དང་འཚོ་བའི་མཛད་སྤྱོད་ལ་ཚད་བཀག་འཆར་འགོད་བཟོན་ན་ཁྲིམས་གཞི་དང་འགལ་ཡོད་པ་གསལ་བཤད་བྱས་ཡོད། ཁོང་གིས་ཐེངས་འདིའི་རྒྱ་ནག་ནང་གི་རྟོག་ཞིབ་སྙན་ཐོ་དེ། ཕྱི་ལོ་ ༢༠༡༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་འཆར་ཡོད་འདུག   

 གཞན་ཡང་། ཞིང་ལས་ཐོན་དངོས་དང་མི་མང་གི་བཟའ་འབྲུའི་ཐོབ་དབང་ཐད། སྐུ་ཞབས་ཌེ་སི་ཆོ་ཁྲེ་སི་ (Deschutes) ལགས་ཀྱིས་གསལ་བཤད་གནང་དོན། རྒྱལ་ཁབ་ཅིག་གི་ཞིང་ལས་ཐོན་དངོས་ཀྱི་ཚད་དང་རྒྱལ་དམངས་ཀྱི་གཞི་རྩའི་བཟའ་འབྲུའི་ཐོབ་དབང་གཉིས་ནི་ལས་དོན་མ་འདྲ་བ་གཉིས་རེད། མི་མང་ལ་བཟའ་འབྲུའི་ཐོབ་དབང་མངོན་འགྱུར་ཡོང་ཐབས་ཀྱི་རྨང་གཞི་ནི་མི་སེར་ལ་ཡོང་འབབ་ལྡན་དགོས་པ་དེ་རེད། ཡོང་འབབ་ལྡན་ན་ད་གཟོད་མི་སེར་གྱིས་བཟའ་འབྲུ་ཉོ་ཐུབ།  གཞན་དེ་ནི། རྒྱལ་དམངས་ལ་མཛད་སྤྱོད་ཀྱི་རྒྱུན་ཡོད་པའི་བཟའ་འབྲུ་བསྡུ་ཉར་གྱི་འཁོར་རྒྱུགས་མ་ལག་ཅིག་འཛོམས་དགོས་པ་དེ་རེད།  མ་ལག་དེས་ད་ལྟའི་རྒྱལ་དམངས་ཀྱི་དགོས་མཁོ་སྐོང་ཐུབ་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་མ་འོངས་པའི་བཟའ་ཆས་ཐད་ཀྱི་དཀའ་ངལ་སེལ་བའི་ནུས་པ་ལྡན་དགོས།  ད་ལྟ་མངོན་གསལ་དོད་པས་མཐོང་ཐུབ་པ་ཞིག་ནི། ཆ་རྐྱེན་འདི་གཉིས་མངོན་འགྱུར་ཡོང་བར་རྒྱ་ནག་གིས་ད་དུང་དཀའ་ཁག་ཆེན་པོ་ཞིག་ལ་གདོང་ལེན་བྱ་དགོས་པ་དེ་རེད། ཅེས་བརྗོད་ཡོད་པ་རེད།      

 རྒྱ་ནག་གི་ས་ཞིང་དོ་དམ་སྐོར་གྱི་དཔྱད་ཞིབ་ཡིག་ཆ་དག་ཏུ་བཀོད་པ་ལྟར་ན། རྒྱ་གཞུང་གིས་ལོ་ལྔ་ཚན་བཅུ་བའི་དཔལ་འབྱོར་འཆར་འགོད་ཀྱི་ལས་གཞི་རྒྱ་བསྐྱེད་བཏང་སྟེ། བཟོ་ལས་ཅན་དང་གྲོང་ཁྱེར་ཅན། ཁྲོམ་ར་ཅན་སོགས་སུ་བསྒྱུར་གྱི་ཡོད་སྟབས། ད་ཆར་གྲོང་ཁྱེར་འཛུགས་སྐྲུན་གྱི་ས་ཁྱོན་མུའུ་བྱེ་བ་གསུམ་དང་ས་ཡ་གཉིས་ ༣༢༨༥༠༠༠༠ ཙམ་ལ་སླེབས་ཡོད་པ་དང་། ལྷག་པར་དུ་ ༢༠༠༤ ལོར་༼ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཆ་དོ་དམ་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་གཏན་འབེབ། ༽ ཞེས་པའི་ཡིག་ཆ་དེ་གཞིར་བཟུང་སྟེ། མི་མང་གི་ས་ཞིང་བཅད་བཟུང་བཙན་འཕྲོག་གིས་འཛུགས་སྐྲུན་རྒྱ་བསྐྱེད་བྱས་པ་སོགས་ཀྱི་དབང་གིས་རང་བྱུང་ས་གཤིས་ལ་ཉམ་ཆག་ཆེན་པོ་བྱུང་ཡོད། ༢༠༠༠ ལོར་རྒྱ་ནག་གི་ས་ཞིང་མུའུ་དུང་ཕྱུར་ ༡༩།༢༤ ཡོད་པ་དེ་ ༢༠༠༥ ལོར་མུའུ་དུང་ཕྱུར་ ༡༨།༣༡ ལ་མར་ཆག་ཡོད་པ་དང་། དེའི་ཁྲོད་ས་ཞིང་བཅད་བཟུང་བྱས་པ་མུའུ་བྱེ་བ་དགུ་དང་ས་ཡ་གཉིས་ ༩༢༤༠༠༠༠༠ དང་། སྐྱེས་ཁམས་ཉམ་ཆག་ཏུ་གྱུར་བ་ལ་བརྟེན་ནས་ས་ཞིང་འཕྲོ་བརླག་ཏུ་གྱུར་བ་མུའུ་བྱེ་བ་བརྒྱད་དང་འབུམ་དྲུག་ ༨༠༦༥༠༠༠༠ ལྷག་ལ་བསླེབས་ཡོད་འདུག

སྐུ་ཞབས་ཌེ་སི་ཆོ་ཁྲེ་སི་ལགས་ནི།  ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༥ ནང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཆེད་དུ་རྒྱལ་སྤྱིའི་བཟའ་འབྲུའི་བདག་དབང་ཐད་ཀྱི་དམིགས་རྟོག་ཞིབ་པར་བསྐོ་བཞག་བྱས་པ་ཞིག་ཡིན་ཞིང་། ཐེངས་འདི་ནི་ཁོང་གིས་ལས་འགན་བཞེས་རྗེས་རྒྱ་ནག་དུ་གཟིགས་སྐོར་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 1

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    རྒྱ་ནག་གི་འབྲོག་པ་རྣམས་ལ་སྡོད་ཁང་ཁྱི་ཁང་འདྲ་རེ་བཟོས། འབྲོག་ས་སྟོང་ཧར་ཧར། རོང་པའི་ཞིང་སར་ཚེར་ཤིང་གིས་ཁེངས་པར་བྱས། གངས་ཅན་གཞིས་ལུས་སྤུན་ཟླ་ཚོ་ར་དང་ལུག་དེད་དེད་བྱས་ནས་གང་དུ་འདེད་འདོད་ཀྱང་དེར་བདའ་ཆོག་ཆོག་གྱི་ངན་ཇུས་སྤེལ་དང་སྤེལ་མུས་ཡིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese