མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀའ་རྙོག་རིཊ་ལ་གསོལ་འདེབས་བྱས་ཏེ་སེལ་ཐབས་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་དེའི་བྱུང་རིམ་འཇིགས་སྣང་དང་ང་རྒྱལ་ཁེངས་དྲེགས་ཀྱི་ཐོག་ནས་བྱུང་བ་ཞིག་ཡིན་སྟབས། དེ་དག་གི་དཀའ་རྙོག་སེལ་ཐབས་སུ་འཛམ་གླིང་ཡུལ་གྲུ་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་འབད་བརྩོན་བྱ་དགོས་པ་རེད། ཅེས་༧གོང་ས་མཆོག་གིས་གསུངས།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་ལྡི་ལི་ཁུལ་དུ་ཉིན་གསུམ་རིང་མཛད་འཕྲིན་བསྐྱངས་ཡོད། ཕྱི་ཚེས་ ༧  ཉིན་གྱི་དགོང་དྲོ་རྒྱ་གར་གྱི་འགྲེམས་སྟོན་ཁང་ཆེན་མོའི་ཚོགས་ཁང་དུ་ཐེངས་ ༡༨ པའི་རྒྱ་གར་གྱི་སྲི་བློན་ཟུར་བ་བྷ་རྡུར་ཤསྟི་རི་ཡི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ། བྱམས་བརྩེའི་ནུས་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད། འགྲེམས་སྟོན་མཛད་སྒོ་དེའི་སྟེང་གནད་ཡོད་མི་སྣ་ ༣༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས་བཀའ་གནང་དོན། ང་ཚོ་སྤྱི་ཚོགས་འདིའི་ནང་འཚོ་ཞིང་གཞེས་པའི་སེམས་ཅན་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་བདེ་སྡུག་ལ་དོན་སྙིང་ལྡན་པའི་ཞབས་ཞུ་བསྒྲུབ་ཐབས་བྱ་དགོས། མི་རེ་རེ་ནས་སྤྱི་ཚོགས་བདེ་སྡུག་ལ་སེམས་ཁུར་དང་དོན་སྙིང་ལྡན་པའི་ལག་རྗེས་ཤིག་འཇོག་ཐུབ་པ་ཡིན་ན། དེ་ནི་དོན་སྙིང་ལྡན་པའི་བྱམས་བརྩེའི་ནུས་པ་ཞིག་ཡིན་སྟབས། མ་འོངས་པར་ང་ཚོས་སྤྱི་ཚོགས་འདིའི་ནང་ཞི་བདེ་མཉམ་གནས་ཀྱི་ཐད་ལ་བསམ་བློ་གཏོང་དགོས་པ་དང་། དེ་ཡང་གཙོ་བོ། མིའི་སྤྱི་ཚོགས་ནང་བྱམས་བརྩེ་དང་བཟོད་སེམས་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་བཀའ་གནང་འདུག

དེར་ཡོད་མི་སྣ་ཁག་ཅིག་གིས་ཁོང་ལ་ལྐོག་ཟ་རུལ་སུངས་དང་གསར་འགོད་རང་དབང་སོགས་ཀྱི་གནད་དོན་ཐོག་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། གནད་དོན་དེའི་རིགས་ཀྱི་ཐོག་ནས་རྒྱ་ནག་དང་པ་ཀི་སི་ཐན་ལས་རྒྱ་གར་ནང་གནས་སྟངས་ཡག་པོ་ཡོད་པ་རེད། རྒྱ་གར་ལ་མཚོན་ན། གཞུང་གི་ལས་ཁུངས་མཐོ་དམན་ཁག་ཏུ་ལྐོག་ཟའི་གནད་དོན་རིགས་བྱུང་གི་ཡོད་ཀྱང་། ལྐོག་ཟའི་གྱོད་དོན་རིགས་ཐག་གཅོད་བྱ་རྒྱུར་ཁྲིམས་འཛིན་ལམ་ལུགས་དང་གཞུང་འཛིན་ཚོགས་པས་དབང་བསྒྱུར་བྱས་པ་ཞིག་མ་ཡིན་པར། ཁྲིམས་འཛིན་གྱི་ལམ་ལུགས་ཀྱང་ཧ་ཅང་རང་དབང་ལྡན་པ་ཞིག་ཡོད་པ་རེད། གསར་འགོད་རང་དབང་ལ་མཚོན་ནའང་ཚད་ལྡན་ཞིག་ཡོད་པ་རེད། འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་དེའི་བྱུང་རིམ་འཇིགས་སྣང་དང་ང་རྒྱལ་ཁེངས་དྲེགས་ཀྱི་ཐོག་ནས་བྱུང་བ་ཞིག་ཡིན་སྟབས། དེ་དག་གི་དཀའ་རྙོག་སེལ་ཐབས་སུ་འཛམ་གླིང་ཡུལ་གྲུ་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་འབད་བརྩོན་བྱ་དགོས་པ་རེད། ང་ཚོས་ཕུགས་རྒྱང་རིང་པོའི་དཀའ་རྙོག་དེ་སེལ་བའི་ཐབས་ལམ་ཡག་ཤོས་ནི། ཤེས་ཡོན་དང་གོ་རྟོགས་གོང་མཐོར་གཏོང་བའི་ཐབས་ལམ་ལ་བརྟེན་ཏེ་དཀའ་རྙོག་དེ་སེལ་ཐབས་བྱ་དགོས་པ་ལས། སྨོན་ལམ་གསོལ་འདེབས་བྱས་ནས་དུས་ནམ་ཡང་སེལ་ཐབས་མེད་པ་ཞིག་རེད་ལ། མ་འོངས་པར་རྒྱལ་ཁབ་སོ་སོའི་གཞུང་འཛིན་མི་སྣས་དམ་དོན་བྱ་རྒྱུ་དང་ཤེས་ཡོན་གོ་རྟོགས་སྤེལ་ཏེ་གནད་དོན་འདི་སེལ་ཐབས་ལ་འབད་བརྩོན་བྱ་དགོས་པ་རེད། ཅེས་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།

ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་ལྡི་ལིའི་དེང་རབས་སློབ་གྲྭའི་ Modern School ཏུའུ་སི་ཊ་ནང་པའི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ཏེ་མི་ལོ་ ༣༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་ཆིབས་བསྒྱུར་བསྐྱངས་ཏེ། ༼བདེ་སྐྱིད་ཀྱི་གནས་རིམ་འདྲ་མིན། ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པར་མ་ཟད། ཕྱི་ཚེས་ ༡༢ ནས་བཟུང་ཝ་རཱ་ཎ་སི་རུ་གསུང་ཆོས་དང་རྒྱ་གར་བྷང་ལོར་གྲོང་ཁྱེར་གྱི་རྒྱལ་ཡོངས་མཐོ་སློབ་དུ་དགེ་སློབ་རྣམས་ལ་༼དཀའ་ཚེགས་ཆེ་བའི་དུས་ཚོད་ནང་བདེ་སྐྱིད་འཚོལ་བ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད།   

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. སྐར་མདའ། says:
    ལོ་ 15 སྔོན།

    ངོ་མ་ཀུན་མཁྱེན་བླ་མའི་གསུངས་ལ་སྲེད་ལྷད་དབེན།
    བོད་རིགས་ཡོད་དོ་ཅོག་གིས་གང་གཟབ་གཟབ་ཀྱི་ཐོག་ནས་ཕྱག་ལས་གནང་དགོས་པ་ནི་ཧ་ཅང་གི་གནད་དུ་ཁེལ་བའི་གཏམ་དྲི་མ་མེད་ཡིན།

    རྒྱལ་བའི་སྐུ་གཟུགས་རི་རྒྱལ་ལྷུན་པོ་བཞིན༎
    ཡུན་ནས་ཡུན་དུ་མི་འགྱུར་རྟག་བརྟན་ཤོག།
    ཐུགས་ཀྱི་བཞེད་དོན་ལྷུན་གྱི་འགྲུབ་པ་དང་༎
    སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས༎

    Reply
  2. འཁྱམས་པོ། says:
    ལོ་ 15 སྔོན།

    ངས་བསམ་ན་དེ་ནི་ཆས་གལ་ཆེ་ཤོས་རེད་བསམ་གྱིན་འདུག འཇམ་མགོན་ཁོང་སྐུ་ཚེའི་མཛད་འཕྲིན་ཡར་ནས་ཡར་ལ་དར་པར་ཤོག

    Reply
  3. GYAMTSO says:
    ལོ་ 15 སྔོན།

    འཛམ་གླིང་ཞི་བདེའི་མགོན་སྐྱབས་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག མཛད་འཕྲིན་ཟླ་བཞིན་འཕེལ་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese