མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་སྤྱི་འཐུས་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡ ཚེས་ ༨ ཉིན་བྷེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག བྷེལ་ཇམ་གྱི་གྲོང་ཁྱེར་ཨན་ཊི་ཝར་པཱན་ Antwerpen གྱི་དཔེ་མཛོད་ཁང་ཞིག་ཏུ། སྐབས་བཅོ་ལྔ་བའི་ཡུ་རོབ་སྤྱི་འཐུས་འོས་མིའི་སྐོར་ལ་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། བགྲོ་གླེང་དེར་གདན་ཞུའི་གཏམ་བཤད་པ་སུད་སི་ནས་སྤྱི་འཐུས་ལས་ཐོག་པ་སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས་དང༌བསམ་མདོ་བྱམས་པ་ཚེ་རིང་ལགས། དབང་པོ་བཀྲས་མཐོང་ལགས། ནོར་ཝེ་ནས་ཆུང་བདག་ཀོ་རིན་ལགས། སི་པེན་ནས་ཐུབ་བསྟན་དབང་ཆེན་ལགས། ཧྥ་རན་སི་ནས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ཡུ་རོབ་སྤྱི་འཐུས་འོས་མི་ ༦ མཉམ་ཞུགས་གནང་གནང་ཡོད་འདུག

བགྲོ་གླེང་གི་ཐོག་མར་སྤྱི་འཐུས་འོས་མི་དྲུག་པོས་སྐར་མ་ལྔ་རེར་སོ་སོའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས་གཏམ་བཤད་ཐུང་ངུ་རེ་གནང་རྗེས་བྷེལ་ཇམ་བོད་རིགས་ཚོགས་པའི་ངོས་ནས་གྲ་སྒྲིག་བྱས་པའི་དྲི་བ་ ༦ ལན་འདེབས་བྱས་ཡོད་པ་དང་། དེའི་རྗེས་དངོས་སུ་མང་ཚོགས་དང་མཉམ་དུ་དྲི་བ་དྲིས་ལན་གནང་ཡོད་འདུག བགྲོ་གླེང་དེར་ས་གནས་མི་མང་བརྒྱ་ལྷག་མཉམ་ཞུགས་གནང་ཐོག་ཉིན་རྒྱབ་ཆུ་ཚོད་ ༡ པོ་ནས་ ༥ པའི་བར་བགྲོ་གླེང་ཞིབ་ལྷུག་གནང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་བརྒྱུད་དེ་ཡུ་རོབ་སྤྱི་འཐུས་འོས་མི་དེ་དག་ལ། ༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་གསུངས་པའི་ཐད་དགོངས་ཚུལ་གང་ཡོད་དང་། བཙན་བྱོལ་བོད་གཞུང་གིས་བོད་ཀྱི་རྩ་དོན་ཐོག་འཛིན་པའི་སྲིད་ཇུས་ལ་བསམ་ཚུལ་གང་ཡོད། ཡུ་རོབ་མཉམ་འབྲེལ་གཙོས་པའི་ཡུ་རོབ་ཡུལ་གྲུ་ཁག་ཏུ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཡར་རྒྱས་གཏོང་ཕྱོགས་ལ་ཐབས་ལམ་ཅི་ཡོད། ཡུ་རོབ་བོད་རིགས་མི་མང་གི་སྒྲིག་འཛུགས་སྲ་བརྟན་དང་ལས་དོན་ཡར་རྒྱས་གཏོང་ཕྱོགས་སོགས་ལ་འགན་ཇི་ལྟར་འཁྱེར་དགོས་མིན་སོགས་ཀྱི་བསམ་ཚུལ་ལ་ཉན་ཞིབ་བྱས་ཡོད་འདུག  

 

ཡུ་རོབ་བོད་མིའི་སྤྱི་འཐུས་འོས་མིའི་བགྲོ་གླེང་།

 

ཡུ་རོབ་བོད་མིའི་སྤྱི་འཐུས་འོས་མིའི་བགྲོ་གླེང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༢༡ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 3

  1. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    འདིའི་ནང་ན་ཧྥ་རན་སི་ནས་ཐུབ་བསྟན་རྒྱ་མཚོ་མ་གཏོགས་ངོ་ཤེས་ནི་མི་འདུག ཚང་མ་བསམ་བློ་གུ་ཡངས་དང་ཆོལ་ཁའི་ཞེན་ཁོག་བཅས་མེད་པའི་ཡིད་ཆེས་ཡོད། ཐུབ་བསྟན་རྒྱ་མཚོ་ནི་་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། ད་ལོ་དམིགས་བསལ་ཚོགས་ཆེན་སྟེང་དུ་སླེབས་འདུག ལྷག་པར་ཁོའི་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྐད་ཆ་བཤད་སྟངས་སོགས་ད་དུང་ངའི་ཡིད་དུ་དྲན་འོང་གི མི་ཁ་རུ་ཁ་ཐུག་ཅིག་རེད། མི་དྲང་མོ་ཞིག་ཀྱང་རེད། ཁོང་ལ་ཐོབ་པའི་ཡིད་ཆེས་དང་རེ་བ་ཡོད། གོ་སྐབས་འདི་བརྒྱུད་ནས་ཁོ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

    Reply
  2. ཨ་འཇིགས། says:
    ལོ་ 16 སྔོན།

    ཡུ་རོབ་ཁུལ་གྱི་སྤྱི་འཐུས་འོས་མི་དག་ལ་བལྟས་ཡོང་ན། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཕལ་ཆེ་བར་མེད་ཚོད་དུ་འདུག

    Reply
  3. GYAMTSO says:
    ལོ་ 16 སྔོན།

    བགྲོ་གླེང་ཡག་པོ་གནང་འདུག་པས་དགའ་འོས་པ་ཞིག་རེད། རེ་བ་ལ་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་གྱི་ཕྱོགས་ཞན་མེད་མཁན་རེ་ཕེབས་ཐུབ་པས་རེ་བ་སྨོན་འདུན་ ཞུ། གཞན་ཡང་གོང་ས་མཆོག་ནས་༡༩༩༩་་་ཟླ་་༣་་ཚེས་༢༢་ཉིན་སྤྱི་འཐུས་གྲོས་ཚོགས་ཐོག་སྩལ་བའི་བཀའ་སློབ་ནང་། སྤྱི་འཐུས་ཚོར་ཆ་བཞག་ན། གཞིས་ཆགས་ཁག་ནང་འགལ་རྐྱེན་དང་། འཐུས་ཤོར་ཡོང་མིན་ཐོག་ཉམས་ཞིབ་གནང་དགོས་ཀྱི་འདུག གནས་ཚུལ་དེའི་ཐོག་ལ་གྲོས་ཚོགས་འཚོགས་པའི་སྐབས་ཙམ་མིན་པར་དུས་རྒྱུན་གཏན་ནས་བསམ་བློ་གཏོང་དགོས། སྤྱིར་བོད་པ་ཡིན་ཕྱིན་འགན་ཁུར་དགོས་ཀྱང་། འཐུས་མིའི་མིང་བཏགས་ཏེ་ལས་འགན་ཡོད་པའི་རིང་ལ་དེ་བས་ཀྱང་འགན་ཁུར་བླངས་ཏེ་འཐུས་ཤོར་གང་དུ་འགྲོ་མིན་ཐོག་ཉམས་ཞིབ་ཚགས་པོས་གྲོས་བསྡུར་དང་། ཉམས་ཞིབ་བྱེད་དགོས། དེ་ཡང་སྐྱོན་ཆ་ཡོད་སར་མཛུབ་མོ་འཛུགས་ཐུབ་པ་ཙམ་མིན་པར། སྐྱོན་དེའི་རྩ་བའི་འབྱུང་རྐྱེན་ཐོག་ཞིབ་འཇུག་བྱས་ཏེ་སྐྱོན་ཆ་སེལ་བའི་ཐབས་ཤེས་ངོས་འཛིན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཞེས་གསུངས་འདུག་པ་སྤྱི་འཐུས་གསར་རྙིང་ཡོངས་ནས་ཐུགས་ཞིབ་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese