མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀའ་རྙོག་གི་གཟིགས་སྐོར། – ཨཅརྱ་ཡེ་ཤེས་ཕུན་ཚོཊ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་འདི་ཟླའི་ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་རྒྱ་གར་ལ་གཟིགས་སྐོར་དུ་བསླེབས་ཡོད་ཅིང་། ཐེངས་འདིར་ཁོང་གི་ལས་དོན་གཙོ་བོ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་ཡིན་ཡང་། རྒྱ་གར་ཕྱོགས་ནས་ཚོང་འབྲེལ་དང་ཆབ་སྲིད་གཉིས་ཀའི་ཐོག་བཀའ་བསྡུར་ཡོང་རྒྱུར་རེ་བ་བརྒྱབ་ཡོད། རྒྱ་ནག་གི་སྲིད་བློན་གྱིས་ཐོག་མའི་དམིགས་ཡུལ་ལས་བརྒལ་མེད་པར་ཚོང་འབྲེལ་སྐོར་ལ་གྲོས་མོལ་བྱས་ཏེ། མཉམ་མཐུན་ཡིག་ཆ་ཁག་ཅིག་ལ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་བློན་ཆེན་ཚོས་མཚན་རྟགས་བསྐྱོན་ཡོད།  དེ་མིན་གནད་དོན་གཞན་ས་མཚམས་དང༌། རྒྱ་གཞུང་ནས་ཀཱ་ཤི་མིར་མི་མང་ལ་དམིགས་བསལ་ཐོངས་མཆན་སྤྲོད་བཞིན་པའི་སྲིད་བྱུས། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་འཇགས་ལྷན་ཚོགས་ནང་ཞབས་སྟེགས་ཐོབ་རྒྱུར་རྒྱབ་སྐྱོར་གནང་ཕྱོགས། པ་ཀི་སི་ཐན་བརྒྱུད་རྒྱ་གར་ནང་འཇིགས་སྐུལ་རིང་ལུགས་ཀྱི་དྲག་སྤྱོད་པ་ཡོང་ཉེན་ལ་ཁ་གཏད་གཅོག་སྟངས། དེ་བཞིན། བོད་ཡུལ་བརྒྱུད་དེ་རྒྱ་གར་ནང་འབབ་བཞིན་པའི་ཆུ་བོ་དག་ལ་རྒྱ་གཞུང་གིས་ཆུ་མཛོད་སྣ་ཚོགས་བཟོས་ཏེ། རྒྱ་གར་ནང་ཆུའི་དཀའ་ངལ་འཕྲད་བཞིན་པའི་གནད་དོན་སོགས་ཀྱི་ཐད་བཀའ་མོལ་ཕྱོགས་མགོ་རེ་ལས་གླེང་ཐུབ་མེད་སྟབས་རྒྱ་གར་གྱི་རེ་བ་དེ་འགྲུབ་མེད་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་བློན་ཐུན་མོང་ཐོག་གསར་འགོད་ལྷན་ཚོགས་དང་མཉམ་འབྲེལ་སྤྱི་བསྒྲགས་ཀྱི་ཡིག་ཆ་དོན་ལྡན་གང་ཡང་འཇོག་ཐུབ་མེད།

 

ཡིན་ནའང་སྲིད་བློན་གཉིས་བར་གནད་དོན་ཁག་ཅིག་གི་ཐོག་ཕན་ཚུན་བཀའ་མོལ་བྱུང་བའི་སྙན་ཐོ་ལྟ་བུ་ཤིག་རྒྱ་གར་ཕྱི་སྲིད་དྲུང་ཆེ་བརྒྱུད་དེ། ཕྱི་ཚེས་ ༡༦ ཉིན་ཕྱི་ནང་གི་གསར་འགོད་པ་ཚོར་གསལ་བསྒྲགས་བསྐྱངས་ཡོད། རྒྱ་གར་གྱི་དཔལ་འབྱོར་རིག་པ་བ་དང་ཚོང་འབྲེལ་ཉམས་ཞིབ་པ། དེ་བཞིན། ཆབ་སྲིད་དཔྱད་བརྗོད་པ་མང་པོ་ཞིག་གིས། ད་བར་གྱི་རྒྱ་དཀར་ནག་གི་ཚོང་འབྲེལ་དག་ཏུ་རྒྱ་ནག་གིས་ཁེ་སྤོག་ཆེན་པོ་བླངས་ཡོད་ལ། ཐེངས་འདིར་རྒྱ་དཀར་ནག་གཉིས་བར་ཆབ་སྲིད་དང་ས་མཚམས་སྐོར་ལ་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་བྱུང་མེད་པ་མ་ཟད། ཚོང་འབྲེལ་གྱི་ཡིག་ཆ་དག་ཀྱང་ཆ་སྙོམས་ཤིག་བྱུང་ཐུབ་མེད་སྐོར་བརྗོད་ཡོད་ལ། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱ་གར་ནང་རྒྱ་ནག་གི་ཚོང་ཟོག་དངོས་རིགས་ཕོན་ཆེན་བླངས་བ་དང༌། རྒྱ་གར་གྱི་ཚོང་ཟོག་དངོས་རིགས་རྒྱ་ནག་ནང་ཉུང་ཤས་ལས་གཏོང་ཐུབ་མེད་པ་འདི་དག་ལས་མཚོན་ཐུབ་ཟེར།

 

ལྷག་པར་དུ་རྒྱ་ནག་གི་དངོས་ཟོག་རིགས་རྒྱ་གར་ནང་བསླེབ་རྒྱུ་མང་དྲགས་པའི་དབང་གིས་རྒྱ་གར་གྱི་བཟོ་གྲྭ་ཆུང་ཚགས་དག་གི་ཐོན་རྫས་ཉོ་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། བཟོ་ཚོང་ཆུང་བའི་རིགས་མང་དག་ཅིག་སྒོ་རྒྱག་དགོས་པའི་གནས་ཚུལ་ཡང་འབྱུང་བཞིན་ཡོད། རྒྱུ་མཚན་འདི་ལ་བརྟེན་ཏེ། གར་ནང་ལས་མེད་ཇེ་མང་དུ་འགྲོ་བཞིན་པའི་དཀའ་ངལ་འཕར་མ་ཞིག་ཀྱང་ཡོང་གི་ཡོད་པ་དང་། རྒྱ་གར་བཟོ་ཚོང་ཆུང་བ་ཁག་གི་སྦྱིན་བདག་རྣམས་དང་ལས་བཟོ་བ་རྣམས་ཀྱིས་རྒྱ་དཀར་ནག་བར་གྱི་མཐོ་རིམ་ཚོང་འབྲེལ་སྲིད་བྱུས་ལ་འདོད་པ་མེད་པའི་རྣམ་འགྱུར་དང་ངོ་རྒོལ་བྱེད་ཀྱིན་ཡོད་ལ། ལྷག་པར་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡༤༠ ཙམ་གྱིས་རྒྱ་གར་དང་ཚོང་འབྲེལ་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གཞུང་གིས་ཨ་སྒོར་ས་ཡ་ ༥༢ ཙམ་གྱི་ཚོང་འབྲེལ་ལས་བྱེད་ཐུབ་ཀྱི་མེད་སྟབས། འདི་ནི་ཕན་ཚུན་བར་ཚོང་འབྲེལ་ཆ་སྙོམས་བྱུང་མེད་པའི་རྩ་གནད་དེ་ཆགས་ཡོད། གཞན། རྒྱ་གར་ནས་རྒྱ་ནག་ལ་ལྕགས་རིགས་འབོར་ཆེན་བཙོང་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་བརྒྱུད་དེ། བལ་ཡུལ་དང་རྒྱ་གར་ས་མཚམས་བར་མེ་འཁོར་ལྕགས་ལམ་བཟོ་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་པ་དང་། དེ་བཞིན་བོད་ནང་རྒྱ་མིའི་དམག་མི་ཕོན་ཆེན་གཏོང་བ་དང་དམག་ཆས་རིགས་སྐྱེལ་འདྲེན་ལ་སྟབས་བདེ་ཆེན་པོ་བཟོ་བཞིན་ཡོད།

རྒྱ་ནག་སྲིད་བློན་ཕྱིར་ལོག་རྗེས་རྒྱ་དཀར་ནག་བར་གྱི་ས་མཚམས་ལ་ཀི་ལོ་མི་ཌར་ ༢༠༠༠ ལས་ལྷག་མེད་པའི་གནས་ཚུལ་ཐོག་བསྒྲགས་ཡོད་པ་དེས་རྒྱ་གར་གཞུང་མང་གཉིས་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད། དོན་དངོས་ཐོག་ད་ཆར་རྒྱ་དཀར་ནག་གི་རྩོད་རྙོག་ཆགས་ཡོད་པའི་བོད་དང་རྒྱ་གར་བར་གྱི་ས་མཚམས་ལ་ཀི་ལོ་མི་ཌར་ ༤༠༠༠ ལྷག་ཡོད་ཀྱང་། རྒྱ་གཞུང་གིས་ལྟ་ཚུལ་འདི་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད། དེར་མ་ཟད་རྒྱ་ནག་གི་གཞུང་ཚབ་གསར་རྙིང་དག་གིས་གསར་ལམ་ཁག་ཏུ་རྒྱ་གར་གྱི་སྲིད་བྱུས་ལ་ཡིད་མོས་མེད་པའི་བསྒྲགས་གཏམ་སྤེལ་ཡོད་པ་དེ་ནི། ཁོང་ཅག་གིས་རྒྱལ་ཁབ་གཉིས་བར་གྱི་སྲིད་བྱུས་ཐོག་འགན་ཁུར་མ་བླངས་བའི་རྟགས་ཤིག་ཆགས་ཡོད། གཞུང་ཚབ་པའི་བསྒྲགས་གཏམ་དེ་ནི་རྒྱ་གཞུང་གིས་ཆེད་བཟོ་བྱས་པ་ཞིག་ཡིན་ལ། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཡང་རྒྱ་ནག་གི་མངོན་ལྐོག་གཉིས་ཀྱི་བྱེད་སྟབས་འདི་དང་འབྲེལ་བ་ཡོད། རྒྱུན་མཚན་ནི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོ་རྒྱ་གར་ལ་དེ་ཙམ་ཡིད་ཆེས་མེད།

 

ཐེངས་འདིར་རྒྱ་ནག་གི་སྲིད་བློན་རྒྱ་གར་ནང་འཚམས་གཟིགས་སྐོར་སྐྱོད་སྐབས། ཚོང་དོན་ཙམ་ལས་གནད་དོན་གཞན་ལ་བཀའ་བསྡུར་མ་བྱུང་བ་དང་། རྒྱ་གར་གྱིས་དེ་སྔོན་རེ་བ་བརྒྱབ་པའི་དོན་གནད་ཁག་ལེགས་འགྲུབ་མ་བྱུང་བའི་རྒྱུ་རྐྱེན་གཞན་ཞིག་ཡོད་པ་ནི། ད་ལོ་རྒྱ་གར་ནང་ཕྱིའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། གཞན་ཡང་ཆེས་མཐོའི་མི་སྣ་མང་དག་ཞིག་འཚམས་གཟིགས་སུ་ཕེབས་ཡོད་ཀྱང་། རྒྱ་ནག་གི་སྲིད་བློན་གྱིས་རྒྱ་གར་ནང་གི་གཟིགས་སྐོར་གྲུབ་མཚམས་པ་ཀི་སི་ཐན་དུ་ཚོང་འབྲེལ་དང་། དམག་དོན་མཉམ་ལས་ཆེད་འཚམས་གཟིགས་ཀྱི་ལས་རིམ་ཡོད་སྟབས། རྒྱ་གར་ནང་ཚོང་འབྲེལ་འཚམས་གཟིགས་སྐབས་པ་ཀི་སི་ཐན་ལ་གནོད་པའི་ཆབ་སྲིད་ཀྱི་ལས་དོན་གང་ཡང་མི་འབྱུང་རྒྱུར་འབད་བརྩོན་བྱས་ཡོད།  

 

 

སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༠ ཉིན་ལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. བློ་བཟང་ཆོས་འབྱོར་ཚང། says:
    ལོ་ 15 སྔོན།

    སྲིད་དོན་ཚན་རིག་པའི་མཚན་གནས་བཞེས་ཀྱང་སྐད་ཆ་མི་འདུག་ལ།སྤྱི་འཐུས་རྣམ་པ་ཁ་ཤས་ལ་སྐུ་བརྗིད་བག་དང་བཅས་བཞུགས་འདུག་མི་ཉན་པའི་སྐུལ་མ་བྱས་འདུགབསྟོད་བསྔགས་ཡོད།ཨོ།ངས་སྔོན་མ་གྲོས་ལ་དབང་བའི་སྐབས་སུ་ཡི་གེ་འཁྱོང་མི་འཁྱོང་གི་དོགས་སློང་བྱས་པ་དེ།སྲིད་དོན་ཚན་རིག་པའི་དགོངས་པ་བཞེས་འདུགཐུགས་རྗེ་ཆེ།

    Reply
  2. རྩོམ་སྒྲིག་པ། says:
    ལོ་ 15 སྔོན།

    དྲ་གྲོགས་བཙན་བྱོལ་བ་ལགས། གོང་དུ་བསེ་རུ་ལགས་ཀྱིས་རྩོམ་ཡིག་གི་ཁ་བྱང་ལ་དག་ཐེར་བྱས་པ་དངོས་ཡོད་རེད་ལགས། རྩོམ་སྒྲིག་པའི་གོང་རྩོམ་སྤེལ་མ་ཐག་ཁ་བྱང་ཟུར་གྱི་རྩོམ་པ་པོ་མིང་ལ་གཏག་ནོར་ཤོར་འདུག

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    བསེ་རུ་ལགས་ ཁྱེད་ཀྱིས་ཡག་པོ་གཟིགས་རོགས་ ངས་ལྟས་ན་མིང་བྲིས་ནོར་རེད་མི་འདུག་ ཕལ་ཆེར་ཁྱེད་ཀྱི་མིག་ཟུངས་ཉམས་ཡོད་པ་འདྲ་ ཨ་ཙི་སྐུ་རྩེད་ཡིན་
    ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་རྩོམ་ཡིག་འདི་ལྟར་སྤེལ་བ་ལ་བསྔགས་བརྗོད་ཡོད་ མུ་མཐུད་རྩོམ་ཡིག་སྤེལ་རོགས་ ཁྱེད་ཀྱི་ཉམས་མྱོང་ཤེས་ཚད་དེ་ང་ཚོ་བོད་པ་ཚང་ལ་སྟོན་ན་འདོད་

    Reply
  4. བསེ་རུ། says:
    ལོ་ 15 སྔོན།

    “ཨཅརྱ་ཤེས་ཡེས་ཕུན་ཚོཊ། ”

    རྩོམ་ཡིག་འདི་འབྲི་བ་པོ་ངའི་མིག་ལམ་དུ་མངོན་ཞིང་རྣ་བས་གོ་མྱོང་བའི་བོད་མི་མང་སྤྱི་འཐུས་ཨཙརྱ་ཡེ་ཤེས་ཕུན་ཚོགས་ལགས་ཡིན་ན་ནི། གོང་དུ་བཀོད་པའི་མཚན་དེ་ཇི་ལྟར་བྱས་ཏེ་བྲིས་ནོར་ཤོར་བ་རེད་དམ།

    ཅི་སྟེ། “ཨཅརྱ་ཤེས་ཡེས་ཕུན་ཚོཊ། “ཞེས་པ་གང་ཟག་གཞན་ཞིག་ཡིན་ན་ནི་གཤམ་དུ། “སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༠ ཉིན་ལ།”ཞེས་བཀོད་འདུག

    ད་ཡིན་ན་ང་ལྟ་བུའི་ཀློག་པ་པོ་མང་པོ་ཞིག་ཡང་མགོ་བོ་འཐོམས་ཡོད་སྲིད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese