བློ་བཟང་སེང་གེའི་སྐད་ཆ་དུམ་བུ་གསུམ་དང༌། དེའི་རྒྱབ་ལྗོངས་ལ་ལྟ་བ།
དེ་ཡང་ཇི་སྐད་དུ། ལོ་ཆེན་བཻ་རོ་ཙ་ནའི་ཞལ་སྔ་ནས། བདེན་ཅིང་འཐད་ན་བྱིས་པའི་ངག་ཀྱང་ཉོན། །མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག །ཅེས་གསུངས་པ་བཞིན་བྱིས་པ་བདག་གི་འཆར་སྣང་ཙམ་ཞུ་བར་བྱ་བ་ལ། དེང་སང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་སྐྱབས་བཅོལ་བའི་བོད་རིགས་མང་ཚོགས་དང་དཔྱད་བརྗོད་པ་རྣམས་ཀྱིས་དམིགས་རྒྱང་རིང་གཟིགས་ཀྱིས་སྔར་དང་མི་འདྲ་བར་འབྱུང་འགྱུར་ཕྱི་ཟླ་གསུམ་པའི་ནང་བསླེབ་ལ་ཉེ་བའི་བཀའ་ཁྲིའི་དངོས་གཞིའི་འོས་འདེམས་ཆེན་མོའི་ཐད་འཁྱོག་བརྗོད་དང་འཐེན་འཁྱེར་གྱི་ཕྱོགས་སུ་མ་ལྷུང་བར་དྲང་བདེན་གྱི་བློ་མིག་ཡངས་པོ་ཕྱེ་ཁུལ་གྱིས་དཔྱད་གཏམ་དང་། པར་རིས་སྦྱར་འགྲེམ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གྱིན་པ་ནི་དམངས་གཙོའི་ལམ་སྲོལ་དང་མཐུན་པའི་ཡར་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པོ་ཞིག་རེད། ཡིན་ན་ཡང་དུས་རྒྱུན་སྤྱི་ཚོགས་ནང་རྙོག་འཛིང་གཏིང་སློང་གི་མི་སྣ་མགོ་བདེ་དྲན་འཕྲུལ་ཅན་རེ་ཟུང་གིས་༧གོང་ས་མཆོག་གི་བཀའ་སློབ་བེད་སྤྱད་དེ། སྐབས་བཅུ་བཞི་པའི་བཀའ་ཁྲི་ལ་བགྲེས་གཞོན་གཉིས་ལས་གཞོན་པ་ཞིག་གདམ་དགོས་ལུགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་སྤེལ་གྱིན་པ་ཐམས་ཅད་ལས་ཕལ་མོ་ཆེ་ནི་བདེན་ཅིང་འཐད་པའི་ལེགས་བཤད་ཅིག་མིན་པར་མཐོང༌།
ང་ནི་ལྟ་བ་དང་ལངས་ཕྱོགས་ཀྱི་ཆ་ནས་གང་གི་ཕྱོགས་སུའང་མ་ལྷུང་བར་ལམ་དབུ་མར་གནས་པའི་མི་བུ་དཀྱུས་མ་ཞིག་ཡིན། ངས་བལྟས་ན་བོད་མིའི་ན་གཞོན་ཕལ་མོ་ཆེས་འདོད་པའི་བཀའ་ཁྲི་ནི་སྐྱེས་སྟོབས་ཤེས་རབ་ཀྱི་དཔལ་འབར་ཞིང༌། དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་གོ་རྟོགས་ཟབ་པའི་དུས་རབས་གསར་བའི་གཞོན་སྐྱེས་ཡར་ཐོན་ཅན་བློ་བཟང་སེང་གེ་རེད། ཡིན་ཡང༌། ང་ཚོས་བློ་རིག་ཞིབ་ཏུ་བསྒྲིམས་ཏེ་བརྟག་དགོས་པ་ཞིག་ནི། ཁོང་ལ་ཡིད་མོས་བྱེད་མཁན་དག་གིས་ཉེ་སྔོན་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༡༣ ཐོག་བཀོད་པའི་སྐད་ཆ་རྣམས་རེད། ཁོང་ཚོས་བློ་བཟང་སེང་གེ་ལ་རྒྱལ་ཁ་འཐོབ་ན། “ངྷ་སའི་སྲིད་གཞུང་དེ་རྙིང་ཧྲིལ་གོག་ཟད་ཅིག་ཏུ་གྱུར་མེད་པ་ཤེས་སུ་འཇུག” ཅེས་དང༌། “བོད་ཀྱི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དེ་ངེས་པར་དུ་མཇུག་སྒྲིལ་ཟིན” ཡང་། “རྡར་ངན་སྣུམ་བྱུག་བྱས་པའི་བཀའ་ཟུར་བགྲེས་པོ་ཞིག་གམ” ཞེས་སོགས་བགྲང་གིས་མི་ལང་བ་ཞིག་བཀོད་ཡོད་ནའང་ཐམས་ཅད་རེ་རེ་བཞིན་འདིར་འགོད་ཐབས་བྲལ། ཁོ་བ་ཚོས་ད་ལྟའི་ངྷ་སའི་སྲིད་གཞུང་འདི་ཀླད་རྙིང་མཁྲེགས་བཟུང་གི་ལྟ་གྲུབ་འོག རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཆེ་ཕྲའི་རིགས་གསར་གཏོད་དང་བཅོས་བསྒྱུར། མདུན་བསྐྱོད་སོགས་ཀྱི་རྗེས་མ་ཟིན་པར་རང་གར་རྙིང་ཧྲིལ་གོག་སྐྱོན་ཅན་གྱི་གཞུང་ཞིག་ཏུ་གྱུར་བར་བསྙོན་འཛུགས་བྱས་པ་མ་ཟད། ད་ལྟའི་བཀའ་ཁྲི་འདི་བ་ཚང་བོད་ཀྱི་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་དེ་རྒྱུན་བསྲིང་བྱེད་པའི་རྡར་ངན་སྣུམ་བྱུག་བྱས་པའི་བཀའ་ཁྲི་བགྲེས་པོ་ཞིག་ཡིན་པའང་དོན་གྱི་ཁས་ལེན་དུ་སོང་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། གཞུང་རྙིང་བ་དང༌། བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་མཇུག་སྒྲིལ་ཡོད་མེད་ཀྱི་གླེང་སློང་དེ་ནི་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་ཚོས་༧གོང་ས་མཆོག་དང༌། རང་གཞུང་ལ་མཐོ་འཚམ་པའི་སྐད་ཆ་ཞིག་ཡིན་པ་ཤེས་དགོས། ད་ནི་སྐབས་དོན་བློ་བཟང་སེང་གེའི་སྐད་ཆ་དུམ་བུ་གསུམ་གྱི་སྐོར་གླེང་ན། ༡ “རང་ཉིད་ཀྱི་དབུགས་རྒྱུན་མ་ཆད་བར་དུ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་སྤྱི་ལ་སྨན་པའི་ལས་འགན་ཕྲག་ཏུ་བླངས་ནས་ཞབས་ཞུ་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད” ཅེས་དང༌། ༢ སྦེལ་ཀོབ་གཞིས་གསར་མི་མང་ཚོགས་ཁང་དུ་དམངས་ཀྱིས་དྲི་བ་དྲིས་པའི་ལན་དུ། “བཀའ་བློན་ཁྲི་བའི་རྐུབ་སྟེགས་མ་རེག་ན། འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད” ཅེས་དང༌། ༣ “ དྲ་རྒྱའི་བརྒྱུད་རྒྱལ་སྤྱིའི་སྟེང་བོད་ཀྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་མིང་བཙལ་ཡང་རྙེད་རྒྱུ་མེད” ཅེས་པའི་སྐད་ཆ་དུམ་བུ་གསུམ་གྱི་རྒྱབ་ལྗོངས་ལ་བལྟས་ནས་བཤད་ན་འདི་ལྟར། སྐད་ཆ་དེ་དག་གི་ཁྲོད་ནས་དུམ་བུ་དང་པོ་དེས་ཅི་ཞིག་སྟོན་ཅེ་ན། དེས་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་གང་གནང་གོ་མེད་ཚོར་མེད་དུ་ཡུན་རིང་སྣང་ཆུང་ངང་མི་འཇོག་པར་དུས་ཐོག་ཡོངས་ཁྱབ་གསལ་བསྒྲགས་དང༌། ལག་ལེན་དུ་བསྟར་བའི་ཆོད་སེམས་བརྟན་པའི་ཁར་འབྱུང་འགྱུར་བོད་ཀྱི་གནས་བབ་གང་འདྲ་ཞིག་ལ་བསླེབས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་གདོང་ལེན་བྱེད་པའི་ལས་འཆར་སྒྲིག་ཐུབ་པའི་སྙིང་སྟོབས་དང་དམ་བཅའ་བརྟན་པོ་ཞིག་ཡོད་ཚུལ་ལུགས་འབྱུང་གི་སྒོ་ནས་བསྟན་ཡོད་ཀྱང༌། སྐད་ཆ་དུམ་བུ་གཉིས་པ་དེས་ལུགས་ལྡོག་གི་སྒོ་ནས་ཉིད་ཀྱི་ཞེ་འདོད་ངོ་མ་དེ་དམར་རྗེན་དུ་བསྟན་འདུག་སྙམ།
སྤྱིར་བློ་བཟང་སེང་གེ་ལ་མཚོན་ན་ཁོང་གི་རྒྱབ་སྐྱོར་བ་ཚོས་བཤད་པ་བཞིན་རྣམ་དཔྱོད་ཤེས་རབ་ཀྱི་དཔལ་འབར་བའི་ཐོག་དེང་དུས་རྒྱལ་སྤྱིའི་འགྱུར་འགྲོས་དང་མཐུན་པའི་ཁྲིམས་ལུགས་ཆེད་མཁས་པ་ཞིག་ཡིན་ཟེར་བ་དེ་གནས་ལུགས་ཡོད་པའི་དྲང་བདེན་གྱི་སྐད་ཆ་ཞིག་ཡིན་ཡང༌། དེ་ཙམ་གྱིས་རྒྱལ་ཞེན་དང་མི་རིགས་ལ་ལྷག་བསམ་དཀར་བ་མཚོན་མི་ཐུབ། ངས་བལྟས་ན་བློ་བཟང་སེང་གེས་རང་ཉིད་ཁྲིམས་ལུགས་ཆེད་མཁས་པ་དང༌། ལས་འཆར་འཐེན་མཁས་པ། དེ་བཞིན་འབྱུང་འགྱུར་བོད་མི་རིགས་ཀྱི་ཁ་ཕྱོགས་དང༌། དགོས་མཁོ་ལ་གཞིགས་ཏེ་ད་ལྟ་ནས་གནའ་དེང་ཟུང་འབྲེལ་གྱི་བཟོ་རིགས་སྣ་མང་ལྡན་པའི་ལག་ཤེས་ཆེད་སྦྱོང་གི་མ་ལག་གང་མང་གསར་འཛུགས་ཐུབ་པའི་ཇུས་འགོད་དང༌། ལྷག་པར་དུ་རྒྱའི་དཔོན་རིགས་དང་ཤེས་ལྡན་མི་སྣ་ཚོ་དང་མཉམ་དུ་གནད་ལ་སྨིན་པའི་གླེང་མོལ་བརྒྱུད་ཕྱོགས་ཐམས་ཅད་ནས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ལྡན་ཚུལ་གྱི་རློམ་སེམས་ཤིག་བཅངས་ནས་ཁ་གཡང་འབོད་བཞིན་ཡོད་ནའང༌། དོན་དངོས་ཐོག་དེ་འདྲ་ཞིག་མིན་པར་དབང་གྲགས་གཉིས་ལྡན་གྱི་བཀའ་ཁྲིའི་བཞུགས་སྟེགས་ཆེད་གོམ་གང་མདུན་སྤོས་ཀྱིས་རང་རྒྱལ་གཞན་ཕམ་གྱི་འགྲན་རྩོད་འཛུགས་པའི་སྙིང་སྟོབས་བསྐྱེད་དེ་ལས་འཆར་སྣ་མང་འཐེན་གྱིན་ཡོད། རྒྱུ་མཚན་ནི། དེང་གི་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་བོད་སྤྱིའི་རྩ་དོན་བོད་མི་རིགས་ཀྱི་རིག་གཞུང་དང་ལྷན་དུ་འཛམ་གླིང་རྒྱལ་སྤྱིའི་གར་སྟེགས་སུ་སྐྱེལ་ཐུབ་པའི་ཁོར་ཡུག་ངེས་ཅན་ཞིག་བསྐྲུན་ཐུབ་པའི་ལྷག་བསམ་དཀར་བོའི་བློ་སྟོབས་དང་གྲ་སྒྲིག་མེད་པས་རེད།
གལ་སྲིད་ཁོང་གིས་སེམས་གཏིང་ནས་བོད་གཞུང་མང་གཉིས་ཀྱི་ཆེད་ལས་འགན་འཁུར་སེམས་ཡོད་ན། ཡིན་གཅིག་མིན་གཉིས་དབང་གྲགས་གཉིས་ལྡན་གྱི་ཆེས་ཚད་མཐོའི་བཀའ་ཁྲིའི་བཞུགས་སྟེགས་འཐོབ་དགོས་དོན་མེད། ང་ཚོར་དགོས་མཁོ་ཆེ་བའི་བཀའ་ཁྲི་ནི་གཞན་གྱི་བཙན་གནོན་འོག་ཏུ་འདྲི་གཅོད་དང་གཅར་རྡུང༌། ལྟོགས་སྐོམ་གྲང་ངར་གྱི་སྡུག་བསྔལ་ཡ་ང་བ་མྱོང་བཞིན་པའི་བཙོན་པ་དང༌། དེ་བཞིན་ཁྲག་དང་མིག་ཆུས་འཚོ་ཞིང་གཞེས་པའི་ཤུལ་ལུས་ནང་མི་ཁྱིམ་མཚེས་དང་གཞི་རིམ་མང་ཚོགས་བཅས་ཀྱི་དཀའ་སྡུག་རྣམས་མྱུར་སྐྱོབ་ཐུབ་པའི་ཤེས་འཇོན་མྱོང་གསུམ་གྱིས་ཕྱུག་པའི་མི་གཞུངས་དྲང་ཞིག་ཡིན་པ་ལས། དབང་གྲགས་དོན་གཉེར་བ་ཞིག་གཏན་མིན། སྐད་ཆ་དུམ་བུ་གསུམ་པ་དེ་ལས་ང་ཚོས་ཅི་ཞིག་མཐོང་ཐུབ་ཅེ་ན། བོད་རིགས་གཞོན་སྐྱེས་ནང་དེང་རབས་རྒྱལ་སྤྱིའི་གནས་བབ་དང་ཁྲིམས་ལུགས་ལ་རྒྱུས་མངའ་དང་ཤེས་རྒྱ་ཡངས་མཁན་ཁོ་ལས་ལྷག་པ་ཞིག་མེད་རློམ་པ་དེ་མཐོང་ཐུབ། ང་ཚོས་ཉེ་བའི་ལོ་ངོ་བཅུ་ཕྲག་རིང་གི་བྱུང་རིམ་ཁག་ལ་བསམ་ཞིབ་ཅིག་བྱས་ན་གསལ་རྟོགས་ཐུབ་པ་ཞིག་ནི། ༧གོང་ས་མཆོག་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བསྐྱངས་པའི་སྐབས་དག་ཏུ་མགོན་པོ་གང་ཉིད་ཀྱིས་འགྲོ་བ་སྤྱི་དང་ཡང་སྒོས་བོད་མི་རིགས་ཀྱི་བདེ་སྡུག་གླེང་ཞོར་བཙན་བྱོལ་གཞུང་ལ་ཆབ་སྲིད་ཀྱི་འགོ་ཁྲིད་དང༌། ཁྲིམས་བཟོ་ལྷན་ཁང་སོགས་ཡོད་སྐོར་བཀའ་གསལ་བོ་གནང་བ་དེ་རྒྱལ་སྤྱིའི་སྟེང་གདེང་འཇོག་ཆེན་པོས་དོ་སྣང་དང་བསམ་གཞིགས་བྱས་ཏེ་རྒྱལ་སྤྱིའི་དྲ་རྒྱའི་ནང་ཡིག་པར་གཉིས་ཀ་འགོད་འཇུག་བྱས་ཏེ་ང་ཚོས་ལྟ་ཀློག་ཐུབ་པ་འདི་གང་ལ་འཇོག ལར་ཁོང་གིས་བཀའ་ཁྲིས་གཙོས་བཙན་བྱོལ་གཞུང་དང་གཞུང་གི་སྒྲིག་སྲོལ་ཐད་བཀའ་སློབ་གང་གནང་སྟོང་གསུམ་རིན་ཆེན་ནོར་གྱིས་འཇལ་ཡང་གཞལ་མི་ཐུབ་པའི་གནས་ལུགས་རྣམས་རྟོགས་པའི་སྒོ་ནས་རང་ཚིག་སྔ་ཕྱིའི་འགལ་འཁྲུལ་མེད་པའི་གཏམ་བཤད་རེ་གནང་སྐྱོང་ཡོང་བའི་རེ་སྐུལ་དུ།
མདོ་སྨད་པ་ཆབ་སྐྱེས་དཔལ་ལྡན་གྱིས། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡ ཕྱི་ཚེས་ ༡༨ ལ་ཕུལ།
དཔལ་ལྡན་ཟེར་བ་དེས་གཅིག་བྲིས་པའི་ཁུལ་བྱས་འདུག་ཀྱང་། ཡང་དག་པའི་རྒྱུ་མཚན་དང་གནས་ལུགས་གང་ཡང་མི་འདུག རྒྱ་མའི་ནང་འཇོག་ན་ཀི་ལོ་ཕྱེད་ཀ་མེད་ཁོ་ཐག་རེད།
དེང་སང་མི་མང་པོ་ཞིག་གིས་བློ་བཟང་སེང་གེ་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག་ལ་སྐྱོན་བརྗོད་དེ་དག་གི་ཁྲོད་ན་ཕྱོགས་ལྷུང་གི་ལྟ་ཚུལ་ཡང་ཤུགས་ཆེན་པོ་འདུག་པས་ཚང་མས་ཡིད་གཟབ་བྱེད་དགོས་ཚོད་འདུག་་་་་་་་སྐྱོན་བརྗོད་ཀྱི་མཚོན་ཁ་ཡོངས་རྫོགས་བློ་བཟང་ལ་གཏོད་དགོས་དོན་གང་ཡིན་ནམ།་བོད་མི་ཚོར་ནམ་ཡང་བཅོས་ཐབས་བྲལ་བའི་ནད་རྙིང་ཞིག་འདུག་ཅེས་ངས་རྒྱུན་དུ་བརྗོད་ཀྱི་ཡོད།་མི་ཚང་མའི་བདེ་སྡུག་གི་དོན་དུ་དབུ་ཁྲིད་མཁན་གྱི་མི་ལ་རྒྱབ་སྐྱོར་བྱེད་པ་ལས་མི་དེའི་རྐང་པར་འཇུས་་ནས་མར་འཐེན་ཨེ་ཐུབ་ལ་བལྟ།
མདོ་སྨད་་ཆབ་སྐྱེ་དཔལ་ལྡན་ལགས། དྲི་བ་ཞིག་འདོན་ཆོག་པ། ཁྱེད་རང་ལ་འོས་གཅིག་བླུག་རྒྱུའི་ཐོབ་ཐང་ཡོད་པར་མ་ཟད། ཁྱེད་རང་གིས་འོས་གཅིག་པོ་དེ་ཁྱེད་རང་ལ་བླུགརྒྱུའི་དབང་ཆ་ཡང་ཁྱེད་རང་ལ་ཡོད་པ་རེད། ཁྱེད་ཀྱིས་བློ་སེང་ལས་གཞན་ཤེས་གཞོན་གཉིས་ལྡན་ཞིག་མ་རྙེད་པ་ཡིན་ནམ། དེ་ལས་གཞན་མེད་པ་ཡིན། བློ་སེང་ལ་བཀའ་ཁྲི་མ་ཐོབ་བློ་སེང་གིས་་དེའི་འོག་ནས་བཀའ་བློན་གྱི་ལས་འགན་མ་ཁུར་ན་བློ་སེང་གིས་བོད་གཞུང་དང་༧་གོང་ས་མཆོག་གི་ཞབས་ཞུ་སྒྲུབས་རྒྱུ་མིན་པའི་རྒྱུ་མཚན་ག་རེ་ཡོད།
གཤམ་གྱི་ཁ་བྱང་འདིའི་ནང་བློ་བཟང་སེང་གེ་ལགས་ཀྱི་ཕྱོགས་བསྐྱོད་ཀྱི་འགྲོ་སོང་དངུལ་ག་ནས་བྱུང་མིན་གྱི་སྐོར་ལ་དོགས་པ་ལྟ་བུ་ཞིག་བཀོད་འདུག།
བཀྲས་མཐོང་གི་པར་ཞིག་བཀོད་ནས་ཕྱོགས་བསྐྱོད་ཀྱི་འགྲོ་སོང་ག་ནས་བྱུང་བྲིསའདུག།
དེ་འོག་ལ་བཀྲ་དབང་གི་པར་ཞིག་བཀོད་ནས་དངུལ་གྱི་སྐོར་དོམ་བུ་ཞིག་བྲིས་འདུག།
དེའི་འོག་ནག་པོ་སྟོང་པ་ཞིག་འདུག་དེར་དངུལ་ག་ནས་བྱུང་མིན་དང་པར་ཡང་མིན་འདུག་དེ་ཕལ་ཆེར་བློ་སེང་ཡིན་ས་རེད། ཁྱེད་ཚོ་ཁ་བྱང་འདིརགཟིགསརོགས།
http://www.tibetanpoliticalreview.com/
ཁ་བྱང་འདིའི་ནང་ལ། བྷོ་སེ་ཌོན་བོད་རིགས་མཐུན་ཚོགས་ནས་དེ་སྔོན་མི་ཁ་ཤས་ཀྱི་ང་ཚོས་རྒྱབ་སྐྱོར་ཡོད་ཅེས་བརྗོད་ཡོད་ས་རེད། ང་ཚོར་བཀའ་ཁྲི་སུ་ཡང་རྒྱབ་སྐྱོར་མེད་ཅེས་ཁོང་ཚོའི་ལས་རྟགས་དང་ས་ཡིག་བཅས་བཀོད་འདུག། ཁྱེད་ཚོར་ཁ་བྱང་འདིར་གཟིགས་རོགས།
http://www.tibetanpoliticalreview.com/project-updates/bostontibetanassoconkatriendorsement
ཁ་བྱང་འདིའི་ནང་ལ། བློ་བཟང་སེང་གེ་ལགས་མཁས་དབང་རེད་མིན་འདུག་ཁོང་ལ་མཁས་དབང་དབང་གི་ཆ་རྐྱེན་ཚང་མིན་འདུག་ལྟ་བུ་ཞིག་བྲིས་འདུག། ཁྱེད་ཚོ་ཁ་བྱང་འདིརགཟིགསརོགས།
http://www.tibetanpoliticalreview.com/project-updates/areviewofdrlobsangsangay%E2%80%99spublishedscholarlyworks
ཤམ་བྷ་ལྷའི་ཟིན་བྲིས་པ་དཔལ་ལྡན་རྡོ་རྗེའི་ཟིན་བྲིས་ལས་བཤུས།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་གཞུང་དངུལ་སྒེར་ཟ་འདི་ལྟར་བྱས་འདུག
དེང་སྐབས་མང་པོ་ཞིག་གིས་བཀྲས་མཐོང་གིས་གཞུང་དངུལ་སྒེར་སྤྱོད་བྱས་པའི་སྐོར་བཤད་དུས་་སྒོར་འབུམ་དགུ་མ་གཏོགས་ཤེས་ཀྱི་མི་འདུག་ཀྱང་དོན་དངོས་ཐོག་སྒོར་འབུམ་༧༠༠རེད་འདུག་མ་ཟད།དེས་མ་ཚད་པའི་གཞུང་དངུལ་མང་པོ་བཟས་འདུག། གཤམ་གསལ་གནས་ཚུལ་རྣམས་ཉེས་མེད་ཉེས་འཛུགས་གཏན་ནས་མིན།དངོས་ཡོད་ཞེ་གཅིག་ཡིན།དེབ་ཐེར་མང་པོ་ན་ལྷག་ཡོད་པ་རྣམས་བསྟན་པ་ཡིན།
༡དོན་དངོས་དེས་ག་ལ་ཚད་དེ།ཁོང་གི་དགེ་བཤེས་དབང་རྒྱལ་གྱིས་དོན་གཅོད་ཁང་འཛུགས་པའི་སླད་དུ་གཞུང་ལ་ཕུལ་པའི་ཨ་རི་ན་ཡོད་པའི་ཁང་པ་དེ་ཚོང་ནས་རིན་བབ་ཆ་ཚང་བཟས་པ་དང།ཡང་དོན་གཅོད་ཁང་རྒྱག་པའི་སླད་དུ་ཞལ་འདེབས་སློང་ནས་ཨ་སྒོར་ག་ཚོད་རག་ཡོད་པ་ཚང་མ་རྩིས་ཁྲ་གཏན་ནས་མེད་པར་བྱས་ཡོད།
༢ ཐེ་ཝན་གསར་འགོད་པ་ཊིས་ཊིས་ཟེར་བ་བརྒྱུད་ཐེ་ཝན་ན་གསང་མིང་དངུལ་འཛིན་བཟོས་ནས་དངུལ་མང་པོ་ཞིག་བོད་གཞུང་གིས་ལེན་པ་ཡིན་མདོག་གིས་བོད་སོག་ལས་ཁུངས་ནས་བླངས་ཏེ་ཨ་རིར་བཏང་ནས་སྒེར་གྱི་ཁང་པ་ཉོ་སྤྱད་དུ་བེད་ཡོད།
༣ ཨ་རི་བ་མེ་ཀལ་ཟེར་བ་ཞིག་གིས་དྲིལ་བསྒྲགས་དང་བདེ་སྲུང་གི་སླད་དུ་བཏང་པའི་ཨ་སྒོར་འབུམ་གཅིག་དེ་ཡང་ཁོང་གིས་མཆོད་ཡོད།
༤ལ་དྭགས་ན་ར་ཡི་ཁུ་ལོའི་ཚོང་བརྒྱབ་སྐབས་༧གོང་ས་མཆོག་གིས་བཀའ་ཡིན་ཟེར་ནས་མི་མང་མགོ་སྐོར་བཏང་ནས་རིན་བབ་ཧིན་སྒོར་འབུམ་༤༥ལོན་པ་རྣམས་སྒེར་བཟས་བྱས་ཡོད།
༥གྲོས་ཚོགས་ནང་བརྡ་་དེད་བྱས་དུས་ནང་སྲིད་ནས་ལ་དྭགས་མི་མང་ལ་སྐྱོབ་གསོ་སླད་དུ་སྒོར་འབུམ་༡༠བཏང་ཡོད་པ་རྣམས་སྒེར་གྱི་དངུལ་འཛིན་ཐོག་བསྒྱུརནས་བེད་སྤྱོད་བཏང་ཡོད་པའི་ར་སྤྲོད་བྱུང་བ།
༦གོང་ས་མཆོག་གི་མཚན་ཐོག་ནས་ཉིན་ཧོང་ནས་དངུལ་འཛིན་ཁག་ལྔའི་ནང་ཧིན་སྒོར་འབུམ་༥༤ལྷག་འབྱོར་བ་རནམས་སྒེར་ཟས་བྱས་འདུག
༧དཔལ་འབྱོར་བཀའ་བློན་སྐབས་སྒོར་འབུམ་༧༠༠རྩིས་ཆད་བྱུང་ཡོད།
ད་དུང་ཁོང་སྤོབས་པ་མཐོན་པོས་བཀའ་ཁྲིར་རྩོད་བཞིན་ཡོད་པ་དང་།རྒྱ་སྒྲོལ་དང་སྤེན་པ་ཚེ་རིང་།རྟ་ཆེན་ཆུ་ཁ་དང་ར་བཟི་བསོད་སྟོབས་སོགས་ཀྱིས་ཁོ་པའི་ནག་ཉེས་དངོས་འགེབས་བྱེད་བཞིན་ཡོད་དངོས་གནས་བཀབ་ཐུབ་བམ།
ད་ནས་རྒྱལ་ཡོངས་མང་གཙོ་ཚོགས་པ་གཙོས་པའི་ཁོང་ལ་ཡག་རབས་བཤད་མཁན་ཚོས་གོང་གི་དོན་ཚན་རེ་རེའི་ཐོག་ནས་དག་སེལ་གྱིས་དང་།ངས་ཆེད་དུ་བཀྲས་མཐོང་ལ་ནག་ཉེས་འཛུགས་པ་ཡིན།
༼དཔྱད་གཞི་ཡི་ཚུལ་དུ་གུས་པས་བཤུས་ནས་འདིར་བཀོད་དོ།༽
ད་གཞི་ནས་གདོང་རིས་ངོ་མ་དེ་ཐོན་ཡོང་གི་འདུག ལྟོས་དང། ཟླ་འདིའི་ཚེས་༡༥ ཉིན་དགོང་མོ་ཝ་ར་ཎ་སིར་བོད་ཀྱི་དགུ་བཅུ་གསུམ་དང༌། ཐང་སྟོང་གླུ་གར་ཚོགས་པའི་གོ་སྒྲིག་འོག་བློ་བཟང་སེང་གེ་ལགས་སུ་འོས་འགུག་དགོང་ཚོགས་ཤིག་སྤེལ་འདུག
ཐོག་མར་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ་གཉིས་ཟུང་འབྲེལ་གྱིས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ངོ་སྤྲོད་བྱས་འདུག སྐབས་དེེར་བློ་བཟང་སེང་གེ་ལགས་ནས་བཤད་དོན།
འོས་མི་གཞན་གཉིས་ནི་བཀའ་ཁྲི་ཟུར་པ་བཀྲ་་་ས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་གཉིས་རེད། ངས་ཁོང་གཉིས་མཉམ་དུ་ལོ་ཉི་ཤུ་རིང་ལས་ཀ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་བྱས་པ་ཡིན། ཁོང་གཉིས་ལ་རྒྱུས་ཡོད་ལ་གུས་ཞབས་ཀྱང་ཡོད། ཅེས་བཤད་འདུག གོང་དུ་བློ་བཟང་སེང་གེས་བཤད་པའི་སྐད་འདི་བདེན་པ་ཡིན་ནམ། མངོན་སུམ་འཛེམས་མེད་ཀྱིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་བ་མགོ་བསྐོར་འདི་ལྟ་བུ་ཞིག་བཏང་འདུག ལོ་ཉི་ཤུའི་རིང་ཁོ་ཚོ་གསུམ་ལས་ཀ་མཉམ་དུ་བྱས་ཡོད་དམ། ད་བློ་སེང་གིས་བཀའ་བློན་ནས་གཙོ་བྱས་པའི་སྐྱབས་བཅོལ་བོད་མི་རྣམས་ལ་མིའི་མཐོང་རྩ་བ་ནས་འཇོག་གི་མི་འདུག འདི་ཧམ་པས་མི་ཟ་ཞེས་པ་དེ་རེད། ཁོའི་ཀུན་སློང་ལྟར་ན་རང་ཉིད་མི་ཆེན་པོ་ཡིན་པ་སྒྲུབ་བྱེད་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་ཀ་ལོ་ཉི་ཤུ་ཙམ་བྱས་པའི་བྱས་པ་ཅན་ཞིག་ཏུ་བསྒྲུབ་འདོད་ནས་བཤད་པ་རེད། ང་ཚོ་ཚང་མ་གླེན་པར་བརྩི་བཞིན་འདུག འོན་ཀྱང་མི་ཟེར་མཁན་དེ་མ་མཐར་ཡང་དྲང་པོ་དགོས་པ་རེད། བློ་སེང་གི་སྐད་ཆ་དེ་ལ་དྭགས་བྱང་ཐང་ལ་བཤད་ན་འདྲ་པོ་རེད། འོན་ཀྱང་ང་ཚོའི་མདུན་བཤད་ན་རང་ཉིད་ཁྲམ་པ་ཡིན་པ་གསལ་བསྟོན་བྱས་པ་ཙམ་ཞིག་རེད། ཡང་བསྐྱར་ཡོད། བློ་སེང་གི་རྒྱབ་སྐྱོར་བ་ཀླུ་མཁར་བྱམས་རེད། ད་༸གོང་ས་མཆོག་ལ་མཚན་སྨད་ཞུ་ཡས་ཀྱི་ལས་གཞི་འདི་རྒྱ་ཆེ་རུ་གཏོང་འདོད་པ་མ་ཡིན་ནམ། གང་ལྟར་གཟབ་གཟབ་བྱེད་པའི་དུས་ལ་བབ་འདུག བློ་སེང་ལགས། སྐུ་མཁྱེན་སྐྱག་རྫུན་ཆེན་པོ་འདི་ལྟ་བུ་མ་ཤོད་རོགས། ངའི་འོས་ཁྱེད་ལ་ཕུལ་ཆོག་ཀྱང་སྐད་ཆ་བདེན་པ་ཤོད་རོགས་གནང།
ཨ་ཨ་ཨ་་་་་་་བྐྲིས་མཐོང་ལགས་ཀྱི་དངུལ་ཕོད་ཆེན་དེ་འདྲ་བརྐུས་ཡོད་མེད་གང་ཡིན་རུང་། ད་རྙོགས་དྲ་མང་པོ་ལྷག་པའམ་བཟོས་ཡོད་པ་གསལ་པོ་དག་པོ་བཤད་ཡོད་གི
ངོ་མ་སྐྲག་ནི་ཞིག་རེད
ངེས་པོའི་སྲས་ལགས་ཐུགས་རྗེ་ཆེ།
ཁྱེད་ཀྱི་སྐུ་ངོ་ཁོང་ལ་བཟང་བཅའ་ཁུལ་ཡིན་ཀྱང
ང་ནི་སྐྲག་སོང་ཡ
སྐུས་མེད་ཀྱང་རྙོགས་འཛིང་ཆེ་པོ་བྱུང་འདུག་ག
ཀླུ་མཁར་འབྱམས་ལ་སྤྱི་འཐུས་བཀོད་ན་འུ་མདོ་སྨད་ཚང་ལ་མི་རྫོགས་པ་ཡིན་རྒྱུ་རེད་འདོད།
ཨ་རོགས་ཚོ། མི་ཞིག་ལ་སྐྱོན་མེད་པ་ཞིག་གང་དུ་སྲིད་། དགེ་སྐྱོན་གཉིས་བསྡུར་ནས་དྲ་གྲོགས་ཚོས་རིག་པ་འདོན་རྒྱུ་ནི་རེ་བ་ཉག་ཅིག།
དྲ་གྲོགས་རྣམས་པ་ལྷན་རྒྱས་ཚོས་ཞིབ་དཔྱད་ཡག་པོ་ཞིག་གནང་བ་ཡིན་ན།བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་འགན་ཁུར་གནང་མྱོང་མཁན་བཀྲིས་མཐོང་གཅིག་པུར་ལས་གཞན་སུ་གང་གི་ཡང་གཞུང་དངུལ་ཁ་མ་འདོམ་བ་དང་རྩིས་ཆད་དེ་འདྲའི་རིགས་བྱུང་མྱོང་མེད་པ་མ་ཟད་གོ་ཐོས་ཙམ་ཡང་ཧ་ལམ་དཀོན་པོ་རེད་ཞེས་བརྗོད་ན་མི་འགྲིག་པ་ཞིག་གཏན་ནས་མེད།སོང་ཙམ་བཀའ་ཟུར་བཀྲིས་མཐོང་ལགས་ཀྱིས་ལྷག་བསམ་དང་སྤྱོད་ལམ་འཇོན་ཐང་ངོ་མ་དེར་ཚང་མས་ཧ་གོ་དོན་གསལ་རེད།ཡ་མཚན་སྐྱེ་དགོས་པ་ཞིག་ལ་བཀྲིས་མཐོང་གཅིག་པུར་དེ་འདྲའི་སྐབས་ཁེལ་དགོས་དོན་ཅི་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ནམ།
ཨོ།དེ་སྔོན་ཋེ་ཝེན་སྲིད་འཛིན་ཟུར་པ་ཁྲིམ་ཧྲི་ཕན་ལ་ཋེ་ཝེན་མི་མང་གིས་དད་གུས་ཆེ་ཤོས་བྱས་སའི་ཋེ་ཝེན་གྱི་བུ་ཞེས་པ་དེས་གཞུང་དངུལ་ལྐོག་ཟ་བྱས་པའི་དོན་རྐྱེན་འོག་བཙོན་འཇུག་བཀག་ཉར་བྱེད་སྐབས་ཋེ་ཝེན་མི་མང་ཙམ་མ་ཟད་འཛམ་གླིང་མི་མང་གང་མང་ཞིག་ཡིད་ཆེས་དཀའ་བ་ཞིག་ཏུ་གྱུར་ཡོད་ཀྱང་སྐབས་དེར་ཁྲིམ་ཧྲི་ཕན་ཀྱི་གཡོ་འོག་དུ་ཚུད་པའི་རྒྱབ་སྐྱོར་མི་སྣ་དག་གིས་ཉེས་མེད་དག་སེལ་དང་རྔམ་སྟོན་ཁྲོམ་སྐོར་ལ་སོགས་པ་སྤེལ་ཡོད་པ་མ་ཚད་ཁྲིམ་ཧྲི་ཕན་ཁོ་རང་གིས་ཀྱང་འདྲ་ཆགས་པོས་ཐོག་ཟས་བཅད་ངོ་རྒོལ་ཡང་བྱས་སོང་ཀྱང་།སྐབས་དེར་གཞུང་དངུལ་ལྐོག་ཟ་བྱས་ཡོད་པའི་ར་འཕྲོད་གསལ་པོ་བྱུང་ནས་ཚེ་བཙོན་ཁྲིམས་ཐག་བཅད་པ་དེ་ཚང་མས་སེམས་ལ་ངེས་ཡོད་ཤག་རེད།
དེ་འདྲ་སོང་ཙམ་ལྐོག་ཟ་བྱ་མཁན་དག་གི་ནམ་ཡང་ལྐོག་ཟ་བྱ་རྒྱུ་མ་བྱུང་བའི་འགྲེལ་བརྗོད་དང་ངན་ཁག་གཞན་ལ་གཡོག་པ་ལ་སོགས་པ་འདྲ་མིན་ཞིག་བཤད་པ་ལས་ངོས་ལེན་ཧ་ལམ་དཀོན་པོ་རེད།
གལ་སྲིད་ང་ཚོ་ལའང་རང་དབང་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་ཞིག་ཡིན་ན།བཀའ་ཟུར་བཀྲས་མཐོང་ལགས་དེ་ལྟར་ཁྲིམ་ཧྲི་ཕན་ནང་བཞིན་མི་འབྱུང་བའི་ངེས་པར་གང་ཡང་ཡོད་མ་རེད།
ད་དུང་ཡང་བཀའ་ཟུར་བཀྲས་མཐོང་ལགས་ཀྱི་འཇོན་ཐང་ངོ་མ་དེ་ཤེས་བཞིན་དུ་མ་མཐོང་བའི་རྣམ་པ་བསྟོན་དགོས་དོན་གང་ཡིན་ནམ།
དྲ་གྲོགས་མདུང་རྕི་ལགས་ཀྱིས་༼ད་བཀའ་ཁྲིའི་འོས་མི་རྣམས་ལ་དོན་མེད་ཀྱི་སྐྱོན་འཚོལ་ཞིབ་བྱེད་མཚམས་བཞགང་ན་ཡག་པོ་འདུག འདིའི་ངང་ནས་བཀའ་ཁྲིའི་འོས་བསྡུ་གྲུབ་པ་ཡིན་ན་འབྱུང་འགྱུར་བཀའ་ཁྲི་སུ་ཞིག་ཐོབ་རུང་འཐེན་ཀྱེར་བྱེད་རྒྱུ་མང་དྲགས་ན་ལས་དོན་ཐད་འཐུས་ཤོར་མི་ཡོང་བའི་ངེས་མེད། ༽ཅེས་གསུངས་པ་བདེན་པ་རེད་སྙམ།
དྲ་གྲོགས་གཙང་ཞོལ་བདེ་གསལ་ལགས་ཀྱི་ཟིན་ནས་བཤུས།
https://tibettimes.net/wordpress/blogs.php?id=116
༤ དོགས་པ་བསལ་བ།
ཀུན་གཟིགས་པཎ་ཆེན་རིན་པོ་ ཆེའི་གསུང་བཤད་གནང་དོན། ངའི་གོ་ཐོས་ལ་ནག་ཆུའི་འབྲོག་པའི་ཁྱིམ་དུད་གཅིག་གི་བུ་མོ་གཅིག་རྒྱ་ནག་སློབ་ གྲྭར་བཏང་སྟེ། ལོ་ཁ་ཤས་སོང་རྗེས་བུ་མོ་དེ་ཡར་ཡོང་ནས་པག་ཟ་ཡི་མེད་པ་དང། ཇ་འཐུང་གི་མེད་པས་ཨ་མ་དེ་འུ་ཐུག་ནས་ད་གུང་ཁྲན་ཏང་གིས་ངའི་བུ་མོ་དེ་སྐུ་དྲག་ གི་བུ་མོ་ཞིག་གསོ་སྐྱོང་བྱས་འདུག་ཅེས་བརྗོད། སྐུ་དྲག་གིས་པག་ཟ་ཡི་རེད། དཔེར་ན། ང་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྐབས་བོད་ཀྱི་གཙོ་བོ་ཨང་གཉིས་པ་ དེ་ཡིན་ཡང་པག་ཟ་ཡི་ཡོད། ཇ་ཐུང་གི་ཡོད། ཅེས་བཀའ་སྩལ་བ་ཇི་བཞིན། སྒེར་གྱི་ན་ཚ་འདྲ་པོ་ཞིག་ཁུར་ཏེ་སྐྱོན་བརྗོད་བྱེད་སྟངས་མ་ཤེས་ན་ཆོ་མི་འདུག བཀྲས་མཐོང་ལགས་བཀའ་ཁྲིའི་འོས་མིར་བཞེངས་པ་དེ། སྐུ་དྲག་པའི་དབང་དང་སྟོབས་ཤུགས་སུ་འབྲེལ་པ་ཅི་ཡང་མེད་པས་སྐྱོན་འཛུགས་ས་ཞིག་ ལྷགས་མེད། མང་གཙོ་ལབ་དུས་ཙ་ན། སྐུ་དྲག་གི་ཁྱིམ་རྒྱུད་ཀྱི་ལམ་ཁ་འགག་སོང་པ་གང་ཡང་མ་རེད། མི་ལ་སྐྱེ་ཐང་ཡོད་ན། སྐུ་དྲག་གི་ཁྱིམ་རྒྱུད་དང་དམངས་དཀྱུས་མ། ཕོ་དང་མོ་ལ་ཁྱད་མེད་ཀྱིས་ཡོང་དགོས་པ་རེད། ལོ་༦། གྲངས་༧། ༡༩༩༥.༤.༡༥ དམངས་གཙོ་ཚགས་པར་ཐོག བློ་ཕམ་གྱི་རང་བཞིན་དང། འབུམ་དགུ་བ་བཞུགས་སོ། ཞེས་པའི་སྐྱོན་བརྗོད་དང་ཟུར་ཟའི་རྩོམ་ཡིག་རེ་འགའ་ཡི་ནང་། ཐོག་མར་བཙན་བྱོལ་གཞུང་ལ་དེ་སྔ་ཐོས་མ་མྱོང་བའི་ཧིན་སྒོར་འབུམ་ ༧༠༠ སྐོར་གྱི་དངུལ་ཆད་ཐོན་སྐབས་དཔལ་འབྱོར་གྱི་བཀའ་བློན་ཡིན་པ་དང….. ཉི་ཧོང་དོན་ཟུར་པད་མ་རྒྱལ་པོ་ནས་ཅེཀ་འཛིན་ལྔའི་དངུལ་འབབ་ཧིན་སྒོར་འབུམ་ ༥༤ ཙམ་བཀའ་ཤག་ལ་ཕྱག་འབྱོར་བྱུང་མིན་ཚོར་སྣང་མེད་པ་ལྟ་བུས….. རྒྱ་གར་སྒེར་པ་ཞིག་ལ་ཧིན་སྒོར་འབུམ་ ༤༨ ཙམ་གྱི་མ་གནས་ཀྱི་ལེ་ན་(ཁུ་ལུ)ཚོང་འབྲེལ་ཡིན་ཚུལ་གྱི་གོ་སྐབས་གནང་བ་དང….. ནང་སྲིད་བཀའ་བློན་གནང་སྐབས་མོན་གྷོའི་གཞིས་འགོ་བསྟན་པ་བཟོད་པ་དང་ལ་སྤྱི་ ཟུར་པ་བློ་གྲོས་རྒྱལ་མཚན་གཉིས་ལ་སྤྱི་འཐུས་དང་མི་དམངས་ནས་རྩིས་ཁྲ་དང་འཛིན་ སྐྱོང་ཐད་སྐྱོན་འཛུགས་བྱེད་པ་བཞིན་ར་འཕྲོས་བྱུང་ནའང་རང་ངོས་ཀྱིས་འགན་འཁྲི་ བཞིན་ཐག་གཅོད་དྲང་བདེན་ལས་ལྡོག་སྟེ.. ..བཀའ་ ཁྲིས། གནས་རྙོག་དེ་དག་ལམ་ལྷོངས་མ་ཕྱིན་བའི་ལས་དོན་ཙམ་ལས། དེའི་ལན་པ་ང་ལ་མེད། ཁོ་ལ་མེད། ངའི་འཁོར་ལ་མེད། ངའི་འཁོར་གྱི་འཁོར་ལའང་མེད་དོ་ཞེས་ཞུས་པས་ཐམས་ཅད་ཡི་རངས་ཏེ། ཞེས་སོགས་ཤེས་རབ་སྙིང་པོའི་འབྲི་སྟངས་སྤྱད་དེ། འོལ་ཚོད་ཀྱིས་འཆལ་གཏམ་མམ་ཁ་སྔ་རྟིང་མགྱོགས་ཀྱི་གསར་རྟགས་བསྟན་འདུག ཡིན་ནའང་། ང་ཚོས་གསལ་བོར་ཧ་གོ་དགོས་པ་ཞིག་ལ། ཚགས་པར་རྩོམ་སྒྲིག་པ་དེ་དག་གིས་བཤད་སྟངས་མ་འགྲིག་པ་ལས། ཧིན་སྒོར་འབུམ་ཕྲག་དེ་དག་བཀྲས་མཐོང་པ་སྐུ་སྒེར་གྱིས་ཨམ་ཕྲག་ལ་བཅུག་བཞག་པའི་ སྐད་ཆའི་དོན་དག་རེད་མི་འདུག ཚགས་པར་དེར་བཤད་དོན། འབད་རྩོན་བྱས་རིགས་མཐའ་དག་ལ་གྲུབ་འབྲས་སོན་མིན་རང་གི་ལག་ཏུ་མེད་པའི་དབང་དུ་ བཏང་ནའང་ད་ལན་དགོངས་པ་ཞུ་རྒྱུའི་དུས་བབས་འདི་སྟབས་མི་ལེགས་པ་ཞིག་ཏུ་མ་མཐོང་ ཀ་མེད་དུ་གྱུར། ཞེས་པའི་ཚིག་འདིས་སྤྱི་ཚོགས་ནང་རང་བཞིན་གྱིས་གསེད་གྲོལ་ལམ་ནོར་འཛོལ་མི་ཡོང་ བའི་གསལ་བརྡ་ཞིག་བསྟན་འདུག བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ༡༩༩༥.༥.༡ བོད་མིའི་རང་དབང་ཚགས་པར་སྟེང་། དམངས་གཙོ་གསར་ཤོག་ནང་གསལ་བའི་བློ་ཕམ་གྱི་གནས་ཚུལ་ཐད་བཀའ་བློན་བསྟན་འཛིན་ རྣམ་རྒྱལ་མཆོག་ནས་དངོས་དོན་གྱི་ལན་འདེབས་གསལ་བཤད་ཅེས་པར། བཀའ་ཤག་ནས་དོན་དངོས་ཇི་ཡིན་གསལ་བཤད་གནང་བ་རྣམས་དུས་ཐོག་ཏུ་འདི་གའི་གསར་ཤོག་ དང་། ཤེས་བྱ། དེ་བཞིན་གྲོས་ཚོགས་ཀྱི་བདུན་རེའི་གསར་ཤོག་སོགས་ཁག་སོ་སོའི་ནང་ཞིབ་འཁོད་ཟིན་ པ་དེ་ལྟར་ཡང….. ཕྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་ཐོན་པའི་དམངས་གཙོ་གསར་ཤོག་གིས་བློ་ཕམ་གྱི་གནས་ཚུལ་ཞེས་པའི་ཆེད་བརྗོད་ནང….. གནས་ཚུལ་མང་དག་ཅིག་བཀོད་པ་དེ་དག་ཐད་དངོས་དོན་མི་ཤེས་པའི་མང་ཚོགས་ནང་བསམ་ ཚུལ་ཤུགས་ཆེ་ཡོང་གི་ཡོད་པ་དེ་རྣམས་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་པོར་བཟོ་ ཆེད་འདི་གའི་གསར་འགོད་པས་འབྲེལ་ཡོད་བཀའ་བློན་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ངོ་ བཅར་ཞུས་ཏེ་དམངས་གཙོ་གསར་ཤོག་ནང་བཏོན་པའི་གནས་ཚུལ་གལ་ཆེ་ཁག་ཅིག་སྐོར་ལ་བཅར་ འདྲི་ཞུས་པ་གཤམ་གསལ། ཞེས་བཀོད་ཡོད་པ་དང་། འོག་ཏུ་དྲིས་ལན་བཏབ་པའི་ཚིག་གལ་ཆེན་འགའ་དྲངས་ན་འདི་ལྟར། ལོ་ཤས་ཀྱི་སྔོན་ལ་ང་ཚོས་སྔོན་རྩིས་ཀྱི་འཆར་གཞི་གྲོས་ཚོགས་སུ་ཕུལ་བའི་སྐབས་ ལ། ལས་ཀ་བྱེད་པའི་འཆར་གཞིའི་ནང་གི་དངུལ་འབོར་དང་། ཡོང་འཆར་གཉིས་ཁ་མ་ཐུག་པ་སྒོར་འབུམ་ ༧༠༠ ཙམ་ཞིག་ཆགས་པ་དེ་བཀའ་ཤག་ནས་ཐབས་ཤེས་གནང་རྒྱུའི་ཁོངས་སུ་བཞག་གནང་ཞིང་། འཆར་གཞིའི་དངུལ་འབོར་འཕར་གཞི་ནི་བོད་དོན་ཐོག་རྒྱལ་སྤྱིའི་ནང་དོ་ཁུར་ཆེ་རུ་ ཕྱིན་པར་བརྟེན་ཕྱི་རྒྱལ་ཡུལ་ཁག་ནང་དོན་གཅོད་གསར་འཛུགས་ཞུས་པ་དང་། དེ་དང་འབྲེལ་བའི་ལས་དོན་གལ་ཆེ་མང་པོ་ཞིག་ལ་བརྟེན་ནས་གནང་དགོས་གྱུར་པ་ཞིག་ ལས་གཞུང་དངུལ་ཡོད་བཞིན་པ་ཞིག་གི་ཐོག་ནས་སྟངས་འཛིན་མེད་པར་གང་བྱུང་གིས་འགྲོ་ གྲོན་འཕར་མ་བཟོས་པ་ཞིག་མ་རེད། ཁ་མ་འདུམ་པའི་སྒོར་འབུམ་ ༧༠༠ དེ་བཀའ་ཤག་ནས་ཐབས་ཤེས་གནང་སྟེ་ད་ཆ་རྩིས་གཙང་བྱུང་ཟིན་པ་རེད། ཅེས་དང་། ཉི་ཧོང་དོན་ཟུར་པདྨ་རྒྱལ་པོས་བཀའ་ཤག་ལ་ཕུལ་བའི་ཕྱག་དངུལ་དེའི་སྐོར། གྲོས་ཚོགས་སུ་གསལ་བཤད་ཞུས་ཚར་བའི་གནས་ཚུལ་རྙིང་པ་ཞིག་བསྐྱར་དུ་བཀོད་འདུག….. འོན་ཀྱང་གྲོས་ཚོགས་ཚུགས་བསྡད་པའི་སྐབས་དེར་བསྐྱར་དུ་ཡིག་རྩད་ཞིབ་ཕྲ་བྱས་ཏེ་ ལྟ་དུས་སྔོན་མ་ནས་དངུལ་ཁང་བརྒྱུད་འབྱོར་ཏེ་བཀའ་ཤག་གི་རྩིས་ཁོངས་སུ་བཅུག་ ཟིན་པ་ཞིག་རེད་འདུག དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་ཞིག་རེད་མ་གཏོགས་དེ་ལས་གཞན་པའི་ཆད་ལུས་ཤོར་ བའི་གནས་ཚུལ་གང་ཡང་མ་རེད། ཅེས་དང་། ལེ་ནའི་ཚོང་ཞེས་པ་དེའི་སྐོར་ང་ཚོས་གྲོས་ཚོགས་ནང་གསལ་བཤད་ཞིབ་ཕྲ་དང་། དེ་ནང་སྲིད་བཀའ་བློན་གསུམ་དང་། དྲུང་ཆེ་གཉིས་ཙམ་གྱི་མཛད་རྒྱུན་རིང་བྱུང་བ་ཞིག་རེད། རྒྱ་གར་གྱི་ཚོང་པ་ཞིག་གིས་ལ་དྭགས་མཉམ་སྦྲེལ་དང་ཐད་ཀར་སྒོར་འབུམ་ ༤༠ ཙམ་གྱི་ལེ་ནའི་ཚོང་བརྒྱབ་པ་དེ་དངོས་འབྲེལ་རེད། ཁོ་པས་ལེ་ན་ཚོང་རིམ་བཞིན་དངུལ་སྤྲོད་རྒྱུ་ལུས་པ་དེ་ཡང་དངོས་ཡོད་རེད། ལས་ཀ་དེ་ཚོད་ལྟ་རེད་ཟེར་བ་དེ་ཐོག་མ་ནས་ཚོད་ལྟ་རེད་མ་གཏོགས་ང་ཚོས་རྗེས་སུ་ ཚོད་ལྟ་རེད་ཅེས་གསུངས་བཞག་པ་དེ་འདྲ་མ་རེད། དེའི་འཕྲོས་ཛར་དེ་ཁོང་རང་ནས་སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད་ཀྱང་། ད་ལྟ་སྤྲད་མེད་ཀྱང་སྤྲོད་དུ་འཇུག་རྒྱུའི་འབད་བརྩོན་དེ་འབྲེལ་ཡོད་ལས་ཁུངས་ ནས་གནང་གི་ཡོད་རེད་ལ། དེ་ལམ་སང་སྤྲོད་མ་ཐུབ་ན་མི་མང་གི་དཀའ་ངལ་སེལ་རྒྱུར་བཀའ་ཤག་ནས་ནང་སྲིད་ལ་ དཀའ་སེལ་གནང་རྒྱུའི་ཐུགས་འགན་བཞེས་དགོས་པའི་བཀའ་ཁྱབ་གནང་ཡོད་རེད། ཅེས་དང་ཡང་། རྡ་སྟེང་གསོལ་མགྲོན་ཁང་ལ་བཟོ་བཅོས་མང་པོ་ཞིག་བྱས་པར་འགྲོ་སོང་སྒོར་འབུམ་ ༦༠ ཙམ་བཏང་གནང་བ་དེ་དངོས་འབྲེལ་རེད….. དེ་ཡར་རྒྱས་བཏང་ནས་མགྲོན་ཁང་གི་ཡོང་འབབ་དེ་སྔར་ལས་ཞེ་དྲག་གིས་ཤུགས་ཆེ་རུ་ཕྱིན་ཡོད་རེད་སྔོན་ཆད་ཁེ་སྤོགས་སྒོར་འབུམ་ ༥/༦ ཙམ་ཡོང་གི་ཡོད་སར་དེང་སང་སྒོར་འབུམ་ ༡༦ ལྷག་ཙམ་སླེབས་ཡོང་གི་ཡོད་རེད…..ཡོང་ འབབ་ཆེ་རུ་ཕྱིན་ཡོད་རེད། དེ་ལ་སྐྱོན་གང་ཡང་ཡོད་མ་རེད། ཅེས་བཀྲས་མཐོང་ལགས་ཀྱིས་བོད་གཞུང་བཀའ་ཤག་གི་ངོས་ནས་གཞུང་འབྲེལ་ཚགས་པར་བོད་ མིའི་རང་དབང་ནང་བཀའ་ལན་བསྐྱོན་གནང་པ་དེ་དག་བདེན་པ་དང་ཁུངས་སྐྱེལ་གསལ་ཞིང་ དག་པར་སོང་པ་རེད། ལོ་༦། གྲངས་༩། ༡༩༩༥.༥.༡༥ དམངས་གཙོ་ཚགས་པར་སྟེང་། གསལ་བཤད་གནས་བསྡུས་ཞེས་པར། རྣམ་དཔྱོད་ལྡན་པའི་ཟུར་གནས་ཀློག་པ་པོ་རྣམས་ནས་གོ་ལོག་མི་འབྱུང་ཆེད་གསལ་བཤད་ གནས་བསྡུས་ཙམ་ཞུས་ཤིང་། ད་དུང་ཐུགས་དོགས་ཆོད་མིན་བྱུང་ཚེ་མཛད་སྟབས་གང་བདེ་བརྒྱུད་འབྲེལ་བ་ཡོད་པ་ ཤིག་སེན་ར་སྤྲོད་ཀྱི་ཁུངས་སྐྱེལ་ཞུ་འཐས་སུ། ནང་སྲིད་ལས་བྱེད་བསྟན་པ་བཟོད་པ་ནས། ༩༥.༥.༣ ལ། ཞེས་པ་དང་། གཞན་ཡང་། བདེན་དཔང་གསོན་པོ་དང། སྔོན་གླེང་། གྲོས་ཆོད་སོགས་དོན་ཚན་རེ་རེས་གོང་གི་ནང་སྲིད་བཀའ་བློན་གནང་སྐབས་ཞེས་སྐྱོན་ འཛུགས་ལ་གསལ་བཤད་གཙོར་བཏོན་གྱིས་བཀོད་དེ་སྔོན་མའི་གནས་ཚུལ་དག་འགོད་ནོར་ ཐེབས་པའི་ངོས་ཟིན་ཐོབ་ཡོད། དེ་རྗེས། བཀྲས་མཐོང་ལགས་ཨ་རི་ནས་རྡ་རམ་ས་ལར་ཕེབས་ཏེ། ཐུགས་སྣང་མཛད་དགོས་ཟེར་བའི་ནང་། ལྷག་པར་ཕྱོགས་གཞན་ཞིག་ནས་དབང་ཆར་མཁྲེགས་བཟུང་བྱས་འདྲའི་འདོད་གཏམ་སྤེལ་མུས་ སེལ་ཐབས་བཅས་ཀྱི་ཆེད་ལུགས་མཐུན་དགོངས་པ་ཞུ་དགོས་བྱུང་བ་མ་གཏོགས་ལས་དོན་ལ་ གཡོལ་ཐབས་བྱས་པ་སོགས་གཏན་ནས་མིན་པས་རྒྱལ་གཅེས་མི་མང་རྣམས་ཐུགས་ཕམ་ཐུགས་ དྭོགས་རིགས་མི་གནང་བ་ཞུ་རྒྱུ། ཞེས་དང། དེའི་སྔོན་ཙམ་ཕྱི་ཟླ་ ༣ པའི་ཚེས་ ༧ ཉིན་རྒྱ་མིས་བཏོན་པའི་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པའི་ནང་རྒྱ་མི་རང་གི་ འདོད་གཏམ་ངོ་ཁྲེལ་ཡོངས་བྲལ་རྫུན་ཚིག་གུང་བསྒྲིགས་གང་ངན་ཅི་རྡུགས་རྣ་བ་འགེབ་ འོས་བཀོད་འདུག་པའི་དོན་གནད་ཅིག་ལ། ཡུལ་གྱར་སྲིད་གཞུང་གི་འགོ་གཙོ་གཙོ་བོ་ཚང་མ་ཏཱ་ལའི་བླ་མའི་གཉེན་ཚན་ཡིན་པ་དང། དེ་ཚོའི་ནང་ལ་རུལ་སུངས་ངན་འགྱུར་དང་། ལ་ལ་ལྐོག་ཟ་ཤུགས་ཆེ་བྱས་ཏེ་གཡོ་ཐབས་ཀྱི་བར་ཁེ་བཟས་སྟབས་མི་ལ་ཡིད་རངས་བྱུང་ བར་ནང་ཁུལ་འགལ་བ་ཚབས་ཆེན་ཡོད་པ་རེད་སོགས་བཀོད་འདུག….. བོད་རང་བཙན་གཙོར་གྱུར་གཞུང་མང་གི་འཕྲལ་ཕུགས་བདེ་དོན་ལ་ཐུགས་འགན་ཡོད་པའི་ བཀའ་ཤག་གི་མཚན་མཐོང་དང། གཞུང་གི་སྒྲིག་འཛུགས་འདི་ལ་ཡིད་ཆེས་བརླག་སྟེ་ཉམས་དམས་སུ་ཕྱིན་པ་ཡིན་ན་ཕ་ རོལ་དགྲ་བོའི་བསམ་པ་ཡོངས་རྫོགས་བསྒྲུབ་རྒྱུའི་ཉེན་ཁ་ཡོད་པ་བཟོད་ཐབས་བྲལ་ཏེ….. མི་བདེན་རྫུན་གྱི་དྲི་མས་འབག་པ་ཅུང་ཟད་ཙམ་འདུག་ན་བཀའ་ཤག་ལྷན་རྒྱས་གཙོར་ གྱུར་འབྲེལ་ཡོད་ལས་ཁུངས་ཁག་སོགས་ནས་ཕྲན་ལ་ཐད་ཀར་དྲི་བ་གནང་ཡོད་པ་ཞུ་རྒྱུ….. ཕྲན་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ ༡༩༩༥ ལོའི་ཟླ་ ༨ ཚེས་ ༥ ལ་ཕུལ། ཞེས་སོགས་དོན་ཚན་གསུམ་གྱི་སྒོ་ནས་བསྐྱར་དུ་ཞིབ་འབྲི་བྱས་ཡོད་རུང་རེ་རེ་ བཞིན་འགོད་ཐུབ་མ་སོང་། གསལ་བསྒྲགས་གནང་པའི་ཕྱག་ཡིག་དེ། བཀྲས་མཐོང་ལགས་ཀྱི་ཨ་མ་རྨ་བྱ་བསོད་ནམས་དཔལ་སྒྲོན་ལགས་ཀྱིས་ཉར་ཚགས་གནང་འདུག སྐབས་དེ་དག་གི་དམངས་གཙོ་ཚགས་པར་རྩོམ་སྒྲིག་པ་འཇམ་དབྱངས་ནོར་བུ་ལགས་དང་། ལས་རོགས་མགོན་པོ་ཚེ་རིང་ཡིན་པ་རེད། ད་ལྟ་འཇམ་དབྱངས་ནོ ར་བུས་བཀྲས་མཐོང་པ་ལགས་སུ་རྒྱབ་སྐྱོར་ཞུ་བའི་རྩོམ་ཡིག་སྤེལ་གྱི་ཡོད་པ་དེས། ཁོང་གིས་སྔོན་མར་རྩོམ་སྒྲིག་པ་བགྱིས་ཏེ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་པ་ དེ་བྱས་ཉེས་ཡིན་པ་ཁས་བླངས་ཤིང་། བཟོད་གསོལ་ཞིག་ཀྱང་ཕུལ་བཞག་པ་རེད། ད་དུང་། ཉེ་ཆར་བཀའ་དྲུང་ཡིག་ཚང་ནས་ཕྱག་ཡིག་འདི་ལྟར་གནང་ཡོད་དེ། མཚུངས་མེད་ ༢༠༡༡ ལོའི་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་ གནང་མཁན་དང་བོད་ཀྱི་ཆེད་དུ་ལངས་མཁན་stand up 4 tibetཚོགས་ པ་ཐུན་མོང་གང་དེར། ཞེས་དང། གཞུང་གི་སྔོན་རྩིས་དང་འགྲོ་སོང་ཁ་མ་འདུམ་པའི་གནད་དོན་ཞིག་ཡིན་པ་དེ་སྔ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡ ཉིན་གྱི་གཞུང་འབྲེལ་གསར་ཤོག་བོད་མིའི་རང་དབང་ནང་གསལ་བཤད་གནང་བའི་ངོ་བཤུས་ འདི་མཉམ་ཟུར་བསྲིངས་ཡོད་པ་ནས་མཁྱེན་རྟོགས་ཡོང་རྒྱུ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ ༢༠༡༠ ཟླ་ ༡༡ ཚེས་༨ ལ།། ཞེས་གནང་འདུག ཐུབ་བསྟན་དཔལ་འབྱོར་ལགས་ཀྱིས་བཤད་སྟངས་འགྲིག་མིན་ཇི་ལྟར་ཡང་། སྐུ་ངོ་བཀྲས་མཐོང་ལགས་ཀྱིས་སྒོར་འབུམ་ཕྲག་དེ་དག་བཟས་ཡོད་པའི་དཔང་རྟགས་བྱ་ མཁན་ཞིག་ཡོད་ན། ངས་སྒོར་འབུམ་ ༣ སྤྲད་ཀྱི་ཡིན་ཞེས་ཁ་ཚོན་ཆོད་པོའི་སྒོ་ནས་བཤད་པ་དེ། རྒྱུ་མཚན་དང་སྤོབས་པ་མཐོ་བའི་རྟགས་ཤིག་བསྟན་པ་ཡིན་རྒྱུ་རེད་མ་གཏོགས། ཞེན་ཁོག་དང་རྒྱབ་སྐྱོར་ཞུ་འདོད་གཅིག་པོས་གང་བྱུང་ལབ་བཞག་པ་ག་ལ་ཡིན། གོང་དུ་བཀྲས་མཐོང་ལགས་ཀྱི་འགྲེལ་བཤད་དེ་དག་ཁ་གསལ་བོས་སྒོ་ནས་ཞུས་ན། འགྲོ་སོང་གི་འཆར་གཞི་དང་། ཡོང་སྒོའི་འཆར་གཞི་གཉིས་ཁ་མ་འདུམ་པའི་དཀའ་ངལ་ཞིག་གནས་སྐབས་ཙམ་ལ་བྱུང་པ་རེད་ འདུག དཔེར་ཆ་བཞག་ན། ༢༠༡༡ གི་འཆར་འགོད་ ༢༠༡༠ ཡི་ལོ་ནས་བཀོད་སྒྲིག་གནང་གི་ཡོད་པས། ༢༠༡༠ ལོར་འགྲོ་འཆར་ཧིན་སྒོར་འབུམ་ ༧༠༠ བཏང་རྩིས་ཡོད་ན། ༢༠༡༡ ལོར་ཡོང་འཆར་ཧིན་སྒོར་འབུམ་ ༧༠༠ ལག་པར་རེག་ཐུབ་མིན་གྱི་དཀའ་ངལ་འཕྲད་པ་དེ་འདྲ་རེད། ཡིན་ནང་། ལོ་མཇུག་འགྲོ་འཆར་དང་ཡོང་འཆར་གཉིས་ཆ་མཉམ་སྟེ་ལོ་དེའི་ལས་འཆར་ལ་སྐར་མ་གཅིག་ གི་གནོད་པ་བསྐྱལ་མེད་པས། དེ་ལྟ་ན། དོགས་པ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པར་མ་ཟད། གསལ་བོར་ཆགས་ཟིན་པའི་གནས་ཚུལ་རྙིང་པ་ཞིག་སྐྱར་ལྡབ་བྱས་ཤིང་། བྱས་རྗེས་དང་རེ་བ་ཆེ་བའི་མི་གྲགས་ཅན་དག་ལ་བརྡབ་གསིག་གཏོང་ཅི་ཐུབ་བྱས་ཏེ། མ་ཉེས་ཁག་གཡོག་གིས་འཁྲུག་ཆ་ཟིང་པོ་བཟོས་ན་བོད་སྤྱི་ལ་གྱོང་གུན་འཕོག་རྒྱུ་ ལས། གཞན་ཐོབ་བྱ་ཅི་ཡང་མེད།
༸གོང་ས་མཆོག་གིས་དེང་དུས་ཀྱི་རྒྱལ་སྤྱིའི་ལམ་ལུགས་དང་མཐུན་པའི་ཐོག་མ་འོངས་པའི་བོད་མི་རིགས་གི་ཆེད་དུ།མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་གསོལ་རས་གནང་བ་འདིར་དགོས་པ་དང་།རྒྱུ་མཚན་ཡོད་པའི་ཐོག་ནས་གནང་བཞག་པ་ཞིག་རེད་ཏེ།ང་ཚོ་བཙན་བྱོལ་བོད་མི་རྣམས་ད་དུང་ཡང་རྨོངས་གཉིད་ལས་སད་མེད་པའི་རྐྱེན་གྱི་དཔའ་འབྱོར་དང་མིང་གྲགས་ཡོད་པའི་ཁྱིམ་ཚང་དག་གི་གཡོ་འོག་ཏུ་འགྲོ་བ་ལས།མང་གཙོའི་ཁེ་དབང་ལོངས་སྤྱོད་དང་བེད་སྤྱོད་ཡང་དག་པ་ཞིག་གཏན་ནས་བྱེད་ཐུབ་ཀྱི་མེད།རྒྱུ་མཚན་ནི་འབྱོར་པ་ཅན་དང་།མིང་གྲགས་ཡོད་པའི་ཁྱིམ་ཚང་ཆེ་པོ་དེ་དག་གི་བྱ་བཞག་དང་གྲུབ་འབྲས།བག་ཆགས་ལ་རྟེན་ནས་བྱུང་བའི་ཆོལ་ཁ་དང་དགའ་ཉེའི་ཕྱོགས་ལྷུང་གི་རྣམ་པ་འཁྱེར་བ་ལས།བོད་སྤྱི་པའི་རྩ་དོན་ཐོག་འགན་འཁུར་དེ་ཙམ་བྱེད་ཀྱི་མེད་པ་ནི་ཀུན་གྱིས་ཤེས་གསལ་དང་བརྗོད་མ་དགོས་པ་ཞིག་རེད།།ཉིན་དང་པོར་བཀྲས་མཐོང་གིས་གཏམ་བཤད་གནང་སྟངས་དེ་དག་ལ་གཟིགས་དང་།སྔ་མ་བཀའ་ཁྲི་དུས་ཡུན་མ་རྫོགས་གོང་ལ་ནང་མི་དཀའ་ངག་སེལ་ཆེད་དུ་རྩ་དགོང་ཞུས་ནས་ཨ་རིས་དུ་བསྐྱོད་པ་ཡིན་ཟེར།ཉིན་གཉིས་པ་ཉིན་ག་སྲིད་ཁོ་པ་སྐབས་གསུམ་པའི་བཀའ་ཁྲི་འཁོད་པ་དང་ནང་མི་དཀའ་ངག་འདྲ་བྱུང་བ་ཡིན་ན།སྔ་མ་ནང་བཞིན་ནང་མི་དང་ཕྲུ་གུ་ཆེད་དུ་བཀའ་ཁྲི་ནས་དགོང་པ་ཞུ་རྒྱུ་ཡིན།རྒྱུ་མཚན་ནི།ངས་བོད་མི་མང་གི་ཆེད་དུ་ཕྱག་ལས་གནང་བསྡད་པ་ཡིན་ན།ནང་མིའི་དཀའ་ངག་སུས་སེལ་གི་རེད་ཞེས་པའི་གཏམ་དེ་དག་གི་ཐོག་ནས།ཁོ་པའི་ནང་མི་གལ་གནད་ཆེ་བ་ལས་བོད་སྤྱི་པའི་རྩ་དོན་གལ་གནད་ཆེ་བ་ཞིག་མཐོང་གི་མེད་པའི་རྐྱེན་གྱི་གསུངས་བ་ཞིག་རེད།མ་ཟད་ཁོང་གི་འཇོན་རབས་ཀྱི་གཏམ་བཤད་གཅིག་ཀྱང་སྤེལ་མ་སོང།ཡ་མཚན་སྐྱེས་དགོས་པ་ཞིག་ལ་ད་དུང་ལུང་ཚན་དང་ཕྱོགས་ལྷུང་ཅན་གྱི་མི་སྣ་དེ་དག་གི་༧གོང་ས་མཆོག་དང་བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་ཐུགས་འཁུར་མེད་པའི་ཐོག་བཀྲས་མཐོང་ལ་རྒྱབ་སྐྱོར་དང་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་ལགས་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་སྐུ་ངོ་བཀྲིས་དབང་འདུས་ལྟ་བུ་ལ་རྒྱབ་སྐྱོར་མེད་པའི་སྒང་ལ་ངེན་སྨད་བྱ་དགོས་དོན་གང་ཡིན་ནམ།དངོས་གནས་དྲང་གནས་ཀྱི་བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་ལྷག་བསམ་རྣམ་དག་གི་འགན་འཁུར་མཁན་ཞིག་གི་ངོས་ནས་བཤད་པ་ཡིན་ན།སྐབས་གསུམ་པའི་བཀའ་ཁྲི་བྱེད་ཐུབ་མཁན་མཁས་དབང་བློ་བཟང་སེང་གེ་ལས་སྐུ་ངོ་བཀྲིས་དབང་འདུས་ལས་ལྷག་པའི་མི་སྣ་ཞིག་བཀའ་ཁྲིའི་འོས་གཞི་རུ་མེད་པ་ནི་ཚང་མས་ཟུར་ལྟས་ལེབ་མཐོང་རེད།ལྐོག་ཟ་རུལ་སུངས་བྱ་མཁན་བཀྲས་མཐོང་ལྟ་བུ་ཞིག་ནི་ང་ཚོ་བོད་མི་མང་གི་བཀའ་ཁྲི་བྱ་འོས་པ་ཞིག་གཏན་ནས་མ་ཡིན།དེ་འདྲ་སོང་ཙམ་མཁས་དབང་བློ་བཟང་སེང་གེ་དང་སྐུ་ངོ་བཀྲིས་དབང་འདུས་རྣམ་པ་གཉིས་ལ་རྒྱབ་སྐྱོར་བྱ་དགོས་ངེས་རེད་ལ།རྒྱལ་ཁ་ཡང་ཐོབ་དགོས་ངེས་རེད།
དྲ་གྲོགས་ཚོ། ད་བཀའ་ཁྲིའི་འོས་མི་རྣམས་ལ་དོན་མེད་ཀྱི་སྐྱོན་འཚོལ་ཞིབ་བྱེད་མཚམས་བཞགང་ན་ཡག་པོ་འདུག འདིའི་ངང་ནས་བཀའ་ཁྲིའི་འོས་བསྡུ་གྲུབ་པ་ཡིན་ན་འབྱུང་འགྱུར་བཀའ་ཁྲི་སུ་ཞིག་ཐོབ་རུང་འཐེན་ཀྱེར་བྱེད་རྒྱུ་མང་དྲགས་ན་ལས་དོན་ཐད་འཐུས་ཤོར་མི་ཡོང་བའི་ངེས་མེད།
ད་ལྟའི་འོས་ཤོག་སུ་བླུགས་མིན་ཐད་མི་རེ་ངོ་རེས་ཐག་བཅད་ཟིན་པས་ཕན་གནོད་ཡོང་མི་སྲིད་པ་ལྟ་བུར་ཆགས་ཡོད།
དེ་ལས་འབྱུང་འགྱུར་བཀའ་ཁྲི་སུ་ཞིག་ལ་འཐོབ་རུང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པའི་སྟ་གོན་བྱས་ན་མི་ལེགས་སམ།
མི་མང་གིས་འོས་བསྡུས་ལམ་ནས་བཀའ་ཁྲིའི་རྐུབ་དེ་སྟེགས་སུ་ཞིག་ལ་འཐོབ་ཀྱང་ཡིད་ཆེས་དང་། གུས་བཀུར་ཆེ་མཐོང་ཁྱད་མེད་དུ་བྱ་རྒྱུ་གནད་འགག་ཆེན་པོར་མཐོང།
མང་པོ་ཞིག་བཤད་ཀྱིན་འདུག་སྟེ་བློ་གཟུ་བོར་གནས་པའི་ཐོག་ནས་ཤོད་མཁན་ཆེས་ཉུང་བར་འདུག ལྷག་དོན་ལས་བྱེད་རྙིང་པ་རྣམས་དང་སྲིད་གཞུང་ལ་རྙིང་ཟད་གོག་ཧྲུལ་ཟེར་བ་ནི་ཐབས་ཧ་ཅང་སྐྱོ་པོ་ཞིག་རེད། དང་པོ་སོ་སོའི་འཇོན་ཐང་ལ་ལྟོས་དང། ཕལ་ཆེར་རང་གི་རྐང་པའི་སྟེང་རང་ལངས་ཐུབ་མཁན་ཞིག་ཡིན་ནམ། གཞན་བརྟེན་ཡིན་བརྟག་དཔྱད་བྱོས། སྐྱབས་བཅོལ་སྲིད་གཞུང་ལ་བརྟེན་མ་མྱོང་བའི་མི་ཞིག་ཡིན་ནམ། ད་དུང་ཁ་བཏང་ན་ལས་འབྲས་འཁོར་ཡོང་། བོད་ལ་ཕན་པའི་ལས་ཀ་བྱེད་པར་ཡིན་གཅིག་བཀའ་ཁྲིའི་ཞབས་སྟེགས་ཐོག་སྡོད་དགོས་ཞེས་པ་འདི་ཧམ་ཤེད་རིང་ལུགས་པ་དང་། དཔོན་བརྔམས་རིང་ལུགས་པའི་བྱེད་སྟངས་རེད་འདོད། གང་ལྟར་གླ་ཕོགས་མཐོ་བའི་ཕྱི་གླིང་གི་ལས་ཀ་དང་སྙན་གྲགས་ཆེ་བའི་བཀའ་ཁྲིའི་ཞབས་སྟེགས་གཉིས་ཀྱི་དབར་ནས་ཆོལ་གསུམ་བོད་རྣམས་ལ་མཐོང་ཆུང་དང་གླེན་པར་བརྩི་ཆོག་མི་ཡོང་།
ཅི་བཤད་ཀྱང་ཁོང་གསུམ་གང་ཞིག་འབྱུང་འགྱུར་གྱི་བཀའ་ཁྲིར་ངེས་བ་རེད་
ལྷག་དོན་དུ་བློ་སེང་ལ་རེ་བ་ཆེ། ཁོང་གིས་མི་ཚང་ངམ་ཡང་ན་གཞིས་ཆགས་སྐྱོ་བོ་ཁག་ཅིག་ལ་དངུར་དངོས་སྤྲད་དེ་རང་ཉིད་ལ་འོས་བླུག་བཅུག་སྐད
བདེན་མིན་མི་ཤེས་མོད་་་་་་གང་ལྟར་ང་ལ་དེ་གསུམ་ཆ་ལ་འདོད་པ་མེད་་་་དེར་བརྟན་ངའི་དངོས་གཞིའི་བཀའ་ཁྲིར་འོས་བླུག་རྒྱུ་མིན
གཉིས་རྒས་སོང་འདུག
གཅིག་ལ་ཉམས་མྱོང་མེད་ཁར་་་་་་་རྒྱ་གཞུང་ལ་བརྡ་ལེན་སྤྲོད་ཡོད་ཟེར་སོགས་དགོས་པ་ཅི་ཡང་ མེད་པའི་གཏན་ཡན་འགའ་བཤད་དེ་གཞོན་རབ་པ་དག་ལ་གང་འཕྲོད་ཅི་འཕྲོད་ཀྱི་གསུངས་བཤད་གནང་པ་ལས་དངོས་ཡོད་ཀྱི་གཏམ་མམ་ཡང་རང་ཉིད་ཀྱི་བསྒྲུབས་འོས་པ་དང་བསྒྲུབས་ཐུབ་པ་འདི་དང་དེ་རེད་་་་་དེ་དང་འདི་བསྒྲུབས་རྒྱུ་ཡིན་པས་གསུངས་བྱོན་མ་སོང་། ངའི་བཤད་རྒྱུ་ཞིག་ལ་ཁྱེད་ཅག་གི་བཤད་བཞིན་པ་ཚོ་རྒྱ་གཞུང་ལ་བརྡ་སྤྲད་དགོས་པ་མེད་རང་ཉིད་ཀྱི་བསྒྲུབས་དགོས་པ་རེད། རྒྱ་གཞུང་གི་ལོག་བཤད་བྱས་བསྡད་པ་རེད་མ་གཏོགས་བརྡ་མ་འཕྲོད་པ་མ་རེད།
ད་དུང་འགའ་ཞིག་གི་་་སྐུ་དྲག་མི་དྲག་སོགས་ལ་ཡང་ཅིག་བྱས་ཡོད་ཟེར་བ་ཡང་རྒྱུ་མཚན་ཅང་མི་འདུག
རང་གཞུང་ངམ་༸གོང་ས་མཆོག་ནས་མང་གཙོ་ཡང་དག་པ་ཞིག་གནང་ཡོད་པ་གསལ་བོ་རེད
རང་ཉིད་ཀྱི་ལོང་སྤྱོད་ཡང་དག་པ་ཞིག་བྱེད་མིན་རང་ཉིད་ལ་ཐུག་ཡོད་པ་རེད།
༡ “བཀའ་བློན་ཁྲི་བའི་རྐུབ་སྟེགས་མ་རེག་ན། འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད” ཅེས་པ་འདི་ལངས་ཕྱོགས་ཡོད་པའི་སྐད་ཆ་ཞིག་རེད་ལ། བཀའ་ཁྲིའི་འོས་མིར་ལངས་པའང་བཀའ་ཁྲིར་བསྡད་རྒྱུ་དེ་རེད་མ་གཏོགས་ལས་རོགས་སུ་ལངས་པ་མ་རེད། དེ་ལས་ལྡོག་ན། རྒྱ་མགོ་ཐོན་ན་རྒྱ་དང་བོད་མགོ་ཐོན་ན་བོད་དུ་འགྱུར་ཉེན་ཡོད་པས། མང་ཚོགས་སུ་ཞིག་གིས་འོས་ཤོག་ལྡུག་སྲིད་དམ།
༢ “ངྷ་སའི་སྲིད་གཞུང་དེ་རྙིང་ཧྲིལ་གོག་ཟད་ཅིག་ཏུ་གྱུར་མེད་པ་ཤེས་སུ་འཇུག” ཅེས་དང༌། “བོད་ཀྱི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དེ་ངེས་པར་དུ་མཇུག་སྒྲིལ་ཟིན” “རྡར་ངན་སྣུམ་བྱུག་བྱས་པའི་བཀའ་ཟུར་བགྲེས་པོ་ཞིག་གམ”སོགས་ནི་བརྣག་ཐོག་གཙག་འཁེལ་གྱི་སྐད་ཆ་ཡིན་པར་མ་ཟད། བོད་མི་རིགས་ཀྱིས་རེ་བ་གསར་བ་ཞིག་རྒྱག་ཆོག་པའི་གཞི་རྟེན་དུ་གྱུར་ཡོད། དེ་ལས་ལྡོག་ན། ཟམ་གདོང་རིན་པོ་ཆེ་ནང་བཞིན་བླ་མ་ཁྲི་བྱང་རྡོ་རྗེ་འཆང་གི་བཀའ་གཅིག་པུ་ལས་བོད་དང་སྲིད་དོན། མི་རིགས་ཆ་ཚང་བློས་བཏང་གནང་ཡོད་ཅེས་པ་མ་ཡིན་ནམ།
དུས་ད་ལྟ་བར་དུ་ལབ་རྒྱུ་མེད་ན་མ་གཏོགས་ལབ། སྐྱོན་འཛུགས་རྒྱུ་མེད་ན་མ་གཏོགས་འཛུགས་སོང་། ད་ལབ་རྒྱུ་ཟད་འདུག་ཐ་ན་རྫུན་ཡང་བཤད་བཞིན་འདུག མི་ལ་སྐྱོན་འཛུགས་རྒྱུ་ཟད་དུས་འདྲ་མི་འདྲ་ལབ་ཀྱི་རེད་ཟེར་གྱི་འདུག་པར་དངོས་གནས་རེད་འདུག སྔོན་མ་འཇུ་ཆེན་ཐུབ་བསྟན་ལ་སྐྱོན་འཛུགས་བྱེད་རྒྱུ་མ་རག་ནས་འཇུ་ཆེན་གྱིས་སྐད་ཆ་བཤད་དུས་མགོ་ཡོ་ནས་བཤད་ཀྱི་རེད་ཟེར་སྐྱོན་འཛུགས་པ་རེད། ཟང་གདོང་རིན་པོ་ཆེ་ལ་སྐྱོན་འཛུགས་བྱེད་སྐབས་གཏམ་བཤད་བྱེད་སྐབས་ཁ་ནང་དུ་གཅིག་མུར་མུར་བསྡད་ཀྱི་རེད་ཟེར། ཡཡཡཡ་ད་མི་ཚང་མ་འདི་འདྲ་ཡིན་པ་འདྲ།
མདོ་སྨད་པ་ཆབ་སྐྱེས་དཔལ་ལྡན།
དྲང་མོ་བཤད་ན་ཁྱེད་རང་གི་སྐད་ཆ་རེེ་ལ་གོ་དོན་དམིགས་བསལ་ཡོད་པ་དང་དོ་ངོ་མའི་རྒྱབ་ལྗོངས་ཡོད་པར་མཐོང་སོང་། ཡིན་ཡང་བློ་སེང་བཀའ་ཁྲིའི་བཞུགས་སྟེགས་ལ་འདོད་ངམ་བྱེད་པའི་མཐོང་སྣང་དེ་དང་ འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད” གསུངས་པའི་དབང་དུ་བཏང་རུང་ནང་དོན་ལ་འགྲེལ་བརྗོད་བྱེད་སྟངས་འདྲ་མིན་ཡོད་པ་སྣང་ཡང་འཚམ་འདིར་རང་གི་མཐོང་སྣང་ལ་ཞིབ་ཏུ་བསམ་ན་ཁོང་བཀའ་ཁྲི་ལང་བ་ནི་མི་མང་གི་རེ་འདོད་དང་རང་གི་གནས་བབ་གི་ཆ་ནས་ཡིན་སྲིད་། དམིགས་བསལ་ཁོང་གི་ལོ་རྒྱུས་ནང་ཤེས་འཇོན་གཉིས་ལྡན་ཐོག་བཙན་བྱོལ་བོད་གཞུང་ལ་བརྩི་བཀུལ་དང་བོད་རིགས་མི་མང་དབར་འབྲེལ་ལམ་བཟང་བའི་ཆ་ནས་རེད་། དེ་བཞིན་ཁྱེད་རང་གི་གསུངས་པ་བཞིན་འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད་གསུངས་པར་བདེན་ནའང་དེ་སྐབས་དང་དུས་ལ་བསྟུས་ནས་བསམ་ན་དེ་དུས་ཆགས་གཞི་མེད་པ་ཡིན་སྲིད་ལ་དགོས་པ་ལས་དགག་བྱ་མང་བའི་ཆ་ནས་ཡིན་མི་སྲིད་པ་མ་རེད་།
ད་ཡིན་ན་བློ་སེང་ལ་འོས་ཤིག་ཐོབ་པ་གདོན་མི་ཟ། བློ་སེང་ལ་སྨད་ར་གཏོང་མཁན་ཚོ་དེ་ལས་མང་དང་དེ་ལས་ཚབ་ཆེ་དེ་འདྲ་ལབ་རྒྱུ་མེད་ན་དེ་འདྲ་ཞིག་གི་ཡོང་ས་མ་རེད། བློ་སེང་ཁོ་རང་སྐུ་དངོས་སུ་བོད་པའི་གཞི་ཆགས་ཁག་ནང་བསྐོར་སྐྱོད་ལ་ཕེབས་ཀྱི་རེད། དེ་དུས་གདོང་དང་གདོང་ཐུག་ནས་བཀའ་མོལ་གནང་ཐུབ་ན་ཕ་བཟང་བུ་རེད། དེ་མིན་ལུང་སྟོང་ནང་ཝ་མོས་གར་ཁྲབ་བྱེད་ན་ཡང་སྙིང་པོ་ཆེར་མི་འདུག །
གལ་སྲིད་བློ་སེང་ལ་སྐྱོན་དེ་དག་ཡོད་ན་ངེས་པར་དུ་ཐེར་འདོན་བྱེད་དགོས་པ་དེ་ཤིན་དུ་ནས་གལ་ཆེ། དུས་ཚོད་ཏག་ཏག་ལ་སླེབས་ཡོད་རེད།
རྒྱ་རི་སྒྲོལ་མའི་གཤིས་སྤྱོད་སྐོར་ལམ་ཙམ་གོ་བྱུང་། ད་དུང་བློ་སེང་ལགས་ཀྱི་སྤྱོད་ལམ་ལེགས་ཉེས་སྐོར་མང་ཙམ་གོ་ཐོས་འདོད་ཡོད།
དྲ་གྲོགས་དཔལ་ལྡན་ལ་མཚམས་འདྲི་ཞུ།
གྲོགས་པོ་ཁྱོད་ཀྱིས་བློ་སེང་ལ་སྐྱོན་བརྗོད་དེའི་སྙིང་དོན་དངོས་དེ་དོན་བསྡུས་ན་ཁོ་བོ་ལ་བོད་སྤྱིའི་རྩ་དོན་སྒྲུབ་རྒྱུའི་འདུན་པ་མི་འདུག་ཟེར་བ་དེ་རང་རེད་འདུག།
ཚིག་ཉོག་མང་པོ་བཤད་ཀྱང་རུང་མ་བཤད་ཀྱང་རུང་བཀོར་བ་རྒྱབ་ས་དེ་རེད། དེའི་རྒྱུ་མཚན་ལ་ཁྱོད་ཀྱིས“་སྦེ་ལྐོབ་གཞིས་གསར་མི་མང་ཚོགས་ཁང་དུ་དམངས་ཀྱིས་དྲི་བ་དྲིས་པའི་ལན་དུ། བཀའ་བློན་ཁྲི་བའི་རྐུབ་སྟེགས་མ་རེག་ན། འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད” ཟེར་ཞེས་སྐྱོན་འཛུག་གནང་འདུག་དེ་ནི་ཁུང་མེད་ཀྱི་སྐད་ཆ་གཅིག་ལས་རྒྱུ་མཚན་ཡང་དག་ཞིག་མིན། གུས་པས་བསམ་ན་ཁྱོད་ཀྱིས་བློ་སེང་ལ་སྐྱོན་བརྗོད་བྱེད་རྒྱུ་མ་རག་ནས་མཐའ་རྫུན་བཟོ་བྱེད་དགོས་བྱུང་བ་འདྲ། སྙིང་རྗེ་ཁྱོད་ཀྱིས་དེ་འདྲ་བསམ་ནག་བྱེད་དགོས་དོན་གང་ཡིན་ནམ། སུའི་ཆེད་དུ་ཡིན་ནམ་དགོས་པ་གང་གི་ཕྱིར་ཡིན་ནམ། བློ་སེང་གི་དེ་འདྲ་བཤད་པའི་སྐད་ཆ་ཡོད་ན་དེའི་སྐབས་ཀྱི་བགྲོ་གླེང་ཚང་མ་བརྙན་སྡེར་བཟོས་ཡོད་པས་སྐད་ཆ་དེ་ཚུལ་བསྟོན་ནས། youtube ནང་ལ་འཇོག་ནས་དྲ་ཐག་འདིར་འཇོག་དང་། ག་སྲིད་ཁྱོད་ལ་དེ་འདྲ་འཇོག་རྒྱུ་མི་འདུག་ན་ཁྱོད་རང་རྫུན་མ་ཡིན་པའི་རྟགས་རེད། ཡང་དེང་སང་མི་ཁག་གཅིག་གིས་ཁོ་བོ་སྔོན་ཆད་བློ་སེང་ལ་རྒྱབ་སྐྱོབ་ཡོད་ཚུལ་དང་ད་ནི་ཡིད་ཆེས་མེད་ཚུལ་བཤད་པ་ནི་དངོས་གནས་དགོད་ཤོར་པའི་སྐད་ཆ་རེད། ཁྱོད་ཚོས་སྔོན་ཆད་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་དེ་འདྲ་མ་རེད་ངས་ཤེས་ཀྱི་ཡོད། མི་མང་བློ་ཁ་སྒྱུར་ཐབས་ཀྱི་བསམ་བློ་མ་གཏོང་རོག། ཁྱོད་རང་ཚོ་ལས་སྤྱང་བ་ཞིག་མེད་བསམ་ཀྱི་ཡོད་པ་འདྲ་ཡིན་ན་ཡང་མི་མང་གིས་ཁྱོད་ཚོ་ལྟ་བུ་ཕྲག་དོགས་ཅན་གྱི་མི་བུ་དག་ལ་ཡིད་ཆེས་བྱེད་ཀྱི་མ་རེད།
གཅིག ད་སྐབས་བློ་སེང་གི་རྒྱབ་སྐྱོར་བ་འགའ་ཞིག་བློ་འགྱུར་གྱི་ཡོད་ཚོད་འདུག འདི་ནི་ངས་བལྟས་ན་ཁོང་ལ་རེ་བ་ཆེ་དྲགས་པས་ཡིན་སྲིད་སྙམ། དེ་ནི་བརྒྱུད་ནས་དམངས་གཙོའི་གོ་རྟོགས་ཚད་ངེས་ཅན་ཞིག་ལ་མ་སླེབས་པའི་རྟགས་ཡིན། གནས་ཚུལ་འདི་ཚོར་གཞིགས་སྐབས་ང་ལ་སེམས་ཁྲལ་ཞིག་ཡོང་གི་འདུག
གཉིས། ད་སྐབས་ཤེས་ཡོན་པར་ཆ་འཇོག་པའི་ཡི་གེ་འབྲི་ཤེས་མཁན་རྣམས་ཀྱི་ནང་དུ་སྐྱག་བརྫུན་བཤད་མཁན་མང་དུ་ཡོང་གི་འདུག ཆབ་སྐྱེས་དཔལ་ལྡན་ལགས་ཀྱིས་”༢ སྦེལ་ཀོབ་གཞིས་གསར་མི་མང་ཚོགས་ཁང་དུ་དམངས་ཀྱིས་དྲི་བ་དྲིས་པའི་ལན་དུ། “བཀའ་བློན་ཁྲི་བའི་རྐུབ་སྟེགས་མ་རེག་ན། འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད” ཅེས་དང༌།”ཞེས་པ་ནི་སྐྱག་བརྫུན་སླད་མེད་རེད། དེ་དུས་ང་རང་དངོས་སུ་ཡོད། མི་ཞིག་གིས་དོན་དག་དེའི་ཐོག་དྲི་བ་དྲིས་སོང་ཞིང་ཁོང་གིས་དྲི་བ་གཡོལ་མཁས་ཀྱི་བཀའ་ལན་ཞིག་གནང་བས་ཉན་མཁན་རྣམས་རང་དབང་མེད་པར་ངོ་མཚར་གྱི་ཐལ་སྒྲ་འབྲུག་ལྟར་ལྡིར་བར་བྱས་སོང་། ཡིན་རྒྱུ་ནི་ཁོང་གིས་བཀའ་བློན་དཀྱུས་མ་ཕལ་ཆེར་བྱེད་མདོག་ཁ་པོ་མི་འདུག་སྙམ་པ་ཞིག་འཆར་བྱུང་བ་ལས་ཁོང་གིས་བཀའ་བློན་བྱེད་འདོད་མེད་ནམ་ཡང་གསུང་མ་སོང་། སྐྱག་བརྫུན་མ་བཤད་རོགས།
ཁོང་དབང་དྲགས་ལ་དགའ་སྲིད་པ་ལ་ཡ་མཚར་རྒྱུ་མེད། དམངས་གཙོ་ཟེར་བ་འདི་འདྲ་ཞིག་ཡིན་པ་ལས་མི་སྐྱོན་མེད་ཅིག་དབུ་ཁྲིད་ལ་སླེབས་པ་མི་སྲིད་པ་རེད། གལ་སྲིད་དེ་ལྟར་རེ་བ་བྱས་ན་དེ་ཡང་དམངས་གཙོའི་གོ་རྟོགས་ཞན་པས་རེད་ཅེས་སླར་ཡང་ཞུ་དགོས་བྱུང་།
ད་ཤུགས་རྒྱོབ་མ་གཏོགས་བློ་སེང་བཀའ་ཁྲིའི་ཁྲི་ཐོག་ལ་སླེབས་གྲབས་འདུག་ག སྐྱོན་ཆ་དེ་ལས་ཆེ་བ་འདྲ་བགྲང་རྒྱུ་རྙེད་ཀྱི་མི་འདུག་གམ། གླུན་ཕྲུག་ཚོ།
ང་ཚོ་བོད་པ་ཚང་ལ་ཁ་སྟབས་འདི་ལས་མེད་པ་ཡིན་སྟབས། བློ་སེང་ལྟ་བུ་བཀའ་ཁྲིའི་འོས་མིར་སླེབས་པ་མ་ཟད། འོས་གྲངས་འདི་འདྲ་མང་པོ་ཐོན་པ་རེད།
ད་ཁྱོད་ཚོས་མང་པོ་བཤད་ཀྱང་གང་ལྟར་ངའི་འོས་ཤོག་གཅིག་པུ་དེ་བློ་སེང་ལ་འཕེན་རྒྱུའི་གྲ་སྒྲིག་དེ་སྔོན་ནས་ཡོད་ལ་ད་དུང་ཡང་ཡོད། འགྱུར་བ་མེད།
ཁྱེད་ཚོས་མ་འོངས་བའི་བཀའ་ཁྲི་སུ་འཐོབ་མིན་ལ་རྩོད་པ་རྒྱོབས་དང། ང་ཚོས་དགྱ་ནག་ལ་མགོ་འདོགས་པར་གྲ་སྒྲིག་བྱེད་ཀྱིན་ཡོད།
ཆབ་ཆའི་དཔལ་ལྡན་ནས་དཔྱད་གཏམ་ཤིན་ཏུ་ལེགས་པོ་སྤེལ་འདུག ཧྲག་གི དོན་དངོས་བོད་ལ་ཕན་པའི་ལས་དོན་སྒྲུབ་པའི་བཀའ་ཁྲིའི་ཞབས་སྟེགས་དགོས་ཡས་མི་འདུག མ་ཟད་བཀའ་བློན་ཁྲི་བའི་རྐུབ་སྟེགས་མ་རེག་ན། འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད” ཅེས་དང༌། “ དྲ་རྒྱའི་བརྒྱུད་རྒྱལ་སྤྱིའི་སྟེང་བོད་ཀྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་མིང་བཙལ་ཡང་རྙེད་རྒྱུ་མེད་ཅེས་པའི་སྐད་ཆ་འདི་རིགས་ནི་ཆོལ་གསུམ་བོད་མི་ཡོངས་ལ་བརྙས་གཅོད་ཚད་མེད་ཅིག་རེད་འདོད། འོ་ན་ཁོ་མེད་ན་བཀའ་ཤག་ལས་མཚམས་འཇིག་རྒྱུ་རེད་དམ། ཁོ་ལས་ལྷག་པ་ཞིག་བཙལ་ནས་རྙེད་རྒྱུ་མེད་མདོག་གི་སྤོབས་པ་འདི་གང་ལས་བྱུང། གང་ལྟར་གླ་ཆ་མཐོ་བའི་ཧ་ཝ་ཌའི་ལས་ཀ་དང་གཏམ་སྙན་ཅན་གྱི་བཀའ་ཁྲིའི་ཞབས་སྟེགས་ཀྱི་དབར་ནས་བློ་སེང་གིས་ཆོལ་གསུམ་བོད་མི་ཡོངས་ལ་བརྩི་མེད་དང་གླེན་པར་ལྟ་བཞིན་འདུག
བཀའ་ཁྲིར་བསླེབས་ན་གཞི་ནས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་མཇུག་སྡུད་ཀྱི་ཡོད་པ་ལྟ་བུའི་བསམ་ཚུལ་དེ་རིགས་ནི་རྐང་བཙུགས་ཏེ་བོད་གཞུང་དམངས་ལ་བརྙས་བཅོས་བྱས་པ་ཞིག་རེད། མི་དེ་དག་གིས་བོད་གཞུངས་དམངས་རྐང་འོག་ཏུ་བཅུག་ནས་བློ་སེང་མགོ་བོར་འཁུར་ཚུལ་འདི་ངོ་མ་བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་པ་ཞིག་གིས་སྨད་ན་བཟང། ཟེར་བ་རང་རེད། བློ་སེང་ལགས་ཀྱིས་དེ་གཟིགས་ཡོད་དམ། ཡོད་ན་ཁ་ཞིག་མི་གྲག་དོན་ཅི་ཡིན་ནམ། ངས་ཀྱང་བློ་སེང་ལ་རླུང་འཕྲིན་ཁང་ནས་ཉེ་ཆར་བཅར་འདྲི་བྱས་པ་དེར་བལྟས་ནས། བློ་ཕམ་བྱུང་སོང། ངའི་ཚོར་སྣང་ལ་ཁོང་བཀའ་ཁྲིར་སླེབས་ན་ཅུང་བྱེད་མདོག་ཁ་བོ་རེད་དེ་བྱེད་ཤེས་མཁན་དང་འཇོན་མཁན་ཞིག་མ་རེད་བསམ་བྱུང་ལ་ལྷག་པར་དུ་དྲང་བདེན་དང་ལྷག་བསམ་གྱིས་རྒྱབ་མི་ཆོག་པ་ཞིག་རེད་ཨང་སྙམ་བྱུང། རྣམ་དཔྱོད་ཅན་དང་ཆ་རྒྱུས་ཡོད་པ་ཚོས་འདི་ཐད་ཀ་བགྲོ་གླེང་མང་ཙམ་གནང་ན་བཟང་ངོ།