ཉེ་ལམ་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་གསུངས་པ་དེའི་ཐད། ཁ་སང་རེ་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གིས་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་གནང་རྒྱུའི་གསོལ་འདེབས་མཚན་འཁོད་ཞུ་ཡིག་ཅིག་ཕུལ་འདུག
ཞུ་ཡིག་དེའི་ནང༌། མགོན་པོ་གང་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཀྱི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོའི་སྐབས་དང༌། ཊོ་རོན་ཊོར་རྒྱ་རིགས་མང་ཚོགས་ཁྲོད་ནས་དྲི་བ་ཕུལ་བར་བཀའ་ལན་སྩལ་སྐབས། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཀྱི་དུས་དྲན་མཛད་སྒོའི་སྐབས། ལྡི་ལིར་གསར་འགོད་པར་བཀའ་ལན་སྩལ་སྐབས་སོགས་སུ་མགོན་པོ་གང་ཉིད་བགྲེས་ཡོལ་དུ་ཕེབས་བཞེད་སྐོར་བཀའ་སློབ་རིམ་ཕེབས་ལ་གཞིས་བྱེས་བོད་མི་རྣམས་ནས་བློ་འཚབ་དང་སེམས་ངལ་ཅི་ཆེའི་ངང་དེ་ལྟའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་འདེབས་ྋསྙན་ཞུ་རིམ་པར་ཕུལ་དང་འབུལ་བཞིན་པ་ལྟར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སུའང་མགོན་པོ་གང་ཉིད་བགྲེས་ཡོལ་ཆ་ཚང་ཕེབས་བཞེད་ཀྱི་བཀའི་ཕེབས་སྒོར་བློ་འཚབ་ཧ་ཅང་ཆེན་པོའི་ངང་གོ་བསྡུར་སྔ་རྗེས་ཞུས་ཏེ། ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང༌། ཕྱི་ལོ་ ༢༠༡༠ ལོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན། ལྷག་པར་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་བསམ་ཚུལ་ཕྱོགས་བསྡོམས་ནང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང༌། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེད་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་ྋསྙན་གསན་ཞུ་རྒྱུ། ཞེས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཡོད་པ་བཅས་ལ་བརྟེན། མགོན་པོ་གང་ཉིད་ནས་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་རྒྱུ་མཁྱེན། ཞེས་བཀོད་འདུག
གསར་འགོད་པ། བནྡེ་སྐྱབས།
རྩ་བའི་བླ་མ་ཁྱེད་སྐུ་ཚེ་ཡུན་རིང་བརྟན་པའི་བཀྲིས་སྨོན་ལམ་གྲངས་མེད་ཞུ།
སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་ལ་རྒྱུ་མཚན་མི་ཉུང་བ་ཞིག་འདུག་ལ། ་གོ་རྒྱུ་གཏིང་ཟབ་འདུག་པས་དྲ་གྲོགས་ཚོས་དེའི་ཐད་དཔྱད་ཞིབ་ཡོང་བའི་རེ་བ་ཡོད།
དེ་མིན་མགོ་མ་ཚོས་པའི་སྐད་ཆ་མང་པོ་བཤད་ནའང་ཕན་པ་ལས་གནོད་ཚབ་ཆེ་བར་སེམས།
བཙན་བྱོལ་བོད་མའི་སྤྱི་འཐུས་ཚོས་སྙན་ཞུ་འདི་འདྲ་ཞིག་འབུལ་ངེས་ཡིན་སྐོར་སྔ་ས་ནས་ལུག་བསྟན་གྱིས། དྲ་གྲོགས་སྨྱུག་ཐོགས་པ་མང་དག་ཅིག་གིས་རང་གི་བསམ་ཚུལ་གསལ་པོར་བཤད་ཟིན་རེད། དུས་སྐབས་འདིར་དངོས་འབྲེལ་བྱས་ན། ཆེེེད་ལས་པ་རྣམས་དང་། དྲ་རྒྱ་རྩོམ་སྒྲིག་པ། གཞན་ཡང་བརྒྱུད་ལམ་ཁག་ནས་ཆབ་སྲིད་ཀྱི་དཀའ་གནད་ཕྱོགས་བསྡོམས་ཞིབ་འཇུག་གིས་སྙན་ཐོ་སྤྱན་བསྟར་དགོས་པའི་དུས་ལ་སླེབས་ནས་ཡོད། མ་གཞི་ནས་ང་ཚོ་བོད་པ་ཐམས་ཅད་གཞན་བརྟེན་དང་སྐྱག་ལངས་སུ་སོང་ནས་ཟིན་པ་དེ་རང་ཡིན་པ་འདྲ། ༸གོཾང་ས་མཆོག་གིས་བོད་ཀྱི་རྩ་དོན་དང་། བོད་མིའི་སྐྱབས་མགོོན་དུས་ནམ་ཡང་དོར་མི་སྲིད། གྲས་ཡོལ་དུ་ཕེབས་ཀྱི་ཡིན་གསུངས་པ་ནི། རང་རེའི་བཙན་བྱོལ་བོད་མི་རིགས་འདི་བཞིན། རྒྱ་ནག་གཙོས་འཛམ་གླིང་སྤྱི་ཚོགས་སུ་མང་གཙོ་ཡང་དག་ཏུ་ཁྲིད་ཐབས་ཀྱི་རྒྱལ་ཡོངས་གསལ་བསྒྲགས་ཙམ་ལས་གཞན་གང་ཡང་མིན། ང་ཚོས་༌༌༌༌༌༌༌༌ཁོང་ཉིད་བཞུགས་དུས་བཀའ་བཞིན་མཆོད་པས་རབ་ཏུ་མཉེས་པར་བྱས་ནས། ང་ཚོ་རང་གི་རྐང་ཐོག་ཏུ་ལངས་དགོས་པ་ལས། ད་དུང་རེ་བ་གཞན་ལ་བཅོལ་ནས་ངང་བསྒུག་སོས་དལ་གྱི་རང་བཞིན་དེས་དུས་ནམ་ཡང་མི་འཐུས་པས། དེས་ན། དེ་རིང་གི་སྤྱི་འཐུས་ཀྱིས་ཞུ་སྙན་འདིའི་རྒྱབ་ལྗོངས་ཀྱི་དཀའ་གནད་ཅི་ཞིག་ཡིན་པའི་འབྲུ་དོན་འགྲེལ་བརྗོད་དགོས་པ་ལས། གནས་ཚུལ་རགས་བསྡུས་ཙམ་བཀོད་ནས་མི་མང་དང་། ལྷག་པར་ཤེས་ལྡན་དང་ཆ་རྒྱུས་ཡོད་མཁན་མང་དག་ཅིག་འཐོམས་སུ་འཇུག་པ་འདི་ལ་ཡ་མཚན།
ངའི་ལྟ་སྟངས་ལྟར་ན་རྒྱལ་བ་རིན་པོ་ཆེའི་བགྲེས་ཡོལ་གནད་དོན་དེའི་ཐད་ལ་ཁ་གསལ་པོ་བཟོ་དགོས་ས་མང་པོ་ཞིག་འདུག་སྙམ། དཔེར་ན་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས་པ་ཡིན་ན་བཅའ་ཁྲིམས་རིན་པོ་ཆེའི་ནང་གི་རྒྱལ་བ་རིན་པོ་ཆེའི་སྐུ་འགན་དང་འབྲེལ་བའི་བརྗོད་ཚིག་དེ་ཚོར་འགྱུར་བ་གཏོང་དགོས་དང་མི་དགོས། ད་ཡོད་དབུ་མའི་ལམ་གྱི་སྐོར་ལ་ཡང་བསྐྱར་རྒྱལ་བ་རིན་པོ་ཆེས་ལམ་སྟོན་གནང་དང་མི་གནང་། བོད་རྒྱ་འབྲེལ་མོལ་ལྟ་བུ་ཡིན་ན་ད་ལྟ་བར་དུ་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་མངགས་གཏོང་གནང་བཞིན་ཡོད་པ་དེ་རྒྱུན་མཐུད་དུ་དེ་ལྟར་བྱེད་དང་མི་བྱེད། བཙལ་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཕྲ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པ་དེ་ཚོར་འགྱུར་བ་གཏོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན་དང་མིན། ང་ཚོས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས་པ་ངོས་ལེན་བྱེད་ཆོག་མོད་རྒྱ་གར་ནག་དང་འབྲེལ་བའི་གནད་དོན་དེ་ཚོ་ཁག་པོ་ཞིག་ཡོང་རྒྱུ་ཡིན་དུས་བགྲེས་ཡོལ་མ་གནང་གོང་དུ་འདིའི་སྐོར་གསལ་པོ་བཟོ་དགོས་པ་རེད། འདི་ཚོར་བསམ་བློ་བཏང་དུས་ད་ལྟ་བར་དུ་ང་ཚོའི་ཕྱི་ནང་ཚང་མ་རྒྱལ་བ་རིན་པོ་ཆེ་མི་གཅིག་ལ་བརྟེན་ཡོད་པ་ལྟ་བུ་ཞིག་ཡིན་པས་དགོངས་ཞུ་འདི་ཡང་བློ་ངོར་ཤོང་ཆོག་ཆོག་ཅིག་མ་རེད། འདི་ཚོ་ཚང་མ་ཁ་གསལ་པོ་ཞིག་མ་བྱུང་ནས་བོད་མི་མང་པོ་ཞིག་མགོ་འཐོམ་འཐོམ་དུ་གྱུར་ཡོད་པ་རེད། ངས་བསམ་ན་རྒྱལ་བ་རིན་པོ་ཆེར་བགྲེས་ཡོལ་མ་གནང་རོགས་ཟེར་ནས་གསོལ་བ་འདེབས་པ་ལས་བགྲེས་ཡོལ་རྗེས་སུ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བར་འབྲེལ་བ་དེ་ཚོ་ཁ་གསལ་པོའིི་སྒོ་ནས་ཤན་འབྱེད་ཡོང་ཆེད་བཀའ་འདྲི་མང་པོ་ཞིག་ཞུ་དགོས་འདུག་སྙམ།
བགྲེས་ཡོལ་མ་ཕེབས་རོགས་ཞུ་སྙན་བཟང་སྤྱོད་ཡིན་སྲིད་ཀྱང་། རྩ་བ་ཉིད་ནས་བགྲེས་ཡོལ་གནང་མ་བཅུགས་ན། མ་རབས་རེད། ༸གང་༸སྐུའི་༸སྐུ་ཚེ་ཡུན་བརྟན་ཤོག
༧་གོང་ས་མཆོག་ལ་ཆེད་ཞུ། བོད་པ་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་དམའ་བོ་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་དབུ་ཁྲིད་ཀྱི་ཁྱད་པར་ཙམ་ཡང་ཤེས་གི་མི་འདུག སྐུ་ཉིད་སྲིད་གཞུང་གི་དབུ་ཁྲིད་ལས་བགྲེས་ཡོལ་གནང་ནའང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་གནང་མི་ཉན། དབྱིན་ཇི་རྒྱལ་མོ་དང་འཇར་པན་གྱི་རྒྱལ་བོ། ཐེ་ལེན་ཊའི་རྒྱལ་བོ་སོགས་ཀྱིས་ཡང་རྒན་ཡོལ་གནང་གི་མི་འདུག སྐུ་ཉིད་ཀྱིས་རང་བཙན་དོར་ཆད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་རྒན་ཡོལ་བྱས་ནའང་རྒྱ་ནག་གིས་རང་སྐྱོང་མི་སྤྲོད་པ་ཐགས་གི་གཅོད་ཐུབ། སྐུ་ཉིད་ལ་རྒྱ་གཞུང་གིས་གནོད་ཤུགས་ཆེན་པོ་ཞིག་བསླེབས་ཡོད་པ་བཤད་མ་དགོས་པ་ཞིག་རེད། དྲ་ལམ་ན་ཡང་གསང་ཉུལ་བ་་ཚོས་རྒན་ཡོལ་གནང་དགོས་ཚུལ་དང་རེ་ཞུ་འབུལ་མཁན་རྣམས་ལ་བདུག་རྩུབ་ལྡན་པའི་ཁ་རྡུང་གཏོང་བ་འདིའི་ཤེས་ཐུབ།
བོད་མི་མང་གི་སྤྱི་འཐུན་གྱིས་བོད་གཞིས་བྱེས་མི་མང་ནས་༧གོང་ས་མཆོག་བགྲས་ཡོལ་ཆོ
ཚང་ལ་ཕེབས་འདོད་མེད་སྐོར་བཤད་པ་འདི་ག་འདྲ་བྱས་ནས་བལྟས་ཡིན་ན།།
རྒྱུ་མཚན་གསལ་བཤད་གང་ཡང་མེད་པའི་སྤྱི་འཐུན་གྱི་སྙན་ཞུ་རྡོ་སྐམ་སྒྲིག་འདྲ་བ་ཞིག་འདུག། སྙན་ཞུ་འདིས་བོད་མི་མང་སྤྱི་འཐུན་གྱི་ཤེས་ཚད་འགྲེལ་བཤད་ཡག་པོ་བྱ་ངེས་རེད།།
ཐོ་རེངས་ལགས།
མིག་གིས་ཡག་པོ་ལྟོས། མཆན་ཡག་པོ་བཀླགས་ནས་སྐད་ཆ་བཤད་ན་མི་དགའ་འམ། མི་གཞན་གྱི་ཅི་ཟེར་མ་ཤེས་པར་ལན་འདེབས་བྱས་སྟངས་འདི་སུ་ཡི་ལུགས་སྲོལ་རེད་དམ།་་་་ཧཧཧ
༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཕེབས་ན་ལེགས་ཚུལ་གྱི་བསམ་མཁན་རྣམས་ཀྱི་ཕུགས་འདུན་ན། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཡིན་ན། གཞུང་གི་ལས་ཀྱི་སྣེ་མོ་བ་རྣམས་གཙོར་བོད་མི་ཚང་མ་ད་ལྟ་ལས་ལྷག་ཞིག་སེམས་ཤུགས་བསྒྲིམས་ཏེ་མ་འོངས་པ་ལ་ཡར་རྒྱས་གཏོགས་ཙམ་འགྲོ་སྙམ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་འདྲ། ངས་བལྟས་ན་འདི་ནི་གོ་ལོག་ཆེན་པོ་ཞིག་ཡིན་པ་མཐོང་གི་འདུག གང་ཡིན་ཞེ་ན། ༧གོང་ས་མཆོག་གིས་ད་དུང་མ་མཐར་ཡང་ལོ་ཉིས་ཤུ་ལྷག་འཚོ་བཞུགས་གནང་རྒྱུ་ཞལ་བཞེས་གནང་ཡོད། བོད་མི་ཡོངས་དང་རྒྱ་དཀར་ནག་མཚོན་པའི་རྒྱལ་སྤྱིའི་མང་ཚོགས་ཡོངས་ཀྱིས་༧གོང་ས་མཆོག་ལ་ཆེ་མཐོང་ཚད་ལས་རྒལ་བ་ཡོད་པས། ང་ཚོ་ཚང་མས་༧གོང་ས་མཆོག་གི་ལམ་སྟོན་ཤར་བསྐྱོད་འགྲོ་འོག་བོད་དོན་བདེན་མཐའ་སེལ་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་བྱས་ན་གྲུབ་འབྲས་ཐོན་ངེས་རེད། ང་ཚོས་ཡང་དག་པའི་འགོ་ཁྲིད་བཞག་སྟེ་འགོ་ཁྲིད་གཞན་ཞིག་གསོ་སྐྱོང་བྱས་ན་ལེགས་ཀྱང་ལོ་ཟླ་མང་པོའི་གྲུབ་འབྲས་དེ་ཆུད་ཟོས་སུ་བཏང་ངེས་རེད། དེར་བརྟེན་ཚང་མས་ཐུགས་བསམ་གཏིང་ཟབ་ཞིག་བཞེས་ནས་༧གོང་ས་མཆོག་ལ་བགྲེལ་ཡོལ་དུ་མི་ཕེབས་པར་གསོལ་འདེབས་ཡང་ཡང་ཞུ་རྒྱུ་དེ་གལ་ཆེན་ཞིག་ཏུ་མཐོང་། འོན་ཀྱང་༧གོང་ས་མཆོག་ངལ་གསོའི་དུས་མང་དུ་གཏོང་རྒྱུ་དེ་འབྲེལ་ཡོད་ལས་བྱེད་དང་༧གོང་ས་མཆོག་ལ་དད་པ་དང་དུང་ཞེན་ཆེ་བའི་རྒྱ་ཆེའི་མང་ཚོགས་ཚང་མར་དོ་སྣང་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུགས་ཞིག་ཏུ་ངེས་སོ།།
སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་གསོལ་འདེབས་འདི་ཕྱིས་དྲགས་མེད་ན་སྔ་དྲགས་མི་འདུག
༧གོང་ས་མཆོག་ཁྱེད་ནི། སྔོན་བསགས་དང་ལས་དང་འབྲེལ་བའི་ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་ཡིན་པས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་ཏུ་འགྲོ་ཉེན་ཡོད་པའི་སྐབས་འདིར། ཁྱེད་དུས་ནམ་ཡང་། ང་ཚོ་ལ་ཐུགས་ཅུང་ཙམ་ཡང་མ་དོར་རོགས། ང་ཚོས་ཀྱང་ཁྱེད་ཀྱི་དགོངས་དོན་ལྟར་ལས་འབྲས་ལ་བརྩི་སྲུང་དང་། བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་གི་གོམས་སྲོལ་ལ་འབད་བརྩོན་བྱེད་ངེས་ལགས།
༸གོང་ས་མཆོག་བགྲེས་ཡོལ་དང་འབྲེལ་བའི་དྲི་བ་ཁག་ཅིག།
(དྲི་བ་འདི་དག་རང་གི་ཚོད་བགམ་དང་། རང་གི་ལྟ་ཚུལ་ལྟར་དྲ་ཐོག་ནས་ཤར་མར་བྲིས་པ་ཞིག་ཡིན། )
1. ༸གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་དུ་ཕེབས་ཀྱི་ཡིན་ཞེས་པ་དུས་ནམ་ཞིག་ནས་གསུང་འགོ་ཚུགས་པ་རེད་དམ།
2. ༸གོང་ས་མཆོག་གི་སྐབས་དེའི་དགོངས་གཞི་དགོས་པ་གང་རེད་དམ།
3. ༸གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་དུ་ཕེབས་ཀྱི་ཡིན་ཞེས་གསུང་དོན་གྱི་དགོངས་གཞི་གང་ཞིག་ཡིན་ནམ།
4. དེར་བོད་མི་སྤྱི་ཡོངས་ཀྱིས་ལྟ་ཚུལ་ཅི་ཞིག་ཡོད་དམ།
5. བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་གཞི་ཇི་འདྲ་ཞིག་ཡིན་ནམ།
6. ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་ལ་གསོལ་འདེབས་སྙན་ཞུ་འབུལ་དོན་གྱི་རྒྱབ་ལྗོངས་གང་ཞིག་ཡིན་ནམ།
7. བོད་མི་མང་དང་བོད་མི་ཤེས་ཡོན་ཅན་གྱི་སྡེ་ཁག་ནང་ལྟ་ཚུལ་མི་མཐུན་པ་ཅི་ཞིག་ཡོང་གིན་ཡོད་དམ།
8. ༸གོང་ས་མཆོག་གི་དགོངས་བཞེད་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ལྟ་ཚུལ་མི་མཐུན་པ་གང་དང་གང་ཞིག་ཡོང་གིན་ཡོད་དམ།
9. ༸གོང་ས་མཆོག་གི་དགོངས་བཞེད་དེར་རྒྱ་ནག་གཞུང་དང་རྒྱ་མི་ཤེས་ཡོན་ཅན་ཚོའི་ནང་ལ་ལྟ་ཚུལ་ཅི་ཞིག་ཡོང་གིན་ཡོད་དམ།
10. ༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྗེས་བོད་དོན་ཆེད་སྔར་ལས་ནུས་པ་ཆེ་རུ་འགྲོ་གི་རེད་དམ་ཡང་ན་ཆུང་དུ་འགྲོ་གི་རེད་དམ།
11. ༸གོང་ས་མཆོག་བོད་མིའི་དབུ་ཁྲིད་མིན་ན་བོད་པར་དབུ་ཁྲིད་བོད་མི་གཞན་ཞིག་ཡོང་མི་ཆོག་པ་ཡིན་ནམ།
12. ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྗེས་བཙན་བྱོལ་སྤྱི་ཚོགས་དང་རྒྱལ་སྤྱིའི་ནང་བོད་དོན་འཐབ་རྩོད་ལ་འགྱུར་བ་འགྲོ་སྲིད་དམ།
13. ༸གོང་ས་མཆོག་ལ་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་མ་གནང་རོགས་ཞེས་སེམས་འཚབ་སླེབས་དགོས་དོན་ཅི་ཡིན་ནམ།
14. ༸གོང་ས་མཆོག་བགྲེས་ཡོལ་གནང་དུ་མ་བཅུག་པ་དེ་རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཞུ་གི་ཡིན་ཟེར་བའི་ཁས་ལེན་དང་འགལ་བ་མ་ཡིན་ནམ།
15. ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་བ་ཁག་ལས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་གསུང་དོན་དང་བགྲེས་ཡོལ་གྱི་བར་དུ་འབྲེལ་བ་ཡོད་དམ།
16. ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་དེ་སུས་ཀྱང་འགོག་ཏུ་མེད་པའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་མ་ཡིན་ནམ།
17. ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་བཞེད་ཡོད་པ་དེར་ཆབ་སྲིད་མཁས་པ་ཚོས་སྔོན་དཔག་དང་འགྲེལ་བརྗོད་ཅི་ཞིག་བྱེད་ཀྱིན་འདུག་གམ།
འདི་དག་ནི་ང་དང་ང་འདྲ་བའི་དྲ་གྲོགས་མང་པོ་ཞིག་གི་སེམས་ཁོང་གི་དྲི་བ་ཡིན་སྟབས། དྲ་གྲོགས་རེ་རེས་དྲི་བ་རེ་རེར་ལན་འདེབས་ཤིག་གནང་ན་ང་དང་ང་འདྲ་བའི་ལས་མ་དག་པའི་སྐྱེས་བུ་མང་པོ་ཞིག་ལ་ཁྱེད་ཀྱི་རིག་པའི་ཟས་མཆོག་གནང་བ་དེས་ངེད་ཚོའི་རྣམ་དཔྱོད་ཀྱི་ལང་ཚོ་དར་བར་ཅུང་ཟད་ཕན་རེ་ཆེ་སྙམ་སྟེ། དོ་ནུབ་”སྤྱི་འཐུས་ལྷན་ཚོགས་ཀྱི་གསོལ་འདེབས་”ཞེས་པའི་གསར་འགྱུར་དེ་བཀླགས་རྗེས་དྲ་ཐོག་ནས་དྲི་བ་འདི་དག་ཤར་མར་ཐལ་ལོ། །
བོད་མི་མང་རྒྱ་ཆའི་མང་ཕྱོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཞན་པ་དང་། ཡང་བཙན་གཤོལ་བའི་མགོ་ཁྲིད་མང་པོ་ཞིག་གིས་རང་གི་རྐུབ་རྟེགས་མ་གཏོགས་མ་འོངས་བོད་ཀྱི་མདུན་ལམ་དང་ཆབ་སྲིད་ཀྱི་གནད་དོན་ལ་བསམ་བློ་བཏང་མྱོང་མེད་ལ། དེར་བརྟེན་སྐབས་འདིར་གོང་མཆོག་གྲེས་ཡོལ་ཕེབས་འདོད་ཡོད་སྐོར་ཙམ་གླེང་ཚེ་ཁྱེད་རང་ཚོ་འདི་ལྟར་ཧང་སངས་ནས་སྐད་ཤོར་ན། མ་འོངས་པ་དགོས་པ་གཤེགས་པའི་སྐབས་སུ་ཅི་བྱེད། དེས་ན་ད་ལྟ་ནས་བཀའ་ཁྲི་དང་ལས་ཁུས་སོ་སོ་ནས་གོས་ས་མཆོག་མེད་པ་ནང་བཞིན་བྱ་བ་སྒྲུབ་ན་མི་ལེགས་སམ། གལ་སྲིད་གལ་འགང་ལ་ཐུགས་ན་ཁོང་བཞུག་བཞིན་པ་རེད། གཞན་འདི་ལ་ཆབ་སྲིད་ཀྱི་དགོས་པ་མང་པོ་ཞིག་བདག་གིས་མཐོང་ཡང་སྐབས་འདིར་དྲ་ཚིག་ཐོག་ལ་ཁྱབ་བརྡལ་དུ་འབྲི་འདོད་མ་བྱུང་།
ཅོ་རུ་ཉི་མ་ཟེར་བ་ཞིག་གིས། འདི་ལྟར་བཤད་པ་དེ་༼དུས་བབ་དྲ་ཐོག་ཏུ་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་སྐོར་དུ་བསམ་ཤོག་བསྡུས་སྐབས་སུ་མང་ཆེ་བའི་བགྲེས་ཡུལ་ཆ་ཚང་གནང་རྒྱུར་རྒྱབ་སྐྱོར་ཐོབ་ཡོད། ༧གོང་ས་མཆོག་གི་ཕྱག་ཏུ་འབྱོར་སྐབས་སུ་གཞི་བྱེས་བོད་མི་ཡོངས་ཀྱི་བསམ་ཚུལ་འདི་འདྲ་འདུག་དགོངས་ནས་ཐུགས་ཕམ་གནང་གི་མ་རེད་པས།༽
འདི་ནི་ཅོ་ཉི་ཁྱེད་ཀྱིས་གོང་ས་མཆོག་གི་དགོང་པ་དང་མཁྱེན་རྒྱ་གཞི་ནས་མ་ཤེས་པ་རེད། འདིས་ཁོང་ཐུགས་དགྱེས་རྒྱུ་རེད་མ་གཏོགས་ཐུགས་ཕམ་གྱི་གནས་ཞིག་མ་རེད། ཁྱེད་ཀྱི་གོས་ས་མཆོག་ལ་ལོག་བལྟ་དེ་འདྲ་མ་བྱེད་རོགས།
སྤྱི་འཐུས་རྙིང་པ་འདི་དག་དང་། རྒྱུན་ལས་འདི་དག་གིས་རྒྱུན་ལྡན་གྱི་འགྲོ་སྟངས་ཙམ་ལས་མི་རིགས་ལ་ཤ་ཚ་བ་ཞིག་ཡིན་མིན་ཐེ་ཚོམ་རེད། ལྷག་ཏུ་༸གོང་ས་མཆོག་གཙུགས་ཆེན་དུ་བཟུང་བ་ཡིན་མིན་ལྷག་ཏུ་ཐེ་ཚོམ་རེད། གྲོས་འཚོགས་རྭ་བའི་ནང་གི་མ་རུང་བའི་གཟུགས་བརྙན་ད་དུང་ང་ཚོ་སེམས་སུ་གསལ་ལྷེང་ངེ་ཡོད།
མིང་དོན་མཚུངས་པའི་སྤྱི་འཐུས་དག་གི་མཛད་སྟངས་དག་ལ་རྗེས་སུ་ཡིད་རངས་ཡོད་པ་མ་ཟད། དེ་ནི་བྱིས་པའི་བྱེད་སྟངས་ལྟ་བུ་མ་ཡིན་པར་མི་ཆོས་དང་ལྷ་ཆོས་གཉིས་ལྡན་གྱི་བྱེད་སྟངས་ཤིག་ཏུ་མཐོང་སོང་། སེམས་ཅན་གྱིས་བལྟས་ན་སངས་རྒྱས་འཁྲུལ། སངས་རྒྱས་ཀྱིས་གཟིགས་ན་སེམས་ཅན་འཁྲུལ་ཟེར་བ་ཅིས་མི་བདེན།།
པོད་ནང་དང་ཕྱི་ཕྱོགས་ཀྱི་བོད་མི་ཤེས་ཡོན་ཅན་རབ་དང་རིམ་པ་ཞིག་གིས་གོས་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་འདི་ལ་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་དགོས་པ་ཆེན་པོ་ཡོད་པ་ངོས་ཟིན་འཐོབ་དང་ཐོབ་བཞིན་ཡོད།
ད་སྐབས་བོད་མི་སྤྱི་འཐུས་རྣམས་ཀྱི་སྐད་ཆ་འདི་དགྲ་དགའ་ལ་གཉེན་སྐྱོ་འོས་པའི་གནས་ཚུལ་ཞིག་རེད། དེར་བརྟེན་འཛམ་གླིང་གི་མི་མང་གིས་བཙན་གཤོས་བོད་མིའི་བསྒྲིགས་འཛུགས་ལ་བརྟན་འཇག་དང་སྙིང་སྟོབས་སོགས་མེད་པ་གསལ་རྟོགས་ཀྱིན་ཡོད།
དངོས་གནས་ཆབ་སྲིད་ཞེས་དེ་མ་ཤེས་པའི་རྟགས་ཞིག་རེད།
མིང་དོན་མཚུངས་པའི་སྤྱི་འཐུས་དག་གི་མཛད་སྤྱོད་རྗེས་སུ་ཡིད་རངས་ཡོད། དེ་ནི་བྱིས་པའི་བྱེད་སྟངས་མ་ཡིན་པར་མི་ཆོས་དང་ལྷ་ཆོས་གཉིས་ལྡན་གྱི་བྱེད་སྟངས་ཤིག་ཏུ་མཐོང་སོང་།།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱ་ཆེན་མི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་སུ་གུས་བཀུར་གཅིག་ཀྱང་བྱས་མི་ཤེས་པ་འདིར་གཞི་ན་ད་དུང་མང་གཙོ་ཚོད་ལྡན་ཟེར་བ་ཞིག་ཡོང་གི་མེད་པ་རེད།
གཞི་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙན་ཞུ་ཕུལ་བ་འདིས་བཙན་བྱོལ་སྤྱི་ཚོགས་ནང་དུ་སྒེར་གཅོད་པ་ཡོད་པར་བསྟན་གྱི་ཡོད། གང་ཡིན་ཞེ་ན། བོད་མི་ཡོངས་སུ་རྫོགས་པ་ལ་བསམ་ཚུལ་དེ་འདྲ་མེད་པ་མ་ཟད་བཙན་བྱོལ་བོད་མི་ཡོངས་ཀྱིས་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་མ་གནང་ན་ལེགས་པའི་བསམ་ཚུལ་མེད།
དུས་བབ་དྲ་ཐོག་ཏུ་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་སྐོར་དུ་བསམ་ཤོག་བསྡུས་སྐབས་སུ་མང་ཆེ་བའི་བགྲེས་ཡུལ་ཆ་ཚང་གནང་རྒྱུར་རྒྱབ་སྐྱོར་ཐོབ་ཡོད། མ་ཟད་དྲ་རྒྱ་ཁག་གི་རྩོམ་བྲིས་པ་མང་ཤོས་ཀྱིས་༧གོང་ས་མཆོག་བགྲེས་ཆ་ཚང་གནང་རྒྱུའི་མོས་མཐུན་ཡོད་པ་གསལ་པོ་རེད།
བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཀྱིས་གཞི་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙན་ཞུ་༧གོང་ས་མཆོག་གི་ཕྱག་ཏུ་འབྱོར་སྐབས་སུ་༧གོང་ས་མཆོག་གིས་གཞི་བྱེས་བོད་མི་ཡོངས་ཀྱི་བསམ་ཚུལ་འདི་འདྲ་འདུག་དགོངས་ནས་ཐུགས་ཕམ་གནང་གི་མ་རེད་པས།
བོད་མི་དམངས་སྤྱི་འཐུས་ཟེར་བ་འདིར་བོད་མི་དམངས་ཀྱི་འཐུས་མི་ཡིན་པ་ལས་བོད་མི་ཡོངས་སུ་བསམ་ཚུལ་མེད་པ་ཞིག་བོད་མི་ཡོངས་ཀྱི་བསམ་ཚུལ་རེད་ཞེས་བཤད་པའི་ཐོབ་ཐང་མེད།
ཨ་རོ་དིང་ལོ།
ཁ་སང་ངས་བཀའ་ཁྲིའི་འོས་གཞི་དང་བཀྲས་དབང་སྐོར་བསམ་ཚུལ་བཏོན་པར་ཁྱེད་ཀྱིས་སྤྱི་འགོད་བྱས་མ་སོང་།
དེ་ནས་ངས་མཆན་གཞན་རྣམས་ལ་བལྟས་པ་ཡིན་ཏེ་ང་དང་མ་འདྲ་བའི་ཁྱད་པར་གང་ཡང་མི་འདུག་ཁར།་་་ཚིག་རྩུབ་དང་དོན་མེད་འབྲེལ་གཞན་མང་བོ་ཞིག་འདུག་ག
མ་གཞི་ནས་དུས་བབ་ནང་ཐོན་པའི་གཡག་དེ་ཚོ་ར་ཅོ་རྣོན་པོ་ཞིག་མི་འདུག་པས།་ཁྱེད་ཀྱིས་གདམས་གསེས་བྱེད་པ་དེའང་ལས་ཀ་ཐོལ་པ་ཞིག་མ་རེད་དམ།་་་་ཨ་མཁྱེན་རླབས་ཅན་ཏང་ལོ།
མིང་དོན་མི་མཚུངས་བའའི་སྤྱི་འཐུས་དག་གི་བྱེད་སྟངས་དེ་ལ་འཐད་པ་རྩ་བ་ཉིད་ནས་མེད། བྱིས་པའི་བྱེད་སྟངས་ཤིག་དང་གཅིག་པ་གཅིག་རྐྱང་རེད།
༸རྒྱལ་བའི་གསུང་ཉན་ཤེས་ཀྱིན་མེད་པ་འདྲ། ལྐུགས་རྟགས་སྟོན་ཡ་མཚམས་འཇོག་རོགས།