ཨ་མའི་བུ་ལ་ཡོན་ཏན་ཡོད་ན། བཀའ་ཁྲིའི་ཁྲི་ལ་བདག་པོ་མེད།
ད་ལོའི་བཀའ་ཁྲིའི་འོས་འདེམས་ཁྲོད་ཟིང་ཆེ་ཤོས་ནི་བློ་བཟང་སེང་གེ་རེད། ཁོང་གིས་༼ཨ་མའི་བུ་ལ་ཡོན་ཏན་ཡོད་ན།བཀའ་ཁྲིའི་ཁྲི་ལ་བདག་པོ་མེད་༽ཅེས་བསྒྲགས་ཏེ།ཕྱི་རོལ་གྱི་སློབ་ཆེན་ནས་བཀའ་ཁྲིའི་ཁྲིིའི་བར་གོམ་ཞེང་གཅིག་གིས་བསྙབས་སོང་། འདི་འདྲའི་གོམ་ཞེང་ཐད་བསམ་ཚུལ་གྱི་གོམ་ཆུང་འགའ་སྤོ་དགོས་བྱུང་སོང་།
བློ་སེང་ཐོག་མར་བཀའ་ཁྲིའི་འོས་མིར་འདོན་མཁན་དྷ་སའི་བློ་བཟང་དབང་རྒྱལ་རེད། དེ་ནས་གཞུང་འབྲེལ་མིན་པའི་ཚོགས་པ་འགའ་རེད། དེར་རམ་འདེགས་བྱེད་པར་གཞོན་སྐྱེས་དམངས་གཙོ་གོ་རྟོགས་སྤེལ་མཁན་ཟེར་བའི་ཚོགས་པ་ཞིག་བྱུང་སྟེ། བློ་སེང་ལ་ཆེད་དུ་དམིགས་ནས་ལས་འགུལ་སྤེལ་བ་ལས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་དམངས་གཙོའི་གོ་རྟོགས་ཡག་ཏུ་འགྲོ་བར་ལས་འགུལ་སྤེལ་མ་སོང་། ལས་འགུལ་ཚང་མ་གཞོན་སྐྱེས་དང་མི་རབས་གསར་བ་ཟེར་ནས་ཕྱོགས་སུ་ལྷུང་བ་རྐྱང་རེད། ཁོང་ཚོའི་ལས་དོན་དེའི་རྒྱབ་ཏུ་༧གོང་ས་མཆོག་གི་གསུང་མི་རབས་གསར་བ་དང་དེའི་ནང་ནས་བྱུང་ན་བུད་མེད་ཅིག་ཡག་པོ་རེད་ཅེས་པའི་བཀའ་སློབ་དེ་ཁྱེར་ཡོད། ཡིན་ནའང་ཁོང་ཚོས་བྱུང་ན་བུད་མེད་ཅིག་ཡག་པོ་རེད་ཅེས་པར་དོ་སྣང་ཙམ་ཡང་བྱས་མ་སོང་། དངོས་གནས་བྱས་ན་༧གོང་ས་མཆོག་གི་ཐུགས་རེ་བཞིན་ལས་ཀ་བྱེད་བཞིན་ཡོད་ན། བཀའ་ཁྲིའི་འོས་མིར་ལངས་མཁན་བུད་མེད་བྱུང་བ་རེད་ལ་དེར་རྒྱབ་སྐྱོར་བྱས་མ་སོང་།
རྒྱལ་ཁབ་ཁག་གི་སྲིད་བློན་དག་མི་ཐོག་རིམ་བརྒྱུད་ཀྱིས་འབྱུང་གི་ཡོད་པ་ལས་དེ་ལ་མི་རབས་གསར་བ་ཟེར་ནས་ཧོབ་སྟེ་མཐོ་བསྙབས་བྱེད་རྒྱུ་མེད། འདི་ལ་རྒྱུ་མཚན་མང་ནི་རེད་ལ་གཙོ་བོ་མཐོང་རྒྱ་དང་ཉམས་མྱོང་། ཁྱོད་ཡོངས་ཀྱི་གནས་སྟངས་ལ་ནང་བྱད་ཆུབ་པར་གང་ཟག་དེར་ལོ་ངེས་ཅན་ཞིག་ལ་ཉམས་མྱོང་གསོག་པའི་དུས་ཚོད་དགོས་ཀྱི་ཡོད་པ་མ་ཟད། མི་མང་གིས་ཡིད་ཆེས་དང་བློ་གཏད་ཆོག་པའི་མི་གཤིས་བཟང་བོ་ཞིག་ཀྱང་ངེས་པར་དུ་ཡོད་དགོས། ཆ་རྐྱེན་འདི་དག་ལ་གཞིགས་ན་བློ་སེང་གིས་ད་བར་དུ་བོད་པའི་སྤྱི་ཚོགས་སུ་དངོས་སུ་ལས་ཀ་བྱས་མེད་ལ་བོད་མི་ཚོས་ཀྱང་ཁོང་གི་ལངས་ཕྱོགས་དང་ལྟ་བ། འཇོན་ཚད། མི་གཤིས།སྤྱོད་པ་སོགས་ཞིབ་ཚགས་པོ་ཤེས་ཀྱི་མེད་པ་དེ་རེད།
སྔོན་འགྲོའི་འོས་བསྡུའི་ཁྲོད་དུ་སྐོར་སྐྱོད་བྱེད་མཁན་མང་ཤོས་བློ་སེང་རེད་ལ། ལྷོ་ཕྱོགས་ཀྱི་གདན་ས་ཁག་ཏུ་ཆེད་བསྐྱོད་ཀྱིས་ལས་དོན་བསྒྲུབས་ཡོད། གདན་སའི་གྲྭ་བ་ཚོ་འོས་བསྡུའི་ནང་དུ་མངོན་སྟངས་དང་ཆ་ཤས་ལེན་སྟངས་དེ་ཚུལ་མཐུན་མིན་པ་དང་ཚད་ལས་བརྒལ་བ་དེས།བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་སྐད་ཤོར་ཡོད། ཆབ་སྲིད་པས་གདན་ས་འོས་ཐོབ་ཆེད་བེད་སྤྱོད་བྱས་པ་ད་ཐེངས་ཐོག་མ་རེད་ལ། དེའི་རྐྱེན་གྱིས་གདན་སའི་མཚན་སྙན་དང་རིན་ཐང་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་ལྟ་སྟངས་བསླེབས་ཡོད་ཀྱང་། ཆབ་སྲིད་པར་དགོས་པའི་འོས་ཤོག་དེ་ཏག་ཏག་ཐོབ་ཡོད།
བློ་སེང་གིས་ཐེངས་མང་བཤད་པའི་སྐད་ཆ་དེ་ཁོང་བཀའ་ཁྲི་ལ་ལངས་པ་དེས་རྒྱ་ནག་གཞུང་ལ་བརྡ་གཏོང་གི་ཡོད། རྒྱ་གཞུང་གིས་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་དེར་བོད་མི་ཚོ་འཐོར་རྒྱུ་ཡིན་པའི་ཚོད་རྩིས་དེར་ལན་བརྒྱབ་ཡོད། མི་རབས་གསར་བ་ཚོས་འགན་ཁུར་ཏེ་བོད་མི་ཚོ་ད་དུང་ལོ་ལྔ་བཅུར་བཙན་བྱོལ་དུ་གནས་དགོས་ཀྱང་གནས་ཐུབ་ཀྱི་ཡོད་པ་སྟོན་གྱིན་ཡོད་སྐོར་རེད། སྐད་ཆ་དེར་ཐད་ཀར་མོས་མཐུན་བྱེད་ཐུབ་ཀྱང་བློ་སེང་རང་གི་སྟེང་ལའང་བསམ་བློ་གཏོང་མི་དགོས་པ་མིན། བློ་སེང་གིས་འཇོན་གྱིན་ཡོད་མེད་དེ་རེད། བློ་སེང་བཀའ་ཁྲིར་བསྡད་པ་ཡིན་ན་དེའི་རིང་ལ་ད་ལྟའི་བཙན་བྱོལ་བོད་མིའི་གཅིག་སྒྲིལ་གྱི་གོང་བུ་དང་འཐབ་རྩོད་ཀྱི་ནུས་པ་དེ། ད་ལྟའི་གནས་སྟངས་ལས་སྡུག་ཏུ་སོང་བ་ཡིན་ན། རྒྱ་གཞུང་གིས་བཤད་པའི་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་དེར་བཙན་བྱོལ་བོད་མི་ཚོ་འཐོར་རྒྱུ་ཡིན་པའི་ཚོད་དཔག་དེར་ར་སྤྲོད་བྱ་རྒྱུ་ལས་མ་འདས།
བློ་སེང་གི་སྐད་ཆ་གཞན་ཞིག་ནི་མཐུན་སྒྲིལ་རེད། ཕོ་མོ་དབྱེ་མེད། སྐྱ་སེར་རེས་མེད། ཆོལ་ཁ་རེས་མེད། རྒན་གཞོན་རེས་མེད། ཆོས་བརྒྱུད་རེས་མེད། གསར་རྙིང་རེས་མེད་བཅས་རེད། འདི་དག་ཚང་མའི་མཐུས་ཚབ་ཅིག་འཛིན་སྐྱོང་གི་ནང་བྱུང་ན། བོད་མི་ཚོ་མཐུན་སྒྲིལ་ཡོང་གི་ཡོད་པའི་བཟོ་འདྲ་བོ་ཤོད་ཀྱིན་འདུག་ཅིང་། ཁམས་པའི་མིའི་མགོར་སྡོད་མཁན་ཁམས་པ་ཞིག་དང་དབུས་པའི་མགོར་སྡོད་མཁན་དབུས་པ་ཞིག་དགོས་པ་དེ་རེད། འདི་འདྲའི་མཐུན་སྒྲིལ་སྐོར་ལ་བསམ་བློ་གཏོང་སྟངས་འདིས་ལས་ཀ་བྱེད་ཐུབ་མིན་ཐེ་ཚོམ་རེད། དོན་དམ་གྱི་མཐུན་སྒྲིལ་ཡོང་ཐབས་དང་མཐུན་སྒྲིལ་གྱི་གནད་འགག་ནི་མགོ་ན་སྡོད་མཁན་ཆོལ་ཁ་དང་ཆོས་ལུགས་གང་ཞིག་ཡིན་མིན་དང་། ཆོལ་ཁ་དེ་དང་ཆོས་ལུགས་དེའི་འཐུས་ཚབ་ཡོད་མེད་ལ་རག་ལས་པ་ཞིག་མིན། མི་སུ་ཞིག་ཡིན་ནའང་ཕྱོགས་རེས་མེད་པར་དྲང་བོ་དྲང་བཞག་གིས་ཡོངས་ཁྱབ་ཀྱི་རྣམ་པ་ལྡན་ཞིང་ཕྱི་གསལ་ནང་གསལ་གྱི་ལས་ཀ་བྱེད་རྒྱུ་དེ་རེད།
མི་རྣམས་ཀྱི་འདྲི་བ་ཞིག་ནི་བློ་སེང་ལ་ལས་ཀ་བྱས་པའི་ཉམས་མྱོང་གི་སྐོར་རེད། ཁོང་ལ་ཉམས་མྱོང་ཡོད་མེད་ཀྱི་འདྲི་བ་དྲིས་ཚད་ལ་ངས་ཤེས་ཀྱི་ཡོད་ཟེར་ནས་ལན་རྐྱང་རྐྱང་རྒྱག་གི་འདུག་ཀྱང་། ཤེས་ཡོན་ནི་སྦྱངས་ནས་ཡོང་བ་ཞིག་རེད་ལ་ཉམས་མྱོང་ནི་སྤྱི་ཚོགས་ལས་རྙེད་དགོས་པ་ཞིག་རེད། དོན་དངོས་ཐོག་བློ་སེང་ལ་ད་བར་ཁ་མར་འཁོར་ནས་དེབ་ལས་རྙེད་པའི་ཤེས་ཡོན་དག་ཚོགས་ཐོག་ནས་བསྒྲགས་བསྡད་པ་ལས། བོད་པའི་སྤྱི་ཚོགས་སུ་དངོས་སུ་འདྲེས་གཤིབ་ཀྱིས་ཐབས་མཁས་བསྟུན་མཁས་ཀྱིས་ལས་དོན་སྒྲུབ་པའི་ཉམས་མྱོང་དང་། སྤྱི་ཚོགས་ཀྱིས་ཚུར་ཁོ་ལ་སྤྲད་པའི་འགྲོ་སྟངས་ཀྱི་ལམ་ཁ་དེ་ཁོའི་ཐོག་ལ་ད་དུང་བྱུང་མེད། དེ་གཉིས་ཆ་ལས་ཀ་བྱེད་མཁན་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་གཉིས་རེད་ལ། གང་གལ་ཆེ་མིན་གྱི་ཁྱད་པར་མེད་ལ་གཉིས་ཆ་ཕུན་སུམ་ཚོགས་པོ་མ་བྱུང་ན་ཡང་གང་འཚམས་ཡོད་དགོས་པ་རེད།
བསམ་གཞིག་གི་སྐད་ཆ་གཞན་ཞིག་བཤད་ན། དེ་སྔོན་བྱང་ཨ་རིའི་བོད་རིགས་ཚོས་བློ་སེང་སྤྱི་འཐུས་ལ་འདེམས་པ་བཞིན་སྐབས་བཅུ་བཞི་བའི་སྤྱི་འཐུས་གནང་ཡོད་ན། ད་ལྟ་བཀའ་ཁྲི་ལ་ལངས་པ་དེར་བཤད་འདུག་ཉུང་བ་དང་བཀའ་ཁྲི་ཐོབ་པར་སྟབས་བདེ་ཆགས་ཡོད་སྲིད། ཡང་གཅིག་བཤད་ན་སྐབས་བཅུ་བཞི་བའི་སྤྱི་འཐུས་ཚོགས་དུས་བརྒྱད་པའི་སྐབས་སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་དཔུང་བསྒྲིགས་ཏེ་ཕྱི་ལ་ཐོན་པའི་རྐྱེན་གྱིས་གྲོས་ཚོགས་འཚོགས་ཐུབ་མེད། ཕྱི་ལ་ཐོན་མཁན་ཚོའི་གྲས་སུ་བློ་སེང་ཡང་ཡོད་སྲིད་དམ།
མཇུག་ཏུ་ཞུ་རྒྱུ། ཁོང་གི་མིང་ཐོག་ནས་བོད་ཀྱི་དུས་བབ་ཏུ་སྤེལ་བའི་རྩོམ་ཡིག་འགའི་ཐད་ནས་ཁོང་གི་བོད་ཡིག་གི་ཤེས་ཚད་སྐོར་དང་། རྒྱ་ནག་གི་ཨོ་བྷ་མ་དང་ཆབ་སྲིད་ཀྱི་ལངས་ཕྱོགས།ཁོང་གིས་༼ང་གཅིག་པུ་ཡིན་ནའང་དཔུང་བསྒྲིགས་པ་ཡོང་བ་ཡིན།༽ཞེས་བཤད་པ་བཅས་ཀྱི་སྐོར་བོད་དབྱིན་གཉིས་ཀྱི་ནང་དུ་གླེང་སློང་མང་ཙམ་བྱས་ཟིན་པས་འདིར་ཅང་སྨྲས་མེད་དོ།།
ཡ་གྲོགས་པོ་རྣམས།། དྲྭ་ངོས་འདིར་ཡོད་པའི་མི་རྣམས་ཀྱིས་བཤད་སྟངས་ལ་ལྟོས་དང་།
ཕྱོགས་ལྷུང་མ་གཏོགས་གཞན་མི་འདུག་། ང་ཚོས་སྐྱོན་མེད་པའི་མི་ཞིག་བཀའ་ཁྲི་ལ་རག་
ཐབས་མེད། དྲྭ་གྲོགས་ཁག་ལ་མི་སྐྱོན་མེད་ཞིག་བཀའ་ཁྲིར་བསམ་ན་། འཛམ་གླིང་འདི་ནས་
མི་རག་ཐག་ཆོད་རེད་། དེ་ལས་ཁ་གཞན་དུ་རྒྱུར་ན་བཟང་།
http://www.khabdha.org/?p=15455
༡༽ BBC ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༠ གི་ཆུ་ཚོད་ ༡༠ སྐར་མ་ ༡༥
བློ་བཟང་སེང་གེ་མཆོག་ལ་དྲི་བ་ཡོད།
ཟླ་འདིའི་ཚེས་༡༥ ཉིན་དགོང་མོ་ཝ་ར་ཎ་སིར་བོད་ཀྱི་དགུ་བཅུ་གསུམ་དང༌། ཐང་སྟོང་གླུ་གར་ཚོགས་པའི་གོ་སྒྲིག་འོག་བློ་བཟང་སེང་གེ་ལགས་སུ་འོས་འགུག་ དགོང་ཚོགས་ཤིག་སྤེལ་འདུག
ཐོག་མར་དགུ་བཅུ་གསུམ་གྱི་ ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ཐང་སྟོང་གླུ་ གར་ཚོགས་པ་གཉིས་ཟུང་འབྲེལ་གྱི་མིང་ཐོག་ནས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ ལགས་ངོ་སྤྲོད་བྱས་འདུག སྐབས་དེར་བློ་བཟང་སེང་གེ་ལགས་ནས་བཤད་དོན།
འོས་མི་གཞན་གཉིས་ནི་བཀའ་ ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་གཉིས་རེད། ངས་ཁོང་གཉིས་མཉམ་དུ་ལོ་ཉི་ཤུའི་རིང་ལས་ཀ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་བྱས་ པ་ཡིན། ཁོང་གཉིས་ལ་རྒྱུས་ཡོད་ལ་གུས་ཞབས་ཀྱང་ཡོད། ཅེས་བཤད་འདུག གོང་དུ་བློ་བཟང་སེང་གེ་ལགས་ཀྱིས་གསུངས་པའི་བཀའ་མོལ་འདི་བདེན་པ་ཡིན་ནམ། ལས་ཀ་མཉམ་དུ་བྱས་པ་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ།
ངོ་ཤེས་པ་རྒྱུ་མཚན་དུ་ བྱས་ནས་ལོ་ཉི་བཤུ་ལས་ཀ་མཉམ་དུ་བྱས་པ་ཡིན་གསུང་གི་ཡོད་དམ། ང་ཚོ་བླུན་པོ་ཡིན་ཙང་སྐད་ཆའི་ནང་དོན་ཧ་གོ་གི་མི་འདུག ཁྱེད་རང་མཁས་དབང་སོང་ཙང་གསལ་བཤད་ཅིག་གནང་རོགས། ལོ་ཉི་ཤུ་དེ་དུས་ཚོད་གང་ནས་གང་བར་ཡིན། བོད་ནས་ཕེབས་པའི་ཆོས་ཞུ་བ་ཉིས་སྟོང་མ་ཟིན་ཙམ་གྱི་མདུན་ཞལ་རྫུན་གནང་མེད་པའི་ རེ་བ་ཡོད།
ཡང་རྒྱལ་ས་ལྡི་ལིརོ་ཧི་ ནིའི་ཀུན་ཕན་ཚོགས་ཁང་དུ་བོད་ཀྱི་མཐོ་རིམ་སློབ་ཕྲུག་ཚོར་ཕྱི་ལོ ༢༠༡༡ ཟླ ༠༡ ཚེས་༡༨གཏམ་བཤད་གནང་བར་ཕེབས་སྐབས་སློབ་མ་ཞིག་ནས་དྲི་བ་འདི་འདྲ་ཞིག་དྲིས་འདུག བློ་བཟང་སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་ གནས་དགོས་ལ་ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་ བམ་ཞེས་པའི་བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར། ལན་དུ། ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད། ཡང་གཅིག་བཤད་ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་ རྩོད་ལེན་བྱེད་དགོས་ཞེས་ཐོག་མར་༸གོང་ས་མཆོག་གིས་གསུངས་པ་མ་རེད་དམ་ཟེར། བརྟགས་ཤིང་དཔྱད་པའི་ཚེ་ན་ཁོང་གིས་ཞལ་ནས་གསུངས་མེད་ཅེས་བཤད་ཀྱང་དོན་ལ་ཁས་ བླངས་པ་མ་ཟད་༸གོང་ས་མཆོག་ལ་ལག་པ་འཕྱིས་འདུག གལ་སྲིད་ཁོང་གིས་བཤད་མེད་ན་༸གོང་ས་མཆོག་ལག་པ་འཕྱི་དགོས་དོན་རྩ་བ་ནས་ཡོད་པ་ རེད། འོ་ན་ཕྱི་ལོ་༢༠༠༨་ཟླ་༡༠་ཚེས་༢༧ ཉིན་(Woodrow Wilson Center, a think-tank in Washington DC,) རུ་བཤད་པའི་གཤམ་གྱི་སྐད་ཆ་དུམ་བུ་འདི་སུས་བཤད་པར་ཆ་འཇོག་དགོས་པ་རས། གང་ལྟར་ང་ཚོ་ཡང་མི་ཡིན། གླེན་པ་གླེན་ནག་མིན། ལན་དྲང་པོ་སྐྱོན་རོགས་གནང་། རྫུན་ལ་ཕུགས་མེད་པ་མཁྱེན་དགོས།
“I thought maybe I can relate Tibet to Obama… So 60 years after Tibet was occupied by China, America is on the verge of electing an African-American president. Look at the, what you call, situation in Tibet. Now can we ask this question in China: can a Tibetan become the next president of China? Or a premier of China? One could say it’s impossible, right?” གོང་གི་དབྱིན་སྐད་ཐོག་བཤད་པའི་སྐད་ཆ་འདི་སྒྲ་ཐག་ལས་ཕབ་བཤུ་བྱས་པ་ཞིག་རེད། དཔྱད་གཞི་ཡིན།
http://www.khabdha.org/?p=15455
དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།
༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།
དྲ་ཐོག་གི་བོད་མི་ཚོའི་སུ་བཀའ་ཁྲི་འོས་ན་དེ་སྐྱོན་འཛུགས་བྱེད་ཡུལ་གཅིག་ཏུ་མཐོང་ནས་མཐའ་ན་གསལ་བཤད་ཁ་གསལ་གནང་བའི་དོགས་འཆར་ལ་ཤེས་བཞིན་ཆེད་དུ་བོད་རིགས་རྒྱ་ཆེར་མང་ཚོགས་འགོ་བོ་རྨོངས་བའི་ཐབས་ལམ་སྣ་ཚོགས་སྤྱོད་བཞིན་པར་བལྟས་ན་མ་འོངས་པའི་བཀའ་ཁྲི་དེ་དུས་རྟག་ཏུ་བོད་མི་སྤྱི་མཐུས་ཡིན་པ་ཡོངས་གླིང་ཟླ་བ་ཚེ་རིང་འོས་ཤོས་མཐོང་སོང་། རྒྱུ་མཚན་ནི་ཁོང་ལ ༢༠༠༤ ལོར་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པ་ར་སྤྲོད་བྱུང་ཏེ་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པའི་བཅད་ཁྲ་བཏང་ཡོད་པ་རེད། འོན་ཀྱང་ཟླ་བ་ཚེ་རིང་གིས་ཁྲིམས་ལ་དྭང་ལེན་དང་ཉེས་པ་ལ་འགྱོད་བཤགས་བྱ་རྒྱུ་ཕར་ཞོག་བོད་གཞུང་ཁྲིམས་ཞིབ་ཁང་ས་གནས་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་བསྐྱལ་ཡོད་པ་དང་། ལོ་དེ་ནས་བཟུང་བོད་གཞུང་གིས་ཟླ་བ་ཚེ་རིང་གི་ཁ་མཆུ་ཡི་འགྲོ་གྲོན་དོན་དུ་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་འབུམ་ ༢༦ ལྷག་ཞུས་ནས་འགྲོ་སོང་བཏང་གི་ཡོད་པ་རེད།
དེས་ན་དངོས་ཡོད་ལོང་བ་བལྟས་ཀྱང་མཐོང་ཐུབ་པའི་བཙན་བྱོལ་བོད་པའི་དམངས་གཙོ་དེ་འགྲོ་སར་ཁྲིམས་ཡོད་པ་དང་སྐྱོན་འཛུགས་བྱེད་ཡུལ་གཅིག་ཏུ་ཆགས་པ་ལས་སྤྱི་རྒྱུ་སྒེར་བདག་གནང་མཁན་ཟླ་བ་ཚེ་རིང་འདྲ་པོ་ལ་དེ་དག་གནང་རྒྱུ་མེད་པ་ནམ་ཡང་ལོ་རྒྱུས་དཀར་པོ་གཞུང་དྲང་ཐོག་ལ་འགྱུར་བ་འགྲོ་རྒྱུ་མེད་པ་འདི་ཡིན་། ཡིན་ཡང་དྲ་ཐོག་གི་བོད་མི་བྱང་ཆུང་འགས་སྤྱོད་སྟངས་དེས་བཙན་བྱོལ་བོད་བོད་རིགས་མི་མང་གི་ངོ་བོ་མཚོན་མི་ཐུབ་པ་ནི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་ལྟོས།།
དམིགས་བསལ་དུས་བབ་དྲ་ཐོག་གི་བོད་མི་ཚོ་། ཁྱེད་ཚོས་སེམས་ལ་བོད་དོན་ཡོད་ན་སོ་སོའི་གནས་བབ་ཤེས་དགོས།
བློ་གྲོས་རབ་བརྟན་ལགས་ཀྱི་ཟིན་བྲིས་དེ་ལ་ཞིབ་དཔྱད་ལེགས་པར་ཞིག་བྱེད་པ་ཡིན་ན།ལྷག་བསམ་རྣམ་དག་གི་སྒོ་ནས་བོད་སྤྱི་པའི་རྩ་དོན་དང་བོད་མི་རིགས་ལ་ཐུགས་བསམ་ཡག་པོ་ཞིག་བཏང་ནས་ཟིན་བྲིས་སྤེལ་གཞག་པ་ཞིག་གཏན་ནས་རེད་མི་འདུག་པ་ལགས་ན།དེ་ལ་ཡིད་ཆེས་དང་ཆགས་འཇོག་བྱ་འོས་པའི་ཟིན་བྲིས་ཤིག་ཡིན་པ་མཐོང་མ་སོང་།
བཀའ་ཁྲིའི་འོས་མིར་འདོན་མཁན་གྱི་སྒེར་དང་ཚོགས་སྡེ།སྐྱེ་བོ་གང་ཞིག་ལ་ཁྱད་པར་གང་ཡང་མེད་པ་མ་ཚད་མང་གཙོའི་ལམ་ལུགས་ཐོག་སྐྱེ་བོ་སོ་སོའི་ལྟ་བ་དང་ལམ་ཕྱོགས་དང་མཐུན་པའི་འོས་མི་དག་ལ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་རྒྱབ་སྐྱོར་དང་ལས་འགུལ་སྤེལ་ཆོག་པ་ཞིག་ལས་རྒྱབ་འགལ་དུ་སོང་བ་ཞིག་ལ་ངོས་འཛིན་བྱ་རུང་བ་ཞིག་ག་ལ་ཡིན།འོས་མིར་རྒྱབ་སྐྱོར་བྱེད་པ་ཡང་མང་གཙོའི་ལམ་ལུགས་དང་མཐུན་པ་ཞིག་ལས་འགལ་བ་ཞིག་མིན་པ་ནི་ངེས་པར་དུ་ཤེས་དགོས་པ་ཞིག་རེད།འོ་ན་ཁྱེད་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་དག་གི་ལས་འགུལ་གང་ཞིག་སྤེལ་ཡོད་པ་དག་ལས་བཀྲས་མཐོང་ལ་ཡོད་པའི་རྒྱབ་སྐྱོར་མི་སྣ་དག་གིས་ལས་འགུལ་སྤེལ་བཞག་པ་དེ་དག་མིག་གིས་མ་མཐོང་བའི་རྒྱུ་མཚན་དང་བལ་ཡུལ་དུ་ཡོད་པའི་འབྱོར་ལྡན་མི་སྣ་རྒྱལ་ནོར་ཚེ་དབང་ལ་སོགས་པ་ཁག་ཅིག་གིས་རྒྱ་བར་འབྲུག་གསུམ་གྱི་ས་གནས་གང་སར་ལས་འགུལ་སྤེལ་བཞག་པ་དེ་དག་ཐོག་ལ་ཐུགས་སྣང་མེད་དོན་ཅིའི་ཕྱིར་ཡིན་ནམ།
ལས་འགུལ་ལ་གཞོན་སྐྱེས་དང་མི་རབས་གསར་པ་གང་ཡིན་རུང་མང་གཙོའི་ཁྱད་ཆོས་ལམ་ལུགས་དང་མཐུན་པ་ཞིག་ཡིན་པ་ལས་མི་མཐུན་པའི་རྒྱུ་མཚན་སུ་གང་ལ་ཡང་འགྲེལ་བརྗོད་བྱ་རྒྱུ་མེད་པ་ནི་ཚང་མས་ཤེས་གསལ་རེད།དེ་འདྲའི་སོང་ཙམ་ཕྱོགས་སུ་ལྷུང་བ་ཞིག་ག་ལ་ཡིན།
༸གོང་ས་མཆོག་གིས་གསུང་གནང་བའི་ན་གཞོན་དང་དེ་ནང་ནས་བུད་མེད་ཅིག་ཅེས་པ་དེ་ནི།ཤེས་འཇོན་གཉིས་ལྡན་གྱི་བུད་མེད་ཅིག་བྱུང་ན་གསུང་གི་ཡོད་པ་ལས་བུད་མེད་རང་ག་བ་ཞིག་གསུང་གནང་གི་མེད་པ་དེ་ཤེས་དགོས།བོད་མི་མང་གིས་བུད་མེད་ཐོག་དོག་སྣང་མ་བྱས་པ་ཞིག་ག་ལ་ཡིན།སྐབས་གསུམ་པའི་བཀའ་ཁྲིའི་འོས་མིའི་ཐོག་ཤེས་འཇོན་གཉིས་ལྡན་གྱི་བུད་མེད་ཞིག་མཐོང་རྒྱུ་མེད་པའི་རྐྱེན་ལས་བྱུང་བ་ཞིག་རེད།
རྒྱལ་ཁབ་ཁག་གི་སྲིད་བློན་དག་མི་ཐོག་རིམ་བརྒྱུད་ཀྱིས་འབྱུང་གི་ཡོད་པ་རྒྱུ་མཚན་དུ་བགྲང་བ་ཡིན་ན།དེ་དག་ནི་མང་གཙོའི་གཞུང་ལུགས་ཡང་དག་ཞིག་གཏན་ནས་མ་ཡིན།དེ་ནི་སྲིད་དབང་སྒེར་འཛིན་དང་སྒེར་གཅོད་ཞིག་ལ་ངོས་འཛིན་ཞུ་རྒྱུ་ལས་མ་འདས།
སྔོན་འགྲོའི་འོས་བསྡུའི་ཁྲོད་དུ་སྐོར་སྐྱོད་བྱེད་མཁན་མང་ཤོས་བློ་སེང་ཡིན་པ་ཆགས་བཞག་ན་ཡང་།མང་གཙོའི་ལྟ་གྲུབ་ཐོག་འོས་མི་རང་ཉིད་ཀྱི་ལྟ་བ་དང་ལང་ཕྱོགས་སོགས་ཀྱི་འགྲེལ་བརྗོད་ཆེད་དུ་ས་གནས་ཁག་དུ་སྐོར་སྐྱོད་བྱ་ཆོག་པ་ལས་མི་ཆོག་པའི་རྒྱུ་མཚན་ཞིག་མང་གཙོའི་ལམ་དང་ལུགས་སྲོལ་གང་ལ་ཡང་འགྲེལ་བརྗོད་ཞིག་གསལ་མེད་པ་དེ་ཤེས་པར་བྱ་དགོས།ཡིན་ཀྱང་ངས་མཐོང་བ་ནི་བོད་ཀྱི་རྒྱལ་ཡོང་མང་གཙོ་ཚོགས་པས་གོ་སྒྲིག་འོག་ལྷོ་ཕྱོགས་ཀྱི་གདན་ས་ཁག་དང་ས་གནས་གང་སར་བཀྲས་མཐོང་དང་བློ་སེང་གཉིས་ཀར་དུས་མཉམ་ཐོག་གོ་སྐབས་གནང་ཡོད་པ་ཞིག་ལས་བློ་སེང་གཅིག་པོས་ལས་དོན་བསྒྲུབས་བཞག་པ་ཞིག་དང་གོ་སྐབས་རགས་བཞག་པ་ཞིག་མིན་པ་ནི་ཚང་མས་སེམས་ལ་ངེས་ཀྱིན་ཡོད་ཤག་རེད།
༼གདན་སའི་གྲྭ་བ་ཚོ་འོས་བསྡུའི་ནང་དུ་མངོན་སྟངས་དང་ཆ་ཤས་ལེན་སྟངས་དེ་ཚུལ་མཐུན་མིན་པ་དང་ཚད་ལས་བརྒལ་བ་དེས།བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་སྐད་ཤོར་ཡོད་༽ཟེར་བ་དེ་ནི།མང་གཙོའི་ལམ་ལུགས་ཐོག་ལ་རྒྱུ་མཚན་ཡང་དག་ཞིག་གཏན་ནས་མ་ཡིན།རྒྱུ་མཚན་ནི།མང་གཙོའི་ལམ་ལུགས་ཐོག་སྐྱེ་བོ་སུ་ཡང་རུང་བར་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་ཐོབ་ཐང་ཡོད་པ་དེ་ཧ་གོ་དགོས་པ་དེ་གལ་གནད་ཆེ།དེ་ཡང་མང་གཙོ་ཞེས་པ་ནི།མི་མང་གི་དབང་སྒྱུར་བྱེད་པའི་གཞུང་ཞིག་ཡིན་པ་དང་ཆབ་སྲིད་དང་སྲིད་དབང་མི་མང་གིས་ཁ་ལོ་སྒྱུར་དབང་ཡོད་པ་ཞིག་ཡིན་པ་སོང་ཙམ་གདན་སའི་གྲྭ་པ་ཚོས་སོ་སོའི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ནས་སོ་སོ་རང་ཉིད་དང་ལྟ་བ་དང་ལངས་ཕྱོགས་མཐུན་པའི་མི་སྣ་ཞིག་འོས་འདེམས་བྱེད་བཞག་པ་དེ་མང་གཙོའི་ལྟ་གྲུབ་དང་འགལ་བ་ཞིག་ག་ལ་ཡིན།མཁས་དབང་ཟམ་གདོང་རིན་པོ་ཆེའི་གནད་དོན་གང་ཞིག་གི་ཐོག་གསུང་ཡིན་མིན་གསལ་ཁ་གང་ཡང་བསྟོན་མེད་པ་དེ་ཚང་མས་ཤེས་གསལ་རེད།གལ་སྲིད་བཀའ་ཁྲིའི་འོས་འདེམས་དང་འགྲེལ་བའི་ཐོག་གསུང་གི་ཡོད་པ་ཡིན་ན།རིན་པོ་ཆེའི་མང་གཙོའི་ལམ་ལུགས་དང་རྒྱབ་འགལ་དུ་སོང་བའི་གསུང་བཤད་ཅིག་ཡིན་པ་ལས་ལུགས་དང་མཐུན་པའི་གསུང་བཤད་ཅིག་ངོས་འཛིན་བྱ་མི་ཐུབ།མ་ཚད་རིན་པོ་ཆེ་ཁོང་ཡང་བཀའ་ཤག་སྐབས་གཉིས་རིང་འོས་འདེམས་བྱས་སྐབས་མང་ཚོགས་བརྒྱ་ཆ་བརྒྱད་ཅུ་དང་དགུ་བཅུའི་མང་མོས་ཐོབ་པ་དེ་ཡང་མང་གཙོའི་ལམ་ལུགས་དང་མི་མཐུན་པ་ཞིག་ཡིན་པ་ལས་མཐུན་པ་ཞིག་ལ་ངོས་འཛིན་བྱ་མི་ཐུབ།དེ་འདྲ་སོང་ཙམ་ཁོང་ཡང་གཟི་བརྗིད་ལྡན་པའི་བཀའ་ཁྲི་ཞིག་ལ་ངོས་འཛིན་བྱ་ག་ལ་འོས།རྒྱུ་མཚན་ནི།རིན་པོ་ཆེ་ཁོང་གི་སྐབས་སུ་མང་གཙོའི་ལུགས་དང་མཐུན་པ་ཞིག་དང་།ད་ལྟའི་སྐབས་ལུགས་དང་མི་མཐུན་པའི་རྒྱུ་མཚན་ཡང་དག་ཞིག་བསྟོན་རྒྱུ་ཞིག་མེད་པ་ནི་གསལ་པོ་རེད།ངས་བལྟས་པ་ཡིན་ན།རིན་པོ་ཆེའི་གསུང་དེ་ནི།སྐབས་གསུམ་པའི་བཀའ་ཁྲིའི་འོས་འདེམས་དང་འབྲེལ་བའི་གསུང་བཤད་ཅིག་ལ་ངོས་འཛིན་རྒྱུ་མེད།རྒྱུ་མཚན་ནི་ཁོང་ནི་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་ཞིག་ཡིན་པ་མ་ཚད་མང་གཙོའི་ལམ་ལུགས་ཐོག་ལ་བརྩི་འཇོག་ཞུ་མཁན་ཞིག་རེད།
འགྲེལ་བརྗོད་རེ་རེ་བཞིན་བྱེད་མ་དགོས་པའི་ཐོག་ནས་དེ་ཙམ་ཡིན།
དེ་དོན་ཚང་མས་ཞིབ་དཔྱད་ལེགས་པར་ཞིག་བྱེད་པ་ཡིན་ན་ཞེན་ཁོག་དང་ཕྱོགས་ལྷུང་ཁོ་ན་ལས་དངོས་ཡོད་དང་དྲང་བདེན་ལ་ཁ་ཕྱོགས་ནས་ཟིན་བྲིས་ཤིག་སྤེལ་གཞག་པ་ཞིག་ལ་ངོས་འཛིན་ཐབས་མེད་པ་ནི་ཚང་མས་ཧ་གོ་དོན་གསལ་རེད།དེ་དོན་དགོངས་འཇགས་ཞུ།
ཧམ་པ་དང་གཡོ་སྒྱུར་བྱང་ཆུབ་པའི་དགྱ་ནག་གི་འགོ་ཁྲིད་འདས་པོ་མའོ་ཡིས་མངོན་སུམ་འཛེམས་མེད་ཀྱི་ཧམ་བཤད་༼རྫུན་གཏམ་གཅིག་ཚར་བརྒྱ་ཙམ་བསྐྱར་ཟློས་བྱས་ན་བདེན་པ་ཆགས་ཀྱི་རེད།༽ཞེས་པ་དེ་བདེན་པར་འཛིན་མཁན་སྒོར་མོའི་ཆེད་དུ་རང་གི་མི་གཤིས་སོགས་ཡོད་ཚད་རྒྱབ་ཏུ་གཡུག་མཁན་ཚོ་སྒོར་མོ་ནི་ཐམས་ཅན་མ་རེད་ཞེས་པའི་ལེགས་ལ་བསམ་བློ་ཞིག་གཏོང་རན་སྙམ། སྤྱིར་མི་སྤྱོད་དང་བྲལ་ཞིང་མི་རིགས་ཀྱི་ལ་རྒྱ་མེད་པའི་ཅོལ་ཆུང་དེ་ཚོའི་མཆན་གྱི་ནང་དོན་ནས་གཡོ་རྫུན་གྱི་དྲི་ངན་ཁ་དང་སྣ་སོགས་པ་བཀབ་དགོས་པའི་དྲི་ངན་ཞིག་བྲོ་ཡོང་གི་འདུག ཕྱོགས་རིས་གདོན་གྱིས་བསླུས་པའི་མགྲིན་བཟང་ཚོ་གསེར་ས་འོག་ཏུ་གནས་ཀྱང་འོད་ནམ་མཁར་ཁྱབ་བཞིན་མཆིས་སོ།
བཀའ་ཁྲིའི་འོས་མི་གསུམ་པོའི་སྐོར་ལ་ང་ཚོས་དོགས་དྲི་བྱས་ཆོག་ཀྱང་དོན་མེད་རྫུན་གཏམ་རིགས་མི་སྤེལ་ན་མི་བཟང་སྙམ། ཁོང་ཚོའི་འདས་སོང་གི་བྱ་བའི་ནང་དྲང་བདེན་མིན་པ་བྱུང་ཡོད་ན་དཔང་རྟགས་ཤིག་སྟོན་རྒྱུ་ན་ང་ཚོས་དེ་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། འོན་ཀྱང་དྲང་བདེན་དཔང་རྟགས་རྟ་རྔ་ལྟ་བུ་ཞིག་ཀྱང་སྟོན་རྒྱུ་མེད་པར་དྲ་ནང་དུ་རྫུན་གཏམ་ཁྱི་སྤྱང་ངུ་ངུ་བྱས་ནས་ཅི་ལ་ཕན།
དེ་ལྟར་ནའང་ད་དུང་ངོ་ཚ་ཁྲེལ་མེད་ཀྱིས་རྫུན་བསྒྲིགས་ཀྱི་འབོད་སྒྲ་རྒྱུན་གཅོད་མི་ཐུབ་པ་ནི། སྒོར་མོས་བསླུས་པའི་གཡོ་ཅན་ཚོའི་ལྷན་སྐྱེས་ཀྱི་གཤིས་ལུགས་ཤིག་རེད་སྙམ།
དེང་སྐབས་མང་པོ་ཞིག་གིས་བཀྲས་མཐོང་གིས་གཞུང་དངུལ་སྒེར་སྤྱོད་བྱས་པའི་སྐོར་བཤད་དུས་སྒོར་འབུམ་དགུ་མ་གཏོགས་ཤེས་ཀྱི་མི་འདུག་ཀྱང་དོན་དངོས་ཐོག་སྒོར་འབུམ་༧༠༠རེད་འདུག་པ་མ་ཟད།
དེས་མ་ཚད་པའི་གཞུང་དངུལ་མང་པོ་བཟོས་འདུག་པ་ནི་འདི་ལྟར་རེད།
གཅིག
དོན་དངོས་པོ་དེ་ནི་ཁོང་གིས་དེ་སྔོན་དགེ་གཤེས་དབང་རྒྱལ་གྱིས་དོན་གཅོད་ཁང་འཛུགས་པའི་སླད་དུ་གཞུང་ལ་ཕུལ་བའི་ཨ་རི་ན་ཡོད་པའི་ཁང་བ་དེ་ཚོང་ནས་རིན་བབ་ཆ་ཚང་བཟོས་ཡོད་པ་རེད།
ཡང་དོན་གཅོད་ཁང་རྒྱག་པའི་སླད་དུ་ཞལ་འདེབས་སློང་ནས་ཨ་སྒོར་ག་ཚད་རག་ཡོད་པ་ཚང་མ་ལ་རྩིས་ཁྲ་གཏན་ནས་མེད་པར་བྱས་ཡོད།
གཉིས།
ཐེ་ཝན་གསར་འགོད་པ་ཏིས་ཏིས་ཟེར་བ་བརྒྱུད་ཐེ་ཝན་ན་གསང་མིང་དངུལ་འཛིན་བཟོས་ནས་དངུལ་མང་པོ་ཞིག་བོད་གཞུང་གིས་ལེན་པ་ཡིན་མདོག་གིས་བོད་སོག་ལས་ཁུང་ནས་བླངས་ཏེ་ཨ་རིར་བཏང་ནས་སྒེར་གྱི་ཁང་བ་ཉོས་ཡོད་པ་རེད།
གསུམ།
ཨ་རི་བ་མེ་ཀོལ་ཟེར་བ་ཞིག་གིས་དྲིལ་བསྒྲགས་དང་བདེ་སྲུང་གི་སླད་དུ་བཏང་པའི་ཨ་སྒོར་འབུམ་གཅིག་དེ་ཡང་ཁོ་རང་གི་བཟོས་པ་རེད།
བཞི་བ།
ལ་དྭགས་ན་ར་ཡི་ཁ་ལོའི་ཚོང་རྒྱབ་སྐབས་༧་གོང་ས་མཆོག་གིས་བཀའ་ཡིན་ཟེར་ནས་མི་མང་མགོ་སྐོར་བཏང་ནས་རིན་བབ་ཧིན་སྒོར་འབུམ་༤༥་ལོན་པ་རྣམས་ཁོ་རང་གི་བཟས་པ་རེད།
ལྔ་བ།
གྲོས་ཚོགས་ནང་བརྡ་དེད་བྱས་དུས་ནང་སྲིད་ནས་ལ་དྭགས་མི་མང་ལ་སྐྱོབ་གསོ་སྒོར་འབུམ་༡༠་བཏང་ཡོད་པ་རྣམས་སྒེར་གྱི་འངུལ་འཛིན་ཐོག་བསྒྱུར་ནས་ཁོ་རང་གི་བེད་སྤྱད་པ་རེད།
དྲུག་པ།
༧གོང་ས་མཆོག་གི་མཚན་ཐོག་ནས་ཉི་ཧོང་ནས་འངུལ་འཛིན་ཁག་ལྔའི་ནང་ཧིན་སྒོར་འབུམ་༥༤་ལྷག་འབྱོར་བ་དེ་ཡང་ཁོ་རང་གི་བཟས་པ་རེད།
བདུན་པ།
ཁོ་རང་དཔལ་འབྱོར་བཀའ་བློན་བྱེད་སྐབས་སྒོར་འབུམ་༧༠༠རྩིས་ཆད་བྱུང་ཡོད།
དེ་ལྟར་ཁོ་རང་གི་མི་ཚེ་གཅིག་གི་གཟའ་ཟླ་ཡང་ཕྱི་རྒྱལ་བ་ཡིན་པས་ཁོས་བུ་ཕྲུག་རྣམས་ཀྱིས་བོད་སྐད་ཤེས་གི་མེད་པ་རེད།
དེ་ལྟ་བུའི་མི་ཞིག་ང་ཚོ་བོད་ཀྱི་བཀའ་བློན་ཁྲི་བ་ལ་ཐོན་པ་ཡིན་ན་བོད་ཀྱིས་བསོད་ནམས་རྫོགས་ཚར་བ་མ་རེད་དམ།
སྐུ་ཚེ་རིང་།
ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་་་ཨ་ཨ་ཨ་ཨ་ཨ་ཨ་ད་ག་རེ་བྱེད་དགོས་རེད།
ད་དུང་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་ངོ་མ་གང་དྲན་གི་ཡོད་ན་བསམ་གི།
ཆང་རང་གིས་འཐུངས་་དུས་ར་གཟི་།
གཞན་གྱིས་འཐུངས་དུས་མིག་མཚར་བའི་།
དྲ་གྲོགས་རྣམས་ལ་ཞུ་རྒྱུ་ནི་།
ཨ་མའི་བུ་ལ་འཇོན་ཐང་ཡོད་ན་བཀའ་ཁྲིའི་གསེར་ཁྲི་བདག་པོ་མེད་ཟེར་བ་དངོས་བདེན་རང་རེད་།དཔེར་ན་ཨ་མའི་ལ་ཤེས་འཇོན་ཡོད་དུས་དྲ་རྒྱ་ཐབ་བཅད་བློ་སེང་ཁེངས་ཧཧཧོ་།རྩེད་མོ་ཡིན་།
སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་མ་འོང་བཀའ་ཁྲི་སླེབས་མིན་ཁྱེད་པ་གང་ཡང་མི་འདུག་།ཡིན་ན་ཀླད་སྟོང་སྨྱུག་འཛིན་པ་འགའ་ཞིག་གིས་ཧམ་བཤད་དང་རྫོན་ཆེན་གྱིས་མ་ཉེས་སྐྱོན་འཛུག་སོགས་བྱེད་པ་ནི་ཧ་ཅང་བློ་ཕམ་རེད་།དཔེར་ན་དྲ་གྲོགས་འགའ་ཞིག་གིས་བློ་སེང་གི་བཀའ་བློན་ཁྲི་པའི་རྐུག་སྟེགས་མ་རེག་ན་།འོག་གི་བཀའ་བློན་གྱི་ལས་འགན་འཁུར་རྩིས་མེད་གསུང་སོང་ཟེར་བ་སྐྱོན་འཛུག་གནང་པ་ནི་ཧམ་བཤད་དང་ཕྱོགས་རིས་ཐེན་གྱིས་མྱོག་གླེང་ཙམ་ལས་དྲང་བདེན་གྱི་བསམ་ཚུལ་ག་ལ་ཡིན་།
གུས་པས་རེ་འདུན་ནི་རྣམ་དཔྱོད་ཅན་གྱིས་སྨྱུག་འཛིན་པ་ཞིག་ཡིན་ན་དྲང་བདེན་གྱི་ཕྱོགས་སུ་ལང་ནས་བདེན་པ་ལ་རྒྱབ་སྐྱོར་དང་རྫུན་མའི་རྫུན་རྐུབ་བརྟོལ་དགོས་པ་ནི་ཤིན་དུ་གལ་ཆེའོ།
ལྷན་རྒྱས་ཀྱིས་གུས་མོའི་མཆན་ལ་དོ་སྣང་གནང་པ་ཐུགས་རྗེ་ཆེ། གུས་སྙན་ཞུ་དེ་གསར་པ་མ་རེད། ཁ་སང་སྔོན་མ་དུས་བབས་དྲ་ཐོག་བསམ་ཚུལ་ཤོད་ས་ལ་བཏང་པ་ཡིན་ཀྱང་། བཀོད་གནང་མ་སོང་། རྒྱུ་མཚན་ཞིག་བརྟན་བརྟན་ཡོད་ཀྱི་རེད། སོང་ཙང་གུས་མོས་སྐུ་ཞོགས་ཚོགས་བདག་ལགས་ཀྱི་ཡིག་ཟམ་དུ་ཕུལ་པ་ཡིན་ཀྱང་ཡ་ལན་བྱེད་མཁན་མ་བྱུང་། བྱས་ཙང་ཁེ་ས་ཡང་སྐྱར་མཆན་དེ་བཏང་པ་ཡིན།
རྡོག་རྡོག་ཞུས་ན། གུས་མོའི་སྐད་ཆ་ཁག་ལ་ལྷན་རྒྱས་ཀྱིས་ཡིད་ཆེས་གནང་དགོས་དོན་ཡོད་མ་རེད། དེ་འདྲའི་འབོད་སྐུལ་ཞུ་འདོད་ཀྱང་མེད། རྩ་བ་ལྷན་རྒྱས་རང་ངོས་ནས་ཞིབ་འཇུག་གནང་རྒྱུ་གལ་ཆེ་ཤོས་དེ་རེད། མིའི་སྐད་ཆ་རེ་རེ་ལ་འཁོར་དང་གློག་བརྙན་རག་ཐབས་ཡོད་མ་རེད་ལ། དེ་འདྲ་སྟོན་རྩིས་ཀྱང་མེད། ཡིན་ནའི་དེང་སང་གི་དྲ་གནས་དང་། ཞལ་པར། ཏར་ཕྲིན་སོགས་ཆ་རྐྱེན་ཡག་པོ་ཡོད་ཙང་རྩད་གཅོད་བཏང་མ་ཐུབ་པ་ཡོང་གི་མ་རེད།
གུས་མོས་བཤད་པའི་སྐད་ཆ་དེ་ཚོ་ལ་ཁུངས་ལུང་རྒྱུ་མཚན་མེད་ན་ཡང་སྐྱར་དྲ་ཐོག་ལ་རྩ་ནས་ཡོང་གི་མིན། དེ་མིན་མནའ་སྐྱེལ་རྒྱུ་དེ་འདྲ་ང་རའི་གཤིས་ཀ་ལ་མེད་ཙང་བྱེད་ཐུབ་ས་མ་རེད།
མཆན་འགོད་བྱེད་པར་དོན་གང་ལ་རྟེན་ནས་གཤེར་གྱི་ཡོད་པ་ཤེས་ཐུབ་ཀྱི་མི་འདུག མཆན་ཞིབ་འཇུག་པས་ཁོང་གི་ངོ་ཤེས་ཚོའི་མཆན་མ་གཏོགས་མི་འཇུག་པ་ཡིན་ནམ་ དྲ་རྒྱ་འདིར་མཆན་འགོད་རྒྱུར་ཧ་ཅང་དཀའ་ངལ་འདུག་པས་བློ་ཕམ་ཡོད། ཕྲན་གྱི་མཆན་ད་ལྟ་ནས་ཆུ་ཚོད་བཞི་ཙམ་སྔོན་དུ་བཅུག་པ་དེ་ཐོན་མི་འདུག་པས་བསྐྱར་ནས་འཇུག་ཐབས་ཞུ་རྒྱུ་ཡིན། མ་འོངས་པར་མཆན་རྣམས་ཁ་བརྡའི་དྲ་རྒྱ་ནང་འཇུག་ན་ལེགས་པར་བསམས།
སྤྱིར་བཏང་བློ་སེང་ལགས་དབྱངས་ཅན་སྒྲོལ་དཀར་གྱིས་གསུངས་པ་བཞིན་ངས་ཀྱང་སྐབས་འཚོལ་བ་ཞིག་ཏུ་སྣང་བ་ཙམ་དུ་མ་ཟད་ཁོང་གིས་བགྲོ་གླེང་གང་སར་བཀའ་བློན་ཁྲི་པ་དེ་སྐབས་དང་དུས་ལ་གོ་སྐབས་བཟུང་ནས་ཁེ་ཕན་བླང་ཐུབ་མཁན་ཞིག་དགོས་གསུངས་གནང་སོང་། ཡིན་ནའང་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་ཁོང་ལ་འོས་གནང་འདོད་མེད་པའི་རྒྱུ་མཚན་དེ་དག་ཀློག་སྐབས་བློ་སེང་གི་སྐྱོན་དེ་དག་དབྱངས་ཅན་ལགས་ཀྱིས་སྔོན་མ་ནས་ཤེས་ཀྱི་ཡོད་པ་ལྟ་བུར་གསུངས་འདུག ཡང་ཁོང་གིས་དུམ་མཚམས་དང་པོའི་ནང་དུ ༼ངས་སྔོན་འགྲོའི་འོས་ཤོག་བློ་བཟང་སེང་གེ་ལགས་ལ་ཕུལ་པ་ཡིན། རྒྱུ་མཚན་དང་ཐོག་ཁོང་ལ་རྒྱུས་མངའ་དེ་ཙམ་མེད་༽ ཅེས་གསུངས་འདུག་པས་ཁོང་གིས་རྒྱུ་མཚན་བཀོད་སྟངས་ལ་བལྟས་ན་དབྱངས་ཅན་ལགས་ནི་རང་རྒྱུད་དྲང་པོ་རང་ཡོད་པའི་བཟོ་མི་འདུག ཕལ་ཆེར་ཆུ་སྒང་ནང་འཁྲུག་གི་ན་ཚ་ཅན་ཞིག་མིན་ན་སྙམ། སྐབས་འདིར་རང་ཅག་ཚང་མས་ཕྱོགས་ལྷུང་མ་གནང་བར་འོས་དབང་བེད་སྤྱོད་གནང་དགོས་པ་གལ་ཆེ་བ་ཡིན། ཕྲན་རང་གི་ཉམས་ཞིབ་ནང་དུའང་དབྱངས་ཅན་ལགས་ཀྱིས་གསུངས་པའི་རྒྱུ་མཚན་དང་མཐུན་གྱི་འདུག་ན་ངའི་འོས་ཤོག་བེད་སྤྱོད་གཏོང་བའི་སྔོན་དུ་གཟབ་གཟབ་བྱེད་དགོས་པ་ཞིག་དངོས་གནས་ཆགས་ཀྱི་འདུག བཀྲིས་བདེ་ལེགས།
བློ་སེང་གི་གདོང་རིས་ངོ་མ་དང་འཆལ་པོ་རྐུབ་ཀྱོ་ག་གི་རྗེས་ཤུལ། དབྱངས་ཅན་སྒྲོལ་དཀར་ཞེས་པས་དག་འབུད་བྱས་པ་ལྟར་ན།
དང་པོ། ཁོང་ནས་ཕྱི་རྒྱལ་པ་ཚོ་ལ་བོད་ཀྱི་གནས་སྟངས་ཤོད་དུས་དགོན་པ་དང་གྲྭ་བཙུན་ཚོ་ལ་སྨད་ར་མང་པོ་གཏོང་གི་འདུག ཁོང་ཚོས་ལོ་རྒྱུས་ཐོག་བོད་ལ་གནོད་བསྐྱལ་པ་དང་། ད་ལྟ་མང་གཙོའི་ལམ་དུ་འགྲོ་རྒྱུ་ལ་གནོད་སྐྱེལ་ཀྱི་ཡོད་སྐོར་མང་པོ་ཤོད་ཀྱི་འདུག་ཟེར། འདི་དངོས་གནས་ཡིན་ན་ཧ་ཅང་གི་རྫབ་ཅན་ཞིག་རེད། བོད་ཀྱི་གྲྭ་བཙུན་རྣམས་ལོ་རྒྱུས་ཀྱི་ཉེས་ཅན་པ་དང་། དམངས་གཙོའི་བཀག་རྡོ་ཆགས་འདུག གྲྭ་བཙུན་ཞེས་པའི་ཁོངས་སུ་༸གོང་ས་མཆོག་ཀྱང་ཚུད་ཡོད། འདི་ངོས་ལེན་བྱ་ཐབས་མེད། དེ་འདྲ་སོང་ཙང་ཁོས་ཕྱི་རྒྱལ་བའི་མདུན་གྲྭ་བཙུན་ལ་སྨད་ར་བཏང་བའི་དཔང་རྟགས་གཅིག་རང་མཁོ་འདོན་བྱེད་རོགས། དེ་ཡང་ས་གནས་དང་དུས་ཚོད་ཚོད་སོགས་ཡིན དེས་འཐུས་པ་ཡིན། དེ་མིན་ཡིད་ཆེས་བྱ་ཁག་པོ་འདུག
གཉིས་པ། སྦོ་སི་ཌོན་ནང་ལ་སྡོད་མཁན་བོད་པ་ཚང་མ་ཁོང་ལ་འདོད་མོས་མི་འདུག གང་ལགས་ཤེ་ན། ཁོང་ནམ་རྒྱུན་ས་གནས་བོད་མིའི་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གི་མེད་པ་དང་། ཁོང་ལོ་མང་རིང་བོད་མི་ལ་དགྲ་ནང་བཞིན་ལྟ་མཁན་རྒྱ་མོ་ཞིག་དང་མཉམ་སྡོད་བྱས་པའི་རྐྱེན་པས། ས་གནས་བོད་མི་རྣམས་ཁོང་ལ་ཡིད་ཐང་ཆད་འདུག་ཟེར། འདི་གནད་འགག་ཆེན་པོ་འདུག་ཀྱང་དོན་དངོས་ཡིན་མིན་བྷོ་སེ་ཊོན་གྱི་བོད་མི་རྣམས་ལ་དྲིས་ན་ཆུ་དངས་གྲམ་གསལ་ཆགས་རྒྱུ་རེད། འོན་ཀྱང་བློ་སེང་རྒྱ་ནག་ལ་དགའ་པོ་འདི་འདྲ་གང་ཡིན་ནམ། སྔོན་མ་ལི་ཐང་ཨ་ཐར་ནས་བོད་སོག་ལས་ཁུངས་མཉམ་དུ་བོད་འཚོང་རྩར་བཞག་སྟེ་གྲོས་ཆོད་བཞག་འདུག ད་ཡང་ལི་ཐང་བློ་སེང་ནས་བོད་ཚོང་རྩར་བཞག་སྟེ་རྒྱ་ནག་མཉམ་དུ་གྲོས་ཆོད་འཇོག་འདོད་པ་མིན་ནམ། དངོས་གནས་གཟབ་གཟབ་མ་བྱས་ན་ཞེད་སྣང་འདུག
གསུམ་པ། བློ་སེང་གིས་ཕྱི་ལོ་༢༠༠༧ ལོར་དཔྲ་ཕྲུག་ངག་དབང་གི་བུ་མོ་བཀའ་བློ་སྙན་སོགས་མི་བདུན་གྱི་མདུན་དམར་ཧྲེང་ཕུད་ནས་མོའི་མ་རྩ་བ་གཏོར་བ་ཡིན་ན་དཔེ་མི་སྲིད་པའི་རྫབ་ཆེན་རེད། དངོས་གནས་བྱས་ན་དཔྲ་ཕྲུག་ཚང་བཟོད་སྒོམ་བྱེད་ཐུབ་ཐབས་མེད། ད་ཡིན་ན་ལྟད་མོ་འདུག ད་བློ་བཟང་སྙན་གྲགས་དྲང་པོ་བྱེད་པའི་དུས་ལ་བབ་འདུག བཞི་པ། བློ་སེང་ལགས་ནས་ནམ་རྒྱུན་རང་གི་བཟའ་ཚང་ཕྲུ་གུ་ལ་མགོ་སྐོར་བཏང་ནས་སྐྱེ་དམན་གང་བྱུང་དང་ཆགས་སྤྱོད་གནང་གི་ཡོད་བརྟེན་ཁོང་བཀའ་ཁྲི་ལ་བསྐོས་པ་ཡིན་ན། གཤམ་འོག་ལས་བྱེད་བུད་མེད་ཚོ་ལ་དཀའ་ངལ་འཕྲད་རྒྱུ་ཤོད་མ་དགོས་པ་ཞིག་དང་། བཀའ་ཤག་ལས་ཁང་ཆགས་སྤྱོད་གནང་ས་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད།
ཞེས་པ་འདི་རེད། འདི་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། བཀའ་ཤག་ལས་ཁུངས་གཞང་ཁང་ཆགས་པ་ཡིན་ན་འདི་གནས་ཚུལ་ཐབས་སྐྱོ་པོ་ཞིག་དང་༸གོང་ས་མཆོག་གི་མཚན་སྙན་འཛད་གཞི་ཞིག་རེད། མཐའ་དོན་དྲི་དགོས་པའི་དྲི་བ་གཅིག་རང་ཡོད་པ་ནི་དབྱངས་ཅན་སྒྲོལ་དཀར་ལགས་ཀྱི་མ་རྩའང་བློ་སེང་ནས་གཏོར་བ་མ་རེད་དམ། ཡིན་ན་ཁ་མཆུ་རྒྱག་པའི་དུས་ལ་བབ་འདུག་གོ ། དགོངས་འགལ་མེད་པ་མཁྱེན། སྐུ་རྩེད་ཞུས་པ་ཡིན།
མཛེས་མ་དབྱངས་ཅན་སྒྲོལ་དཀར་ལགས།
ཁྱེད་ཀྱིས་་་་་
《གཉིས་པ། ཁོང་ནས་ཕྱི་རྒྱལ་པ་ཚོ་ལ་བོད་ཀྱི་གནས་སྟངས་ཤོད་དུས་དགོན་པ་དང་གྲྭ་བཙུན་ཚོ་ལ་སྨད་ར་མང་པོ་གཏོང་གི་འདུག ཁོང་ཚོས་ལོ་རྒྱུས་ཐོག་བོད་ལ་གནོད་བསྐྱལ་པ་དང་། ད་ལྟ་མང་གཙོའི་ལམ་དུ་འགྲོ་རྒྱུ་ལ་གནོད་སྐྱེལ་ཀྱི་ཡོད་སྐོར་མང་པོ་ཤོད་ཀྱི་འདུག》ཞེས་གསུངས་འདུག་པས་བློ་སེང་གིས་དེ་འདྲ་བཤད་ས་རྒྱལ་ཁབ་གང་དུ་རེད་དམ།
ཡོང་ཁྲུང་གློག་བརྙན་དང་གསར་ལམ་ཁག་ཏུ་ཐོན་པ་དེ་འདྲ་སྟོན་གྱི་ཡོད་པས། ཡོད་ན་སྟོན་གནང་རོགས། མེད་ན་ཁུངས་ག་འདྲའི་སྐྱེལ་གྱི་ཡིན་ནམ།
ཤེལ་དཀར་ལྷག་པ་ཟེར་བ་འདི་གོ་མྱོང་མྱོང་ཞིག་འདུག དེ་སྔ་གངས་ཅན་གྱི་རྒྱུགས་ཁྱི་ཞིག་ཡོད་པ་དེ་མིན་ནམ། འབྲངས་སྤུངས་ལ་ཨ་མདོ་བ་མ་གཏོགས་མི་འདུག་གམ ཨ་མདོ་བས་ག་རེ་བྱས་འདུག ཆོལ་ཁའི་བར་ལ་དབྱེན་སྦྱོར་མ་བྱས་ན་བཟང་གི ངོ་མ་དོན་མེད་བཤད་རྒྱུ་གཏམ་རྒྱུ་ཉུང་ན་བཟང་གི
ཕྱི་ལོ་༢༠༡༠ ཟླ་ ༡༠ ཚེས་ ༢༥ ཉིན་ཨ་རིའི་མེ་ནེ་སོ་ཌ་རུ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་ཁྲིའི་འོས་གཞི་བློ་བཟང་སེང་གེ་དེ་སྔོན་རྒྱ་ནག་ཏུ་སོང་བ་དང་། དེ་ཡང་བོད་གཞུང་བཀའ་ཤག་གིས་ཤེས་རྟོགས་ཡོད་མེད་སྐོར་དྲིས་པར་ཁོང་གིས་ལན་འདེབས་གནང་བ་ཇི་བཞིན་སྒྲ་ཕབ་བྱས་པ་ཡིན། ཁོང་གིས་གསུངས་པ་ཇི་བཞིན་གཟིགས་འདོད་ན་འབྲེལ་ཐག་འདིར་གཟིགས་རོགས། http://www.youtube.com/watch?v=3yK1pv7t0pU&feature=player_embedded “དྲི་བ་དེ་ལ་ལན་ཞུ་རྒྱུ་དེ་དངོས་གནས་བྱས་ན་སྟབས་བདེ་པོ་འདྲ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ད་ལྟ་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་ཡིན་པས། ཡིན་ནའང་ཁྱེད་རང་གི་དྲི་བ་དེ་གནས་ཚུལ་བྱེ་བྲག་པ་ཞིག་གི་ཐོག་ལ་ཡིན་སྟབས། ངས་ལན་ཞུས་པ་ཡིན་ཡང་འོས་བསྡུའི་སྒྲིག་གཞི་དང་འགལ་བ་འདྲ་ཞིག་མི་ཆགས་པའི་རེ་བ་ཡོད། སྒྲིག་གཞི་དང་འགལ་གྱི་མ་རེད་ཅེས་མཐའ་གཅིག་ཏུ་ལབ་ཐུབ་ཀྱི་མི་འདུག གལ་སྲིད་ལན་མ་ཞུས་པ་ཡིན་ནའང་མི་མང་གིས་དེ་གནད་དོན་ག་འདྲ་ཞིག་གི་ཐོག་ལ་འགྲེལ་བཤད་རྒྱ་གྲབས་ཡོད་འགྲོ་དེ་ཡང་ཧ་གོ་ཁག་པོ་འདྲ་ཞིག་རེད། ༢༠༠༡ ནས་བཟུང་སྟེ་བཙན་བྱོལ་གཞུང་གིས་སྲིད་བྱུས་ཞིག་བཏིང་ཡོད་པ་རེད། སྲིད་བྱུས་དེ་ག་རེ་རེད་ཅེ་ན། རྒྱ་ནག་གཞུང་དང་འབྲེལ་བ་བྱེད་རྒྱུ་དེ་ད་རེས་ངས་གོང་དུ་ཞུས་པ་བཞིན། བརྒྱུད་ལམ་གཅིག་མ་གཏོགས་བརྒྱུད་ལམ་མང་པོ་ང་ཚོས་འཛིན་གྱི་མེད་ཅེས་ལབ་པ་རེད། དེའི་སྔོན་ལ་ཡིན། ཚོགས་པ་འདྲ་མི་འདྲའི་སྐུ་ཚབ་འདྲ་མི་འདྲས་བར་མཚམས་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་བོད་ཀྱི་རྩ་དོན་གྱི་ཐོག་ལ་བཀའ་མོལ་གནང་བསྡད་པ་དང་། ཕན་ཚུན་ལན་བསྐྱལ་བསྡད་པ་དེ་འདྲའི་ལམ་སྲོལ་ཞིག་ཡོད་པ་རེད། དེ ༢༠༠༡་ ནས་སྒོ་བརྒྱབ་པ་རེད། གཞུང་གིས་འབྲེལ་བ་བྱེད་སའི་བརྒྱུད་ལམ་གཅིག་མ་གཏོགས་མེད་ཅེས་ལབ་པ་རེད། ཡིན་ནའང་མང་ཚོགས་དང་མང་ཚོགས་ཀྱི་བར་དུ་འབྲེལ་བ་བྱེད་རྒྱུ་དེ་ག་ཚད་མང་བ་ཡིན་ནའང་ཡག་གི་རེད། ལྷག་པར་དུ་རྒྱ་ནག་མི་མང་དང་མཉམ་དུ་ང་ཚོས་འབྲེལ་བ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་འདུག ཅེས་དེའི་སྲིད་བྱུས་དེ་བརྟན་བཟུང་བྱས་པ་རེད། དེ་འདྲ་ཡིན་ཙང་། བཙན་བྱོལ་བོད་མིའི་ནང་ནས་རྒྱ་ནག་གི་མང་ཚོགས་དང་མཉམ་དུ། རྒྱ་ནག་གི་མཁས་པ་དེ་ཚོ་དང་མཉམ་དུ། རྒྱ་ནག་གི་གསར་འགོད་པ་དེ་ཚོའི་མཉམ་དུ་འབྲེལ་བ་ག་ཚོད་བྱེད་ཐུབ་པ་ཡིན་ཡང་། དེ་ལ་གཞུང་གིས་སེམས་ཤུགས་སྤར་རྒྱུ་མ་གཏོགས་དགག་བྱ་མེད་ཅེས་གསལ་པོ་ཞུས་ཡོད་པ་རེད། ཡང་དེའི་འབྲེལ་བ་དེ་ཚོ་གཞུང་གི་ངོ་ཚབ་མཚོན་པ་བྱས་ན་འགྲིག་གི་མ་རེད་ཟེར་བ་དེ་གསལ་པོ་རེད། གཞུང་གི་ངོས་ནས་ཀྱང་རྒྱ་ནག་གི་མི་མང་དང་མཉམ་དུ་འབྲེལ་བ་བྱེད་རྒྱུའི་ལས་དོན་དེ་ཏན་ཏན་བྱེད་དགོས་པ་ཞིག་རེད། དེ་འདྲ་ཡིན་པས་བོད་རིགས་གནས་ཡུལ་ཚང་མ་ལ་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་བཟོ་དེ་འདྲ་བཙུགས་དགོས་ཀྱི་འདུག་ཅེས་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ཕེབས་ཡོད་པ་རེད་ལ། གཞུང་གི་ངོས་ནས་ཀྱང་རྒྱབ་གནོན་ཞུས་ཡོད་པ་རེད། རྒྱ་མི་དང་བོད་པ་མཉམ་དུ་ཚོགས་འདུ་དེ་འདྲ་ཡང་ག་ཚོད་མང་བ་འཚོགས་ཐུབ་པ་ཡིན་ནའང་ཡག་པོ་ཡོད་པ་རེད་ཅེས་ང་ཚོས་ལབ་ཡོད་པ་རེད། དོན་གཅོད་ལས་ཁུངས་ཁ་ཤས་ཀྱི་ནང་དུ་རྒྱ་སྐད་ཤེས་མཁན་གྱི་ལས་བྱེད་ཀྱི་ས་མིག་གསར་གཏོད་བྱས་ནས་ལས་བྱེད་ཐོལ་བ་དེ་འདྲ་ཡང་བསྐོས་ཡོད་པ་རེད། དེར་བརྟེན་ང་ཚོས་རྒྱ་ནག་མང་ཚོགས་དང་འབྲེལ་བ་དེ་ཤུགས་ཆེན་པོའི་ཐོག་ནས་བྱས་པ་རེད། ཧར་ཝར་ཌ་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་བློ་བཟང་སེང་གེས་འབད་བརྩོནབྱས་ནས་ཧར་ཝར་ཌ་གཙུག་ལག་སློབ་གཉེར་ཁང་རང་གི་ནང་དུ་རྒྱ་རིགས་དེ་འདྲ་དང་མཉམ་དུ་ཚོགས་འདུ་ཐེངས་གཉིས་གསུམ་ཞིག་འཚོགས་པ་རེད། དེ་ཚོ་ཚང་མ་བཙན་བྱོལ་གཞུང་གིས་མཁྱེན་གྱི་ཡོད་པ་ཙམ་དུ་མ་ཟད། ཡག་པོ་འདུག་ཅེས་ཞུས་པ་རེད། ཚོགས་འདུ་དེ་དག་གི་ནང་དུ་བོད་རིགས་ཀྱང་མི་ཉུང་བ་ཞིག་ཕེབས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བློ་བཟང་སེང་གེ་ཕར་རྒྱ་ནག་ལ་ཚོགས་འདུ་ཚང་མ་ཤེས་ཡོན་དང་འབྲེལ་བ་ཡོད་པ་དེ་འདྲ་ཤ་སྟག་རེད། དེ་འདྲའི་ནང་ལ་ཕེབས་པའི་སྐོར་ཏན་ཏན་ཤེས་ཀྱི་ཡོད་རེད། སྐུ་སྒེར་ཡིག་ཚང་ལའང་ཞུས་ཡོད་ཀྱི་རེད། དེ་ངས་ཞུ་རྒྱུ་མེད་དེ། བཀའ་ཤག་གིས་ཚོགས་འདུ་ལ་ཕེབས་ཀྱི་ཡོད་པ་མཁྱེན་གྱི་ཡོད་པ་རེད། ཚོགས་འདུར་ཕེབས་པའི་རྗེས་སུའང་གནས་ཚུལ་དེ་ཚོ་ག་རེ་ག་རེ་བྱུང་བཀའ་ཤག་ལ་ཞུས་གནང་གི་ཡོད་པ་རེད། དེར་བརྟེན་བཀའ་ཤག་ལ་སྙན་སེང་ཞུས་ཡོད་གསུངས་པ་དེ་ཚོ་ཞལ་རྫུན་གནང་བ་མ་རེད། དེ་དངོས་ཡོད་གནས་ཚུལ་རེད། དེ་ཙམ་དུ་མ་ཟད་པའི་མཐོ་སློབ་སློབ་ཡོན་གྱི་(ཕུལ་གྷི་རེ་ཊི)དུས་ཚོད་རྫོགས་ཚར་ནའང་ཨ་རིའི་ནང་དུ་མུ་མཏུད་དུ་བཞུགས་རྒྱུ་དེ་རྒྱ་མི་མཁས་པ་ཚོའི་མཉམ་མུ་མཐུད་དུ་བཞུགས་རྒྱུ་དེ་རྒྱ་མི་མཁས་པ་ཚོའི་མཉམ་དུ་འབྲེལ་བ་བྱེད་རྒྱུ་དང་། རྒྱ་མིའི་མཁས་པ་ཚོའི་མཉམ་དུ་ཚོགས་འདུ་འཚོགས་པ་ལ་སོགས་པ་དེ་འདྲའི་དམིགས་ཡུལ་བཟུང་ནས་ཤེས་རིགས་ལས་ཁུངས་ལ་བཀའ་འཁྲོལ་ཞུས་པ་རེད། དམིགས་ཡུལ་དེ་གཞུང་གི་སྲིད་བྱུས་དང་མཐུན་པའི་དམིགས་ཡུལ་ཞིག་བཟུང་པ་ཡིན་པས། དེ་ཡང་འགྲིག་གི་འདུག་ཅེས་ཞུས་ཡོད་འདུག ཡིན་ནའང་ད་ལྟའི་གནས་སྐབས་ལ་དྲི་བ་འདི་ཚོ་ཐད་ཀར་བཀའ་བློན་ཁྲི་པ་ལ་དྲི་རྒྱུ་དང་། བཀའ་བློན་ཁྲི་པས་ཐད་ཀར་དེ་ལ་ལན་རྒྱག་རྒྱུ་དེ་ངས་བལྟས་ན་ཏག་ཏག་ཅིག་སྡོད་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག དྲི་བ་འདི་མང་ཚོགས་ནང་སླེབས་ཚར་བ་ཡིན་པས། ངས་དེར་ལན་མ་བརྒྱབ་པ་ཡིན་ན་བློ་བཟང་སེང་གེ་ནག་པོར་འགྲོ་རྒྱུའི་ཉེན་ཡོད་བསྡད་པ་ཞིག་རེད། ལན་ཞུས་པ་ཡིན་ན། འོས་བསྡུའི་སྒྲིག་ལམ་དང་འགལ་ནས་འོས་བསྡུའི་སྤྱི་ཁྱབ་ཀྱིས་ངའི་ཐོག་ལ་ཉེས་པ་བཙུགས་པ་ཡིན་ན། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་ཏོག་ལ་ཁྱེད་ཀྱིས་སྐད་ཆ་དེ་ག་རེ་བྱས་ནས་བཤད་པ་ཡིན་ཞེས་བཤད་ན། ང་ལ་དེར་ལན་རྒྱག་རྒྱུ་ཁག་པོ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་པས་བཀའ་འདྲི་དེ་ལ་ལན་རྒྱ་གི་མིན་ཞེས་ཞུས་པ་ཡིན་ནའང་། དེ་འགྲེལ་བཤད་ལོག་པ་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཡིན་པས་ངས་རང་གི་ཉེན་ཁ་ལ་མ་འཛེམས་པར་ལན་དེ་ཞུས་པ་ཡིན། ཡིན་ནའང་སྐབས་འདིེར་ཞུ་རྒྱུ་ཞིག་ལ་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བ་ཡོད་པ་དང་། སྤྱི་འཐུས་ཀྱི་འོས་བསྡུ་དང་འབྲེལ་ཡོད་པ་དེ་འདྲ་བཀའ་འདྲི་མ་གནང་རོགས་གནང་ཞེས་གསུངས་ཡོད་པ་རེད། ལྷ་སྨོན་པསྒྲ་ཕབ་དང་མཁོ་སྤྲོད་བྱས།
གསལ་བཤད། ཟླ་འདིའི་ཚེས་ ༡༢ ཉིན་གྱི་བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༣༡༥ པའི་ཤོག་ངོས་ ༦་ པར་༼ལན་མ་བརྒྱབ་ན་བློ་བཟང་སེང་གེ་ནག་པོ་ཆགས་རྒྱུའི་ཉེན་ཁ་ཡོད། ༽ཅེས་པའི་ཁ་བྱང་འོག་གནས་ཚུལ་འདི་འདྲ་ཞིག་བཀོད་འདུག
བློ་གྲོས་རབ་བརྟན་ལགས་ཀྱིས་སྤེལ་བའི་བློ་སེང་ལགས་ལ་བསྙད་པའི་རྩོམ་ཡིག་འདི་ལེགས་པོ་དང་ཕལ་ཆེར་དྲང་པོ་ཞིག་ཡིན་ཚོད་འདུག བློ་སེང་ལ་མོས་མཁན་རྣམས་ནས་བཀའ་བཀྱོན་དང་སེམས་ཚོར་འདྲ་བྲིས་པ་ལས། གནད་ལ་འཁེལ་བའི་ལན་འདེབས་ཅིག་མི་འདུག་པས། ད་ནི་ང་ཚོས་ཨི་ཁུང་ཡོད་ཚད་ལ་འཛུལ་ནས་བརྟག་དཔྱད་མ་གནང་ན། བཀའ་ཁྲིའི་འོས་འཕེན་པར་ལས་སླ་པོ་མི་འདུག་ད༌༌༌༌༌༌༌༌
བོད་ཀྱི་དུས་བབ་ཚང་ལ་ཕྲན་གྱི་མཆན་འདི་འདོན་རོགས་གནང། དྲ་གྲོགས་སངས་རྒྱས་རྡོ་རྗེ་ལགས་ཀྱི་དགའ་མིན་དང་རྒྱུ་མཚན་མེད་པར་མི་རབས་མང་པོ་བོད་གཞུང་ལ་ཞབས་འདེགས་ཞུ་མྱོང་བའི་རླབས་ཆེན་མི་སྣ་ཞིག་ནག་པོ་བཟོ་འདོད་པ་ནི་གླེན་པ་དང་གཅིག་མཚུངས། ཧ་ཧ་ཧ་ཧ་
ཁྱེད་རང་གི་རྒྱུ་མཚན་ཕུང་པའི་མི་བདེན་རྫུན་གཏམ་གྱི་བཀྲས་མཐོང་དཔའ་འབྱོར་བཀའ་བློན་སྐབས་ལ་ལྐོག་ཟ་བྱས་སོང་ཟེར་བ་རྣམས་ལན་འདེབས་མང་པོ་མི་དགོས་པར་བོད་གཞུང་བཀའ་ཤག་གིས་གསལ་བཤད་གནང་བའི་བཀའ་ཡིག་ལ་་དྲ་གྲོགས་བློ་ལྡན་རྣམས་ཀྱི་དཔྱད་པར་ཞུ།
དྲ་གྲོགས་བློ་ལྡན་ལགས་ཀྱི་བློ་སེང་ལ་བསྙད་པའི་རྩོམ་ཡིག་འདི་མཐོང་སྐབས། ང་ཡང་ཁོང་གི་སྐད་ཆ་ཁ་ཤས་ལ་དཔྱད་འདོད། རང་ཉིད་ལ་བཀའ་ཁྲིའི་འོས་ཐོབ་ཆེད་ཁོ་ནས་ལས་བཙན་འབྱོལ་སྤྱི་ཚོགས་ལ་བསམ་ཤེས་མེད་པའི་སྐད་ཆ་ཁག་ཅིག་གཤམ་གསལ།
༡ ཀ་རྡོར་སྒང་གསུམ་དུ་རྡ་ས་དང་གཞིས་ཆགས་ཁག་ནང་ང་ཚོ་ཀ་རྡོར་སྒང་གསུམ་གྱི་མི་རྣམས་ཏོ་རོ་མོ་རོ་ཁ་སྐད་༼ཆོ་མེད་པའི་དོན་༽ཟེར་གྱི་ཡོད་རེད་འདི་རིང་ང་ཏོ་རོ་མོ་བཀའ་ཁྲིརལངས་ཡོད།
༢གཞོན་ནུར་རང་བཙན། དབུ་མའི་ལམ་གྱི་གམ་དུ་དབུ་མའི་ལམ། བུད་མེད་རྣམས་ཀྱི་མདུན་དུ་ཕོ་མོ་འདྲ་མཉམ། ངའི་མི་ཚེའི་ནང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མ་བྱེད་ཨང་བསམ་གྱི་འདུག སྐབས་རེ་སོ་སོའི་ལངས་ཕྱོགས་གསལ་སྟོན་ཡོང་ཆེད་ང་མི་གཅིག་ཡིན་ཡང་དཔུང་བསྒྲིགས་པར་ཡོང་བ་ཡིན་སོགས་རྣ་བར་ཐོས་དུས་ཁོང་གི་འདོད་པ་ནི་བཀའ་ཁྲིའི་རྐུབ་སྟེགས་དེ་ལས་རླབས་ཆེན་གྱི་བཀའ་ཁྲིའི་ལས་འགན་འདི་མ་ཡིན་པ་གསལ་ཤེས་བྱུང། གལ་སྲིད་ལྷག་བསམ་ཆེན་པོའི་སྒོ་ནས་རླབས་ཆེན་བཀའ་ཁྲིའི་ལས་འགན་བྱ་འདོད་ཡོད་མཁན་ཞིག་ཡིན་ན་༸གོང་ས་མཆོག་གི་ལོ་ལྔ་བཅུར་སྐུ་ལས་སྐྱོན་པའི་བཙན་འབྱོལ་སྤྱི་ཚོགས་འདི་ལ་ཕན་ཐོག་པའི་སྐད་ཆ་ལས་སྤྱི་ཚོགས་ལ་གནོད་པའི་གོང་གསལ་སྐད་ཆ་འདི་རྣམས་གསུང་མི་སྲིད། སྔོན་མ་ངས་ཁོང་ལ་ཕུལ་བའི་འོས་དེ་ཕྱིར་བསྡུ་མ་བྱས་ཀ་མེད་དུ་གྱུར་རོ།
དྲང་མོ་བཤད་ན་ཐེངས་འདིའི་བཀའ་ཁྲི་འོས་བསྡུ་ལ་མི་མང་གི་དོ་སྣང་ཆེ་པོ་བྱེད་པ་དེ་བློ་སེང་གི་དམིགས་བསལ་ཤེས་ཡོན་གྱི་ནུས་པ་དང་བཀྲིས་དབང་འདུས་གི་གཞུང་དྲང་ལྗེད་ཁོག་ཆེ་བའི་ལྷག་བསམ་གི་དྲན་རེད་། ད་དུང་སྐུ་ངོས་བཀྲས་མཐོང་ཕྱོགས་ལ་ཕ་མེས་ནས་ཡོད་པའི་རྒྱུན་འཛིན་དང་འབྲེལ་བ་ཡོད་། འདི་༧གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང་གཉིས་ཀྱི་ལུང་དྲང་ཏེ་ཁོང་མི་འོས་ཚུལ་དང་ཁོང་འོས་ཚུལ་སྟོང་བཤད་གནང་བ་ལས་དོན་དམ་པའི་ཤེས་འཇོན་གཉིས་ལྡན་གཅིག་དགོས་ན་ཁོང་གསུམ་ནང་སུ་འོས་མིན་གཟིགས་གལ་ཆེ་བ་དེ་རེད་། དངོས་ཡོད་ཁོང་གསུམ་གྱི་ནང་དྷ་སའི་བོད་གཞུང་གི་ཉམས་མྱོང་ཆེ་ཤོས་ནི་བཀའ་ཟུར་བཀྲིས་དབང་འདུས་དང་ཤེས་ཡོན་ཆེ་ཤོས་བློ་སེང་རེད་། སྒེར་གྱི་ཚོགས་པ་དང་སྐྱིད་སྡུག་རྣམས་ཀྱི་འོས་མི་གསལ་བསྒྲགས་མང་ཤོས་ནི་སྐུ་ངོས་བཀྲས་མཐོང་རེད་། (དེ་ཡང་ཁམས་ནས་ཡིན་པ་ཏྲེ་ཧོ་ཐུབ་བསྟན་དཔལ་འབྱོལ་དང་དབུས་ནས་ཡིན་པ་ཕན་ཕོ་རྒྱལ་མཚན་གཉིས་ཀྱི་ལས་འགུལ་དེའི་ནང་འདུས་ཡོད་།)
བློ་བཟང་སེང་གེས་གང་བྱས་པ་ཚང་མ་མང་གཙོ་ལམ་སྲོལ་བཞིན་འོས་ཀྱི་འགྲན་རྩོད་ནང་བཞུགས་ཡོད་པ་ལས། ཁྱེད་ཀྱིས་འདོད་པའི་བུད་མེད་བཀའ་བློན་ཚོ་བཞིན་དངུལ་དང་གཉེན་ཡ་ངོ་ཤེས་སོགས་བརྒྱུད་ནས་འོས་ཀྱི་འགྲན་རྩོད་བྱས་མེད།
ད་དུང་ཟམ་གདོང་རིན་པོ་ཆེས་ཧ་ཅང་ཐབས་སྡུག་རེད་གསུང་པ་དེ་ནི་མང་གཙོ་འགྲོ་ལུགས་དང་མཐུན་པར་རང་ཉིད་ཀྱི་འཆར་གཞི་དང་དམིགས་ཡུལ་སོགས་བརྗོད་ནས་སྐོར་བསྐྱོད་བྱས་པ་ལ་གསུངས་པ་མ་རེད་ལ།
དོན་དངོས་ཐོག་དངུལ་དངོས་བསླུ་བྲིད་དེ་དགོན་པ་གང་ཞིག་གི་བླ་མ་ཚོ་ལ་སྦྱིན་བདག་བྱས་ནས་དེ་འི་འཁོར་ཡོད་ཚད་རང་ཉིད་འོས་བླུག་དགོས་པའི་བཙན་དེད་བྱས་པའི་ལས་ཀ་ལ་ཐུགས་འཚབ་གནང་པ་རེད།
དེ་ནི་རྒྱ་རི་སྒྲོལ་མ་དང་བཀྲས་མཐོང་གི་རྒྱབ་སྐྱོར་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་སོགས་ཀྱིས་དེ་ལྟར་བྱས་པ་ཁོ་བོས་དངོས་སུ་མཐོང་ངོ་།
དེ་དག་ཁྱེད་ཀྱིས་མ་ཤེས་པ་དང་མ་གོ་བར་ངོ་མ་ཡ་མཚན་རེད།
རྗེས་ཕྱོགས་རྩོམ་ཡིག་སྤེལ་དུས་མིག་གཉིས་ཀ་ཕྱེས་ནས་གླེང་དགོས།
སངས་རྒྱས་རྡོ་རྗེ་མཆན་ལ་ཞུ་རྒྱུ་།་. བཀའ་བློན་ཁྲི་ཟུར་བཀྲས་མཐོང་ལ་ལྐོག་ས་རུལ་སོང་གནས་ཚུལ་དོན་མཚན་བདུན་ཅན་བྲིས་འདུག་། དེའི་ཐད་ལ་བདེན་མིན་གནས་ཚུལ་ཁ་གསལ་འདྲ་གནང་མཁན་ཡོད་ན་ཕན་ཐོགས་ཡོང་ས་རེད་་། གང་ཡིན་ཟེར་ན་། ད་ལོ་བཀའ་བློན་ཁྲི་པ་རྒན་གཞོན་སུ་ལ་འོས་བླུགས་དགོས་མིན་ཐད་མགོ་ཐོམ་ས་རེད་། དོ་དོན་བཀའ་བློན་འོས་མི་གསུམ་ལ་སྐྱོན་ཁོ་ན་ལས་ཡོན་ཏན་འདྲ་གསུངས་རྒྱུ་ཡོད་སྲིད་
བློ་གྲོས་རབ་བརྟན་ལ་ཆེད་དོན། ༸གོང་ས་མཆོག་གི་བཀའ་སློབ་ཁ་ལ་ཁྱེར་ནས་ཁྱོད་ལ་དགོས་པའི་བུད་མེད་དེ་རྒྱ་རི་སྒྲོལ་མ་ཡིན་ན་ ༢༠༡༠ ལོར་ལྷོ་ཕྱོགས་གདན་ས་ཁག་ནང་སྐོར་བསྐྱོད་བྱས་པ་མང་ཤོས་དེ་མོ་རེད། དང་པོ་སྤྱི་འཐུས་ཀྱི་གཞུང་འབྲེལ་དང་བསྟུན་ནས་སོང་བ་དང་། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་ཚོགས་འདུ་ཚོགས་ལོང་མེད་པར་རྒྱུགས་པ། དེ་རྗེས་འོས་བསྡུ་མ་རན་པའི་ཉིན་ཤས་སྔོན་ནས་ག་ཚོད་རྒྱུགས་སོང་དེ་གཅིག་ཡིན། ད་དུང་བསྟན་འཛིན་རྣམ་རྒྱལ་གྱི་རྒྱབ་སྐྱོར་བ་ཡིན་ཟེར་བའི་དབུས་གཙང་ཚོགས་གཙོའི་མིང་ཁུར་བ་སྒྲོལ་མ་ཚེ་རིང་གདན་ས་ཁག་ནང་ག་ཚོད་རྒྱུགས་སོང་། འོས་བསྡུ་རན་ཁའི་ཉིན་གསུམ་བཞིའི་སྔོན་མོ་ག་བར་ཡོད་རེད། ཚོགས་ཆེན་དང་བསྟུན་བལ་ཡུལ་ནས་ཐུབ་བསྟན་དཔལ་འབྱོར་དང་འཕན་པོ་རྒྱལ་མཚན་སོགས་ག་ཚོད་རྒྱུགས་སོང་། བློ་བཟང་སེང་གེ་མི་གཅིག་གིས་ཁོ་ཚོ་ནང་བཞིན་མི་ལ་སྨད་ར་རྒྱག་གིན་རྒྱུགས་སོང་ངམ། ད་དུང་ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་རྣམས་ག་ཚོད་རྒྱུགས་སོང་། མ་ཚད་འབྲས་སྤུངས་ནས་ཨ་མདོ་ཡོད་ཚད་ཀྱིས་ཁོ་རང་ལ་འོས་བླུག་པ་དེ་ཞེན་ཁོག་རེད་དམ་སྤྱི་དོན་རེད། ཟམ་གདོང་རིན་པོ་ཆེས་གསུང་བཤད་ནང་དེ་ཚོ་ཚུད་ཀྱི་ཡོད་རེད་དམ། དེ་ཚོ་ཚང་མ་ཤེས་པའི་ཐོག་ནས་ཤོད་མ་གཏོགས་ཕྱོགས་གཅིག་ལ་ནག་པོ་བཟོས་ན་ཅི་ཕན།
ང་ཚོའི་བློ་བཟང་སེང་གེ་དེ་གང་སེང་དཀར་པོ་རེད་དང་རྒྱ་ཁྱི་སྣ་ལེབ་རེད་བརྟག་དགོས་འདུག་མ་བཏོག་ཉེན་ཁ་ཆེ་
ད་རེའི་སེང་གེ་འདི་འདམ་སེང་ཡིན་ནམ་གངས་སེང་ཡིན་ལ་ང་ཚོས་བརྟག་དགོས།
ཉམས་མྱོང་ལས་གཞན་བཤད་རྒྱུ་མི་འདུག་། ཕས་བུ་ལ་ཉམས་མྱོང་ལོ་༣༠༠་ལྷག་རིང་སྤྲད་ཀྱང་། ཕན་མེད་པར་མཐར་རྒྱ་མི་ལ་ཤོར། དེ་ཉམས་མྱོང་ཆེ་དྲག་པའི་སྐྱོན་ཨེ་ཡིན།།
བློ་གྲོས་རབ་བརྟན་ལགས་དང་དབྱངས་ཅན་སྒྲོལ་དཀར་ལགསརྣམ་གཉིས། གང་ལ་གང་འདུལ་དེ་ལ་དེ་སྟོན་དགོས་པ་དེ་མ་བསྙེལ་བ་གནོངས་རོགས། ད་དུང་ཁ་རྒྱུན་དུ་ཡོད་པའི་ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཅེས་པ་དེའང་མ་བསྙེལ་བ་གནོངས་རོགས། །
དེང་སྐབས་མང་པོ་ཞིག་གིས་བཀྲས་མཐོང་གིས་གཞུང་དངུལ་སྒེར་སྤྱོད་བྱས་པའི་སྐོར་བཤད་དུས་སྒོར་འབུམ་དགུ་མ་གཏོགས་ཤེས་ཀྱི་མི་འདུག་ཀྱང་དོན་དངོས་ཐོག་སྒོར་འབུམ་༧༠༠རེད་འདུག་པ་མ་ཟད།
དེས་མ་ཚད་པའི་གཞུང་དངུལ་མང་པོ་བཟོས་འདུག་པ་ནི་འདི་ལྟར་རེད།
གཅིག
དོན་དངོས་པོ་དེ་ནི་ཁོང་གིས་དེ་སྔོན་དགེ་གཤེས་དབང་རྒྱལ་གྱིས་དོན་གཅོད་ཁང་འཛུགས་པའི་སླད་དུ་གཞུང་ལ་ཕུལ་བའི་ཨ་རི་ན་ཡོད་པའི་ཁང་བ་དེ་ཚོང་ནས་རིན་བབ་ཆ་ཚང་བཟོས་ཡོད་པ་རེད།
ཡང་དོན་གཅོད་ཁང་རྒྱག་པའི་སླད་དུ་ཞལ་འདེབས་སློང་ནས་ཨ་སྒོར་ག་ཚད་རག་ཡོད་པ་ཚང་མ་ལ་རྩིས་ཁྲ་གཏན་ནས་མེད་པར་བྱས་ཡོད།
གཉིས།
ཐེ་ཝན་གསར་འགོད་པ་ཏིས་ཏིས་ཟེར་བ་བརྒྱུད་ཐེ་ཝན་ན་གསང་མིང་དངུལ་འཛིན་བཟོས་ནས་དངུལ་མང་པོ་ཞིག་བོད་གཞུང་གིས་ལེན་པ་ཡིན་མདོག་གིས་བོད་སོག་ལས་ཁུང་ནས་བླངས་ཏེ་ཨ་རིར་བཏང་ནས་སྒེར་གྱི་ཁང་བ་ཉོས་ཡོད་པ་རེད།
གསུམ།
ཨ་རི་བ་མེ་ཀོལ་ཟེར་བ་ཞིག་གིས་དྲིལ་བསྒྲགས་དང་བདེ་སྲུང་གི་སླད་དུ་བཏང་པའི་ཨ་སྒོར་འབུམ་གཅིག་དེ་ཡང་ཁོ་རང་གི་བཟོས་པ་རེད།
བཞི་བ།
ལ་དྭགས་ན་ར་ཡི་ཁ་ལོའི་ཚོང་རྒྱབ་སྐབས་༧་གོང་ས་མཆོག་གིས་བཀའ་ཡིན་ཟེར་ནས་མི་མང་མགོ་སྐོར་བཏང་ནས་རིན་བབ་ཧིན་སྒོར་འབུམ་༤༥་ལོན་པ་རྣམས་ཁོ་རང་གི་བཟས་པ་རེད།
ལྔ་བ།
གྲོས་ཚོགས་ནང་བརྡ་དེད་བྱས་དུས་ནང་སྲིད་ནས་ལ་དྭགས་མི་མང་ལ་སྐྱོབ་གསོ་སྒོར་འབུམ་༡༠་བཏང་ཡོད་པ་རྣམས་སྒེར་གྱི་འངུལ་འཛིན་ཐོག་བསྒྱུར་ནས་ཁོ་རང་གི་བེད་སྤྱད་པ་རེད།
དྲུག་པ།
༧གོང་ས་མཆོག་གི་མཚན་ཐོག་ནས་ཉི་ཧོང་ནས་འངུལ་འཛིན་ཁག་ལྔའི་ནང་ཧིན་སྒོར་འབུམ་༥༤་ལྷག་འབྱོར་བ་དེ་ཡང་ཁོ་རང་གི་བཟས་པ་རེད།
བདུན་པ།
ཁོ་རང་དཔལ་འབྱོར་བཀའ་བློན་བྱེད་སྐབས་སྒོར་འབུམ་༧༠༠རྩིས་ཆད་བྱུང་ཡོད།
དེ་ལྟར་ཁོ་རང་གི་མི་ཚེ་གཅིག་གི་གཟའ་ཟླ་ཡང་ཕྱི་རྒྱལ་བ་ཡིན་པས་ཁོས་བུ་ཕྲུག་རྣམས་ཀྱིས་བོད་སྐད་ཤེས་གི་མེད་པ་རེད།
དེ་ལྟ་བུའི་མི་ཞིག་ང་ཚོ་བོད་ཀྱི་བཀའ་བློན་ཁྲི་བ་ལ་ཐོན་པ་ཡིན་ན་བོད་ཀྱིས་བསོད་ནམས་རྫོགས་ཚར་བ་མ་རེད་དམ།
སྐུ་ཚེ་རིང་།
ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་་་ཨ་ཨ་ཨ་ཨ་ཨ་ཨ་ད་ག་རེ་བྱེད་དགོས་རེད།
ད་དུང་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་ངོ་མ་གང་དྲན་གི་ཡོད་ན་བསམ་གི།
ཨོཧཧཧཧཧཧཧཧཧཧཧཧ་་་་་་་་་་་དྲ་གྲོགས་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས། བློ་གྲོས་རབ་བརྟན་ཟེར་བ་འདི་སྔོན་མ་བོད་རང་བཙན་པ་རྣམས་སུ་རྡོ་དང་དབྱུག་པས་རྡུང་གི་ཟེར་མཁན་དེ་མ་རེད་པས། ཡིན་ན་རྒྱ་མཁས་དབང་སྟོང་གི་རྐུབ་ཏུ་ཁྱི་བཞིན་རྒྱུགས་མཁན་བློ་སེང་ལ་རྒྱབ་སྐྱོར་བྱས་ན་ཡག་གི་རེད་པ། ཁོ་རང་ཚོ་ལྟ་བ་གཅིག་པ་རེད་བ།
འཇམ་ཚུལ་ལགས་་་་་་ཁྱེད་ཀྱིས་དྲ་གྲོགས་རྙིང་པ་བློ་བརྟན་མཆོག་ལ་གལ་སྲིད་རྗེས་མ་བློ་སེང་བཀའ་ཁྲི་ཐོབ་ན་རྒྱབ་སྐྱོར་བྱེད་དགོས་པའི་རེ་སྐུལ་ཞུས་འདུག་ཀྱང་ཁྱེད་རང་སེམས་འཁྲུལ་གནང་དགོས་ཀྱི་མ་རེད། བློ་བརྟན་གྱི་ལྟ་བ་ཤེས་ཀྱི་ཡོད་པ།
དེ་ལས་ཁྱེད་དང་ང་རང་གཉིས་སྡུག་གི་རེད། བློ་སེང་བཀའ་ཁྲི་ཐོབ་ན་རྒྱ་ནག་གཅིག་འགྱུར་དང་རྒྱ་དཔོན་བྱེད་རྒྱུའི་གོ་སྐབས་བཙལ་གྱི་རེད། རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ཟེར་གི་རེད། དེ་དུས་ཁྱེད་ཀྱིས་རྒྱབ་སྐྱོར་བྱ་ཐུབ་བམ།་་་་ཧཧཧཧཧཧཧ
བློ་གྲོས་རབས་བརྟེན་ལགས། ཉིན་སྔོན་ཁྱེད་རང་གི་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ལ་དེ་འདྲ་གཅིག་བྲིས་འདུག། དངོས་གནས་ཟུར་བལྟས་ལེགས་མཐོང་ཅེས་བཤད་པ་ལྟར་བུ་ཁྱེད་རང་གི་དགོང་རེས་ངོ་མ་གཤམ་སོང་། མ་གཞི་ཐེངས་འདིའི་བཀའ་ཁྲི་འོས་མི་གསུམ་ཡོད་པའི་ནང་ཁྱེད་རང་གི་གོ་ལྡོག་ཉེས་འཛུག་མང་གྲགས་མིན་ལ་མ་ལྟོས་པར་རང་དབང་དམངས་གཙོའི་འགྲོ་སྟངས་གཅིག་གི་འོག་དེ་འདྲ་ཡོང་ཆོག་པ་དང་ཡོད་སྲིད་པར་དགའ་པ་མེད་། ཡིན་ཡང་མ་མཐའ་ནས་འདི་སྤྱི་པའི་ལས་དོན་གལ་ཆེན་ཞིག་ལས་སྒེར་དོན་མིན་པར་ཀུན་གྱི་མཁྱིན་གསལ་བཞིན་བློ་སེང་ལ་མཚོན་ན་བོད་ཙམ་མ་ཚད་བོད་རིགས་སུ་གཏོགས་པ་ཧེ་མ་ལའི་མི་རིགས་ཡོངས་ཀྱི་ཁྲོད་ཆེས་སྙན་གྲགས་ཆེ་བའི་མཐོ་སློབ་གཅིག་གི་ནང་སྙན་གྲགས་ཡོད་པའི་ལག་འཁྱེར་ཐོག་མ་ཐོབ་མཁན་དེ་རེད་ལ་ཡོངས་གྲགས་རྒྱལ་སྤྱིའི་ནང་ཨེ་ཤི་ཡི་གཞོན་སྐྱེས་མཁས་པ་༡༣་གི་ནང་འདེབས་ཐོན་བྱུང་ཡོད་། སོང་ཙང་ད་ལྟ་ཁོང་གིས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རེའི་མཐོ་སློབ་ཀྱི་ཁྲིམས་ལུགས་སློབ་དཔོན་ཆེན་པོའི་ལས་གནས་བཞག་ཏེ་དྷ་སར་སྤྲིའུ་ལས་ལྷག་མེད་པའི་རི་སྐམ་སྒང་ཕེབས་འདོད་འདིར་ངས་བསམ་པར་རྒྱབ་སྐྱོར་གནང་མ་ཐུབ་ནའང་ཉེས་འཛུགས་གནང་ཡུལ་གཅིག་མ་རེད་སྙམ། དེ་བཞིན་ཆེས་བཀུལ་འོས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ནི་ད་བར་བོད་གཞུང་གི་ཕྱག་ལས་ལོ་ངོ་༤༠ལྷག་རྙོག་གླེང་གང་ཡང་མེད་ཐོག་ཀུན་ཀྱི་སྔགས་འོས་སུ་གྱུར་པའི་དབུ་འཛིན་ཤས་ཅིག་གནང་བ་རེད་། ལྷག་དོན་བཙན་བྱོལ་བོད་གཞུང་ནང་དངོས་ཡོད་ཁོང་ནི་གཞུང་དྲང་ལྷག་བསམ་ཅན་འགྲན་ཟླ་མེད་པ་གཅིག་ལ་ངོས་འཛིན་གནང་བ་ལས་ཁྱེད་ཀྱིས་བཤད་པའི་ཉེས་འཛུགས་ལ་དང་ལེན་ནམ་ཡང་གནང་མི་སྲིད་། མདོར་བསྡུས་ནས་བཤད་ན་ཁྱེད་རང་གི་སྐྱོན་བརྗོད་གནང་ན་དྲང་བདེན་ཐོག་མཐོང་ཐོས་རྣམས་དཔྱད་བརྗོད་སྤེལ་བ་ལས་སོ་སོའི་འདོད་པའི་མི་དེར་རྒྱབ་སྐྱོར་བྱེད་སྟངས་མ་ཤིས་པ་འོས་མི་གཞན་ལ་ཉེས་འཛུགས་གནང་སྟངས་འདིར་འོས་འཚམ་མཐོང་མ་སོང་།
དབྱངས་ཅན་སྒྲོལ་དཀར་དེ་གཡུང་དྲུང་རྒྱལ་མཚན་འདྲ་བོ་འདུག་ ་ཧ་ཧ་ཧཧ་ཧ
དབྱངས་ཅན་སྒྲོལ་དཀར།
ངས་སྔོན་འགྲོའི་འོས་ཤོག་བློ་བཟང་སེང་གེ་ལགས་ལ་ཕུལ་པ་ཡིན། རྒྱུ་མཚན་དང་ཐོག་ཁོང་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་། ཁོང་གི་ལྟ་བ་ལངས་ཕྱོགས་དང་སྐད་ཆ་བཤད་པ་ཁག་ལ་ཉམས་ཞིབ་དོ་ནན་བྱེད་རྒྱུ་མ་བྱུང་པས་ལན་པ་རེད། འོན་ཀྱང་དངོས་གཞིའི་སྐབས་ངའི་འོས་ཤོག་གཅིག་པོ་ཁོང་ལ་ཕུལ་ཐུབ་ས་མ་རེད། མི་ཐུབ་◌པའི་རྒྱུ་མཚན་གཤམ་གསལ་ཁག་ཡིན།
དང་པོ། ཁོང་གི་སྔ་ཕྱིའི་སྐད་ཆ་ལ་ནང་འགལ་མང་པོ་འདུག ཁོང་གིས་ཁོར་ཡུག་མི་འདྲ་བ་རེ་ནས་སྐད་ཆ་མི་འདྲ་བ་རེ་ཤོད་ཀྱི་འདུག གདོང་པ་མ་འདྲ་བ་རེ་ལ་ལྟས་ནས་སྐད་ཆ་མ་འདྲ་བ་རེ་ཤོད་ཀྱི་འདུག དེ་ནི་ཁོང་གི་ཐུགས་གཤིས་བརྟན་པོ་མེད་པ་དང་། ཁོང་གི་གཤིས་ཀ་འགྱུར་ཆོག་ཆོག་ཡོད་པའི་མཚོན་རྟགས་དངོས་གནས་པ་དེ་རེད། སོང་ཙང་སྐབས་འཚོལ་བ་ཞིག་བཀའ་ཁྲི་ལ་བསྐོས་པ་ཡིན་ན་མང་ཚོགས་ལ་རྡབ་སིག་ཕོག་རྒྱུ་དང་། སྤྱི་དོན་འཐུས་ཤོར་འགྲོ་རྒྱུ་ལས་མ་འདས།
ཁོང་གི་སྐད་ཆ་མང་བོ་ཞིག་གནས་སྐབས་ཤེས་ཡོན་མེད་མཁན་དང་། ཉམས་མྱོང་མེད་མཁན་གཞོན་སྐྱེས་ཚོ་འགུག་ཐབས་ཀྱི་སྐད་ཆ་རྫིག་པོ་ཙམ་མ་གཏོགས་ལག་ལེན་ལ་བསྟར་ཀྱི་མེད་པའི་སྐད་ཆ་སྟོང་པ་མང་ཤོས་རེད། ཁོང་སྤོབས་པ་མཐོ་དྲག་ནས་མི་མང་དཀྱུས་མའི་བསམ་ཚུལ་ལ་ཉན་འཇོག་བྱེད་ཐུབ་ཀྱི་མི་འདུག མི་གཞན་གྱི་བསམ་ཚུལ་དང་སྐད་ཆ་ལ་བརྩི་འཇོག་རྩ་ནས་གནང་ཐུབ་ཀྱི་མི་འདུག དེ་ནི་མི་མང་གི་བདེ་སྡུག་ལ་ལྟ་མཁན་བཀའ་ཁྲི་ཞིག་ལ་མ་ཚང་པའི་སྐྱོ་གནས་ཆེ་ཤོས་ཞིག་རེད་དྲན།
གཉིས་པ། ཁོང་ནས་ཕྱི་རྒྱལ་པ་ཚོ་ལ་བོད་ཀྱི་གནས་སྟངས་ཤོད་དུས་དགོན་པ་དང་གྲྭ་བཙུན་ཚོ་ལ་སྨད་ར་མང་པོ་གཏོང་གི་འདུག ཁོང་ཚོས་ལོ་རྒྱུས་ཐོག་བོད་ལ་གནོད་བསྐྱལ་པ་དང་། ད་ལྟ་མང་གཙོའི་ལམ་དུ་འགྲོ་རྒྱུ་ལ་གནོད་སྐྱེལ་ཀྱི་ཡོད་སྐོར་མང་པོ་ཤོད་ཀྱི་འདུག ཡང་གྲྭ་ཚང་དང་དགེ་འདུན་པ་ཚོ་དང་ཐུག་དུས་སྐད་ཆ་མ་འདྲ་བ་ཤོད་ཀྱི་འདུག ཁ་གཅིག་གི་ནང་ལ་ལྕེ་གཉིས་ཡོད་པ་ནི་དུག་སྤྲུལ་གྱི་ལས་ཀ་རང་རེད།
གསུམ་པ། སྦོ་སི་ཌོན་ནང་ལ་སྡོད་མཁན་བོད་པ་ཚང་མ་ཁོང་ལ་འདོད་མོས་མི་འདུག གང་ལགས་ཤེ་ན། ཁོང་ནམ་རྒྱུན་ས་གནས་བོད་མིའི་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གི་མེད་པ་དང་། ཁོང་ལོ་མང་རིང་བོད་མི་ལ་དགྲ་ནང་བཞིན་ལྟ་མཁན་རྒྱ་མོ་ཞིག་དང་མཉམ་སྡོད་བྱས་པའི་རྐྱེན་པས། ས་གནས་བོད་མི་རྣམས་ཁོང་ལ་ཡིད་ཐང་ཆད་ནས་འདུག ཁོང་ལ་རྒྱུས་མངའ་ཡོད་མཁན་ཚང་མ་ཁོང་ལ་ཞེ་མེར་ལངས་ཀྱི་ཡོད། ཁོང་གི་མགོ་བདེ་དང་ཁྲམ་རྟགས་མང་པོ་གནས་སྐབས་རེ་རེ་བཞིན་བགྲང་མ་དགོས་བྱེད།
བཞི་པ། ཕྱི་ལོ་༢༠༠༧ ལོར་བོད་གཞུང་བཀའ་ཤག་ནས་བཀོད་སྒྲིག་འོག་ལྡི་ལི་མགྲོན་ཁང་སྐད་གྲགས་ཆེ་བ་ཞིག་ཏུ་འཚེ་མེད་ཞི་བའི་ཟབ་སྦྱོང་གནང་སྐབས། ཁོང་ནས་དཔྲ་ཕྲུག་ངག་དབང་གི་བུ་མོ་མགྲོན་ཁང་དུ་ཁྲིད་ཡོང་ནས་སྐུ་ངོ་བཀའ་བློན་བློ་བཟང་སྙན་གྲགས་དང་ཁོང་ཚོ་མི་མང་མདུན་དམར་ཧྲེང་ངང་ཁྲུས་རྫིང་ནང་ཆགས་རྩེད་ཐལ་ཆ་ཅན་བྱས་པས། བོད་གཞུང་གི་གནད་ཡོད་མི་སྣ་ཚོ་ཁོང་གི་བྱ་སྤྱོད་ལ་ཞེ་མེར་ལངས་ཞིང་། དེ་ནས་མགྲོན་ཁང་ནང་ཆགས་སྤྱོད་གནང་། ཁོང་གིས་ཆགས་སྤྱོད་གནང་ནས་སྐུ་ངོ་བཀའ་བློན་བློ་བཟང་སྙན་གྲགས་ལགས་ལ་ངོ་སྤྲོད་གནང་བའི་རྐྱེན་བྱས་ནས། བློ་སྙན་ལགས་ཀྱི་མཚན་མཐོང་ཉམས། བཀའ་བློན་ཤོར། བློ་སྙན་མི་ཚེ་འཕྲོ་རླག་འགྲོ་བ་བློ་བཟང་སེང་གེ་ལགས་ཀྱི་གནང་བབ་དང་འབྲེལ་བ་ཆགས། གནས་ཚུལ་འདི་བདེན་པ་ཡིན་མིན་སྐབས་དེའི་ཟབ་སྦྱོང་ལ་ཞུགས་མཁན་ཚང་མས་ཤེས་ཀྱི་ཡོད་པས་ཡིད་མ་ཆེས་པ་ཚོས་ཉམས་ཞིབ་གནང་རོགས།
བློ་སེང་ལགས་ནས་ནམ་རྒྱུན་རང་གི་བཟའ་ཚང་ཕྲུ་གུ་ལ་མགོ་སྐོར་བཏང་ནས་སྐྱེ་དམན་གང་བྱུང་དང་ཆགས་སྤྱོད་གནང་གི་ཡོད་བརྟེན་ཁོང་བཀའ་ཁྲི་ལ་བསྐོས་པ་ཡིན་ན། གཤམ་འོག་ལས་བྱེད་བུད་མེད་ཚོ་ལ་དཀའ་ངལ་འཕྲད་རྒྱུ་ཤོད་མ་དགོས་པ་ཞིག་དང་། བཀའ་ཤག་ལས་ཁང་ཆགས་སྤྱོད་གནང་ས་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད། ཀུན་སྤྱོད་དེ་འདྲ་ཁྱེར་མཁན་བཀའ་ཁྲི་ལ་ལན་པོ་མ◌ེད་པ་མཐོང་བྱུང་།
ལྔ་པ། བློ་སེང་ལགས་ཀྱིས་ད་ལྟའི་བར་ལས་ཀ་འདི་བྱས་བཞག་ཟེར་པ་ཞིག་མེད། ཕྱི་ལོ་༢༠༠༤ ལོར་ལྡི་ལི་ཆུ་སྒང་བྱེད་གཏེ་ཚོས་ཐའི་ཝན་བོད་སོག་ལས་ལས་ཁུངས་མཉམ◌་ཆིངས་ཡིག་བཞག་སྐབས། བློ་སེང་སོགས་མི་ཁ་ཤས་ཤིག་ནས་ལི་ཐང་ཨ་ཐར་ཅན་ལ་མ◌ི་འདོད་པའི་རྣམ་འགྱུར་སྟན་པའི་སྐད་ཆ་ཞིག་ཡོད་རེད། དེའི་གཟིགས་གསོལ་ལ་ཁོང་ཨ་རིར་སློང་སྦྱ◌ོང་འགྲོ་བའི་གོ་སྐབས་རག་པ་རེད། ཡིན་ནའི་ཁོང་ནས་བོད་གཞུང་ཤེས་རིག་ལས་ཁུང་མཉམ་གན་རྒྱ་བཞག་པ་བརྩིས་མེད་ཀྱིས་ཨ་རི་ནས་ཕྱིར་ལོག་བྱས་མེད། ཨ་རི་ནང་ལོ་གཉིས་ཀྱི་སློབ་སྦྱོང་ལ་ཕེབས་ནས་ལོ་བཅུ་རིང་བོད་གཞུང་དང་འབྲེལ་བ་རྩ་ནས་གནང་མེད། ཕྱི་ལོ་༢༠༠༤ ལོར་གཞི་ནས་བོད་གཞུང་དང་མཉམ་དུ་དེའི་སྐོར་སྐད་ཆ་ཞིག་བྱུང་པ་སྐོར་གོ་རྒྱུ་ཡོད། དེ་ནི་ཁོང་གི་དམིགས་ཡུལ་ལྡན་པའི་འཆར་གཞི་ཞིག་ལས་བོད་གཞུང་ལ་བརྩི་བཀུར་ཞུས་པ་མཚོན་ཐུབ་ཀྱི་མེད།
དྲུག་པ། སྔོན་ཆད་ཝ་ཤིན་ཀྲོན་ཌི་སི་ནས་བློ་སེང་ལགས་ཀྱིས་ཁོང་རྒྱ་མིའི་ཨོ་བྷ་མ་བྱེད་ཀྱི་ཡིན་གསུངས། རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་སེང་གི་བསམ་ཚུལ་དང་བཀའ་མོལ་དེ་ལ་སྐྱོན་བརྗོད་རྩོམ་ཡིག་སྤེལ། བློ་སེང་དེ་ལ་མ་དགའ་པར་འཇམ་དབྱངས་ནོར་བུ་ལགས་སུ་ཁ་པར་ཕུལ་ཏེ་ཁོང་གཉིས་ཀྱིས་རྒྱུན་རིང་ཁ་པར་ནང་རྩོད་པ་བརྒྱབ་ཀྱང་བསམ་ཚུལ་གཅིག་མཐུན་མ་བྱུང་སྐོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཡང་བསྐྱར་རྩོམ་ཡིག་སྤེལ་གནང་ཡོད། རྒྱ་མིའི་ཨོ་བྷ་མ་གནང་འདོད་ཡོད་མཁན་ཞིག་བོད་ཀྱི་བཀའ་ཁྲི་ལ་ཕེབས་པ་ཡིན་ན་ཁྱད་མཚར་མ་རེད་དམ། གོང་ཞུས་རྒྱུ་མཚན་དེ་འདྲའི་རྐྱེན་པས་ངའི་བསམ་བློ་ལ་འགྱུར་བ་ཕྱིན་སོང་། སོང་ཙང་དངོས་གཞིའི་སྐབས་ངས་ཁོང་ལ་འ◌ོས་ཤོག་ཕུལ་ཐུབ་ཀྱི་མི་
དྲ་གྲོགས་རྙིང་པ་བློ་བརྟན་ལགས།
མ་མཇལ་ཡུན་རིང་། དེ་རིང་འདིར་ཕེབས་བྱུང་། ཁྱེད་ཀྱི་རྩོམ་དེ་མགོ་ནས་ཅུང་བཀླགས་སྐབས་ཁྱེད་ཀྱི་བསམ་བློའི་གོ་རྟོགས་ལ་ཡིད་གཉིས་སྐྱེས་པ་ལྟར་བྱུང་མོད། རིམ་བཞིན་བཀླགས་རྗེས་ཇེ་ཡག་ཏུ་སོང་ནས་མཐར་ཁྱེད་ཀྱིས་རྩོམ་ཡག་པོ་ཞིག་བྲིས་ཡོད་པའི་ཚོར་སྣང་སྤྲད་སོང་། ངའི་རེ་བ་ནི་གལ་སྲིད་ཁྱེད་བཀྲིས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན། གལ་སྲིད་བློ་སེང་རྗེས་མ་བཀའ་ཁྲིར་ཐོབ་ན། ཁྱེད་ཀྱིས་བློ་སེང་གི་ཕྱག་ལས་གང་གནང་ལ་སྐྱོན་འཚང་འབྲུ་བ་ཁོ་ནར་མི་གཞོལ་བའི་རེ་བ་ཞུ། དེ་བཞིན་དེའི་ལྡོག་ཕྱོགས་ནས་ཀྱང་དེ་ལྟར་ཡིན།
ལར་ནས་ཁྱེད་ཀྱིས་དེ་འདྲ་གནང་རྒྱུ་ཡིན་པའི་སྙད་འདོགས་ཀྱང་བྱེད་ཀྱི་མེད། ཉེ་ཆར་ཞིག་ནས་བདག་ལ་མ་འོངས་པར་རང་རེས་འདི་འདྲ་བྱ་མི་འོང་ངམ་སྙམ་པའི་སེམས་ཁྲལ་ཞིག་ཡོང་གི་འདུག་པས་ད་ལན་འདིར་ཞུས་པ་ཡིན།