མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧཱ་ཏ་ལ་ཞི་བདེ་གཟེངས་རྟཊ་སྤྲོད་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། སོག་པོའི་རང་དབང་འཐབ་རྩོད་མཁན་དང་། རྒྱ་གཞུང་དང་ལངས་ཕྱོགས་ཐ་དད་འཛིན་མཁན་གྱི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཧཱ་ཏ་ལགས་གང་མྱུར་ཀློད་གྲོལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་།  དེ་བཞིན། ཉེ་སྔོན་ནང་སོག་མི་མང་ཚོགས་པ་དང་སོག་པོའི་འགྲོ་བ་མིའི་ཐོབ་ཐང་བརྡ་འཕྲིན་བསྟི་གནས་གཉིས་ཀྱི་མིང་ཐོག་ནས་སྐུ་ཞབས་ཧཱ་ཏ་ལགས་ ༢༠༡༡ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་མིང་འདོན་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག  

སྙན་ཞུ་དེའི་ནང་། སྐུ་ཞབས་ཧཱ་ཏ་ལགས་ཀྱིས་འདས་པའི་དུས་ཡུན་རིང་པོར་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ཏེ་སོག་པོའི་རང་དབང་འཐབ་རྩོད་བྱས་ཡོད་པ་དང་། ཁོང་ནི་སོག་པོའི་རིག་གནས་སྲུང་སྐྱོབ་ཚོགས་པ་དང་སོག་པོ་དམངས་གཙོ་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་མཁན་ཡིན་པ་མ་ཟད། ཁོང་ནི་ནང་སོག་མི་མང་ས་ཡ་ལྔའི་དབུ་ཁྲིད་གཅུག་པུ་དེ་ཡང་ཡིན། ཁོང་གིས་ཕྱི་ལོ་ ༡༩༩༢ ལོར་གསར་དུ་བཙུགས་པའི་སོག་པོའི་དམངས་གཙོ་མཉམ་འབྲེལ་ཚོགས་པས་ད་ལྟའི་བར་དུ་ཁོང་གི་ཞི་བའི་ལམ་སྟོན་ཁོ་ནར་བརྟེན་ཏེ་སོག་པོའི་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བརྩོད་ལེན་བྱས་ཡོད་ཅེས་སོགས་བཀོད་ཡོད་འདུག   

ད་དུང་སྙན་ཞུ་དེའི་ནང་། རྒྱ་ནག་དམར་ཤོག་དབང་སྒྱུར་བའི་དྲག་དམག་གིས།  ཕྱི་ལོ་ ༡༩༤༧ ལོར་སོག་ཡུལ་དུ་བཙན་འཛུལ་བྱས་པ་ནས་བཟུང་། འདས་པའི་ལོ་ ༦༣ རིང་ལ་རྒྱ་གཞུང་གིས་མི་རིགས་རྩ་བརླག་དང་རིག་གནས་ཤུལ་མེད་བཟོ་བའི་དྲག་པོའི་དབང་སྒྱུར་གྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་ཏེ།  སོག་རིགས་ཁྲི་ ༢༠ ལྷག་དམར་གསོད་དང་། སོག་པོའི་མི་གྲངས་ཀྱི་བརྒྱ་ཆ་ ༣༠ ཙམ་ལ་བཙོན་འཇུག་མནར་གཅོད་བཏང་ཡོད། རྒྱ་གཞུང་གིས་༼ སོག་རིགས་སྤུན་ཟླར་རོགས་སྐྱོར། ༽དང་༼ འཐའ་འཁོབ་ས་ཁུལ་འཕེལ་རྒྱས། ༽ཟེར་བའི་ཁ་གཡང་སྒྲོག་བཞིན་ནང་སོག་ས་ཆའི་སུམ་ཆའི་གཅིག་ཙམ་རྒྱ་ནག་གི་ཞིང་ཆེན་གཞན་པའི་ཁོངས་སུ་བཅད་བཟུང་དབང་སྒྱུར་བྱས་ཤིང་། སོག་ཡུལ་གྱི་རང་བྱུང་ཁོར་ཡུག་དང་སོག་རིགས་མི་མང་གི་འཚོ་བའི་གནས་བབ་བཅས་ལ་བལྟས་ཏེ།  ལོ་རེར་སོག་ཡུལ་དུ་རྒྱ་རིགས་ཁྲི་བཅུ་ལྷག་གནས་སྤོར་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༤༩ ལོར་ནང་སོག་ཏུ་རྒྱ་རིགས་གྲངས་འབོར་བརྒྱ་ཆ་ ༡༦ ཙམ་ལས་ཟིན་གྱི་མེད་ཀྱང་། ༢༠༠༠ ལོར་སོག་ཡུལ་དུ་རྒྱ་རིགས་ཁྲི་ ༡༨༤༧ ལས་བརྒལ་ཏེ་འབོར་བརྒྱ་ཆ་ ༧༩ ལྷག་ཟིན་ཡོད། 

དེ་བཞིན། རྒྱ་ནག་གིས་སོག་ཡུལ་ནང་རྡུལ་མཚོན་ཚོད་ལྟའི་རྟེན་གཞི་བཙུགས་ཏེ་རང་བྱུང་ཁོར་ཡུག་ལ་ཉམས་ཆག་ཚབས་ཆེན་བཏང་སྟེ། ད་ལྟ་སོག་པོའི་རྩྭ་ཐང་གི་བརྒྱ་ཆའི་ ༦༥ ཙམ་བྱེ་ཐང་དུ་གྱུར་ཡོད་ལ།  ལྷག་པར་དུ་འདས་པའི་ལོ་ ༢༠ ནང་། རྒྱ་གཞུང་གིས་དབང་ཤུགས་དང་དཔལ་འབྱོར་གཉིས་མཉམ་འབྲེལ་གྱི་ཐོག་ནས།  མངོན་སེམས་འཛེམས་མེད་ཀྱི་ཐོག་ནས་རྒྱ་རིགས་ཆེན་པོའི་མི་རིགས་དབང་སྒྱུར་གྱི་སྲིད་ཇུས་སྤེལ་ཏེ། སོག་པོ་མི་རིགས་ཀྱི་རྩྭ་ས་དང་ཞིང་ཁ་རྣམས་བཙན་འཕྲོག་བྱས་ཤིང་། སོག་རིགས་རྣམས་བཙན་དབང་གིས་རྒྱ་རིགས་འདུས་སྡོད་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་མཉམ་བསྲེས་བྱེད་བཞིན་ཡོད་སྐོར་སོགས་བཀོད་འདུག

 

ལོ་སྔ་མའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་སྐུ་ཞབས་ཧཱ་ཏ་ལགས་ཀྱི་ ༡༥ ཡི་དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་ཀློད་གྲོལ་གཏོང་དགོས་ཀྱང་། རྒྱ་གཞུང་གིས་ད་དུང་ཁོང་ཀློད་གྲོལ་བཏང་མེད་པ་མ་ཟད། ཉེ་ཆར་ཁོང་གི་ཆུང་མ་དང་བུ་བཅས་ཀྱང་བཀག་ཉར་བྱས་ཏེ། ད་ཆར་ཁོང་ཅག་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག སོག་པོའི་དམངས་གཙོ་ཚོགས་པས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ད་ལྟ་སྐུ་ཞབས་ཧཱ་ཏ་ལགས་ཀྱི་གཟིགས་གཞིའི་གནས་སྟངས་སྐྱོ་བོ་ཆགས་ཤིང་། གདོང་མདོག་སྐྱ་བོར་གྱུར་ཞིང་དུས་རྒྱུན་སྐྱུག་མེར་ལངས་ཏེ་ཟ་མ་བཟའ་མི་ཐུབ་པར་མ་ཟད། ཁོང་གི་རྐང་པའང་ཐང་བོ་མེད་པར་གོམ་པ་ ༥༠༠ ཙམ་ལ་ཕྱིན་ཡང་ཐང་ཆད་དེ་ངལ་གསོ་དགོས་པའི་གནས་སྟངས་ཆགས་ཡོད་ཅེས་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༨ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 2

  1. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    དགྱ་དམར་གྱིས་སྐུ་ཞབས་ཧཱ་ཏ་ལགས་གང་མགྱོགས་གློད་གྲོལ་གཏོང་དགོས།

    Reply
  2. ཅོ་རྟམ། says:
    ལོ་ 16 སྔོན།

    སྐུ་ཞབས་ཧཱ་ཏ་ལགས་སུ་ཞི་བདེའི་གཟེངས་ཐོབ་པར་རྒྱབ་སྐྱོར་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese