མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲིན་པའི་རྒྱབ་ཀྱི་ཉི་མ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་བསྟན་འཛིན་བསོད་ནམས་ལགས་དང་། རི་ཏུ་ས་རིན་གཉིས་ཀྱིས་ཕབ་སྐྲུན་བྱས་པའི་བོད་པའི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་གློག་བརྙན་༼ སྤྲིན་པའི་རྒྱབ་ཀྱི་ཉི་མ ༽ ཞེས་པ་དེ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་བོད་གཞུང་ཟློས་གར་ཚོགས་ཁང་དུ་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད་ཅིང་། གློག་བརྙན་མགོ་འཛུགས་མ་བྱས་གོང་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ངོ་སྤྲོད་བྱས་དོན། སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པའི་གློག་བརྙན་འདི་བསྟན་འཛིན་བསོད་ནམས་ཁྱོ་ཤུག་གཉིས་ཀྱིས་རིན་གོང་ཆུང་ངུའི་ཐོག་གཞོན་ནུ་ལྷན་ཚོགས་ལ་བཙོང་བ་ཞིག་ཡིན་སྟབས། གཞོན་ལྷན་གྱིས་བོད་དོན་ལ་སྔར་ལས་དྲིལ་བསྒྲགས་ཡོང་སླད་མང་ཚོགས་ནང་ཅི་ཐུབ་ཀྱིས་གཟིགས་འབུལ་ཞུ་རྒྱུ་ཡིན་ཞེས་དང་། ཡང་ཁོང་གིས་ལྟད་མོ་བར་འབོད་སྐུལ་ཞུས་དོན།  ཁྱེད་ཚོ་ཚང་མས་གློག་བརྙན་འདིར་གཟིགས་རྗེས་བོད་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཅེས་བརྗོད་བྱུང་།

གློག་བརྙན་དེ་སྟོན་ཐེངས་གཉིས་བྱས་ཡོད་པ་ལས་དང་པོ་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་དབྱིན་སྐད་ནང་ཕྱི་རྒྱལ་མི་རིགས་ཚོར་གཟིགས་འབུལ་ཞུས་ཡོད་པ་དང་། གཉིས་པ་ཆུ་ཚོད་ ༦ པའི་སྟེང་བོད་སྐད་ནང་བོད་རིགས་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད། སྤྱིར་གློག་བརྙན་དེ་དབྱིན་སྐད་ནང་བཟོས་པ་ཞིག་ཡིན་ནའང་བོད་རིགས་མང་ཚོགས་ལ་གཟིགས་བདེ་ཡོང་ཆེད་གཞོན་ལྷན་གྱིས་བོད་བསྒྱུར་བྱས་འདུག གློག་བརྙན་གཟིགས་འབུལ་གྱི་མཛད་སྒོར་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་སྐུ་ཚབ་དང་། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ཟུར་པ་སོགས་ཁྱོན་མི་ ༡༠༠ ཙམ་ཞུགས་འདུག་ལ། གློག་བརྙན་དེའི་བརྗོད་བྱ་གཙོ་བོ། ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་བོད་མི་ཚོའི་ཞི་རྒོལ་གྱི་གནས་སྟངས་དང་། བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་འབྲེལ་མོལ་གྱི་རིམ་པ། གཞོན་ནུ་ལྷན་ཚོགས་ཀྱི་བོད་རང་བཙན་གྱི་ལས་འགུལ་སྤེལ་ཕྱོགས་བཅས་གསལ་པོར་བསྟན་ཡོད་ཅིང་། གློག་བརྙན་འདི་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཆེ་བསྟོད་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese